ཤ་ཀླན་འཇམ་དབྱངས་གྲགས་པ།
ཁྱེད་བཞུད་དགོས།
འཇིག་རྟེན་ན་ཁྱེད་ལ་བདེན་ཁ་སྟེར་མཁན་མེད་པས།
ང་ལ་བརྩེ་དུང་མི་འདུག་ཅེས་ལེ་བདའ་མ་བྱེད་ཅིག
ཁྱེད་སྦྲུམ་པའི་གོ་རིམ་དེ་དང་། ཁྱེད་བཙས་པའི་ན་ཟུག་དེ།
ངས་རང་གི་ལས་དབང་ཞིག་ཏུ་སེམས་ཆོག་ལ།
ཁྱེད་སྔོ་ལྷོག་ལྷོག་གི་དུ་བར་ཐིམས་ནས་བར་སྣང་དུ་
བཞུད་པའི་ ངང་ཚུལ་དེ།
ངས་གཏན་དུ་དྲན་ཆོག
གསེར་ནག་གི་ཁུ་བས་བྲིས་པའི་སྙན་ངག་ཨ།
ཁྱེད་ནམ་ཡང་འཚིག་ཏུ་མེད། འཇིག་ཏུ་མེད།
༢༠༡༠ ༤
༠༤རང་གི་སྙན་ངག་འཁོར་བའི་ཟར་ཟུར་ནས་བཏུས་པའི་སྙན་ངག་ཐན་ཐུན་མེར་བསྲེགས་རྗེས།
༼སྙན་ངག་དེར་ཤོ་ལོ་ཉི་ཤུ་ཡོད།༽
ཁ་ཙང་དེ་རིང་ནི་ཡང་བསྐྱར་ང་ཚོ་བོད་མི་རིགས་ལ་སྒོས་སྡུག་གིས་འོ་དོན་འབོད་པའི་དུས་འདིར།
ང་ཚོ་མི་རིགས་འདི་གྲང་ཉུང་མི་རིགས་ཡིན་པའི་ཐོག་ཏུ་བཙོན་རྒྱ་དམར་པོའི་མནར་བཅོད་ཀྱི་འོག་ཏུ་ཚེ་སྲོག་འཕོ་བའི་རྣམ་ཤེས་བྱེ་བའི་སྡུག་བསྔལ་དང།
ད་དུང་གང་གི་ཁ་ལ་དོ་ཟེར་བ་བཞིན་འདི་འདྲའི་ས་ཡོམ་ཤུགས་ཆེ་ཞིག
སུ་ལའང་འཛུམ་མོ་བཙུག་ས་མེད་ནས་རང་མི་རིགས་སྟོང་ཚོ་བརྒལ་བ་རྐྱེན་ལམ་དུ་ཤོར་བ་ནི་ངོ་མ་ངུ་ན་ཡིད་མི་ཚིམ་པ་དང་ཤི་ན་དོན་མི་འགྲུབ་པས་ཅི་ཞིག་བྱེད་དགོས་མི་ཤེས།