མཚམས་སྦྱོར་བ། གྱེར་ནག་ཚང་བློ་གྲོས་འགྱུར་མེད།
བོད་ཀྱི་དུས་བབ་གསར་ཁང་ཡུ་རོབ་ནང་སྐོར་སྐྱོད་དང་བསྟུན་ཏེ་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢ ཉིན། ཧྥ་རན་སིའི་རྒྱལ་ས་ཕ་རེ་སིའི་སྤྱི་གླིང་ཞིག་ཏུ། དུས་བབ་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་དང་ཧྥ་རན་སིའི་ས་གནས་གསར་འགོད་པ་ཟླ་བ་ཚེ་རིང་གཉིས་ཀྱིས་རྒྱལ་སྤྱིའི་བོད་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་བ་དང་བོན་གྱི་ལོ་རྒྱུས་མཁས་པ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་ལ། རྒྱལ་སྤྱིའི་བོད་རིག་པའི་ད་ལྟའི་གནས་སྟངས་དང་གཡུང་དྲུང་བོན་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས།
དྲི་བ། རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ལ་བོད་ཕྱི་ནང་གཉིས་སུ་གདེང་འཇོག་ཆེན་པོ་གནང་གི་ཡོད་པ་མ་ཟད། དེང་སྐབས་བོད་ཕྱི་ནང་གཉིས་དང་ཕྱི་རྒྱལ་མི་རིགས་ཁྲོད་བོད་རིག་པའི་མཁས་པའང་མང་པོ་ཞིག་ཡོང་བཞིན་ཡོད་སྟབས། ད་ལྟ་རྒྱལ་སྤྱིའི་ཐོག་བོད་རིག་པ་ཟེར་བ་འདིར་གདེང་འཇོག་དང་ངོས་འཛིན་གང་འདྲ་ཡོད་དམ།
ལན། ‘བོད་རིག་པ’ ཟེར་བའི་ཐ་སྙད་འདི་བདུན་ཅུ་དོན་གྲངས་ཤིག་ནས་མགོ་བཙུགས་སོང་། དེའི་སྔོན་ལ་བོད་རིག་པ་ཟེར་བ་ཞིག་མི་འདུག བོད་སྐོར་ལ་ཞིབ་འཇུག་དང་། བོད་སྐོར་ལ་སློབ་སྦྱོང་ཟེར་ལྟ་བུ་རེད། སྐབས་དེར་རྒྱ་རིགས་ཁ་ཤས་ཀྱིས་བོད་རིག་པ་ལབ་ན་འགྲིག་གི་མ་རེད། བོད་ལ་ལོགས་སུ་རིག་པ་དེ་འདྲ་ཡོད་པ་མ་རེད། ཚན་རིག་ཞིབ་འཇུག་གི་ཐོག་ནས་འགྲོ་ཐུབ་པ་ཁག་པོ་རེད་ལབ་སོང་། བོད་པའི་མཁས་པ་ཁ་ཤས་ཀྱིས་དེ་ལ་རྩོད་པ་བརྒྱབ་པ་རེད་དེ་བྱུང་མ་སོང་། རྗེས་སུ་ངས་དེ་ལ་ལན་ཞིག་བརྒྱབ་པ་ཡིན། བོད་ཟེར་བ་དེར་ལོ་ངོ་སྟོང་ཕྲག་གཉིས་དང་གསུམ་གྱི་ལོ་རྒྱུས་ཡོད་པ་མ་ཟད། མི་རིགས་དང་ས་ཁོངས་ལོགས་སུ་ཡོད་པ་རེད། དེ་ལ་སྐད་ཡིག་རིག་གཞུང་དང་། རྒྱལ་རབས་ལོ་རྒྱུས་ཆ་ཚང་བ་ཞིག་ཡོད་པ་འདི་དག་བོད་རིག་པ་རེད་ཅེས་ལབ་པ་ཡིན། དེའི་རྗེས་ལ་རྒྱལ་སྤྱིའི་བོད་རིག་པའི་ན་གཞོན་ཚོགས་པ་ཞིག་མགོ་བཙུགས་ཏེ་ ༡༩༧༧ ལོར་སུད་སི་ནས་ཚོགས་འདུ་ཞིག་ཚོགས་སོང་། དེ་ནས་ལོ་ཤས་རྗེས་ལ་གཞི་ནས་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་དེ་མགོ་བཙུགས་ཏེ་དབྱིན་སྐད་ནང་ International Association of Tibetan Studies ཟེར་བ་དེ་བྱུང་ཞིང་། ཡོངས་ཁྱབ་ཏུ་དབྱིན་སྐད་ནང་(Tibetology)ཟེར་བ་དེ་ཚང་མས་ངོས་འཛིན་བྱས་པ་རེད། རིམ་པས་གཙུག་ལག་སློབ་གྲྭ་ཁག་ཏུའང་བོད་རིག་པའི་སྐོར་ལ་ཕྱག་ལས་གནང་མཁན་ཟུར་དུ་ཡོད་པ་དེ་འདྲ་ཆགས་པ་རེད། ད་ལྟ་ཕྱི་རྒྱལ་མི་རིགས་ཁྲོད་དུའང་བོད་རིག་པའི་མཁས་པ་མང་པོ་འདུག ཡིན་ནའང་བོད་རིག་པའི་ཤེས་ཡོན་ཆུ་ཚད་སྣ་ཚོགས་རེད་བསམ་གྱི་འདུག
དྲི་བ། ཕྱི་རྒྱལ་མི་རིགས་ཁྲོད་བོད་རིག་པའི་མཁས་པ་མང་པོ་འབྱུང་བཞིན་ཡོད་པའི་རྒྱུ་མཚན་གཙོ་བོ་བོད་པའི་ཆོས་ལུགས་ལ་དོ་སྣང་བྱེད་ཀྱི་ཡོད་པ་རེད་དམ། ཡང་ན་བོད་རིག་པར་རིན་ཐང་གི་ངོས་འཛིན་ཐོག་ནས་ཡོང་གི་ཡོད་པ་རེད།
ལན། བདུན་ཅུ་བརྒྱད་ཅུའི་ནང་བོད་པའི་བླ་སྤྲུལ་མང་པོ་ཞིག་ཡུ་རོབ་ནང་ཕེབས་ཏེ་ཆོས་ཚོགས་མང་པོ་བཙུགས་པ་རེད། ཆོས་ཚོགས་དེ་དག་གིས་ཆོས་བཤད་དགོས་ན་དབྱིན་སྐད་དང་ཧྥ་རན་སིའི་སྐད་གང་རུང་ཐོག་བསྒྱུར་ན་མ་གཏོགས་ཕྱི་རྒྱལ་བ་ཚོས་གོ་ཐུབ་ཀྱི་ཡོད་པ་མ་རེད། སྐབས་དེར་སློབ་གྲྭ་ཁག་དང་སྒེར་ནས་བོད་ཡིག་བོད་སྐད་སྦྱོང་མཁན་མང་ཆེ་བ་ཆོས་ཚོགས་ཁག་ནས་བཏང་ཡོང་གི་འདུག