——ཅོག་མྱི།
༼རང་ཉིད་ཀྱི་བདེ་སྡུག་ཡལ་བར་དོར་ནས་ཉམ་ཐག་ཉག་ཕྲ་བའི་རྒྱལ་ཕྲན་རེ་འགའི་རྒྱ་མཚོ་འགྲུལ་བཞུད་ཀྱི་ཁེ་ཕན་ལ་ཆོས་སྐྱོང་སྲུང་མ་བཞིན་སྲུང་སྐྱོབ་བྱེད་པའི་ཨ་མེ་རི་ཀའི་མཚོ་དམག་ལ་བསྟོད་པ།༽
རྒྱ་ནག་ནི་ལྟོ་ཟད་པའི་སྤྱངཚོགས་བཞིན།
ལྷོ་ཕྱོགས་རྒྱ་མཚོ་ནས་ཅི་བྱུང་ཁྱུར་མིད་བྱེད་དུས།
རྒྱ་མཚོ་ཉག་གཅིག་ལ་བརྟེན་ནས་འཚོ་བའི་རྒྱལ་ཕྲན་དག་གཅན་གཟན་གྱི་ཟས་སུ་ཉེན།
འོ་དོད་དང་རེ་དོགས་དང་དངངས་སྐྲག་ནི།
རི་དྭགས་དང་འདྲ་བའི་རྒྱལ་ཕྲན་དེ་དག་གི་ཡོད་རྒུ་ཡིན།
ཀྱེ་མ། ཤན་པས་ལུག་གི་མཆུ་ཏོ་བསྡམས།
རྒྱལ་ཕྲན་དེ་དག་ནི་རླུང་ནང་གི་མར་མེ་ལྟར་ལུས།
ནུབ་ཕྱོགས་གངས་རིའི་ཡུལ་ནས་འཁྲབ་མྱོངས་བའི་སྐྱོ་གར་དེ་ལྷོ་ཕྱོགས་རྒྱ་མཚོ་ཡུལ་ནས་ཡང་བསྐྱར་འཁྲབ་ཉེན་པའི་དུས་འདིར།
ཁྱེད་ཉིད་ཐོན་བྱུང་།
ཤེས་རབ་ཀྱི་མཚོན་ཆ་ས་གསུམ་རྡུལ་ཏུ་གཏོང་ནུས་པ་དེ་ཐོགས་ནས།
སྟོབས་ལྡན་རྒྱལ་ཁབ་ཀྱི་གཟི་བརྗིད་དེ་བཅིངས་ཏེ།
དཔའ་བོ་མི་རིགས་ཀྱི་རྟུལ་ཕོད་དེས་བརྒྱན་ནས།
ཞི་བདེ་རྒྱ་མཚོ་བརྒལ་ནས་ཐོན་བྱུང་།
ཁྱུ་མཆོག་གི་སྔུན་ནས་ཅེ་སྤྱངགི་དཔའ་ཞུམ་ཤིང་།
ཐབས་ཟད་ཀྱི་ཀྭི་འདོན་བཞིན།
སྤྱང་ཚང་དུ་ལོག
གསེར་གླིང་གི་རྒྱལ་ཕྲན་ཚོ།
ཁྱེད་ཅག་རྒྱ་མཚོའི་རང་དབང་དང་དཔལ་ཡོན་ལ་ལོངས་སྤྱོད་པའི་དུས་སུ།
ཨ་རིའི་བཀའ་དྲིན་ཡིད་ལ་ཟུངས་དང་།
ཨ་རིའི་སྙིང་སྟོབས་ལ་མཆོད་བསྟོད་གྱིས།
ཡག་པོ་བྲིས་ཤག
དེ་དེ་བཞིན་ནོ། རྩོམ་དོན་གཉིས་ཀ་ཡག་སོང་།
