མཁོ་གཏོང་བ། ཚེ་རིང་དབང་ཕྱུག
བཀའ་ཤག་གིས་གལ་ཆེའི་འབོད་སྐུལ་གསལ་བསྒྲགས།
༄༅། །ཕྱི་ལོ་༢༠༡༥ ཟླ་༡༠ ཚེས་༣༠ ཉིན་རྡ་ས་མེག་གན་གཞུང་ལམ་དུ་བོད་མི་ཞིག་རྒྱ་གར་བས་བསད་པའི་གནས་ཚུལ་དེ་ནི་ཧ་ཅང་ཐབས་སྡུག་དང་བློ་ཕམ་དགོས་པ་ཞིག་རེད། འོན་ཀྱང་ས་གནས་ཉེན་རྟོག་པས་ཉེས་ཅན་པ་གསུམ་འཕྲལ་མར་འཛིན་བཟུང་བཀག་བསྐྱིལ་ཐུབ་པ་བྱུང་ཡོད། དེ་ནི་བསྔགས་འོས་ཀྱི་གནས་ཡིན།
དོན་རྐྱེན་དེ་བྱུང་རྗེས་མི་འགའ་རེས་བོད་མི་སྐྱབས་བཅོལ་བ་དང་རྒྱ་གར་ཡུལ་མིའི་དབར་གྱི་མཐུན་ལམ་ལ་དོ་ཕོག་འགྲོ་གཞིའི་འཆལ་གཏམ་འདྲ་མིན་སྤྱི་ཚོགས་དྲ་རྒྱ་སོགས་ནང་སྤེལ་བཞིན་པ་དེར་མང་ཚོགས་རྣམས་ཀྱིས་ངེས་པར་ཡིད་གཟབ་གནང་བ་དང་སྦྲགས། ལྷིང་འཇགས་ཐོག་གནས་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
ད་ལྟ་ཉེས་ཅན་པ་གསུམ་ཁྲིམས་ཐོག་ཡོད་སྟབས། ཁྲིམས་ལུགས་ཀྱི་བརྒྱུད་རིམ་ལྟར་ཁྲིམས་གཤེར་གནང་རྒྱུ་རེད། ང་ཚོས་རྒྱ་གར་གྱི་ཁྲིམས་ལུགས་ལ་ཡིད་ཆེས་གཙང་མ་ཡོད།
བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཕྱི་ལོ་༢༠༡༥ ཟླ་༡༡ ཚེས་༥ ཉིན།།
ད་དུང་གལ་ཆེ་ཤོས་དེ་འདས་པོའི་ནང་མི་ཚོར་དོགས་རྣམས་སེལ་ཆེད་ང་ཚོ་བཙན་བྱོལ་བ་ཚོས་སེམས་གསོ་དང་གསལ་བཤད་བྱེད་རྒྱུ་ཧ་ཅང་གལ་ཆེ་
བོད་མིའི་སྒྲིག་འཛུགས་ཀྱིས་རྟ་རྒྱུགས་ཏེ་རྡུལ་འཚུབ་དྭངས་ཚར་རྗེས་གཞི་ནས་འཐད་ལ་མ་འཐད་ཅིག་གསུང་ཡོང་གིན་འདུག ལར་འདས་པོ་ཁོང་རེ་བའི་མིག་འབུར་རྒྱ་གར་དུ་ཡོད་པ་བོད་གཞུང་ལ་གཏད་དེ་ཡོང་མཁན་ཞིག་ཡིན་པ་གཞི་གྲུབ་པས་མ་ཚད།སྤྱོད་ལམ་ཧ་ཅང་ཡག་པོ་ཅན་དང་ཉེས་པ་གང་ཡང་མེད་པ་ཕྱོགས་གང་ཅི་ནས་ར་འཕྲོད་ཟིན་ཡོད་ཀྱང་།ད་ཐེངས་སྟབས་མ་ལེགས་པ་དང་ལམ་འགྲོ་མེད་པར་རྐྱེན་ལམ་དུ་ཤོར་ཡོད་པ་མངོན་གསལ་དོད་པོ་ཡིན་གཤིས།བོད་གཞུང་གིས་ཀྱང་མ་མཐའ་ས་ནས་ཁོང་གི་ནང་མི་ཚོར་སེམས་གསོ་ཙམ་གྱི་གསུང་ཞིག་འབྱོན་ན་འོས་འཚམས་ཡིན་མོད།གོང་གི་ཚིག་བརྗོད་ཁག་ནང་དེ་ཙམ་ཡང་མཐོང་ལམ་དུ་མེད་པ་ཡ་ཆ།
ཡི་གེ་དེའི་མཇུག་དེར། “ང་ཚོས་”རྒྱ་གར་གྱི་ཁྲིམས་ལུགས་ལ་ཡིད་ཆེས་གཙང་མ་ཡོད། ང་ཚོས་ཞེས་བྱེད་སྒྲ་ཞིག་བྲིས་ཡོད་པ་དེས་བྱ་བ་གང་ཡང་བསྟན་མི་འདུག དེ་གར་སུམ་རྟགས་ཡག་པོ་ཡོད་པའི་མི་མེད་པ་འདྲ།
བྱེད་སྒྲ་དང་འབྲེལ་སྒྲ་ནོར་བ་མིན་འགྲོ་(ང་ཚའི་)རྟ་རྒྱུགས་ཚར་ནས་ཐལ་ཚུབ་ལང་རོགས་རེད་ FIRལ་ག་རེ་འཁོད་ཡོད་རེད་དེ་གཞི་བཞག་གི་རེད་ ཚུར་ཕྱོགས་ནས་ཁྲིམས་རྩོད་ག་འདྲ་བཙུག་ཡོད་རེད་
དེ་ཚོ་གལ་ཆེན་པོ་རེད་ལ་འདས་པོའི་ཕ་མ་ནང་མི་ཡོད་ན་དབུས་བོད་མིའི་སྒྲིག་འཛུགས་ནས་སེམས་གསོ་དང་མཆོད་འབུལ་དོད་གནང་དགོས་པ་རེད་ཕ་ཡུལ་ས་ཐག་འགྱང་པོ་ནས་གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ལ་རེ་བ་བཅོལ་ནས་ཡོང་བ་རེད་ང་ཚོའི་ཚེ་འདི་ཕྱི་དང་ལས་རྒྱུ་འབྲས་ལ་བསམ་བློ་གཏོང་དགོས་པ་རེད་།
ཀླུ་སྨྱོན་ལགས། ང་ཚོས་རྒྱ་གར་གྱི་ཁྲིམས་ལུགས་ལ་ཡིད་ཆེས་གཙང་མ་ཡོད་ཅེས་པ་ནི། བྱེད་སྒྲ་ཡིན་དགོས། །
དེ་ག་ལ་ཡིན། ང་ཚོས་ཞེས་བྱེད་སྒྲ་སྦྱར་ཟིན་དུས་བྱ་བ་བྱས་དང་བྱེད་བཞིན་ཡང་ན་བྱེད་པར་འགྱུར་བ་ཞིག་སྟོན་དགོས་མོད་དེ་འདྲ་མི་འདུག རྒྱ་གར་གྱི་་་་བྱ་བ་མ་རེད། ཁྲིམས་ལུགས་ལ་་་་བྱ་བ་མ་རེད། ཡིད་ཆེས་གཙང་མ་་་་་བྱ་བ་མ་རེད། ཡོད་་་་་བྱ་བ་མ་རེད། ད་བྱ་བ་གང་དུ་འདུག་སྟོན་ཅིག
ཚིག་གྲུབ་འདིའི་ནང་དུ་ནོར་འཁྲུལ་ཤོར་ས་ནི་ང་ཚོས་ཞེས་ཚོ་ཡི་མཉམ་དུ་རྣམ་དབྱེ་གསུམ་པ་ས་ཡིག་ཅིག་བྲིས་པ་འདི་ནོར་བ་རེད། བོད་ཀྱི་བརྡ་དག་དང་མཐུན་པ་ཞིག་འབྲི་ན། ང་ཚོར་རྒྱ་གར་གྱི་ཁྲིམས་ལུགས་ལ་ཡིད་ཆེས་གཙང་མ་ཡོད། ཅེས་བྲིས་པ་ཡིན་ན་ཏག་ཏག་ཅིག་ཡོད་པ་རེད།
ཀླུ་སྨྱོན་ལགས་ཀྱིས་གསུངས་པ་ལ་རྒྱུ་མཚན་འདུག འོན་ཀྱང་བྱེད་སྒྲ་བཞག་ན་ང་ཚོའི་ངོས་ནས་རྒྱ་གར་གྱི་ཁྲིམས་ལ་ཡིད་ཆེས་ཡོད་པའི་དོན་མ་ཡིན་ནམ། །
རྡ་སར་རང་རིགས་བོད་མི་ན་གཞོན་ཞིག་རྒྱ་གར་བས་དམར་གསོད་བཏང་ནས་བདུན་ཚིགས་དང་བོ་མ་ཟིན་གོང་དུ། རྡ་སའི་བོད་གཞུང་བཀའ་ཤག་གིས་མི་གསོད་ལག་དམར་ཚོར་སྐྱོན་བརྗོད་བྱེད་རྒྱུའི་ཚབ་ཏུ་རྡ་སའི་བོད་པ་ཚོར་བཀའ་བཀྱོན་དྲག་པོ་གནང་འདུག མི་མང་གིས་གཞུང་ཟེར་ན་འདི་འདྲ་ཞིག་ལ་ཟེར་བ་ཨེ་རེད། སྐྱེ་བོ་སྒེར་བ་ཞིག་གི་བདེན་དོན་ལ་རྒྱབ་ལངས་བྱེད་མི་ཐུབ་པའི་བཀའ་ཤག་འདི་ལྟ་བུ་ཞིག་གིས་མི་རིགས་ཞིག་གི་དྲང་བདེན་དེ་ཅི་ལྟར་རྩོད་རྒྱུ་ཡིན་ནམ།
Central Tibetan Administration shamelessly condemned on Tibetans(CTA-some mischievous individuals) in Dharamshala, who showed solidarity for their fellow Tseltrum Chokden(unfortunate). The Tibetan Youth, who was brutally murdered (CTA-The death of a Tibetan youth in an incident)by three Indian men. How could CTA stand to lead entire Tibet since they even don’t have enough courage to fight for the justice of a single fellow Tibetan?