གཉིས་ནས་ནུབ་ཕྱོགས་སུ་ནང་ཆོས་ལ་དོ་སྣང་སླེབས་ཡོང་སྐབས། ནང་ཆོས་ཡག་པོ་ཞིག་སྦྱོང་དགོས་ན་བོད་སྐད་ནང་མ་གཏོགས་ཡོད་པ་མ་རེད། གང་ཡིན་ཟེར་ན། ཐོག་མ་ཤཱཀྱ་ཐུབ་པའི་གསུང་མདོ་དང་སྔགས་དེ་ཚོ་སཾསྐྲིཏའི་སྐད་ནས་བོད་སྐད་ནང་བསྒྱུར་བ་རེད། རྒྱལ་བ་རིན་པོ་ཆེས་གསུངས་པ་ལྟར། རྒྱ་ནག་དང་ཉི་ཧོང་སོགས་སུ་ནང་ཆོས་དར་ཡོད་ཀྱང་བཀའ་བསྟན་ཆ་ཚང་བ་ཞིག་བསྒྱུར་ཐུབ་ཡོད་པ་མ་རེད། བསྒྱུར་བ་དག་ཀྱང་དོན་བསྒྱུར་མ་གཏོགས་སྒྲ་བསྒྱུར་ཐུབ་ཡོད་པ་མ་རེད། དགོས་མཁོ་དེ་འདྲ་ཞིག་གི་འོག་ནས་ནུབ་ཕྱོགས་པ་ཚོས་བོད་ཡིག་བོད་སྐད་ལ་དོ་སྣང་བྱུང་བ་རེད་བསམ་གྱི་འདུག
བོད་རིག་པ་ཞིབ་འཇུག་ཟེར་བ་དེ་སྔོན་མ་ཕྱི་རྒྱལ་ཁག་ལ་ཆ་བཞག་ན། མཐོ་རིམ་སློབ་གྲྭ་ཁག་ནང་བོད་སྐོར་ལ་སློབ་སྦྱོང་བྱེད་དགོས་ན་བོད་ཡིག་གཅིག་པུས་འདང་གི་ཡོད་པ་མ་རེད། རྒྱ་ཡིག་དང་། ཡང་ན་རྒྱ་གར་གྱི་སཾསྐྲིཏའི་སྐད་འདྲ་བོ་ཞིག་སྦྱོང་དགོས་ཀྱི་ཡོད་པ་རེད། ལོ་རབས་བརྒྱད་ཅུ་ཡས་མས་ནས་བོད་ཡིག་གཅིག་པུའི་ཐོག་མཐོ་རིམ་བར་སློབ་སྦྱོང་བྱ་རྒྱུ་ཡོད་པ་ཆགས་ཏེ། ད་ལྟ་འཛམ་གླིང་གི་གཙུག་ལག་སློབ་གྲྭ་གང་ལ་སོང་ན་ཤར་ཕྱོགས་ཀྱི་སྐད་ཡིག་ཡོད་ན། བོད་ཡིག་བོད་སྐད་ཐོག་ནས་འབུམ་རམས་པ་སོགས་སྦྱོང་རྒྱུ་ཡོད་པ་རེད།
དྲི་བ། དེང་སྐབས་བོད་རིག་པའི་མཁས་པ་མང་པོ་ཞིག་ཡོང་གི་འདུག སྐུ་ཉིད་ལ་བོད་པའི་མཁས་པའི་ཁྲོད་དུ་བོད་རིག་པའི་ཞིབ་འཇུག་པ་ཚད་ལྡན་དང་དཔྱད་འབྲས་ཚད་ལྡན་དེ་འདྲ་འཐོན་ཐུབ་ཀྱི་མེད་པའི་སྣང་ཚུལ་འདུག་གམ།
ལན། དེ་བདེན་པ་རེད། གཙོ་བོ་བོད་པའི་ཆོས་ལུགས་དང་དགོན་སྡེའི་ཤུགས་རྐྱེན་ཐེབས་པ་རེད། ༡༦༤༢ ལོ་ནས་དགའ་ལྡན་ཕོ་བྲང་བཙུགས་པ་དང་། དུས་དེ་ནས་དགེ་ལུགས་པའི་བསྟན་པ་ཧ་ཅང་རྒྱ་ཆེན་པོ་དར། བོད་པའི་མི་འབོར་བརྒྱ་ཆ་བརྒྱད་ཅུ་དགུ་བཅུ་གྲྭ་བ་རེད། སློབ་སྦྱོང་བྱེད་ས་དགོན་པ་མ་གཏོགས་ཡོད་པ་མ་རེད། བོད་པའི་བསམ་བློ་གཏོང་སྟངས་དེ་ཆོས་ལུགས་གཅིག་པུར་མ་གཏོགས་བསམ་བློ་གཏོང་མ་ཤེས་པ་ཆགས་པ་རེད། ཡུ་རོབ་ལ་མཚོན་ན་དུས་རབས་བཅུ་དྲུག་བཅུ་བདུན་ནས་བཟུང་ཚན་རིག་དང་འཕྲུལ་ཆ་(Science