དབུ་ལམ་པ་ཚོས་རྒྱ་ནག་གིས་རྒྱ་བསྐྱེད་ཇི་ལྟར་བྱས་ནའང་དགའ་བསུ་ཞུ་དགོས་གང་ཡིན་ཟེར་ན་ཉིན་ཅིག་རྒྱ་ནག་གི་རྒྱལ་ཁོངས་སུ་མཛུལ་དུས་དེ་དུས་རྒྱ་ནག་ལ་ས་ཆ་དང་སྟོབས་འབྱོར་ཇི་ཙམ་ཆེ་བ་ཙམ་གྱིས་དགའ་སྣང་སྐྱེ་ངེས་རེད།།
རྩོམ་ཡག་པོ་བྲིས་འདུག་ཀྱང་ཨ་རི་དང་རྒྱ་ནག་གཉིས་ཀས་སྤྱང་ཀི་ཤ་ལ་རྔམ་པར་གཅིག་པ་ལས་ཨ་རི་རྒྱ་ནག་ལས་ཡག་པ་མེད། གང་ལྟར་ཡང་གཡོ་སྒྱུས་དར་འཐག་དེར་དམིགས་དགོས་པ་གང་ཡིན་ནམ།
ཡག་པོ་བྲིས་གནང་ཤག་ འོན་ཀྱང་གང་ཡང་སྐྱོང་མ་ཐུབ་པ་དང་ གང་ཡང་སྲུང་མ་ཐུབ་པའི་ང་ཚོའི་སེམས་ནང་གི་ཆོས་སྐྱོང་སྲུང་མ་དེ་ དངོས་སུ་སྐྱོང་ཐུབ་མཁན་དང་སྲུང་ཐུབ་མཁན་ཨ་རི་ལ་དཔེ་བཞག་པ་དེ་ནོར་བ་རེད་
རང་དོན་བློས་གཏོང་མ་ཐུབ་ན། མི་དེ་ལ་སྐྱོན་ཡོད་ཡོད་པ་ཡིན། ཕྱིར་འདས་པའི་བྱ་བ་ལ་ལྟ་ན། རང་རང་སོ་སོའི་སྐྱོན་དང་ཡོན་ཏན་འདྲེས་པའི་བྱ་བ་དག་མཐོང་ཐུབ། རང་རེ་རྣམས་ལ་བདག་འཛིན་ཡོད་ན། འདི་དང་དེ་ན་བདག་ལ་ཕན་པ་ཅི་འདུག་ལྟ། དེ་བཞིན་དུ། འདུས་པའི་ཚོགས་པ་དང་། སྲིད་སྐྱོང་བ་རྣམས་ཀྱིས་བྱེད། འདི་འཁོར་བ་དང་། ལྡོག་ཕྱོགས་དེ་མྱ་ངན་ལས་འདས་པ་ཡིན་ནོ།
་
བོད་ཀྱི་སྐྱེས་བུ་ཀུན་དགའ་རྒྱལ་མཚན་གྱིས།
་
ཡོན་ཏན་ཀུན་ལྡན་དཀོན་པ་ལྟར།
ཡོན་ཏན་ཅི་ཡང་མེད་པ་དཀོན།
སྐྱོན་དང་ཡོན་ཏན་འདྲེས་པ་ལས།
ཡོན་ཏན་གཙོ་ཆེ་མཁས་པས་བསྟེན།། ༢༠ །། ས་སྐྱ་ལེགས་བཤད་ལེའུ་༦པ།
ལ་དྭགས་པ་བློ་བཟང་ལགས་ ཁྱེད་ཀྱི་གསུང་པ་རྣམས་ཤིན་ཏུ་ལེགས་ འོན་ཀྱང་ཐེངས་འདི་སུ་ལ་གསུང་པ་ཡིན་ གང་ལ་གསུང་པ་ཡིན་ནམ་་
ལ་དྭགས་བློ་བཟང་ལགས་ལ་བཀའ་དྲི་ཞིག་ཞུ་རྒྱུར་ མྱ་ངན་ལས་འདས་པ་ཞེས་པའི་ཚིག་དེར་ ཤི་བའི་དོན་རྩམ་མ་ཡིན་པར་དོན་གཞན་གང་དང་གང་ཡོད་དམ་གསུང་པར་ཞུ་ ང་རང་གི་ཤེས་པའི་ཆེད་དུ་ཡིན་