ང་ཚོས་རྒྱ་གར་གྱི་ཁྲིམས་ལུགས་ལ་ཡིད་ཆེས་གཙང་མ་ཡོད།
རྐྱེན་དབང་གིས་སུ་ལ་ཡང་ནོར་འཁྲུལ་འབྱུང་སྲིད། གོང་གསལ་བརྗོད་པ་འདི་བོད་ཀྱི་བརྡ་སྤྲོད་ལྟར་འབྲི་ན། འབྲི་སྟངས་གཉིས་ཡོད།
་
དང་པོ། ང་ཚོར་རྒྱ་གར་གྱི་ཁྲིམས་ལུགས་ལ་ཡིད་ཆེས་གཙང་མ་ཡོད། ང་ཚོར་ཞེས་པ་རྣམ་དབྱེ་བདུན་པ་སྟེ། ་རྒྱ་གར་གྱི་ཁྲིམས་ལུགས་ལ་ཡིད་ཆེས་གཙང་མ་ཡོད་པའི་གཞི་ཡིན་པའི་ཕྱིར།
་
གཉིས་པ། ང་ཚོས་རྒྱ་གར་གྱི་ཁྲིམས་ལུགས་ལ་ཡིད་ཆེས་གཙང་མ་བྱེད།
བོད་ཀྱི་བརྡ་སྤྲོད་དག་ཏུ། རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པ། ཞེས་ཡོད་པ་ཡུལ་མེད་བྱ་ཚིག་ལ་འཚམས་ཤིང་བསྙན་མེད་ཡིན་ཀྱང་། ཡུལ་ཡོད་བྱ་ཚིག་ལ། འཚམས་པ་ཞིག་ཏུ་མི་སྣང་སྟེ། ང་ཚོས་རྒྱ་གར་གྱི་ཁྲིམས་ལུགས་ལ་ཡིད་ཆེས་གཙང་མ་བྱེད། ང་ཚོས་ཞེས་པ་བྱེད་པ་པོ་རྣམ་དབྱེ་དང་པོ་དང་། བྱེད་ཅེས་པ་ཡུལ་ཡོད་བྱ་ཚིག་དང་། རྒྱ་གར་གྱི་ཁྲིམས་ལུགས་ལ་ཡིད་ཆེས་གཙང་མ། ཞེས་པ་བྱ་ཚིག་བྱེད་ཅེས་པའི་་ཡུལ་ཡིན་པར་སེམས་སོ།
་
བོད་ཀྱི་སྐད་གསོན་པོརལུས་པའི་ཕྱིར་དུ། འཐད་ལྡན་གྱི་དགག་སྒྲུབ་ལ་དགའ་བསུ།
རྒན་ལ་དྭགས་པ་ལགས། རྡོ་སེང་གེའི་བཀའ་ཤག་གིས་ཡོད་ཅེས་མ་གཏོགས་བྱེད་ཅེས་བྱེད་ཚིག་བྲིས་ཡོད་པ་མ་རེད། དེ་གཟིགས་ཡོད་དམ།
སྲིད་སྐྱོང་xx བློ་བཟང་སེང་གེ་དང་བཀའ་ཤག་གིས་ད་ཐེངས་ཅི་གང་གནང་མ་སོང་། དཀའ་ལས་ཆ་ཚང་རྒྱག་མཁན་ས་གནས་འགོ་འཛིན་ངྷ་ས་མདོ་སྨད་ས་རྒྱུན་སོགས་ཡིན། ད་གཞི་ནས་ཐག་ཆོད་ཡོང་དུས། ཡི་གེ་ཐབས་ཆག་འདི་འདྲ་ཞིག་བཏང་བ་ཐབས་སྐྱོ་བོ་རེད། བློ་སེང་གིས་སྔ་ཕྱི་བར་གསུམ་དུ་ཨ་མདོར་མཐོང་ཆུང་བཏང་བ་གྲངས་ཀྱིས་མི་ཟིན།
ལ་དྭགས་ལགས། བསྙོན་མེད་ཡིན་ཀྱང་རེད་དམ། ཡང་ན་བསྙོན་མེད་ཡིན་ཡང་རེད། ཡིན་གྱི་མཇུག་ལ་ཀྱང་དང་ཡང་གང་བྲིས་ན་བརྡ་སྤྲོད་་དང་མཐུན་ནམ།
ད་ལྟའི་བཀའ་ཤག་འདི་གྲུབ་འབྲས་ཚང་མ་རང་བདག་བྱེད་རྒྱུ་ཙམ་མ་གཏོགས། ངོམས་སུ་ཆོག་པའི་བྱས་རྗེས་གཅིག་མཐོང་མ་སོང་།
བཙན་རུས་མདངས་ཅན་ལགས། སྲིད་སྐྱོང་ནི་རྒྱ་ཆེའི་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་ང་ཚོའི་ཆབ་སྲིད་ཀྱི་དབུ་འཁྲིད་ཅིག་རེད། སྲིད་སྐྱོང་ ༼མ་བིན་༽ ཟེར་ན་ཁྲམ་པ་ཟེར་གྱི་ཡོག་རེད་པྰ། དེ་འདྲ་གསུངས་ན་ཡ་རབས་སྤྱོད་བཟང་རེད་པས། དེ་བཞིན་སྲིད་སྐྱོང་བསྐོ་མཁན་རྒྱ་ཆེའི་མང་ཚོགས་འོན་པ་དང། ལྐུག་པ། གང་ཡང་྄མ་ཤེས་མཁན་རྐྱང་རྐྱང་རེད་གསུངས་ཀྱི་ཡོད་པས། དགོངས་པ་ཡག་པོ་བཞེད་ནི་བཀའ་མོལ་གསུངས་ན་ཡག་གི་རེད། ལས་འགན་ཞིག་འཁྱེར་ནི་གསུངས་ཀྱི་ཡོད་ན་ངར་ཞུ་ཡག་གང་ཡང་མེད། གཞན་ཡང་སྲིད་སྐྱོང་དང། ཨ་མདོའི་བར་དཀྲུགས་ཤིང་མ་རྒྱོབ། ད་ལྟ་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་དྲིན་དང་། གཉིས་ནས་ང་ཚོར་བདག་པའི་བོད་ས་སྦར་མཐིལ་ཙམ་ཡང་མེད་པ་ལ་བརྟེན་ནས་ཆོལ་གསུམ་རྡོག་རྩ་གཅིག་བསྒྲིལ་ཡོད་པ་འདི་གཏོར་བཤིག་གཏོང་འདོད་འདུག་གས། ང་བོད་མི་ཞིག་ཡིན་པའི་ཆ་ནས་བསམ་འཆར་ཤོད་ཀྱི་ཡོད་པ་ལས་སྲིད་སྐྱོང་མཆོག་ལ་ཕྱོགས་ཞེན་བྱེད་དགོས་དོན་གང་ཡང་མེད་དོ།
ངས་མཆན་བྲིས་པའི་སྐབས་སུ་ ༼མ་བིན་༽ ཟེར་བའི་ཚིག་དེ་བསུབས་ཏེ་༼ XX ༽ བྲིས་ཤག། ཡག་པོ་རེད།
ལྷ་སའི་བུ་ལ། ལྷ་ས་མིང་མགོར་བྲིས་ཏེ་ཁྲམ་ལས་མ་བྱེད། ཁྱེད་ལྟ་བུའི་ལྷ་ས་བ་ཞིག་མེད་ཐག་ཆོད་ཡིན། བློ་བཟང་སེང་གེ་མ་བིན་མིན་༧གོང་ས་མཆོག་བཙོང་གི་མ་རེད། དབུ་བསྐོར་ཞུ་གི་མ་རེད་དེ། ཁོས་འོས་བསྡུའི་ཆེད་༧གོང་ས་མཆོག་དང་དུས་འཁོར་དབང་ཆེན་བཙོང་གྲབས་བྱས་པའི་རྐུབ་བརྡོལ་ནས་ཕྱིར་འགྱངས་བྱས་པ་རེད། ༧གོང་ས་མཆོག་དང་མི་མང་ལ་དབུ་བསྐོར་ཞུ་རྒྱུར་ཉི་མ་ཁ་དཀར་ངོ་དཀར་ལ་ཐེ་ཚོམ་གང་ཡང་མེད་པ་བོད་མི་མང་གིས་ཤེས་ཡོད། ཁོས་བཀའ་ཤག་ནས་ཡར་ཞུས་ཏེ་དུས་དབང་ཕྱིར་འགྱངས་གནང་བ་ཡིན་ལབ་པ་རེད། དེ་ཁྲམ་པའི་བྱེད་སྟངས་མིན་ན་ཅི་རེད། སྐུ་སྒེར་ཡིག་ཚང་ལ་ཡར་ཞུས་མེད་པ་མཇལ་ཁ་ཞུ་མཁན་མང་པོས་བཀའ་འདྲི་ཞུས་པས་གནས་ཚུལ་གསལ་བོ་ཆགས་འདུག ད་དུང་མང་པོ་རེད། ་་་་ཁྲམ་པ་མ་བིན་ཡིན་པ་གྲངས་ཀྱིས་མི་ཟིན། དཔེར་ན། ཁོའི་ཁང་རིན་གྱི་ཨ་སྒོར་བཞི་འབུམ་མ་ཟིན་ཙམ་དེའི་ཡོང་ཁུངས་གཙང་མ་མེད་འཇིག་རྟེན་ཀུན་གསལ་རེད། ད་གཞན་དགོ་ཝེ།
དོན་རྐྱེན་འདིའི་ཐད་ལ་དཔལ་ལྡན་སྲིད་སྐྱོང་གིས་འགོ་ཁྲིད་པའི་བཀའ་ཤག་གིས་ད་བར་ལས་ཀ་ག་རེ་བྱས་ཡོད་དམ། དོན་དངོས་ཐོག་བོད་མིའི་སྒྲིག་འཛུགས་འདི་འགོ་ནས་དཔོན་པོ་བྱེད་རྒྱུ་གཅིག་པུ་མ་ཡིན་པར་རང་གི་ཁྱབ་ཁོངས་ཀྱི་མི་མང་ལ་བདག་པོ་རྒྱག་དགོས་རྒྱུ་དེ་ལས་འགན་གལ་ཆེ་ཤོས་གཅིག་རེད། དོན་རྐྱེན་འདིའི་སྐོར་ལ་བོད་མིའི་སྒྲིག་འཛུགས་གཞུང་འབྲེལ་དྲ་རྒྱ་ནང་དུ་ཚིག་གཅིག་ཀྱང་བཀོད་མེད། གནས་ཚུལ་ལེགས་ཉེས་ག་རེ་ཡིན་ནའང་དངོས་ཡོད་བྱུང་བའི་གནས་ཚུལ་དེ་ཚོ་ངེས་པར་བཀོད་དགོས་རྒྱུ་རེད། བོད་མིའི་སྒྲིག་འཛུགས་ཀྱིས་མི་མང་ལ་འགན་ཁྱེར་སྟངས་དེ་ཧ་ཅང་སྐྱོ་བོ་འདུག