and technology) དར་པ་རེད། བོད་པ་ཚོས་དེ་ལ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ནུས་པ་ཡོད་པ་མ་རེད། དེ་རིགས་ཕྱི་རོལ་མི་རྟག་པ་རེད་ཟེར་ནས་རྦད་དེ་བཀག་པ་རེད། ཕྱི་རྒྱལ་མི་རིགས་ལ་མཚོན་ན། ཁོ་རང་ཚོར་ཆོས་ལུགས་ཡོད་པ་རེད་ལ་དེར་དད་པའང་ཡོད་པ་རེད། དེ་གཉིས་མཉམ་བསྲེས་བྱེད་པ་མ་རེད། བོད་པ་ཚོས་ཞིབ་འཇུག་མང་པོ་ཞིག་དད་པ་དང་འདྲེས་པ། ཡང་ན་ཕྱོགས་ལྷུང་བྱེད་པ་དང་སྒེར་གྱི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་མཉམ་བསྲེས་བྱས་ནས་ཡོང་གི་འདུག དེ་ཚན་རིག་དང་ལྡན་པའི་དཔྱད་ཐབས་ཤིག་ཆགས་ཀྱི་ཡོད་པ་མ་རེད་ལ། དམངས་གཙོའི་རིང་ལུགས་དང་ཡང་མཐུན་གྱི་ཡོད་པ་མ་རེད། རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་སོགས་སུ་བསྣམས་ཕེབས་པའི་དཔྱད་རྩོམ་དང་། དེ་མ་ཡིན་པའི་བོད་ཕྱི་ནང་གི་དཔྱད་རྩོམ་མང་ཆེ་བ་ཞིག་ལ་སྐྱོན་ག་རེ་འདུག་ཟེར་ན། དད་ཞེན་དང་རིགས་ཞེན་གྱི་སྐྱོན་འདུག དེར་བརྟེན། ཕྱི་རྒྱལ་གྱི་རིག་པ་སྨྲ་བ་མང་པོ་ཞིག་གིས་སྔོན་ཆད་ཀྱི་བོད་པའི་ཞིབ་འཇུག་པ་དང་ཞིབ་འཇུག་གི་དཔྱད་འབྲས་དེ་ཚོ་ངོས་ལེན་བྱེད་ཀྱི་མི་འདུག
ད་ལྟ་གཞོན་སྐྱེས་ཚོའི་ནང་ཤེས་ཡོན་ཅན་མང་པོ་ཡོང་གི་འདུག ཡིན་ནའང་ཞིབ་འཇུག་བྱེད་ཐབས་ཤེས་ཀྱི་མེད་པ་དང་། ཞིབ་འཇུག་གི་ཁ་ཕྱོགས་ཟེར་ན་འདྲ། དཔྱད་གཞི་གདམ་གསེས་བྱེད་སྐབས་རྒྱ་ཆེ་དྲགས་ཏེ་སྤྱི་བཤད་ཙམ་དང་ངོ་སྤྲོད་ཙམ་མ་གཏོགས་ཞིབ་འཇུག་གཏིང་ཟབ་མོ་ཡོང་ཐུབ་ཀྱི་མི་འདུག ཕྱོགས་གཞན་ཞིག་ནས་བོད་པ་ཚོར་ཞིབ་འཇུག་ལབ་དུས་རྒྱ་ཆེན་པོ་དང་རྫིག་པོ་ཞེ་དྲགས་ཤིག་ལ་མཐོང་སྟེ། སྤྱིར་བཏང་བྱས་ན་ཕྱི་རྒྱལ་དེ་ཚོ་ཡིན་ན་འབུ་རིགས་གཅིག་ལ་ཞིབ་འཇུག་བྱེད་པ་དང་། རྩྭ་ལྡུམ་གཅིག་ལ་ཞིབ་འཇུག་བྱས་ཏེ་གྲུབ་འབྲས་ཆེན་པོ་བླངས་ནས་སྐད་གྲགས་ཆགས་པ་དེ་འདྲ་ཡོང་གི་ཡོད་པ་རེད། དེ་བཞིན་དུ་བོད་པའི་ཞིབ་འཇུག་པ་ཚོས་ཀྱང་བོད་པའི་རྩམ་པ་དང་གཏོར་མ་སོགས་ལ་ཞིབ་འཇུག་བྱས་ན་འགྲིག་གི་རེད། གླིང་གེ་སར་རྒྱལ་པ་དེ་འདྲ་ཆེན་པོ་དགོས་པ་མ་རེད། ང་དགུ་ལོ་ཡས་མས་ཀྱི་མི་སྣ་དེ་འདྲར་ཞིབ་འཇུག་བྱས་ནའང་འགྲིག་གི་རེད།
དྲི་བ། བོད་དུ་ཤེས་རིག་དར་བའི་ལོ་རྒྱུས་ཁྲོད་སངས་རྒྱས་ཆོས་ལུགས་དང་བོན་གྱི་ཆོས་ལུགས་ཀྱིས་བོད་པའི་སྤྱི་ཚོགས་འཕེལ་རྒྱས་ཐོག་བཟང་ཕྱོགས་དང་ངན་ཕྱོགས་ཀྱི་ཤུགས་རྐྱེན་གང་འདྲ་ཐེབས་ཡོད་དམ།
ལན། བོད་པ་རང་གི་ཤེས་རིག་ཐོག་སངས་རྒྱས་ཆོས་ལུགས་དར་བ་དེས་ཞེ་དྲགས་ཆ་ཚང་བ་དང་ཕུན་སུམ་ཚོགས་པོ་ཞིག་ཏུ་བཏང་བ་རེད། དེ་མེད་ན་དེ་རང་ཁ་སང་བོད་པའི་ཤེས་རིག་ག་འདྲ་ཞིག་ཡོད་པ་རེད་ཟེར་ན་བཤད་ཁག་པོ་རེད། ཡིན་ནའང་ཤཱཀྱའི་བསྟན་པ་བོད་ལ་དར་ནས་ལོ་ ༡༣༠༠ ལྷག་ལས་ཕྱིན་ཡོད་པ་མ་རེད། བོད་པའི་ལོ་རྒྱུས་ཡར་དེད་ན་ལོ་སུམ་སྟོང་ནས་བཞི་སྟོང་ལ་གཏུགས་ཐུབ་ཀྱི་ཡོད། དབྱིན་སྐད་ནང་(civilization)ཟེར་བ་ལྟར་ཕྱིན་ན་ལོ་ཁྲི་མང་པོར་ཡར་གཏུགས་ཐུབ་ཀྱི་ཡོད་པ་རེད། བོད་པའི་ཁྱིམ་མཚེས་རྒྱ་གར་དང་རྒྱ་ནག་སོགས་ལ་ལོ་ངོ་བཞི་སྟོང་ལྔ་སྟོང་གི་ཤེས་རིག་དར་བའི་ལོ་རྒྱུས་ཡོད་ཟེར་ནས་ང་རྒྱལ་བྱེད་ཀྱི་ཡོད་པ་རེད། ས་ཁམས་ཆགས་རིམ་དང་། དངོས་ཁམས་རིག་པ། གནའ་རྫས་སོགས་ལ་བརྟག་དཔྱད་བཏང་ན། བོད་མཐོ་སྒང་ལ་རྒྱ་དཀར་ནག་ལས་ཀྱང་སྔ་བའི་སེམས་ཅན་འཚོ་སྡོད་དང་དཔལ་ཡོན་དར་བའི་དཔང་རྟགས་རག་གི་ཡོད་པ་རེད། ཤཱཀྱ་ཐུབ་པའི་བསྟན་པ་བོད་ལ་མ་དར་སྔོན་ནས་བོན་དར་ཡོད་པ་གཏན་ཁེལ་རེད། ཡིན་ནའང་བོན་པོའི་ཆོས་ལུགས་ཐོག་མ་ག་དུས་དར་བ་རེད་ཟེར་ན་སུས་ཀྱང་བཤད་ཐུབ་ཀྱི་ཡོད་པ་མ་རེད།
