བོད་ནས་འབྱོར་བའི་འཕྲིན
སྟོང་ལོ་བརྒྱད་ཀྱི་བར་དུ་ང་ཚོས་ཅི་ཞིག་ལ་འཐབ་རྩོད་བྱས་པ་དང་ཅི་ཞིག་གིས་དམ་བཅའ་བཟུང་བ་ཡིན་ནམ། ང་ཚོས་དབུ་མའི་ལམ་དང་ཆེས་མཐོའི་རང་སྲིད་རང་སྐྱོང་ད་དུང་རང་བཙན་སོགས་གླེང་བ་རེད། འོ་ན་ང་ཚོས་ལམ་ལུགས་འདི་བཅོས་བསྒྱུར་བྱེད་དགོས་ཚེ་མེས་པོ་དག་གི་སྐབས་སུ། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ཅེས་པ་ལྟར་འགྲོ་དགོས་སམ། གྲོས་མཐུན་བཅུ་བདུན་པ་ལས།
དང་པོ། བོད་མི་དམངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་པོའི་རྒྱལ་ཁབ་ཁྱིམ་ཚང་ཆེན་པོའི་ནང་ལོག་དགོས། ཞེས་པ་ལྟར་དོན་འདི་ཁས་ལེན་དགོས། ང་ཚོས་གླེང་བཞིན་པའི་ཆེས་མཐོའི་རང་སྲིད་རང་སྐྱོང་དེ། གྲོས་མཐུན་བཅུ་བདུན་པ་ལས།དོན་ཚན་བཅུ་གཅིག་པའི་ཐད་ན། བོད་ཀྱི་ལམ་ལུགས་སྣ་ཚོགས་ལེགས་བཅོས་བྱེད་རྒྱུའི་སྐོར་ལ་ཀྲུང་དབྱང་ནས་བཙན་ཤེད་ཀྱིས་མི་བྱེད་པར། བོད་ས་གནས་སྲིད་གཞུང་རང་ནས་ལེགས་བཅོས་བྱེད་རྒྱུ་དང༌། མི་དམངས་ཀྱིས་ལེགས་བཅོས་བྱེད་དགོས་ཞུ་དུས། བོད་ཀྱི་འགོ་བྱེད་རྣམས་དང་གྲོས་བསྡུར་གྱི་ཐབས་ཤེས་ལ་བརྟེན་ནས་ཐག་གཅོད་རྒྱུ། ཞེས་པའི་ཚན་པ་འདི་དང༌། དོན་ཚན་དགུ་བར། བོད་ཀྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་སྟེ་རིམ་གྱིས་བོད་རིགས་ཀྱི་སྐད་ཆ་དང༌། ཡི་གེ་སློབ་གྲྭའི་སློབ་སྦྱོང་གོང་འཕེལ་དུ་གཏོང་རྒྱུ། ཞེས་པ་སོགས་ཁ་མིན་དོན་གྱིས་ལག་བསྟར་བྱེད་ཐུབ་པ་བྱུང་ན་ང་ཚོས་བཏོན་པའི་རེ་བ་དེ་ཚིམས་ཀི་ཡོད་དམ། ད་སྐབས་ཁུལ་སོ་སོ་ན་རང་སྐྱོང་སྲོལ་ཡིག་ཅེས་པ་ཞིག་བཞག་འདུག་པ་དེ་དང་ཁྱད་པར་ག་ཙམ་མཆིས། བློ་ཤིན་ཏུ་མ་བསྒྲིམས་པའི་ཚེ་དཔལ་འབྱོར་གྱི་རོགས་རམ་དང༌། གང་འཚམ་གྱིས་སྐད་དང་ཡི་གེ་གོམས་སྲོལ་སོགས་ལའང་བདག་པོ་རེ་བརྒྱག་ངེས་པས། དེ་དུས་སྐད་ཆ་ཅི་ཞིག་བཤད། བྱེས་གྱར་བ་དག་གི་སློབ་གྲྭའི་ཁོར་ཡུག་གི་བོད་ཀྱི་འདུ་ཤེས་དང་བོད་ཡིག་གི་ཆུ་ཚད་ལའང་མཉམ་འཇོག་དགོས།