མི་མང་ལྷིང་འཇགས་ཡོང་དགོས་ན་བོད་མིའི་སྒྲིག་འཛུགས་ངོས་ནས་རང་གི་མི་མང་ལ་བདག་པོ་ཡག་པོ་བརྒྱབ་ན་རྙོག་དྲ་ཡོང་གི་མ་རེད། དཔྱ་ཁྲལ་སྤྲོད་སྐབས་བོད་མིའི་སྒྲིག་འཛུགས་ཟེར་ནས་ཆེ་མཐོང་དགོས་རྒྱུ་ཞིག་དང་། མི་མང་སྒེར་ལ་དོན་རྐྱེན་བྱུང་སྐབས་ཞི་མིའི་ནང་བཞིན་བཀབ་ནས་འདུག་རྒྱུའི་གཞུང་དེ་འདྲ་ཞིག་མི་མང་ལ་དགོས་དོན་མི་འདུག སྤྱི་ཚོགས་དྲ་རྒྱ་ཁག་གི་ནང་དུ་རྙོག་གླེང་ཡོང་གི་ཡོད་པ་དངོས་ཡོད་ཡིན་ནའང་། གཞུང་གི་ངོས་ནས་གསལ་གསལ་ཐིང་ཐིང་ཅིག་དང་འགན་ཞིག་འཁྱེར་ན་མི་མང་གིས་ཀྱང་དེ་འདྲ་བྱེད་དགོས་དོན་ཡོད་མ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཚོས་གོང་རིམ་ལ་སྤྲེལ་ལད་འཁྲབ་ནས་རང་དོན་ཁོག་བཅིངས་བྱས། གོང་རིམ་འགོ་ཁྲིད་ཚོས་ཀྱང་སྤྲེལ་ལད་འཁྲབ་མཁན་ལ་དགའ་བོ་བྱས། བོད་མིའི་སྒྲིག་འཛུགས་འགོ་རྔ་ཚང་མའི་ནང་སྤྲེལ་ལད་འཁྲབ་མཁན་དང་སྤྲེལ་ལད་ལ་དགའ་མཁན་ཁེངས་བསྡད་འདུག གཟབ་གཟབ་མ་བྱས་ན་རང་ཉིད་རུལ་ནས་ཕྱིའི་མི་ལ་རུལ་དྲི་ཁ་སྐབས་ཕྱིས་དྲགས་པ་རེད། ད་སྐབས་བོད་མིའི་སྒྲིག་འཛུགས་ལས་རྡ་སའི་ཚོགས་པ་ཁག་ལ་དཔྱ་ཁྲལ་སྤྲད་ན་ལེགས་པ་འདུག གང་ལྟར་རང་ཉིད་ཐེ་བའི་མི་ཞིག་ལ་དོན་རྐྱེན་འདི་འདྲ་བྱུང་སྐབས་ཚོགས་པ་ཁག་གིས་ཕན་ཐོགས་ཆེན་པོ་འདུག རྡ་སའི་ཚོགས་པ་ཁག་དང་མི་སྒེར་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ལ་བློ་ཕམ་ཞུ་རྒྱུ་ཡིན།
ཀླུ་སྨྱོན་མཆོག་དང་མྱི་དཀར ་ལེགས།
མཐོང་ནས། ང་ཚོར། ཞེས་བྲིས་ཡོད། ཡིན་ཞེས་པའི་བྱ་ཚིག་ད་ལྟ་བར་ཡང་ཞེས་དགོས། དེའི་འདས་ཚིག་ལ་ད་ཡང་འཇུག་མི་མངོན་པར་་ཡོད་པས། ཀྱང་དགོས།། རྗེས་འཇུག་ག་ད་བ་ས་ད་དྲག་བཅས་ལ་ཀྱང་། དེ་ཡང་རྗེས་འཇུག་ན་ར་ལ་གསུམ་ལ་ད་ཡོད་པའི་བཤུལ་དོན་ཏོ། གྱུར་ཏོ། སྩལ་ཏོ། ཞེས་བོད་ཀྱི་བཀའ་བསྟན་བཀའ་བརྟེན་སོགས་ན་མཐོང་ངོ་།
བཀའ་ཤག་གི་གསར་བསྒྲགས་འདི་སྦྲུལ་གྱི་མགོ་འདྲ་པོ་ཞིག་འདུག དེང་སང་བོད་མིའི་སྒྲིག་འཛུགས་གི་སྐད་ཆ་རང་རེད་འདུག སྔ་མོ་ང་ཚོ་སྡེ་པ་གཞུང་རང་བཙན་རྒྱལ་ཁབ་ཀྱི་བཀའ་ཡིག་དེ་ཚོ་འབྲུག་གྲགས་པ་འདྲ་པོ་ཡོད་རེད། ད་ཉམས་ཆག་ཞེ་དྲག་ཕྱིན་འདུག
ངོ་བསྟོད་སྤྲེལ་ལད་ཚོགས་པའི་ཁྱིམ་ཚང་ནང་།།
འཇོན་པོ་རྒོད་པོའི་མི་ཞིག་འདུག་ཟེར་ན།།
ཤར་གྱི་ཉི་མ་གླིང་བཞི་འཁོར་ནས་ཀྱང་།།
ནུབ་ནས་ཤར་དུ་ཕེབས་པ་ཅིས་མི་བདེན།།
བོད་ནང་གི་རྒྱ་དམར་འོག་ནས་བོད་མི་སྤུན་ཟླས་མེར་སྲེག་ན་བཀའ་ཤག་ལ་ཚོར་བ་མེད།རྒྱ་གར་འོག་ནས་དོན་མེད་བོད་མི་སྤུན་ཟླ་དམར་གསོད་གཏོང་ན་བཀའ་ཤག་ཚོར་བ་མེད། འདི་ལྟ་བུའི་བཀའ་ཤག་ཞིག་གིས་ཅི་བྱ།
བསྟན་རྣམ་ལགས་ཀྱིས་བཤད་པ་དེ་བདེན་པ་རེད། སྤྲེལ་ལད་འཁྲབ་མཁན་དང་སྤྲེལ་ལས་ལ་དགའ་མཁན་གཉིས་དབར་ནས་ཐར་ཐབས་ཤིག་མིན་འདུག བོད་མིའི་སྒྲིག་འཛུགས་ཀྱི་འགོ་དཔོན་ཚོ་དང་ཟུར་སྐྱོང་སྡེ་ཚན་ཁག་གི་འགོ་དཔོན་ཚང་མ་མི་ཤེས་ཀྱང་ཕལ་ཆེ་བ་གཅིག་པ་རེད། ང་ནི་སྤྲེལ་ལད་འཁྲབ་མཁན་དང་སྤྲེལ་ལད་ལ་དགའ་མཁན་གཉིས་དབར་ནས་དཀའ་ལས་ཁག་ནས་ཡོད།
བདེན་པ་ཉིད་རྒྱལ་རྒྱུ་ཕར་རིའི་སྤང་རྒྱན་རང་རེད།
སྐྱག་འབུ་བཙན་རུས་མིང་ཅན་དེས་རྫུན་རྐྱང་བཤད་འདུག དུས་དབང་ཕྱིར་འགྱང་གནང་བ་དེ་གོང་ས་མཆོག་སྐུ་ངལ་གསོ་ཆེད་མཛད་འཆར་མང་པོ་ཞིག་ཕྱིར་བསྡུ་གནང་བའི་ཁོད་ཀྱི་གཅིག་ཡིན་པ་གོང་ས་མཆོག་གིས་དངོས་སུ་གསུངས་འདུག ཉི་མ་ཁ་དཀར་ངོ་དཀར་ལ་རྫུན་འདི་འདྲ་བཤད་ཕོད་པའི་ཧམ་སེམས་དེ་གང་ནས་བྱུང་བ་ཡིན་ནམ། ད་ལོའི་སྔོན་འགྲོའི་འོས་བསྡུ་ནང་བོད་མི་བརྒྱ་ཆ་བདུན་བཅུ་ཙམ་གྱི་སྲིད་སྐྱོང་མཆོག་ལ་འོས་བླུག་འདུག་པ་འདི་གོང་ས་མཆོག་དབུ་སྐོར་ཞུ་མཁན་ཡིན་པ་ཤེས་ནས་བླུག་པ་ཨེ་རེད།
རྫུན་མ།
ཁ་བརྡའི་ནང་གི་སྐྱག་འབུ་འདི་ཚོས་སོ་སོའི་གཞུང་དང་དབུ་ཁྲིད་ཀ་སྐྱོན་བརྗོད་བྱེད་རྒྱུ་ལས་ཅི་ཡང་ཤེས་ཀྱི་མ་འདུག མི་འདི་ཚོ་ལ་ངོ་ཚ་དང་ལ་རྒྱ་ཟེར་བ་ཞིག་གཞི་ནས་མེད་པ་འདྲ། འདི་ཚོས་འུར་རྒྱག་བཞིན་པ་འདི་ནི་གཞན་ཅི་ཡང་མིན་པར། བཀའ་ཤག་གི་གསལ་བསྲགས་ནང་བོད་མི་དང་རྒྱ་གར་ཡུལ་མིའི་བར་གྱི་མཐུན་ལམ་ལ་གནོད་བསྐྱལ་མཁན་ཚོ་ཐེར་འདོན་གནང་ཡོད་པ་འདི་ལ་མ་དགའ་བ་རེད། འདིའི་སྟེངས་ནས་མཐོང་ཐུབ་པ་ནི་ཁོ་ཚོ་བྱ་བ་འདི་འདྲིའི་རིགས་སྒྲུབ་མཁན་ཡིན་པ་སྟན་ཡོད། བོད་ནང་གི་བོད་་མི་དེ་ཙམ་གྱིས་རང་སྲོག་བློས་གཏོང་གནང་སོང་རུང། བཀའ་ཤག་ལ་སེམས་གསོ་དང་གུན་གསབ་གནང་དགོས་པའི་སྐུལ་མ་ཞུ་མཁན་གཅིག་ཀྱང་མཐོང་མ་སོང་། དེ་རིང་འདིར་སེམས་ཁུར་ཆེ་མདོག་གིས་གཅིག་བཤད་པ་ནི་ངོ་ཚ་མེད་པའི་རྣམ་ཐར་རེད།
འོ་ད་ཡང་། ལུང་རྟོགས་ཞེས་པའི་རྐུབ་གཡོགས་རྒྱུགས་མཁན་ཁོ་སླེབས་སོང་། ཁོ་རེ། ཁྱོད་ཀྱིས་ཁ་ནས་བོད་མིའི་སྒྲིག་འཛུགས་དང་། དབུ་ཁྲིད་ཅེས་ཤ་ཚ་ཆེ་མདོག་ག་ཚོད་བཤད་ཀྱང་། ངས་ཐག་བཅད་ནས་བཤད་ཆོག་པར་ཁྱོད་རང་བློ་སེང་གི་གསང་བའི་རྒྱུགས་ཁྱི་ཞིག་ཡིན་པ་མཆན་སྔ་ཕྱི་དག་ལས་གསལ་བར་ར་འཕྲོད་ཡོད། ཁྱོད་ལྟ་བུའི་མི་ངན་མང་ན་ས་ཕྱོགས་དེར་མང་གཙོ་ཞེས་པ་ཡོང་ཐབས་མེད། དབང་སྒྱུར་གྲལ་རིམ་པའི་རྐུབ་གཡོགས་རྒྱུགས་ཏེ་ཁེ་ཕན་ཐོབ་ཐབས་བྱེད་མཁན་ཞིག་ཡིན་པ་གསལ་པོ་རེད། ད་དུང་། ལྷ་སའི་བུ་ཞེས་པ་ཁྱོད་ལྷ་ས་གང་ནས་ཡིན་ནམ། ལྷ་སའི་བུ་ཞེས་ཁྱོད་ཀྱིས་རྫུན་མ་ཤོད། ད་བར་ཁྱོད་ཀྱིས་ལྷ་སའི་མིང་འཁུར་ནས་ཕྱོགས་གཅིག་ལ་ཞེན་པའི་མཆན་འདེབས་གྲངས་མེད་བྱེད་སྟངས་དེ་ནས་ངས་ལྷ་སའི་བུ་མིན་པར་དོགས།