ཞང་ཞུང་ཟེར་བ་དེར་བཤད་ཚུལ་འདྲ་མིན་ཡོད་ཀྱང་། བོད་ཀྱི་ཆ་ཤས་ཤིག་ཡིན་པ་གསལ་བོ་རེད། དུས་རབས་བདུན་པའི་ནང་སྲོང་བཙན་སྒམ་པོས་ཞང་ཞུང་མངའ་འོག་ཏུ་བསྡུས་པ་རེད། དེའི་སྔོན་ནས་ཞང་ཞུང་ལ་སྐད་དང་ཡི་གེ་ཡོད་པ་གསལ་བོ་ཡིན་ནའང་སྐད་དེ་ག་འདྲ་ཞིག་ཡོད་པ་རེད། དཔེར་ན། “ང་དེ་རིང་རི་མགོར་འགྲོ་རྒྱུ་ཡིན” ཞེས་པ་ཞང་ཞུང་སྐད་ནང་ཇི་ལྟར་བཤད་དགོས་པ་ཤེས་མཁན་ཡོད་པ་མ་རེད། དེབ་རྙིང་དེ་ཚོའི་ནང་དུ་ཞང་ཞུང་གི་ཚིག་མང་པོ་ཞིག་འཐོན་ཡོང་གི་ཡོད་ཀྱང་། བྱ་ཚིག་དང་བྱེད་པ་པོ། ཚིག་གི་འགྲོ་སྟངས་སོགས་ག་འདྲ་ཡོད་མེད་ཤེས་ཐུབ་ཀྱི་ཡོད་པ་མ་རེད། ཞང་ཞུང་གི་སྐད་དང་བོད་སྐད་ཤན་སྦྱར་གྱི་དཔེ་ཆ་ཞིག་ཡོད་པ་རེད། དེ་དུས་རབས་བཅུ་གཅིག་པའི་ནང་བྱུང་བ་རེད། དེ་བཞིན། ཞང་ཞུང་གི་ས་ཆ་དེའང་གངས་ཏེ་སེའི་མཐའ་ཁོར་ཡིན་པ་གསལ་བོ་རེད། ཁྱུང་ལུང་དང་མཚོ་མ་ཕམ་སོགས་ཞང་ཞུང་གི་ས་ཆ་རེད། རྗེས་སུ་རྒྱལ་པོ་སྲོང་བཙན་སྒམ་པོས་དམག་བཏང་སྟེ་མངའ་འོག་ཏུ་བཅུག་རྗེས། ཞང་ཞུང་ཁོ་རང་ཚོའི་སྐད་དང་ཡི་གེ་རིམ་གྱིས་བརླགས་པ་རེད་བསམ་གྱི་འདུག ཁ་སང་དེ་རིང་ང་ཚོའི་བོད་པའང་རྒྱའི་འོག་ཏུ་ཚུད་དེ་སྐད་དང་ཡི་གེ་ལ་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་ལྟ་བུ་རེད། ཞང་ཞུང་སྨར་ཡིག་ཟེར་བ་དང་། སྨར་ཆེན་དང་སྨར་ཆུང་ཟེར་བ་ཞིག་ཡོང་གི་འདུག་ཀྱང་། དེ་ཚོའི་ནང་བྲིས་པའི་བོན་པོའི་གཞུང་དེ་འདྲ་ངས་མཐོང་མ་སོང་། བོན་དེ་ཞང་ཞུང་ནས་དར་བ་རེད་ཟེར་བ་དང་། སྟག་གཟིག་ནས་དར་བ་རེད་ཟེར་བ་སོགས་ཤོད་སྟངས་སྣ་ཚོགས་རེད། གལ་སྲིད་སྟག་གཟིག་ཡིན་ན་དེང་གི་ཨི་རན་རེད་ཟེར་གྱི་ཡོད་པ་རེད།
