དུག་ཚེར་མ།
སྤྱིར་བཏང་ནས་མི་རིགས་ལ་ལུགས་སྲོལ་སྣ་ཚོགས་དང་། བསམ་བློ་སྣ་ཚོགས་ཡོད་པ་གལ་ཆེན་པོ་མཐོང་གི་ཡོད་པ་མང་པོ་ཡིན། ངས་བསམ་ན་དེ་དག་ནོར་བ་རེད་དྲན་གྱི་ཡོད། ད་དུང་ཡང་མི་ཕལ་ཆེ་བས་ལུགས་སྲོལ་གྱི་སྐོར་ལ་ཞེ་དྲག་རྒྱུས་མེད་པ་དང་། གློ་བུར་དུ་དྲྭ་རྒྱ་སོགས་ནས་གནས་ཚུལ་མང་པོ་ཞིག་ཁྱབ་སྤེལ་བྱས་པ་དེ་ཡིན།
དཔེ་མཚོན་ཞིག་ཞུ་ན། བོད་ཚེས་30 ཉིན་རྒྱ་གར་དུ་གྲགས་ཆེ་བའི་happy Diwali ཞེས་པའི་ལུགས་སྲོལ་བརྩི་བཞིན་པ་དང་། དྲྭའབུ་ཕལ་ཆེ་བས་གནས་ཚུལ་འབྱུང་ཁུངས་ལ་མ་དཔྱད་པར་དེ་ཡི་སྐོར་ལ་བྲིས་ནས་གཉེན་ཉེ་དང་གྲོགས་པོ་རྣམས་ལ་དགའ་བའི་རྣམ་གྱུར་བསྟན་པ་དང་། ཕྱོགས་གཅིག་ནས་དུས་ཚོད་གསེར་ལས་ལྷག་པ་འཕྲོ་བརླག་དང་། མི་གཞན་ལ་ཤན་ངན་པ་དང་ཡང་ན་ཤུགས་རྐྱེན་ཞིག་ངེས་པར་སྤྲོད་ཀྱི་ཡོད།
གཞན་ཡང་བལ་ཡུལ་དུ་བརྩི་སྲོལ་བྱུང་བའི་དུས་ཆེན་Tihar སྐོར་ལ་གང་ཡང་ཤེས་ཀྱི་མེད་པའི་མི་ཕལ་ཆེ་བས་དེ་ཡང་རྩེད་མོ་འམ་ཡང་ན་དགའ་སྐྱིད་ཀྱི་ཉིན་མོར་བསམ་གྱི་འདུག དེ་དག་གི་ཀུན་སློང་ཡང་ཕྱིན་ཅི་ལོག་པ་མ་ཟད་རང་གཞན་གཉིས་ཀ་ལ་ཕན་ཐོགས་མེད་པ་རེད། ཡིན་ན་ཡང་འཕྲལ་ཕུགས་ལ་མ་བསམ་པར་གཞན་གྱི་ལུགས་སྲོལ་རྩིས་པའི་ཚུལ་ཞིག་བསྟན་ནས་དྲ་འབུ་རྣམས་ཀྱིས་ཁྱབ་སྤེལ་བྱས་པ་མཐོང་གི་འདུག
ངེད་ཀྱིས་ནན་གྱིས་བསམ་ན་ལོ་ངོ་མང་པོ་ཞིག་ལ་སྤྱི་ཚོགས་དང་། ཚན་རིག་ལ་སོགས་པའི་སློབ་སྦྱོང་མང་པོ་ལ་འབད། ངོ་མ་བེད་སྤྱོད་བྱེད་དགོས་པའི་དུས་ལ་སླེབས་པ་མ་ཤེས་པ་གསལ་པོ་རེད། དེས་ན་འཇིག་རྟེན་ཁ་དཔེ་རུ། དགོས་སར་ཆད། མི་དགོས་ས་རུ་ལྷག་ཞེས་པ་དེ་ཚོ་ཡིན། དེས་ན་དང་པོ་ལས་ཀ་བྱེད་པ་ལ་རྒྱབ་ལྗོངས་ལ་བསམ་བློ་འཁོར་དགོས་པ་དང་། ཡག་པོ་ཡིན་མིན་གཞན་ལ་ངོ་སྤྲོད་དང་། རང་ཉིད་ཀྱིས་ཤེས་ནས་བླང་དོར་བྱེད་དགོས་པ་གལ་ཆེན་པོ་རེད།
སྔོན་དང་མི་འདྲ་བར་དེང་སང་ཤུགས་རྐྱེན་འབྱུང་སླ་བ་དང་། ཡག་སྡུག་གི་གནས་ཚུལ་ག་རེ་ཡིན་ན་ཡང་མངོན་གྱུར་དུ་མཐོང་སླ་བ་ཡོད་ཙང་གཟབ་གཟབ་བྱེད་དགོས། ངེད་ཚོས་ཉིན་རེར་སློབ་སྦྱོང་ལ་འབད་པ་ནི་རྨོངས་པ་བསལ་ཕྱིར་ཡིན་པ་ལས་གཞན་མ་རེད། དེས་ན་རྨོངས་པ་བསལ་ནས་ལག་ལེན་བྱེད་དུས་ཕྱིན་ཅི་མ་ལོག་པ་བྱེད་དགོས་པ་གནད་དོན་ཡིན། སློབ་སྦྱོང་ལ་འབད་པ་ཡང་གོ་ཆོད་པ་རེད།
ཨ་ཡ། འདི་ཅི་ཡིན། གོ་རྒྱུ་ཅང་མེད་ནོ། བདག་གིས་རྒྱ་གར་ཧིན་རྡུ་ཆོས་ལུགས་ཀྱི་རྡི་པ་ཝ་ལི་སྐོར་བྱུང་རབས་ཤིག་བྲིས་འདུག་སྙམ་ནས་བལྟ་སྐབས། རང་སྐད་ཅོར་ཞིག་འཐེན་ནོ་དེ་རེད་མོ། བལྟ་རིན་མེད་ཀྱི་ཡ།
DIWALI or DIP-PAK-WALI སྟེ། དྭིབྤག་ནི། མཆོད་མེའམ། མར་མེ་ལ་གོ་དགོས། ཏི་ཧར་གྱི་ཚིག་དོན་མི་ཤེས།