རྡ་སའི་དོན་རྐྱེན་ཚེས་༣༠ཉིན་གྱི་མཚན་མོ་བྱུང་བ་རེད། བཀའ་ཤག་གིས་འབོད་སྐུལ་གསལ་བསྒྲགས་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༥ ཉིན་ཐོན་པ་རེད། ཧ་ལམ་བདུན་ཕྲག་གཅིག་ཕྱིན་པ་རེད། དེ་ཡང་ཐིག་ཕྲེང་ཁ་ཤས་ལས་མི་འདུག་པར་མ་ཟད་བརྡ་སྤྲོད་ཀྱི་འགྲོས་དང་འགལ་ནས་ནང་དོན་ཆལ་ལེ་ཆོལ་ལེ་ཞིག་སྤེལ་བ་རེད། རང་གི་མི་མང་ལ་བདག་པོ་ཅི་ཙམ་རྒྱག་གི་ཡོད་མེད་གསལ་པོར་བསྟན་པ་རེད། ཉེས་མེད་ཉམས་ཆུང་རང་གི་འབངས་མི་ཞིག་གཞན་གྱིས་བསད་པ་ལ་འདས་པའི་ནང་མིར་སེམས་གསོའི་གསུང་འཕྲིན་ཞིག་སྩལ་ན་འགྲིག་ཀྱང་དེ་ཡང་ནམ་མཁའི་མེ་ཏོག་རེད། འཛིན་སྐྱོང་ཟེར་བ་དེ་དེ་འདྲ་ཞིག་ཨེ་ཡིན་ན། མི་མང་ཨ་ཐང་ཆད་ཀྱི་འདུག་གཱ
ལྷག་པ་ཟེར་བའི་དྲ་འབུ་ཁྱོས་ཉོན། ང་བློ་སེང་གི་གསང་བའི་རྒྱུག་ཁྱི་ཡིན་པའི་དཔང་རྟགས་ཅི་ཡོད། ཚོད་ཚོད་ཀྱིས་མི་ལ་སྐྱོན་འཛུག་བྱེད་རྒྱུར་ངན་གོམས་སུ་སོང་བའི་དྲ་འབུ་ཁྱོད་ལྟ་བུ་དག་ནི་མི་རིགས་ཀྱི་ཞབས་འདྲེན་རེད། བོད་མིའི་སྒྲིགས་འཛུགས་བོད་པ་རང་ཉིད་ཀྱི་གཞུང་རེད་ལ་བློ་བཟང་སེང་གེ་བོད་མི་མང་གི་དབུ་ཁྲིད་རེད། དེ་ལ་གུས་བཀུར་དང་རྒྱབ་སྐྱོར་བྱེད་རྒྱུ་དེ་བོད་མི་མང་གི་འགན་རེད། རང་གི་གཞུང་དང་དབུ་ཁྲིད་ལ་རྒྱབ་སྐྱོར་བྱེད་པ་དེ་རྐུབ་གཡོག་རྒྱུག་མཁན་ལྟ་བུ་ལ་མཐོང་བ་ནི། རང་ཉིད་ལ་ལ་རྒྱ་དང་རིགས་ཞེན་ཅུང་ཟད་ཙམ་ཡང་མེད་པའི་རྟགས་སྟན་པ་རེད། དམངས་གཙོ་ཟེར་བ་དེ་ཡང་འགན་ཁུར་ལྡན་ཞིང་སྒྲིག་ལམ་ཡོད་པའི་སྟེང་ནས་འགྲོ་དགོས་པ་རེད་མ་གཏོགས་འགོ་འཇུག་མེད་པ་ཞིག་ལ་དམངས་གཙོ་ཟེར་བ་མ་རེད། བོད་མིའི་སྒྲིག་འཛུགས་དམངས་གཙོའི་གཞུང་རེད་ལ་དབུ་ཁྲིད་ཚོ་མི་མང་གིས་གདམ་པ་རེད། འདི་ལ་དབང་བསྒྱུར་གྲལ་རིམ་ཟེར་བ་མ་རེད། དབང་བསྒྱུར་གྲལ་རིམ་ནི་རྒྱ་ནག་དམར་ཤོགས་ཀྱི་དཔོན་པོ་ཚོ་ལྟར་སྲིད་དབང་སྒེར་འཛིན་མཁན་ལ་ཟེར་བ་རེད།
རང་གཞུང་གི་དཔོན་ལ་གུས་བཀུར་དགོས་ཀྱང་ཅི་མཛད་ལེགས་མཐོང་བྱས་ན་དེ་ཡང་འགྲིག་གི་ཨེ་ཡོད་དམ། གང་ལྟར་སྐྱོན་ཐེར་འདོན་བྱས་མི་ཆོག་པ་འདིས་གང་མཚོན་ནམ།
གང་ལྟར་བཀའ་བློན་བཀའ་ཤོག་གིས་རྒྱ་གར་ཡུལ་མི་དང་བཙན་བྱོལ་སྐྱབས་བཅོལ་བའི་འཆམ་མཐུན་ལ་སྐད་ཆ་དེ་འདྲ་བཤད་ན་མ་འགྲིག་པ་གང་ཡང་མེད། ཡིན་ན་ཡང་། མདོ་དོན། བོད་ནས་ཡོང་བའི་བོད་ཕྲུག་ལྡོམ་པོ་ཞིག་ཡིན་ཕྱིན། རང་སྲོག་རང་གིས་སྲུང་ཐུབ་པའི་དཔའ་བློ་ཁོག་དགོས་ཡོད། ལྷག་དོན་རང་ལ་ནོར་བ་དང་འཁྲུལ་བ་མེད་པའི་སྐབས་ལ། གང་ལ་ཐུག་ན་གཡུག་རྐྱང་བྱེད་ཐུབ་པ་དགོས།
གནད་དོན་འདི་བོད་མིའི་སྒྲིག་འཛུགས་ཀྱིས་བསལ་མི་ཐུབ། འདི་རྒྱ་གར་ཚང་གི་སྤྱི་བདེ་མི་སྣ་དང་རྒྱལ་ཁྲིམས་ལ་དབང་ནུས་ཆ་ཚང་ལྡན་པ་ཞིག་ཡིན་དུས། དེ་ན་ཁོས་ཚོས་མྱི་བསད་ལ་མྱི་སྟོང་དང་འདས་བོའི་ཡུལ་མི་ལ་སེམས་གསོ་དང་དགོངས་བསལ་ཞུ་དགོས། དེ་འདྲ་མ་བྱས་ན། ནོར་འཁྲུལ་འདི་འདྲ་ཡི་མཇུག་འབྲས་རྒྱ་གར་གྱི་ལས་སྣེ་ཚོ་ལ་ཡོད་པ་ཡིན་པ་དེ་ཁ་གསལ་གོ་བདེ་བའི་སྐད་ཆས་ཁོང་ཚོ་ལ་ཤེས་སུ་འཇུག་དགོས།
དེ་མིན་བླ་མ་ཀླུ་སྨྱོན་བདེན། ལ་དྭགས་པས་ཅི་ཡང་ཤེས་མི་འདུག། བརྡ་སྤྲོད་དེ་ནོར་བ་རེད། རྣམ་དབྱེ་བདུན་པ་ཡིན་དགོས།
བཀའ་ཤག་ལ་བཅོས་སོ།
སྐྱོན་ཐེར་འདོན་བྱེད་མི་ཆོག་ཟེར་མཁན་སུ་འདུག རང་གཞུང་དང་དབུ་ཁྲིད་ཚོས་ཅི་ཞིག་ཅི་ཞིག་ལས་ཀྱང་ཁ་བརྡའི་དྲ་འབུ་ཚོས་སྐྱོན་བརྗོད་ལས་སྔག་བརྗོད་གཅིག་ཀྱང་བྱེད་ཀྱི་མེད་པ་འདིས་ཅི་ཞིག་མཚོན་པ་རེད། འོ་ན་རང་གཞུང་གིས་ལས་ཚད་དང་བཤད་ཚད་སྐྱོན་ཅན་ཁོ་ན་ལས་སྐྱོན་མེད་གཅིག་ཀྱང་མེད་པ་ཨེ་རེད། དྲ་འབུ་ཚོའི་བཤད་སྟངས་ལ་ལྟས་ཡོང་ན་བཙན་བྱོལ་ནང་དུ་རྒྱ་གཞུང་གིས་མི་མང་པོ་ཞིག་གཏོང་ཡོད་པའི་སྐད་ཆ་འདི་ཡང་བདེན་པ་ཡིན་པའི་ར་སྤྲོད་བྱེད་ཡོང་གི་མི་འདུག་གམ།
བཙན་བྱོལ་ནང་ལ་འགོ་རྒྱལ་བ་རིན་པོ་ཆེ་ནས་འཇུག་ལས་བྱེད་དཀྱུས་མ་ཞིག་གི་བར་སུ་ལ་ཡང་སྐྱོན་བརྗོད་སེམས་ལ་གང་ཤར་དང་ཁ་ནས་གང་ཐོན་བྱས་ཀྱང་རྩད་བཅོད་གཏོང་མཁན་མེད་ལ་ཁྲིམས་ལ་བསྐྱལ་མཁན་མེད། ད་དུང་གཅིག་བཤད་ཆོག་གི་འདུག་གཉིས་བྱེད་ཆོག་གི་མི་འདུག་བཙན་གནོན་བྱེད་ཀྱི་འདུག་འབུར་འཇོམ་བྱེད་ཀྱི་འདུག་ཟེར་བའི་སྐད་ཆ་འདི་ཚོ་ཇི་ལྟར་སླེབས་པ་རེད། དོན་ངོ་མ་རང་དབང་ཆེ་དྲག་པ་རེད། རྒྱ་ནག་གཞུང་དང་རྒྱ་མིའི་དཔོན་པོ་ཞིག་ལ་སྐྱོན་བརྗོད་ཆུང་ཆུང་ཞིག་བྱེད་ཀྱང་སང་ཉིན་ཁྱོད་རང་བཙོན་ཁང་ལ་འགྲོ་དགོས་པ་བོད་ནས་འབྱོར་བ་ཚང་མས་ཤེས་གསལ་རེད། འདིར་ཉེན་ཁ་མེད་དུས་བཟང་སྤྱོད་ལ་བསམ་བློ་ཅི་ཡང་མེད་པར་གང་དྲན་དྲན་བཤད་པ་ནི་མིའི་སྤྱོད་པ་མ་རེད།
ལུང་རྟོགས་ཀྱིས་བཤད་པར་གནས་ལུགས་ཅུང་ཙམ་འདུག་མོད། བཀའ་ཤག་གི་གསལ་བསྒྲགས་དེས། ཡིད་ཚིམ་པོ་མ་བྱུང་། གསལ་བསྒྲགས་འདི་མཐོང་མ་ཐག་དོ་སྣང་ཞིག་གིས་བལྟས་པ་ཡིན། འོན་ཏེ། བསྒྲགས་གཏམ་འདིའི་ཟུར་ནས་ཐད་ཀར་མངོན་ཡོང་བ་ནི། བོད་དང་རྒྱ་གར་བར་འགལ་བ་ཞིག་བསླང་ཨེ་ཡོང་སྙམ་པའི་སེམས་ཚོར་ཙམ་ལས། འདས་པོ་དང་དེའི་དོན་རྐྱེན་ཐོག་དོ་ཁུར་དང་ཚོར་སྣང་གང་ཡང་མེད་པའི་བཟོ་ལྟ་རེད། བོད་རྒྱ་བར་འགལ་ཟླའི་ཉོག་གྲ་ཞིག་སླེབས་མི་ཡོང་སྙམ་པའི་ཞེད་སྣང་མ་བསླེབས་བར་དུ། བཀའ་ཤག་འཇམ་ཐིང་ངེར་བསྡད་སོང་བ། རྒྱ་གར་ཁྲིམས་ལ་ཡིད་ཆེས་གཙང་མ་ཡོད་ཅེས་པས་ཅི་ཞིག་བསྟན་འདུག ས་གནས་རྒྱ་གར་ཁྲིམས་ཁང་ག་འདྲ་ཡིན་ཚང་མས་ཧ་གོ་གོ་རེད། ས་གནས་འགོ་འཛིན་གྱིས། རྒྱ་གར་ཁྲིམས་ལྟར་ཡག་པོ་ཞིག་མ་ཡོང་བར་དུ་ང་ཚོས་བཞག་ཐབས་མེད་ཅེས་སེམས་ཚོར་ཆེན་པོས་ལབ་སོང་། དེ་ནི་འགན་འཁྲི་ཡོད་པའི་སྐད་ཆ་རེད། རྣམ་རྒྱུན་སྲིད་སྐྱོང་ལ་འདྲ་ཆགས་པོ་མང་བོ་ཞིག་བཤད་དུ་ཡོད་པ་རེད་དེ། ད་རེས་འདྲ་ཆགས་པོ་དེ་ཡང་མི་འདུག དེ་ནི་སེམས་ཚོར་མེད་པའི་རྟགས་རེད་འདོད།
བོད་མི་ཞིག་རྒྱ་གར་བས་བསད་པ་དེ་ཧ་ཅང་ཐབས་སྡུག་དང་བློ་ཕམ་དགོས་པ་ཞིག་རེད་ཅེས་བཀོད་འདུག ཚོར་སྣང་གང་ཡང་མེད་ན་བློ་ཕམ་ཇི་ལྟར་ཡོང་གི་རེད། བོད་དང་རྒྱ་གར་བའི་བར་ལ་འགལ་ཟླ་ཡོང་མི་སྲིད་པ་མ་རེད་ལ། དེ་འདྲ་བྱུང་ན་ཕམ་ཁ་ཉོ་མཁན་བོད་པ་ཡིན་པ་ཚང་མས་ཤེས་གསལ་རེད། དེས་ན་དེ་ལ་དོ་ཁུར་གནང་བ་ནི་མཐར་བཏུག་ན་སྐྱབ་གཅོལ་བོད་མི་ཚོར་དོ་ཁུར་གནང་བ་ཞིག་རེད། དེས་ན་བཟང་ངན་ཤེས་པའི་ཐོག་ནས་སྐད་ཆ་བཤད་ན་ཡག་པོ་རེད། འདི་འདྲའི་དུས་སུ་བོད་པ་ནང་ཁུལ་ལ་ཡིན་ན་འདྲ་བོད་པ་དང་རྒྱ་གར་བའི་བར་ལ་ཡིན་ན་འདྲ་དཀྲུག་ཤིག་རྒྱག་མཁན་མང་པོ་ཞིག་ཡོང་མི་སྲིད་པ་གཏན་ནས་མ་རེད། དེས་ན་ཚང་མས་བཀའ་ཤག་གི་ལམ་སྟོན་ལྟར་གཟབ་གཟབ་གནང་དགོས་པ་རེད། ང་ཚོ་སྐྱབ་གཅོ་བ་ཡིན་པའི་གནས་བབ་འདི་ཤེས་པའི་ཐོག་ནས་སྐད་ཆ་བཤད་དགོས་པ་རེད།
ཚོད་ལྟ་ཡིན།
ལུང་རྟོགས། བཤད་པར་གནས་ལུགས་ཅུང་ཙམ་འདུག་མོད། བཀའ་ཤག་གི་གསལ་བསྒྲགས་དེས། ཡིད་ཚིམ་པོ་མ་བྱུང་། གསལ་བསྒྲགས་འདི་མཐོང་མ་ཐག་དོ་སྣང་ཞིག་གིས་བལྟས་པ་ཡིན། འོན་ཏེ། བསྒྲགས་གཏམ་འདིའི་ཟུར་ནས་ཐད་ཀར་མངོན་ཡོང་བ་ནི། བོད་རྒྱ་བར་འགལ་བ་ཞིག་བསླང་ཨེ་ཡོང་སྙམ་པའི་སེམས་ཚོར་ཙམ་ལས། འདས་པོ་དང་དེའི་དོན་རྐྱེན་ཐོག་དོ་ཁུར་དང་ཚོར་སྣང་གང་ཡང་མེད་པའི་བཟོ་ལྟ་འདུག བོད་རྒྱ་བར་འགལ་ཟླའི་ཉོག་གྲ་འབྱུང་དོགས་ཀྱི་ཞེད་སྣང་མ་སླེབས་བར། བཀའ་ཤག་འཇམ་ཐིང་ངེར་བསྡད་སོང་བ། རྒྱ་གར་ཁྲིམས་ལ་ཡིད་ཆེས་གཙང་མ་ཡོད་ཅེས་པས། ཅི་ཞིག་བསྟན་འདུག ས་གནས་རྒྱ་གར་ཁྲིམས་ཁང་ག་འདྲ་ཡིན་ཚང་མས་ཧ་གོ་གོ་རེད། ས་གནས་འགོ་འཛིན་གྱིས། རྒྱ་གར་ཁྲིམས་ལྟར་ཡག་པོ་ཞིག་མ་ཡོང་བར་དུ་ང་ཚོས་བཞག་ཐབས་མེད་ཅེས་སེམས་ཚོར་ཆེན་པོས་ལབ་སོང་། དེ་ནི་འགན་འཁྲི་ཡོད་པའི་སྐད་ཆ་རེད། རྣམ་རྒྱུན་སྲིད་སྐྱོང་ལ་འདྲ་ཆགས་པོ་མང་བོ་ཞིག་བཤད་དུ་ཡོད་པ་རེད་དེ། ད་རེས་འདྲ་ཆགས་པོ་དེ་ཡང་མི་འདུག དེ་ནི་སེམས་ཚོར་མེད་པའི་རྟགས་རེད་འདོད།
བཀའ་ཤག་གི་གསལ་བསྒྲགས་དེ་སྤྱི་མཐུས་གྲོས་ཚོགས་ལ་བསྐུར་ན་ཏག་ཏག་རེད། མི་དམངས་འདས་པོའི་ཆེད་དུ་གདུངས་སེམས་མཉམ་བསྐྱེད་བྱེད་དུས། ཁོང་ཚོ་ཟ་ཁང་ནང་ཚིག་ཇ་བཏུང་ནས་སྤྲང་འཁྱམས་རྒྱབ་ནས་བསྡད་འདུག
གནམ ལེགས་ཀྱིས། “རྣམ་དབྱེ་བདུན་པ་ཡིན་དགོས།” ཞེས་འོག་ཏུ་འདྲ་བཤུས་བཀོད་པའི་ཁོ་བོའི་འདོད་པ་ཆེས་གསལ་བ་བཟོས་པར་བཀའ་དྲིན་ཆེ།
་
དང་པོ། ང་ཚོར་རྒྱ་གར་གྱི་ཁྲིམས་ལུགས་ལ་ཡིད་ཆེས་གཙང་མ་ཡོད། ང་ཚོར་ཞེས་པ་རྣམ་དབྱེ་བདུན་པ་སྟེ། ་རྒྱ་གར་གྱི་ཁྲིམས་ལུགས་ལ་ཡིད་ཆེས་གཙང་མ་ཡོད་པའི་གཞི་ཡིན་པའི་ཕྱིར།
་་་་་་་་་ #27 ལུང་རྟོགས། ་ལགས་ཀྱིས་སྤེལ་དོན།:
November 6th, 2015 at 6:22 am
ལྷག་པ་ཟེར་བའི་དྲ་འབུ་ཁྱོས་ཉོན། ང་བློ་སེང་གི་གསང་བའི་རྒྱུག་ཁྱི་ཡིན་པའི་དཔང་རྟགས་ཅི་ཡོད། ་་་་་་་་་
་་་་་ “ང་ཚོས་”རྒྱ་གར་གྱི་ཁྲིམས་ལུགས་ལ་ཡིད་ཆེས་གཙང་མ་”བྱས་”ཡོད། ་་་་་་
བཀའ་ཤག་ལ་གུས་བཀུར་མ་བྱས་པ་མིན། གསལ་བསྒྲགས་འདི་བརྗོད་བྱ་བརྗོད་བྱེད་གང་གི་ཐད་ནས་ཀྱང་བོད་གཞུང་གི་རེད་ཟེར་ན་ང་ཡིད་ཆེས་མ་སོང་། ཡང་མིན་ན་གྲོས་སྟོན་པ་ཟེར་བ་མང་པོ་ཞིག་ཡོད་པ་དེ་འདྲ་ཞིག་གིས་ཚོད་ཚོད་ལ་བྲིས་པ་མིན་འགྲོ།
ལུང་རྟོགས་ཟེར་བའི་མིང་ཅན། ངས་སྔོན་དུ་བཏབ་པའི་མཆན་ལས། ཁྱོད་རང་བློ་སེང་གི་གསང་བའི་རྒྱུགས་ཁྱི་ཞིག་ཡིན་པ་མཆན་སྔ་ཕྱི་དག་ལས་གསལ་བར་ར་འཕྲོད་ཡོད། ཅེས་པར་མིག་ཅེར་ཏེ་ལྟོས། རྒྱུ་མཚན་དེ་ཡིན། དེ་མིན་དཔང་རྟགས་སུ། ཁྱོད་བློ་སེང་གི་མདུན་དུ་ལྕེ་བསྣར་ཏེ་གུས་གུས་ཞུམ་ཞུམ་ངང་ལྐོག་རྔན་ལེན་པའི་དཔང་རྟགས་ཤིག་ངས་བསྟན་དགོས་སེམས་ཀྱང་། གནས་ཚུལ་དེ་ནི་ལྷ་འདྲེ་ལས་སུ་ཡིས་ཤེས། རྒྱུ་མཚན་ཤིན་ཏུ་གསང་བའི་ལས་དོན་ཡིན་པས་སོ།
ད་དུང་ཁྱོད་ཀྱི་མཆན་དེ་དག་རིམ་པ་སྒྲིག་སྟེ་བལྟས་ན། ང་ཚོད་ཚོད་ཀྱིས་མི་ལ་སྐྱོན་འཛུག་བྱེད་རྒྱུར་ངན་གོམས་སུ་ཤོར་བ་ཡིན་དང་། ཁྱོད་གང་འདྲ་ཞིག་ཡིན་ཁ་ཏ་དྲ་བ་འདིར་ལྟ་མཁན་ཚང་མའི་སེམས་དབུས་སུ་ཡོད།
ཁྱོད་ཀྱི་བོད་མིའི་སྒྲིགས་འཛུགས་དང་མི་མང་གི་དབུ་ཁྲིད་ཅེས་སྤྱི་སེམས་ཆེ་མདོག་ཡང་བསྐོར་བསྐྱར་བསྐོར་གྱིས་ག་ཚོད་བཤད་ཀྱང་། དོན་ངོ་མའི་འབབ་ས་དེ་བློ་སེང་རེད་འདུག གད་མོ་འཆོར་དགོས་པ་རང་རེད། ད་འོ་ན། བོད་མིའི་སྒྲིག་འཛུགས་བློ་སེང་ལ་རག་ལུས་པ་རེད་དམ། བློ་སེང་མེད་ན་བོད་པ་ཚང་མ་ཚར་བ་རེད་དམ། བསྟན་བཤིག་མ་སློངས། མི་མང་གི་དབུ་ཁྲིད་ཀྱང་བློ་སེང་གཅིག་པུ་རེད་དམ། བློ་སེང་། བློ་སེང་། ཞེས་དུས་རྟག་ཏུ་དེ་ལས་ཤོད་རྒྱུ་མེད་པ་ཁྱོད་ཀྱི་མ་ཎེ་བློ་སེང་རེད་དམ།