གལ་ཏེ་རང་དབང་ཡིན་པའི་ས་ན་སྡོད་པའི་སློབ་མའི་བོད་ཡིག་གི་སྤུས་ཚད་དང༌། གཞིས་སྡོད་བོད་མིའི་སློབ་གྲྭའི་བོད་ཡིག་གི་སྤུས་ཚད་གཉིས་བསྡུར་ན་དོན་དམ་གྱིས་བལྟས་ན་གང་མཐོ་བའི་ཚད་ཤིང་དེ་ཤེས་དགོས། དེ་ལ་དཔྱོད་པ་ཙམ་ཡང་མེད་པར་བོད་ཀྱི་སྐད་དང་ཡི་གེ་ཞེས་ཁ་སྟོང་ནང་ནས་ཚིག་སྟོང་ལབ་ན། ནམ་ཞིག་བུ་ལོན་དེ་རང་མགོ་གཅོག་བྱེད་དུ་འགྲོ་ཉེན་ཡོད་པས་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་དེའི་ཐད་ཀྱི་གསལ་བསྒྲགས་རེ་ཡོད་ན་ལེགས། མདོ་དོན་ནི་ང་ཚོས་ཅི་ཞིག་ཐག་གིས་གཅོད་ནའང་ཐོག་མར་སྐད་དང་ཡི་གེ་གཉིས་ཀྱི་ལམ་རྒྱུགས་འདི་གཙོ་བོ་བྱ་དགོས་པར་སྙམ། དེ་ལས་གཞན་ཆོལ་ཁ་དང་གྲུབ་མཐའི་ཁ་འཛིན་མེད་པར་གཅིག་སེམས་གཅིག་ལ་འཁེན་གཅིག་བློ་གཅིག་ལ་གཏད་ནས་དམིགས་ཡུལ་གང་མང་ཞིག་ལ་མཐུན་སྒྲིལ་ཤོག
ཨ་མདོ་རིག་པའི་གྲོང་ནས་རོང་བོ་དགེ་འདུན་ལྷུན་གྲུབ་གྱིས་ ༢༠༠༨ ཟླ ༡༡ ཚེས་ ༣ ཉིན།
༼གོང་གསལ་ནི་ཀླུ་འབུམ་གྱིས་འདི་གར་བཏང་བའི་རྩོམ་ཡིག་ཅིག་ལགས།༽
འདིར་གྲོགས་དགེ་འདུན་ལྷུན་གྲུབ་ལ་གསལ་བཤད། གྲོས་ཆོད་དོན་ཚན་༡༧ཅན་དེ་ནི་བོད་རང་སྐྱོང་ལྗོངས་གཅིག་བུའི་ཆེད་དུ་བཞག་པ་ཞིག་ལས་བོད་ཆོལ་ཁ་གསུམ་གྱི་ཆོས་སྲིད་སྲུང་སྐྱོབ་ཀྱི་ཆེད་དུ་བཞག་པ་ཞིག་མིན་པ་ནི་ཉིད་ཀྱི་ཐུགས་ལ་ངེས་དགོས་པའི་དོན་ཚན་དང་པོ་དེ་རེད། དེ་དུས་དེ་དུས་རེད། ད་ལྟ་ད་ལྟ་རེད། དེ་དུས་ཀྱི་རྒྱ་ནག་གི་སྲིད་ཇུས་དང་སྲིད་འཛིན་བརྗེས་ཚར་བ་རེད་ལ། དེ་དུས་ཀྱི་བོད་དང་བོད་ཀྱི་གནས་བབ་ཀྱང་འགྱུར་ཚར་བ་རེད། གྲོས་ཆོད་དེ་ཚོ་དང་མའོ་དང་ཏིང་གིས་ཅིག་ཅིག་བརྗོད་ཡོད་ཅེས་པ་དེར་དེང་གི་མགོ་ཁྲིད་ཚོས་རྣ་བ་གཡར་གྱི་མ་རེད། དེང་དུས་ཀྱི་མགོ་ཁྲིད་འདི་ཚོར་དེང་དུས་ཀྱི་སྤྱི་ཚོགས་ལམ་ལུགས་དང་ཆབ་སྲིད་རིག་པའི་སྟེང་ནས་འགྲེལ་བཤད་རྒྱག་དགོས་ཀྱི་འདུག
Kayod kayi bSd p bden p yin derif fs go y l bod kayi saku Xb Xo ragay ng tu s C K Ss Zig l blat sakor l ‘garo gi ‘dug ze. de Xos bod don m bSd pr blat rakor a l ‘garo b’i dus m red/
གྲོགས་པོ་ཚོ།
བོད་དོན་འདི་ལ་རེ་ཡོད་པ་མཐོང་གི་འདུག་གམ། རྒྱུ་མཚན་མེད་པ་མིནྲ་སྐུ་མཚོ་མཚོའི་རྒྱ་ནག་གི་ལོ་རྒྱུས་མི་ཤེས་ལ་ཡོངས་གྲགས་རེད། མ་ཟད་དབུ་མའི་ལམ་ཞེས་གོ་དོན་ཡང་ཤེས་ཀྱི་མེད་པ་འདྲ། ཚང་མ་གཅིག་མཚུངས་རེད། གངས་སྐྱིད་ཀྱི་ལས་བྱེད་པའི་ནང་དབུ་མའི་ལམ་གྱི་གོ་དོན་ཤེས་བ་བརྒྱ་ཆ་ལྔ་ལས་མེད།
ད་ནི་རེ་བ་མི་འདུག་ལ་བཞེས་ལུས་བོད་མིའི་ཚེ་སྲོགས་ཤོར་བ་དེ་ཚོ་འཕངས་བ་ལ།
ཁོ་རེ་རྡོ་རྗེ། ཁྱེད་ཀྱི་བོད་སྐད་ཤེས་ཀྱི་མེད་པ་རེད་དམ། ཡང་ན་བོད་ཡིག་ཤེས་ཀྱི་མེད་པ་ཡིན། གང་ལྟར་ཁྱོད་བཤད་པའི་སྐད་ཆ་དེ་ཚོ་ཕྱི་རྒྱལ་བོད་སྐད་སྦྱོང་མཁན་ཞིག་གིས་བཤད་པ་དང་ཁྱད་རྩ་ནས་མི་འདུག དེ་བས་དག་སྡེབ་ལ་གཟབ་རྒྱུ་གལ། གལ་སྲིད་ཁྱོད་ཀྱིས་དབུ་མའི་ལམ་གྱི་སྐོར་བྱང་ཆུབ་པ་ཞིག་ཤེས་ཀྱི་ཡོད་ན་དེ་ལུགས་འགྲེལ་བཤད་ཅིག་བྱེད་རོགས་སྐུ་མཁྱེན།
གྲོགས་ཀླུ་སྨྱོན་ལགས་ལ་གུས་ཞུ། དགྲ་དང་ཉེན་ཁ་མེད་ས་ན་བདེ་འམ ཁོ་བོས་བརྗོད་འདོད་པའི་གཏམ་དེའི་ཕུགས་ཉིད་ཀྱིས་མ་གོ་བ་འདྲ། བོད་རྒྱ་གཉིས་ཀའི་སྲིད་ཇུས་སྔོན་ལས་འགྱུར་ཡོད་པ་དང༌། ད་ལྟ་ད་ལྟ་ཡིན་པ་ཤེས་ཡོད། འོན་ཀྱང་བཤད་ངས་འདོད་པ་ནི། ད་ལྟ་གླེང་བཞིན་པའི་རང་སྲིད་རང་སྐྱོང་གི་ངོ་བོ་དེ་ངེད་ཅག་གིས་རབ་རིབ་སབ་སིབ་ཅིག་ལས་གོ་བ་ཕུ་ཐག་ཆོད་པ་ཞིག་ལེན་ཐུབ་གི་མེད་རྐྱེན་དེ་དང༌། གྲོས་མཐུན་བཅུ་བདུན་པའི་དོན་ཚན་དེ་གཉིས་ལས་བཤད་པ་དང་ཁྱད་པར་ཅི་ཡོད་འདྲི་བ་དེ་ཡིན། དེ་ལས་གཞན་གྲོས་ཆོད་བོད་རང་སྐྱོང་ལྗོངས་གཅིག་པོ་ལས་གཞན་གྱི་གོ་མི་ཆོད་པ་ཡིན་ནམ། དེ་དུས་ཀྱི་ང་ཕོད་སོགས་བོད་ལྗོངས་གཅིག་པོའི་ཚབ་ལས་མི་ཉན་པའི་ཚུལ་གསུང་རོགས་ཞུ།
རྒྱུ་མཚན་ནི་དེ་དུས་ང་ཕོད་སོགས་ཀྱིས་བོད་རང་སྐྱོང་ལྗོངས་གཅིག་པོ་མ་གཏོགས་བོད་ཁུལ་གཞན་གྱི་གནས་ཚུལ་ཤིག་གི་རླིག་པ་ཙམ་མ་གཏོགས་མི་ཤེས་པས་སོ།།
ང་ཕོད་ཀྱིས་ཀ་ཁ་རྟ་མགོ་ཙམ་ཡང་མི་ཤེས་རུང་བོད་ཀྱི་དཔོན་པོའི་གྲས་ཡིན་ནམ། དེ་དུས་བཀའ་ཤག་སྲིད་གཞུང་གིས་བོད་ཆོལ་གསུམ་གྱི་ལས་དོན་འཐུས་ཚབ་ཉན་ནམ། ཞྭ་སྒབ་པ་སོགས་ཕྱི་རྒྱལ་ལ་ཚོང་དོན་དུ་སོང་བ་དེསབོད་ཆོལ་གསུམ་གྱི་ཕྱི་འབྲེལ་མཚོན་ནམ། གུས་པས་མ་ཤེས་པར་དྲིས་པ་ལས་ཤེས་ནས་ལྡོག་འདྲི་བྱས་པ་མིན་པས་གསལ་པོ་ཞིག་བརྗོད་རོགས།
དེ་དུས་ཀྱི་བཀའ་ཤག་སྲིད་གཞུང་ལ་བོད་ཆོལ་ཁ་གསུམ་གྱི་འཐུས་ཚབ་བྱེད་པའི་ནུས་པ་མེད་ལ་དབང་ཆ་ཡང་མེད། ནུས་པ་མེད་པ་ནི་དེ་དུས་ཀྱི་དམག་ཤུགས་དང་ཆབ་སྲིད་ཀྱི་ཁྱབ་ཁོངས་ལ་དཔྱད་ན་ཤེས་ཐུབ་ལ། རྒྱུ་མཚན་གཉིས་པ་ནི་དེ་དུས་ཀྱི་བཀའ་བློན་ཚོ་དང་ལས་རོགས་ཚོའི་ནང་ན་ཆོལ་ཁ་གཞན་གཉིས་ཀྱི་འཐུས་མི་མེད་པས་སོ།།དེའི་ཕྱིར་ངས་དེ་དུས་འབྲི་ཆུའི་ནང་རོལ་གྱི་ཁམས་པ་དང་ཨ་མདོ་བ་ཚོར་རང་བཙན་གྱི་གནས་བབ་ཅིག་མི་འདུག་ཅེས་ཟླ་བ་གཉིས་ཀྱི་སྔོན་ལ་བརྗོད་པ་ཡིན།
