རྒྱ་ནག་གི་ཚང་འཛོམས་གྲོས་ཚོགས་དང་འཆར་ལྡན་བུ་སྐྱེས་སྲིད་ཇུས། Posted on 2015-11-092015-11-09 By ཁ་བརྡ 4 Comments on རྒྱ་ནག་གི་ཚང་འཛོམས་གྲོས་ཚོགས་དང་འཆར་ལྡན་བུ་སྐྱེས་སྲིད་ཇུས། བགྲོ་གླེང་།
ཚེ་རིང་མཚོ་མོ་ཡིས་ཡག་པོ་བཤད་སོང་། བོད་སྐད་ཀྱང་གཙང་མ་བཤད་ཀྱི་འདུག་ལ། བོད་ཚིག་གི་ཐ་སྙད་སྤྱོད་སྟངས་ཀྱང་ཡག་པོ་རེད། བུད་མེད་ངར་མ་འདི་འདྲ་ལ་ངོ་སོ་བསྟོད། ཀུན་དགའ་བཀྲ་ཤིས་ཀྱིས་ཡུ་གུར་ལ་ཤིན་ཙང་ཞེས་སྤྱོད་ཀྱིན་པ་ཡག་པོ་མ་རེད་ལ། རྒྱ་ནག་གི་ཚང་འཛོམས་གྲོས་འཚོགས་ཀྱིས་བོད་ལ་གང་ཡང་མི་ཕན་པ་ཕྱི་གསལ་ནང་གསལ་ཡིན། བོད་ཀྱི་ཁོར་ཡུག་གཏོར་བརླག་གཏོང་མཁན་གཙོ་བོ་ནི་རྒྱ་གཞུང་ཡིན་བཞིན་དུ། རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་ལ་དོན་ཕན་ལྡན་པ་ཞིག་མི་བྱེད་པ་ཡང་གསལ་བོ་ཡིན།
ཏྰ་ལའི་བླ་མའམ། ཁོང་གི་༸སྐུ་ཚབ་མེད་པར། རྒྱ་ནག་གི་ཚང་འཇོམས་གྲོས་ཚོགས་དེ། ནམ་ཚང་འཛོམས་ཆགས་ཐུབ་བགྱིད་མ་རེད་དོ།།
ཚེ་རིང་མཚོ་མོས་དྲིས་བ་ལ་ལན་མ་བརྒྱབས་པར། ར་མ་ལུག་འདྲ་བའི་ཐ་ལ་ཐོ་ལུང་འདྲ་ཞིག་བཤད་ནས་དུས་ཚོད་ཟོས་སོང་། དྲི་བ་ལ་ལན་དགོས་བ་རེད། སྒྲུང་དགོས་བ་མ་རེད། འདི་བྱས་ནས་བལྟས་ན། བོད་པའི་གསར་འགོད་པ་ཚོར་དྲིས་བ་ལན་མ་རོགས་པའི་དཀའ་ངལ་ཞེ་པོ་ཞིག་ཡོད་པའི་སྣང་སྤྲད་ཀི། སྔོན་མ་ཡིན་ན། གསར་འགོད་པ་དེ་ཚོས་སྒྲུང་འདྲ་པོ་དང་པོ་བཤད་ནས་མཐའ་མར་དྲི་བ་འདྲི་བ་རེད། ད་དེའི་སྐོར་ནས་ད་ལྟ་དེ་འདྲ་མེད་པར་ཡག་རུ་འགྲོ་ཡོད་པའི་སྣང་བ་ཤར་གི།
རྒྱ་ནག་གི་འཆར་ལྡན་བུ་སྐྱེ་མཇུག་སྒྲིལ་འདུག བོད་ཀྱི་ཕོ་གསར་མོ་གསར་ཚོ་གོ་སྐབས་དམ་འཛིན་བྱས་ནས་མི་རིགས་དར་རྒྱས་གཏོང་རྒྱུར་མ་འཆུག སྐད་འབོད་བྱས་ནས་ལོ་དགུར་བཙོན་དུ་སྡོད་པ་ལས་། བུ་འམ་བུ་མོ་དགུ་བཟོ་ཐུབ། དེ་དག་ལ་བསམ་བློའི་སློབ་གསོ་ཡང་དག་པ་གཏོང་ཐུབ་ན་ནུས་པ་ཆེ་ངེས་རེད། ཕོ་རྒོད་ཚོ། མོ་རྒོད་ཚོ། ཁྱོད་ཚོ་ལ་ལྷག་བསམ་ཡོད་མེད་ལྟ་ཆོག །ལ་རྒྱ་ཡོད་མེད་སྒུག་ཆོག སྙིང་སྟོབས་ཆེ་ཆུང་གཞལ་ཆོག །ཆོས་དང་རིག་གཞུང་ཆེད་བློས་གཏོང་ཞིག་ཐུབ་ན་མ་འཆུག་གོ། ཁྲིམས་མཐུན་གྱིས་བུ་རྒྱུད་སྤེལ་བར་འབད་པ་བྱོས་ཤིག །སློབ་གསོ་ལ་ནན་ཏན་མཛོད། ཨ་ཁོ་རེ། ཕོ་རྒོད་མོ་རྒོད་ཚོ། མ་ནོར། མ་ཤོར། ད་ལྟ་ཉིད་དུ། མྱུར་བ་ཉིད་དུ། དོ་ནུབ་འདི་ལ་དོན་ཆེན་ཞིག་སྒྲུབ་རོགས།
ཚེ་རིང་མཚོ་མོ་ཡིས་ཡག་པོ་བཤད་སོང་། བོད་སྐད་ཀྱང་གཙང་མ་བཤད་ཀྱི་འདུག་ལ། བོད་ཚིག་གི་ཐ་སྙད་སྤྱོད་སྟངས་ཀྱང་ཡག་པོ་རེད། བུད་མེད་ངར་མ་འདི་འདྲ་ལ་ངོ་སོ་བསྟོད།
ཀུན་དགའ་བཀྲ་ཤིས་ཀྱིས་ཡུ་གུར་ལ་ཤིན་ཙང་ཞེས་སྤྱོད་ཀྱིན་པ་ཡག་པོ་མ་རེད་ལ། རྒྱ་ནག་གི་ཚང་འཛོམས་གྲོས་འཚོགས་ཀྱིས་བོད་ལ་གང་ཡང་མི་ཕན་པ་ཕྱི་གསལ་ནང་གསལ་ཡིན། བོད་ཀྱི་ཁོར་ཡུག་གཏོར་བརླག་གཏོང་མཁན་གཙོ་བོ་ནི་རྒྱ་གཞུང་ཡིན་བཞིན་དུ། རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་ལ་དོན་ཕན་ལྡན་པ་ཞིག་མི་བྱེད་པ་ཡང་གསལ་བོ་ཡིན།
ཏྰ་ལའི་བླ་མའམ། ཁོང་གི་༸སྐུ་ཚབ་མེད་པར། རྒྱ་ནག་གི་ཚང་འཇོམས་གྲོས་ཚོགས་དེ། ནམ་ཚང་འཛོམས་ཆགས་ཐུབ་བགྱིད་མ་རེད་དོ།།
ཚེ་རིང་མཚོ་མོས་དྲིས་བ་ལ་ལན་མ་བརྒྱབས་པར། ར་མ་ལུག་འདྲ་བའི་ཐ་ལ་ཐོ་ལུང་འདྲ་ཞིག་བཤད་ནས་དུས་ཚོད་ཟོས་སོང་།
དྲི་བ་ལ་ལན་དགོས་བ་རེད། སྒྲུང་དགོས་བ་མ་རེད།
འདི་བྱས་ནས་བལྟས་ན། བོད་པའི་གསར་འགོད་པ་ཚོར་དྲིས་བ་ལན་མ་རོགས་པའི་དཀའ་ངལ་ཞེ་པོ་ཞིག་ཡོད་པའི་སྣང་སྤྲད་ཀི།
སྔོན་མ་ཡིན་ན། གསར་འགོད་པ་དེ་ཚོས་སྒྲུང་འདྲ་པོ་དང་པོ་བཤད་ནས་མཐའ་མར་དྲི་བ་འདྲི་བ་རེད། ད་དེའི་སྐོར་ནས་ད་ལྟ་དེ་འདྲ་མེད་པར་ཡག་རུ་འགྲོ་ཡོད་པའི་སྣང་བ་ཤར་གི།