ངས་རང་གི་གཞུང་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། ཆབས་ཅིག་ཞན་ཆར་སྐྱོན་བརྗོད་བྱེད་དགོས་པ་གནད་དམ་པར་མཐོང་གི་ཡོད། རྒྱབ་སྐྱོར་ཡིན་ཁུལ་ངོ་བསྟོད་ཤ་སྟག་བྱེད་པ་ལས་ཞན་ཆའི་ཕྱོགས་ནས་མི་གླེང་བ་དེ་གནད་དོན་གཞན་ཞིག་ཡོད་པའི་རྟགས་རེད། དེ་དབང་སྒྱུར་གྲལ་རིམ་པ་ག་འདྲ་ཞིག་གི་སྐབས་སུ་ཡང་བཀོལ་སྤྱོད་བྱེད་བདེ་བའི་མི་མང་གི་གཉའ་གནོན་ཞེས་པ་དེ་རེད། འོ་དེར་བརྟེན་རྐུབ་གཡོག་རྒྱུག་མཁན་ཟེར་གྱི་ཡོད། དེ་མིན་ན། ཁྱོད་ཀྱི་ད་བར་བློ་སེང་གི་སྐྱོན་གྱི་སྐོར་ལ་བཏབ་པའི་མཆན་ག་ཚོད་ཡོད་སྟོན་ཤོག
ལྷག་པ་མིང་ཅན། ངས་སྲིད་སྐྱོ་བློ་སེང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེ་ནི་བློ་བཟང་སེང་གེ་གོང་ས་མཆོག་གིས་སྲིད་དབང་ཆ་ཚང་རྩིས་སྤྲོད་གནང་ས་དང་བོད་དམངས་གཙོའི་གཞུང་གི་སྲིད་ཀྱི་དབང་ཆ་ཆ་ཚང་ཡོད་པའི་སྲིད་སྐྱོང་ཐོག་མ་དེ་རེད་ལ། དེང་དུས་ཀྱི་ཤེས་ཡོན་རྩེར་སོན་དང་བོད་ཕྱི་ནང་གི་མི་མང་གིས་དགའ་མོས་ཆེ་ཤོས་ཞུ་ཡུལ་གྱི་དབུ་འཁྲིད་ཅིག་ཀྱང་ཡིན་པས། ང་རང་ཉིད་བོད་ཀྱི་འབང་མི་ཞིག་ཡིན་པའི་ཆ་ནས་སོ་སོའི་དབུ་ཁྲིད་བཟང་པོ་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་ང་རང་གི་འོས་འགན་ཡིན་པར་བསམ་གྱི་ཡོད་ལ། ཁོང་ནི་མི་རིགས་འདིའི་སྤོབས་པ་དང་གཟི་བརྗིད་ལ་རྩིས་ཀྱང་ཆོག་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། ཁྱོར་རང་དེ་ལ་མ་དགའ་ན་སྡུག་གྱོང་རེད་ཟེར་རྒྱུ་ལས་གཞན་ཅི་ཡང་ལྷག་མེད། བོད་མིའི་སྒྲིག་འཛུག་བློ་སེང་ལ་རག་ལས་པ་དང་བློ་སེང་མེད་ན་བོད་པ་ཚར་འགྲོ་བ་མིན་ཡང་། བོད་བཙན་པོའི་རྒྱལ་རྒྱུད་མཇུག་སྒྲིལ་བ་ནས་བཟུང་སྟེ་མི་སེར་དཀྱུས་མ་ཞིག་བོད་ཀྱི་སྲིད་དབང་ཡོངས་རྫོགས་ཡོད་པའི་སྲིད་འཛིན་ཐོག་མ་བློ་བཟང་སེང་གེ་རེད་ལ། བོད་གཞུང་དམངས་གཙོ་ཡང་དག་པའི་གཞུང་ཞིག་ལ་གྱུར་པའི་སྲིད་སྐྱོང་ཐོག་མ་ཡིན་དུ་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་ཡོད་པས། དངོས་གནས་བྱས་ན་བོད་མི་མང་གིས་ཁོང་འདྲ།ཞིག་སྲིད་སྐྱོང་ལ་སླེབས་པ་དེར་དགས་བསུ་དང་རྒྱབ་སྐྱོར་བྱེད་འོས་པ་ཞིག་ལས། མི་འཇོན་པོ་གཅིག་བྱིང་དུས་རྐང་པ་ནས་འཐེན་ཅི་ཐུབ་བྱེད་མི་འོས་པ་ཞིག་རེད། ཁྱོས་རང་གཞུང་དང་དབུ་ཁྲིད་ལ་རྒྱབ་སྐྱོར་བྱས་པའི་མཆན་གཅིག་ཀྱང་སྟན་རྒྱུ་ཨེ་ཡོད། ཁ་བརྡའི་ནང་གི་དྲ་འབུ་ཚོའི་སྐད་ཆ་ལ་ལྟས་ན་རྒྱབ་སྐྱོར་བྱེད་དགོས་པ་ཤེས་མཁན་ཞིག་རེ་ཟུང་ལས་མེད་པ་འདྲ་པོ་མི་འདུག་གམ། ངས་བློ་སེང་ལ་སྐྱོན་བརྗོད་བྱས་མེད་པ་བདེན་པ་རེད། དེ་ནི་ང་དང་ང་ལྟ་བུ་རེ་ཟུང་ལས་ཁ་བརྡའི་ནང་གི་མི་ཚང་མ་སྐྱོན་བརྗོད་བྱེད་མཁན་རྐྱང་ཡིན་དུས་ངས་བཟང་ཆ་ལས་སྐྱོན་ཆ་གླེང་དགོས་པའི་དགོས་པ་མ་མཐོང་བས་ཡིན།
རྡོ་སེང་གེ་ལགས་ཀྱིས་བྱ་ཚོགས་ལ་བཀའ་སློབ་གནང་དོན།བོད་ལ་རྒྱལ་ཁབ་ཟེར་བ་ཞིག་བྱུང་མྱོང་མེད་པས་བོད་ནང་གི་བོད་རིགས་ཚོ་ལ་དམངས་གཙོ་མི་དགོས་པར་དམར་ཤོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ཏུ་སྡོད་འདོད་ཡོད། དེར་བརྟེན།ངས་ནེའུ་ལོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱ་རིགས་འབྱོར་ལྡན་པ་ཝན་ལ་འབྲེལ་བ་བྱས་ཏེ་ང་རང་རྒྱ་ནག་གི་ཕྱི་སྡོད་མི་སེར་ཡིན་པའི་ཕྱི་སྐྱོད་ལག་འཁྱེར་(旅行证)ཐོག་ནས་པེ་ཅིན་དང་ཧྲང་ཧེ་རུ་ལྟ་སྐོར་ཕྱིན་པ་ཡིན། སྐབས་དེར་ངས་རྒྱ་ནག་གི་མཐོ་རིམ་མི་སྣ་ཟེར་ན་མི་ཤེས་ཀྱང་ངའི་འགྲོ་སོང་ཡོད་ཚད་རྒྱ་ནག་དབུས་གསང་བའི་ལས་ཁུངས་ཀྱིས་བཏང་བ་རེད། གང་ལྟར་བོད་དོན་སྐོར་ལ་བགྲོ་གླེང་ཡག་པོ་བྱུང་མེད་ཀྱང་ང་རངསྐྱིད་པོ་བྱུང་།།ཞེས་བརྗོད་འདུགྐ
ལུང་རྟོགས། ༸གོང་ས་མཆོག་གིས་སྲིད་དབང་ཆ་ཚང་རྩིས་སྤྲོད་གནང་ས་དང་བོད་དམངས་གཙོའི་གཞུང་གི་སྲིད་ཀྱི་དབང་ཆ་ཆ་ཚང་ཡོད་པའི་སྲིད་སྐྱོང་ཐོག་མ་ཡིན་པ་ཁྱོད་ཀྱིས་བཤད་མི་དགོས་པ་ངས་ཀྱང་ཤེས། རྒྱུ་མཚན་དེ་གཅིག་པུར་བརྟེན་ནས་སྡིག་པ་མིག་བཙུམ་གྱིས་བློ་སེང་གིས་བྱས་ཚད་ཐམས་ཅད་ལ་བསྟོད་རྐྱང་བྱེད་དགོས་པ་ཡ་རེ་མཚན། དེ་ཁྱོད་ཀྱིས་བཤད་པའི་བོད་དམངས་གཙོའི་གཞུང་ཟེར་བ་འདི་རེད་དམ། ཧ། ཧ། ཧ། རྫོབ་རྟགས་མ་སྟོན། ངས་མཆན་སྔོན་མར་བྲིས་མི་འདུག་གམ། གང་ལྟར་ཁྱོད་ཀྱིས་བོད་མིའི་སྒྲིག་འཛུགས་དང་། བོད་ཀྱི་དབུ་ཁྲིད་ཅེས་ཤ་ཚ་ཆེ་མདོག་གང་ཚོད་བཤད་ཀྱང་གཡས་བསྐོར་གཡོན་བསྐོར་གྱིས་འབབ་ས་བློ་སེང་གི་ཐོག་ཏུ་རེད་འདུག མཐོང་སྣང་དེ་ང་ཙམ་མ་ཡིན་པའི་དྲྭ་གྲོགས་ཚང་མར་བྱུང་ཡོད། བློ་སེང་དེང་དུས་ཀྱི་ཤེས་ཡོན་རྩེར་སོན་ཞེས་བརྗོད་འདུག་པ། ཡང་བསྐྱར་སྐྱག་པས་རྐུབ་བཀྱག་འདུག དེ་ཚད་གཞི་གང་འདྲ་ཞིག་ལ་བཟུང་བ་ཡིན་ནམ། བོད་དང་རྒྱལ་ཁབ་གཞན་དུ་ཡོད་པའི་རང་རིགས་ཤེས་ཡོན་ཅན་རྣམས་ལ་ཁྱོད་ཀྱིས་ཉམས་ཞིབ་བྱས་པ་ཡིན་ནམ།