མྱ་ངན་ནི་སྡུག་བསྔལ་ལ་བརྗོད་ཅིང་དེའ་ན། མྱང་འདས་སམ་མྱ་ངན་ལས་འདས་པ་ཞེས་པ་ནི་སྡུག་བསྔལ་ལས་འདས་པའམ་གྲོལ་པ་དང་ཐར་པ་ལ་བརྗོད།
ཁྱུང་སི་ལགས་ཐུགས་རྗེ་ཆེ་ དེ་འདྲ་ཡིན་ན་སངས་རྒྱས་སྐུ་མྱང་ངན་ལས་འདས་ཞེས་པ་དེ་གཤེགས་པའི་དོན་མ་ཡིན་ནམ་
སྣ་ཀ་གང་ཐད་ནས་ཨ་རི་ནི་རྒྱ་ནག་ལས་ལྡབ་འགྱུར་གྱི་ཡག་པོ་ཡོད་པ་བཤད་མ་དགོས་པ་རེད།
ཨ་ཁུ་ནོར་བུ་ལེགས།
ཤི་བ་ལ་མྱ་ངན་ལས་འདས་པ་ཞེས་པ་དེ་འཇིག་རྟེན་རྒྱང་འཕེན་པའི་ལུགས་ཡིན། འཇིག་རྟེན་རྒྱང་འཕེན་པ་ལ་ཚུ་རོལ་མཛེས་པ་པ་ཡང་ཟེར། འདི་ཉིད་མ་གཏོགས་པས་ཤི་བའི་རྗེས་སུ་ཡང་སྐྱེ་བ་དེ་རྒྱ་གར་གྱི་གྲུབ་མཐའ་ཚང་མས་ཁས་ལེན། ཇི་སྐད་དུ།
་
ཇི་སྲིད་ཕུང་པོ་འཛིན་ཡོད་པ།
དེ་སྲིད་དེ་ལ་ངར་འཛིན་ཡོད།
ངར་འཛིན་ཡོད་ན་ཡང་ལས་ཏེ།
དེ་ལས་ཡང་ནི་སྐྱེ་བ་ཡིན།།
་
འདི་ག་ན་ཡོད། འཚོལ་བར་མཛོད། ངའི་བློ་ལ་འདི་འདྲ་ཞིག་འདུག
ཞེས་དང།
བོད་ཀྱི་བླ་མ་དག་གིས་ཤི་བའི་རྗེས་སུ་ལུས་དང་གྲིབ་མ་བཞིན་དུ། ལས་དཀར་ནག་གི་འབྲས་བུ་མྱོང་བའི་ཆེད་དུ། ལས་དང་་ཉོན་མོངས་མ་ཟད་བར་དུ་ཡང་སྐྱེ་དགོས་པ་ཡིན་གསུངས། དེས་ན་ཡང་མི་སྐྱེ་བའི་ཕྱིར་དུ། ལས་དང་ཉོན་མོངས་སྤང་ཞིང་། མྱ་ངན་ལས་འདས་པ་འཐོབ་པ་ལ་འབད་པ་ན།
སྲིད་པ་ཡོངས་སུ་ཤེས་པ་ནི། །
མྱ་ངན་འདས་ཞེས་བརྗོད་པ་ཡིན།། ༦ །།
འདི་ཉིད་རིགས་པ་དྲུག་ཅུ་པ་ན་བཞུགས་སོ།
ལ་དྭགས་བློ་བཟང་འཇམ་དཔལ་ལགས་ བཀའལན་གནང་བ་བཟང་ ཡིན་ནའི་ནང་དོན་ཤེས་མ་སོང་།