འོ་ང་ཕོད་ཀྱི་ཀ་ཁ་ཤེས་པ་མ་ཟད་ཡིག་གཟུགས་ཀྱང་ཡག་པོ་འདུག ཀྲུང་གོའི་བོད་ཀྱི་ཤེས་རིག་ཅེས་པའི་དུས་དེབ་དེའི་ཁ་ཡིག་དེ་ང་ཕོད་ཀྱིས་བྲིས་པ་རེད་ལ། གྲོས་ཆོད་བཅུ་བདུན་པའི་སྐབས་སུ་ཡང་ང་ཕོད་ཀྱིས་ཡི་གེ་འབྲི་རོགས་བྱས་པ་རེད། དང་པོར་ང་ཕོད་བོད་གཞུང་གི་རྩིས་དཔོན་ཞིག་རེད་ལ་ཡི་གེ་འབྲི་ཀློག་མི་ཤེས་མཁན་ཞིག་རྩིས་དཔོན་ཆགས་པའི་གནས་མེད།
ཆད་པ། ང་ཕོད་ཀྱིས་
ལགས། རྒྱ་ནག་གིས་བརྗོད་པས་སྐད་ཆ་ལ་ཁྱོད་འཐད་དམ། རྒྱ་ནག་གིས་ཁམས་དང་ཨ་མདོ་རྒྱ་ནག་རང་གི་མངའ་ཁོང་ཞིག་ཏུ་སྔོན་ནས་གྱུར་ཚུལ་བཤད་ཀི་འདུག་པ་དེ་རེད། དེ་ལས་གཞན་ནུས་པ་ཡོད་མེད་དང་ཡི་གེ་འབྲི་རོགས་བྱས་མ་བྱས་དེར་འབྲེལ་བ་ཅང་མི་འདུག ཨ་མདོ་དང་ཁམས་པའི་ཕྱོགས་དེ་དགའ་ལྡན་ཕོ་བྲང་གི་མངའ་ཞབས་སུ་འདུ་འམ། འདུ་ན་ནམ་ཞིག་ནས་ཕྱིར་ལྷུང་བ་རེད། ཀ་ཁ་ཙམ་ཡང་མི་ཤེས་རུང་ཞེས་པ་དེ་དཔེ་འཇོག་ཅིག་ལས་གཞན་མིན་པས་དེ་ལ་ལན་གྱི་སྐུ་ངལ་མྱང་མི་དགོས། སྤྱིར་ཨ་མདོའི་མི་ཞིག་ལྷ་སའི་དཀའ་ཤག་གི་གོ་གནས་སུ་བཞུགས་མ་བཞུགས་དང་དེ་ཡི་འཐུས་མི་ཡོད་མེད་ལ་དཔྱད་ན། ཧ་ཅང་གིས་ཉོག་དྲ་ཅན་ཞིག་མ་རེད་དམ། དགའ་ལྡན་ཕོ་བྲང་ཕར་ཞོག་ཕག་གྲུ་དང་གཙང་རིན་སོགས་ཀྱི་སྐབས་ནས་བཟུང་འདང་བརྒྱབས་ན་ཅང་ཨེ་ཡོད་ལ། ཡང་ན་དེ་དུས་ནས་བཟུང་ཨ་མདོ་དང་ཁམས་ཕྱོགས་རེ་འགའ་བོད་སིལ་བའི་དུས་ནས་བཟུང་རྒྱལ་ས་ལྷ་ས་དང་ཡ་བྲལ་དུ་སོང་བར་ཁས་ལེན་དགོས་པར་མི་ཆགས་སམ། རིགས་པ་དེ་མཚུངས་ཀྱིས་འདང་ཞིབ་མོར་བརྒྱབས་ན་བོད་སིལ་བའི་དུས་ནས་བཟུང་གཞན་ལག་ཏུ་སོང་བའི་གཟོ་ལྟ་ཞིག་ཞོར་ནས་ཁས་ལེན་དགོས་པར་མི་འགྱུར་གྲང༌། ངས་བལྟས་ན་ནུས་པ་ཡོད་ཀྱང་མེད་ཀྱང་ཆོག་ང་ཕོད་སོགས་བོད་ཡོངས་ཀྱི་དཔོན་པོའི་རིགས་སུ་ཁས་ལེན་དགོས་པ་དང༌། ཨ་མདོ་དང་ཁམས་ཕྱོགས་ཀྱི་འཐུས་མི་དང་གཞུང་ཞབས་པ་མེད་རུང་ལྷ་སའི་བཀའ་ཤག་སྲིད་གཞུང་བོད་སྤྱི་འབངས་ཀྱི་བདག་པོར་བརྩི་