ད་དུང་མི་སེར་དཀྱུས་མ་སྲིད་སྐྱོང་དུ་སླེབས་པ་དང་མི་ཁྱིམ་འབྲིང་དང་འབྱོར་ལྡན་གྱི་མི་བུ་སྲིད་སྐྱོང་དུ་སླེབས་པ་གཉིས་ལ་ཁྱད་པར་གང་ཡོད་དམ། མི་ཚང་མ་མང་གཙོའི་ལྟ་བ་དང་། དྲང་བདེན་གྱི་ལམ་དུ་བསྐྱོད་མཁན་ཡིན་པས་ཡིན་པར་ཡིན་དང་མ་ཡིན་པར་མ་ཡིན་ཟེར་གྱི་རེད། ཁྱོད་ལྟ་བུའི་རྒྱུད་གཞན་གྱིས་བཟུང་བས་མིན་པར་ཡང་ཡིན་ཞེས་བརྗོད་རྐྱང་བྱེད་པ་གཤིས་ཀ་རེད། ངས་ཁྱོད་ལྟ་བུའི་སྤྱི་ཚོགས་རུལ་དུ་འཇུག་མཁན་གྱི་མདུན་དུ་ཐོན་པ་ལས་ཁྱོད་ལྟ་བུ་ཉིན་མཚན་དྲྭ་ཚིགས་སྲུང་སྟེ་སྡོད་པའི་དུས་ཚོད་དང་གོ་སྐབས་ང་ལ་མེད་པས་རང་གཞུང་དང་དབུ་ཁྲིད་ལ་རྒྱབ་སྐྱོར་བྱས་པའི་མཆན་བསྟན་རྒྱུ་མེད། དེ་ལས་ཁྱོད་རང་ཉིན་མཚན་ཁ་ཏ་དྲྭ་ཚིགས་སྲུང་ནས་སྡོད་པར་དབུ་ཁྲིད་ཀྱིས་ནོར་འཁྲུལ་ཤོར་བའི་སྐབས་སྐྱོན་བརྗོད་ཀྱི་མཆན་གཅིག་སྟོན་རྒྱུ་མེད་པ་དེ་ཁྱོད་རང་ངས་སྔོན་བཤད་ལྟར་བློ་སེང་གི་གསང་བའི་རྒྱུགས་ཁྱི་ཞིག་ཡིན་པ་གསལ་བར་ར་འཕྲོད་སོང་།
ལྷག་པ་ལགས། ཁྱེད་ཀྱི་མཆན་ལ་རྒྱབ་སྐྱོར་བརྒྱ་ ༡༠༠ ཡོད།
ལུང་རྟོགས་ལགས། སྲིད་སྐྱོང་བློ་སེང་ལགས་ལས་ཁུངས་གྲོལ་རྗེས་གང་དུ་ཕེབས་ཀྱི་ཡོད་པ་ཁྱེད་ནས་ཤེས་ཀྱི་ཡོད་ངེས། གལ་ཏེ་ཤེས་ཀྱི་མེད་ན་ཁོང་གི་ཁ་ལོ་བར་སྐད་ཆ་འདྲི་དང་ཞིབ་ཕྲ་བཤད་ཀྱི་རེད། ཅི་སྟེ་ཁྱེད་ལ་གནས་ཚུལ་མ་ཐོབ་ན་ངས་རིམ་པས་འདིར་འགོད་ཆོག བལྲིས་བདེ་ལེགས།
ལྷག་པ། ངས་བློ་སེང་གིས་བྱས་ཚད་ཐམས་ཅད་བསྟོད་པ་འཐེན་བཞག་པ་མེད། འོན་ཀྱང་ཁོང་ནི་བསྟོད་ན་བསྟོད་རིན་ཆོག་པ་ཞིག་ལ་མཐོང་གི་ཡོད། སྤྱིར་སྐྱོན་གཏན་ནས་མེད་པའི་མི་ཞིག་འཇིག་རྟེན་ཁམས་ལ་མེད་པས་བློ་སེང་ལ་ཡང་སྐྱོན་ལོས་ཡོད། ཡིན་ན་ཡང་སྐྱོན་ཡོན་གཉིས་ནས་གང་ཆེ་ལྟ་དགོས་པ་ལས་ཁྱོད་ཚོ་བཞིན་དུ་སྐྱོན་ཁོ་ན་བཙལ་སྡད་ན་དེ་ནི་དྲང་བདེན་ཀྱི་བྱེད་སྟངས་ཅང་མ་རེད། ངས་སྲིད་སྐྱོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་མཐོང་སྣང་ཡོད་ན་ངས་སོ་སོའི་དབུ་ཁྲིད་ལ་གུས་བཀུར་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ལས་དགྲ་བོའི་འགོ་ཁྲིད་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པས། དེ་ནི་རང་ཉིད་ཀྱི་སྤོབས་པ་ལ་རྩི་ཡི་ཡོད་པ་ལས་ངོ་ཚ་དགོས་དོན་དང་དཔའ་ཞུམ་དགོས་དོན་ཅི་ཡང་མེད། དེ་ལས་སོ་སོའི་དབུ་ཁྲིད་ལ་སྐྱོན་བརྗོད་ཅུང་ཟད་ཅིག་ཡིན་ཡང་བྱེད་རྒྱུ་ཅི་སྙེད་བྱེད་ཅིང་དགྲ་བོའི་འགོ་ཁྲིད་ལ་ཚིག་གཅིག་བཤད་མི་ནུས་མཁན་ཁྱོད་ཚོ་ངོ་ཚ་དགོས་པ་ཞིག་ལ་མཐོང་གི་ཡོད། བློ་སེང་དེང་དུས་ཀྱི་ཤེས་ཡོན་རྩེར་སོན་ཡིན་པ་འཛམ་གླིང་ནང་སྐད་གྲགས་ཡོད་པའི་ཨ་རིའི་ཧ་ཝ་ཌི་གཙུག་ལག་སློབ་གྲྭའི་འབུམ་རམ་པའི་ཕྱག་ཁྱེར་གྱིས་དཔང་པོ་བྱེད་ཀྱི་ཡོད་པ་རེད་ལ། གོང་ས་མཆོག་གིས་ཀྱང་དེང་དུས་ཀྱི་ཤེས་ཡོན་རྩེར་སོན་ཡོད་ཅེས་སྔགས་བརྗོད་གནང་འདུག དེས་ན་ཁྱོད་དང་ཁྱོད་ལྟ་བུའི་དྲ་འབུ་རེ་ཟུང་གིས་ངོས་ལེན་མ་བྱས་ཀྱང་ཕན་གནོད་ཅི་ཡང་མེད་པ་རེད། མི་སེར་དཀྱུས་མ་སྲིད་སྐྱོང་ལ་སླེབས་པ་དེ་ནི་མི་དེ་ལ་དོན་སྙིང་ཡོད་པའི་རྟགས་རེད། འབྱོར་ལྡན་དང་མི་གྲགས་རིགས་ནི་མི་ཁོ་རང་གི་ཤེས་འཇོན་ལ་མ་རྟེན་པར་རྒྱུ་དང་དབང་ཤུགས་ཀྱིས་ཡར་སླེབས་པ་མང་པོ་རེད། དཔེར་ན་སྤྲུལ་སྐུའི་ཡང་སྲིད་དང་སྔོན་མའི་སྐུ་དྲག་ཚོ་ལྟ་བུ་རེད། ཁྱོད་ལ་ལས་ཀ་ཆེན་པོ་ཞིག་ཡོད་མདོག་སྟན་གྱི་འདུག་ཀྱང་དོན་ངོ་མ་མགོ་སེར་ཚོའི་གསང་སྤྱོད་དང་སྡེར་མ་སྐྲུ་མཁན་ཞིག་ཡིན་པ་འདྲ། ཁྱོད་ལ་རྒྱབ་སྐྱོར་བྱས་པའི་མཆན་སྟོན་རྒྱུ་མེད་ན་ཁྱོད་ཀྱང་ཕྱོགས་གཅིག་ལ་ལྷུང་མཁན་ཞིག་ཡིན་པ་གྲུབ་ཡོད་པས་ང་ལ་སྐྱོན་བརྗོད་བྱས་པའི་མཆན་སྟོན་ཤོགས་ཟེར་བའི་དབང་ཆ་ཅང་ཡོད་མ་རེད། ང་བློ་སེང་གི་གསང་བའི་རྒྱུག་ཁྱི་ཡིན་ན་སྐྱོན་ཆེར་མེད་ཀྱང་ཁྱོད་ཞི་ཅིན་ཕིན་གྱི་གསང་བའི་རྒྱུག་ཁྱི་ཞིག་མིན་པའི་ངེས་པ་མི་འདུག
ནད་མེད་ཚེ་རིང་ཟེར་བ་འདིས་ཡང་རྫུན་གཏམ་ཞིག་སྤེལ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་འདྲ། འོན་ཀྱང་དེང་སང་གི་མི་དེ་ཚོ་མགོ་སྐོར་གཏོང་རྒྱུ་ལས་སླ་པོ་དེ་འདྲ་ཡོད་མ་རེད།
ལུང་རྟོགས། 1. ཁྱོད་ཀྱིས་བློ་སེང་གིས་བྱས་ཚད་ཐམས་ཅད་བསྟོད་པ་འཐེན་བཞག་པ་མེད་ན། བློ་སེང་གིས་བྱས་ཉེས་བསགས་དུས་ཁྱོད་ཁ་བཙུམ་ནས་བསྡད། བློ་སེང་གིས་བྱས་རབས་བཤད་དུས་ཁྱོད་ཀྱིས་ཀྱང་ས་བསྒྲགས་གནམ་བསྒྲགས་བྱེད་ཀྱི་འདུག དེ་ལྟར་ཡིན་པ་བློ་སེང་གིས་བྱས་ཉེས་ལ་སྐྱོན་བརྗོད་བྱས་པའི་མཆན་བསྟན་རྒྱུ་མེད་པ་དེ་ནས་ར་འཕྲོད། ཁྱོད་ཀྱི་དྲང་བདེན་ཟེར་བ་དེ་ལྟ་བུ་ཡིན་ནམ།