དགོས་སྙམ་བསམ། དེ་ལྟར་མ་བྱས་ན་གནད་གང་མང་ཞིག་གི་བརྡར་ཤ་གཅོད་ཐུབ་དཀའ་མོ་རེད་ལ། སྐབས་དེའི་ལྷ་སའི་སྡེ་བ་གཞུང་གི་སྒྲིག་གཞི་ལ་སྐྱོན་ཡོད་རུང༌། དེ་ལ་ཨ་མདོ་ཕྱོགས་ཀྱིས་གོང་བཀུར་བྱེད་དགོས་པར་ཁས་བླངས་ན་དོན་དང་འབྱོར་རམ་སྙམ་གི། དེ་ལས་གཞན་གྲོགས་པོ་ལགས་ཕྲན་ལ་ལོ་རྒྱུས་ཀྱི་ཤེས་བྱ་དབེན་ཞིང་ཁྱོད་ལ་ལན་བྲིས་ན་རྔོ་ཡང་ཅང་མི་ཐོགས་པས་བདེ་མོ་བྱོས།
ལགས་ཁྱོད་ཀྱིས་ང་ཕོད་ཁོ་རང་འཁྱོངས་མ་འཁྱོངས་དང་དེས་བཞག་པའི་ཉེས་པའི་སྟེང་ནས་ཁོ་དེ་དུས་བོད་ཡོངས་ཀྱི་དཔོན་པོ་མིན་ཞེས་བཤད་མི་འགྲིག་ག
སྔ་མོ་ཞིག་ནས་ཁམས་ཕྱེད་ཀ་ཞིག་དང་ཨ་མདོ་གཉིས་སྲིད་ཕྱོགས་ནས་བོད་གཞུང་བཀའ་ཤག་གི་མངའ་འོག་ཏུ་མེད་པ་དེ་ནི་སུས་ཀྱང་བསྒྱུར་ཏུ་མེད་པའི་ལོ་རྒྱུས་རེད། འདི་གཉིས་ཀྱིས་རྒྱ་སོག་མན་ཆིང་གི་འོག་ནས་ལོ་བརྒྱ་ཕྲག་མང་པོའི་རིང་ལ་ཅིག་མྱངས་ནས་བསྡད་པ་རེད། འདི་ཡང་ལོ་རྒྱུས་རེད། སུས་ལོ་རྒྱུས་ལ་ནག་བསུབ་གཏོང་ཐུབ། རྒྱ་མིའི་བཙན་ཤུགས་ཀྱིས་མི་ཐུབ་ལ། བོད་མིའི་སྙིང་རྗེ་ཡིས་ཀྱང་མི་ཐུབ།
ཉིད་ཀྱིས་གསལ་བོར་མཁྱེན་དགོས་པ་ཞིག་ལ། ངས་རྒྱ་ཕྱོགས་དང་བོད་ཕྱོགས་གང་ཡང་བྱེད་ཀྱིན་མེད། ངས་ལོ་རྒྱུས་རང་གི་གནས་བབ་ཅིག་བཤད་ཅི་ཐུབ་བྱེད་བཞིན་ཡོད། ཁྱོད་ཀྱིས་མ་མཐའ་ཡང་ནགས་ཚང་ཞི་ལིའི་སྐྱིས་སྡུག་དེ་ཀློག་དགོས་ཀྱི་འདུག་ལ། བཀླགས་ཚར་རྗེས་དེ་དུས་ཀྱི་དབུས་གཙང་དང་ཨ་མདོའི་ས་ཁུལ་གཉིས་ཀྱི་སྐོར་ལ་འདང་ཞིག་ཀྱང་རྒྱག་དགོས་ཀྱི་འདུག ད་དུང་རྒྱལ་མོ་འབྲུག་པའི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ལ་ཞིབ་གཟིགས་ཤིག་གནང་དགོས་ཀྱི་འདུག རྒྱལ་མོ་འབྲུག་པ་དེ་ནི་རྒྱ་བོད་གང་གི་ཡང་ཕྱོགས་སུ་མ་ལྷུང་བའི་ལོ་རྒྱུས་འབྲི་མཁན་ཞིག་རེད།