2. ཁྱོད་ཀྱི་ཤོད་ཕྱོགས་གཅིག་བསྒྱུར་ན། འདི་ལྟར། ངས་སྲིད་སྐྱོང་གིས་སྐྱོན་རྣམས་གསལ་བར་མཐོང་བཞིན་ད་དུང་དྲྭ་རྒྱར་རྟག་ཏུ། གོང་ས་མཆོག་གིས་སྲིད་དབང་ཆ་ཚང་རྩིས་སྤྲོད་གནང་ས། བོད་དམངས་གཙོའི་གཞུང་གི་སྲིད་ཀྱི་དབང་ཆ་ཆ་ཚང་ཡོད་པའི་སྲིད་སྐྱོང་ཐོག་མ། དེང་དུས་ཀྱི་ཤེས་ཡོན་རྩེར་སོན། བོད་ཕྱི་ནང་གི་མི་མང་གིས་དགའ་མོས་ཆེ་ཤོས་ཞུ་ཡུལ། མི་སེར་དཀྱུས་མ་ཞིག་བོད་ཀྱི་སྲིད་དབང་ཡོངས་རྫོགས་ཡོད་པའི་སྲིད་འཛིན་ཐོག་མ། ཞེས་སྡིག་པ་མིག་བཙུམ་གྱིས་མི་སེར་དཀྱུས་མ་མགོ་བོ་རྨོངས་བྱེད་འབིར་སྨན་སྤྲོད་ཐབས་བྱེད་པའི་མཐོང་སྣང་ཡོད་ནའང་ང་ལ་ལྐོག་རྔན་འཕོན་ཆེ་ཐོབ་ཀྱི་ཡོད། དེ་ནི་དོན་ངོ་མ་དགྲ་བོའི་འགོ་ཁྲིད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་གཅིག་མཚུངས་ཡིན། མ་ཟད། རང་ཉིད་ལྟ་བུ་ཐ་ཤལ་བ་རྣམས་ཀྱི་བྱ་སྤྱོད་ཡིན་པས་ང་ལ་ངོ་ཚ་ཟེར་བ་མེད་ལ། ཕྱི་རུ་དཔའ་ཆེ་མདོག་བྱེད་ཀྱི་ཡོད་ཅེས་བརྗོད་ན་ག་འདྲ་འདུག
3. ངས་རང་གི་དགྲ་ལ་བཤད་མི་ནུས་པ་ཁྱོད་ཀྱིས་ཇི་ལྟར་ཤེས།
4. བློ་སེང་ལ་དེང་དུས་ཀྱི་ཤེས་ཡོན་རྩེར་སོན་ཞེས་བརྗོད་ན། བོད་པའི་ཤེས་ཡོན་ཅན་མཇུག་རྫོགས་པ་ལྟ་བུ་མ་ཤོད། ཚད་ལྡན་གྱི་རྩོམ་ཡིག་རྐང་གཅིག་བསྟན་རྒྱུ་མེད་པ་མ་ཟད། བློ་སེང་གིས་སྐད་ཆ་ཉོན་དང་། སློབ་ཕྲུག་ཆུང་ངུ་རྣམས་ལ་མགོ་བསྐོར་གཏོང་བའི་ནང་དོན་དང་ཚིག་གང་ཅི་ནས་ལྗིད་ཚད་ཏིལ་འབྲུ་ཙམ་ལས་མི་འདུག མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ནས་བློ་སེང་ལ་ཁྱད་ཆོས་གཅིག་ཀྱང་ཚང་མི་འདུག ༸གོང་ས་མཆོག་གིས་ཐུགས་རྒྱ་ཆེན་པོས་བསྟོད་བསྔགས་གནང་བ་བློ་སེང་སྒེར་ལ་མ་ཡིན་པར་སྲིད་སྐྱོང་གི་ཁྲི་དེར་ཡིན་པ་ཤེས་པར་གྱིས། སླད་ཕྱིན་ཀྱང་སྲིད་སྐྱོང་སུ་སླེབས་ཀྱང་༸གོང་ས་མཆོག་གིས་བསྟོད་བསྔགས་གནང་རྒྱུར་ཐེ་ཚོམ་མེད། ཁྱོད་ཚོས་གོང་ས་མཆོག་གིས་བསྟོད་བསྔགས་གནང་སོང་ཞེས་བློ་སེང་མི་ཁྱད་དུ་འཕགས་པར་བསྒྲུབས་ཀྱི་འདུག གོ་བ་ལོག་སྒྲུབ་མ་བྱེད། ཡིད་ཕམ་པ་ཞིག་ལ་༸གོང་ས་མཆོག་གིས་བསྟོད་བསྔགས་གནང་བའི་བཀའ་དྲིན་གྱི་ཚབ་ཏུ་བློ་སེང་གིས་དྲིན་ལན་ལོག་འཇལ་གྱིས་ཨ་རིའི་དོན་གཅོད་དུ་༸གོང་ས་མཆོག་གི་སྐུ་པར་གྱི་ཚབ་ཁོ་པའི་འདྲ་པར་བཀལ་བ་དང་། བོད་མི་མང་གྲོས་ཚོགས་ཀྱི་དྲི་རྩད་བྱས་པ་མ་གཏོགས་དོན་གཅོད་གཞན་ལ་ཡང་བཀའ་དེ་ལྟ་བུ་བཏང་ཡོད་པ་གསལ་པོ་ཆགས་སོང་བ་དེ་དུས་ཁྱོད་ཀྱི་རྣ་བས་སྤར་བས་བཀབ། མིག་ཐལ་བས་བསྒྲིབས་སོང་ངམ།
5. བློ་སེང་སྲིད་སྐྱོང་དུ་མ་སླེབས་གོང་ཁྱོད་ཀྱིས་ང་ཚོའི་མང་གཙོའི་གཞུང་ཚད་ལྡན་མ་ཡིན་ཟེར་གྱི་ཡོད་དམ། ཁྱོད་ཀྱིས་མ་ཎེ་བཞིན་ཤོད་པའི་བོད་དམངས་གཙོའི་གཞུང་གི་སྲིད་ཀྱི་དབང་ཆ་ཆ་ཚང་ཡོད་པའི་སྲིད་སྐྱོང་ཐོག་མ། ཞེས་པའི་མང་གཙོའི་གཞུང་ཞེས་པ་བློ་སེང་སྲིད་སྐྱོང་སླེབས་པ་ནས་ཟེར་རམ། དོན་དངོས་དམངས་གཙོའི་གཞུང་ཚད་ལྡན་ཡིན་ཕྱིན་གང་ཟག་འབྱོར་ཕྱུག་ཁྱད་མེད་སྲིད་སྐྱོང་སླེབས་ཀྱང་དོན་སྙིང་གཅིག་ཡིན་པས། མི་སེར་དཀྱུས་མ་སྲིད་སྐྱོང་ལ་སླེབས་པ་དེ་ནི་མི་དེ་ལ་དོན་སྙིང་དམིགས་བསལ་གང་ཡང་མེད། ད་ལྟའི་ཁྱོད་ཚོའི་བཤད་སྟངས་འདི་ལམ་དུ་བཏང་ཚེ། མ་འོངས་བོད་ཀྱི་མང་གཙོའི་སྲོལ་གཏོད་བློ་སེང་ཡིན་ཞེས་བརྗོད་པར་ཐེ་ཚོམ་མི་འདུག དཔེར་ན། ཉེ་འཆར་བློ་སེང་གིས་ངས་ཐོག་ས་དང་པོ་བརྩེགས་ཟིན། རྨང་གཞི་འདིའི་ཐོག་ལ་གཉིས་པ་དང་གསུམ་པ་བརྩེགས་བདེ་པོ་ཡོད་ཅེས་༸གོང་ས་མཆོག་དབུས་གོང་མ་བཀའ་དྲིན་ཅན་རྣམས་ཀྱི་གྲུབ་འབྲས་སྐད་ཅིག་གིས་ཁྱུར་མིད་གཏོང་རྩིས་བྱས་སོང་བ་དེ་དང་ཞེ་ཕུགས་གཅིག་མཚུངས་རེད་འདུག
6. ང་ལ་ལས་ཀ་ཆེན་པོ་ཞིག་ཡོད་མདོག་བསྟན་གྱི་མེད། ངས་དྲང་བདེན་གྱི་གོས་གྱོན། དྲང་བདེན་གྱི་ཟས་བཟོས། གནད་དོན་གང་ཅིར་རང་ཉིད་ཀྱིས་བསམས་གཞིགས་བགྱིས། རང་ལ་ཡོད་པའི་སྨྲ་སྒོ་དང་སྨྱུ་ཁ་བེད་སྤྱོད་ཅུང་ཡོད་པ་གཞན་གྱི་བཀོལ་སྤྱོད་དུ་མ་སོང་བར། རང་ཉིད་ཀྱི་ལྟ་བ་དང་ལངས་ཕྱོགས་གསལ་སྟོན་དང་། ལྷག་པར་བོད་མི་མང་གིས་འཁུར་དུ་མ་སོང་བ་ཞིག་བྱ་སྙམ་པའི་ཀུན་སློང་མཁྲེག་པོ་འདིས་ཁྱོད་ལ་ཉིན་མཚན་དྲྭ་རྒྱ་སྲུང་ནས་སྡོད་རྒྱུའི་དུས་ཚོད་དང་ཆ་རྐྱེན་བློ་སེང་གིས་སྦྱར་བ་བཞིན་ང་ལ་དེ་ལྟ་མེད་ཅེས་ཟེར་བ་ཡིན།
7. ཁྱོད་བློ་སེང་གི་གསང་བའི་ལས་དོན་སྒྲུབ་མཁན་ཡིན་པར་སྐྱོན་རྩ་བ་ནས་མེད། སྲིད་སྐྱོང་ཞིག་ལ་དགོས་ངེས་རེད། འོན་ཀྱང་གསང་བའི་རྒྱུག་ཁྱི་ཡིན་པར་སྐྱོན་ཆེན་པོ་ཡོད་རེད། ཁྱོད་ཀྱིས་བཤད་པ་དང་། བྱས་པ། བྲིས་པ་ཚང་མར་མིས་ཡིད་ཆེས་བྱེད་ཀྱི་མ་རེད། མི་གྲལ་ནས་བུད་འགྲོ་གི་རེད། རྒྱུགས་ཁྱི། རྒྱུགས་ཁྱི། རྒྱུགས་ཁྱི། མི་ཟེར་བ་འདི་ཟས་གོས་འབྱོར་ཕྱུག་ལེགས་པོ་ཡོད་ཀྱང་མི་གྲལ་ནས་བུད་ན་སེམས་ཁམས་ལ་དཀའ་ངལ་འཕྲད་ཀྱི་རེད། དཔེར་ན། འདས་པའི་ལོ་རྒྱུས་སུ་ཐེ་ཝན་གོ་མིན་ཏང་གི་རྒྱུགས་ཁྱི་ལི་ཐང་ཨ་ཐར་ནོར་བུ་བཞིན་ནོ།
8. ཧ། ཧ། ཧ། ད་ལུང་རྟོགས་ལགས་སྐུ་ལས་ཁག་པོ་བྱུང་འདུག ང་ལ་ཞི་ཅིན་ཕིན་གྱི་གསང་བའི་རྒྱུག་ཁྱི་ཞེས་བཤད་འདུག ཤོད་སྟངས་འདི་ཁྱོད་རང་འུ་ཐུག་པའི་རྟགས་ཡིན་པ་ཤེས་ཀྱི་ཡོད། ད་དུང་དོལ་རྒྱལ་ཚོགས་པའི་མི་ཞེས་ཤོད་ཤོག སྔོན་ཆད་ཁྱོད་ཀྱིས་བློ་སེང་འུད་སྒྲོག་བྱེད་སྐབས་གཟུར་གནས་མང་པོས་ཁྱོད་ལ་མཛུབ་མོ་རི་སྟོན་གྱིས་ར་སྤྲོད་རེ་རེ་བཞིན་བགྱིས་ཏེ། མཐར་བཀག་གིས་ཁྱོད་མཛུབ་མོ་ཁ་རུ་བཅུག་ནས་སྡོད་དགོས་པ་བཟོ་སྐབས་ཁྱོད་ཀྱིས་མཐའ་མར་དྲྭ་གྲོགས་དེ་རིགས་ལ་རྒྱ་མིའི་རྒྱུགས་ཁྱི་དང་། དོལ་ཚོགས་ཀྱི་མི་ཞེས་ལན་མང་བྲིས་པ་དྲྭ་གྲོགས་ཚང་མས་མཐོང་ཡོད།