དྲི་བ། སྟོན་པ་ཤཱཀྱ་ཐུབ་པའི་ནང་ཆོས་དང་། སྟོན་པ་གཤེན་རབ་གྱི་བོན་ཆོས་གཉིས་ལ་འདྲ་བའི་ཆ་ཧ་ཅང་མང་པོ་ཡོད་སྟབས། ཕན་ཚུན་ལ་ཤུགས་རྐྱེན་ཐེབས་ཡོད་པ་གསལ་བོ་རེད། དེ་སྟོན་པ་ཁོ་རང་གཉིས་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་པ་རེད་དམ། ཡང་ན། ཁོ་རང་གཉིས་ཀྱི་རྗེས་འཇུག་པ་ཚོས་ཕན་ཚུན་ལ་བསྟུན་ཏེ་བཟོས་བཞག་པ་ཞིག་ལ་ངོས་འཛིན་གནང་གི་ཡོད།
ལན། ང་རང་གི་བསམ་ཚུལ་བྱས་ན། རྗེས་འཇུག་པ་ཚོས་བཟོས་བཞག་པ་ཞིག་རེད་བསམ་གྱི་ཡོད། སྟོན་པ་ཤཱཀྱ་ཐུབ་པ་ཁོ་རང་བཞུགས་སྐབས་ཁོ་རང་གི་གསུང་འབུམ་འདི་རེད་ཟེར་བ་ཞིག་མཐོང་རྒྱུ་ཡོད་པ་མ་རེད། ཕྱིས་སུ་རྗེས་འཇུག་པ་ཚོས་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་སྐབས་དེར་འདི་འདྲ་ཞིག་གོ་སོང་ཟེར་ནས་ཡིག་ཐོག་ཏུ་ཕབ་བཞག་པ་རེད། ད་དུང་ཉན་ཐོས་དེ་ཚོ་སྟོན་པ་ཞལ་བཞུགས་པའི་སྐབས་ཀྱི་མིའང་མ་རེད། ཡིད་རྒྱུན་དང་ངག་རྒྱུན་དེ་ཚོ་རིམ་གྱིས་ཡིག་ཐོག་ཏུ་ཕབ་སྟེ་ནང་པའི་གཞུང་ཆགས་པ་རེད། དེ་བཞིན། སྟོན་པ་གཤེན་རབ་ཀྱི་བོན་གཞུང་ནང་དུའང་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་རྗེས་འཇུག་པ་དེ་ཚོས་ཡིད་རྒྱུན་དང་ངག་རྒྱུན་ཡིག་ཐོག་ཏུ་ཕབ་སྟེ་རིམ་གྱིས་བོན་གཞུང་སྣ་ཚོགས་བྱུང་བ་རེད། དེ་བོན་པོའི་བཀའ་འགྱུར་ནང་དུ་ཡོད་པ་རེད། མདོ་བསྡུས་ཏེ་བཤད་ན། བོད་དུ་བསྒྱུར་བའི་ནང་ཆོས་ཀྱིས་བོད་ཀྱི་ཤེས་རིག་དར་བར་ཤུགས་རྐྱེན་ཞེ་དྲགས་ཐེབས་པ་ལྟར། བོན་གྱི་བསམ་ཚུལ་དང་བོན་གཞུང་གིས་ནང་པའི་ཆོས་ལ་ཤུགས་རྐྱེན་མང་པོ་ཐེབས་ཡོད་པ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། བོད་དུ་དར་པའི་ཆོས་དེ་སེང་གྷ་ལ་དང་། ཐེ་ལན་ཌི། ཉི་ཧོང་། རྒྱ་ནག་སོགས་སུ་དར་བའི་ནང་ཆོས་དང་ཅུང་མ་འདྲ་བ་རེད། ཁོ་ཚོས་བོད་དུ་དར་བའི་ནང་ཆོས་ལ་བླ་མའི་ཆོས་ལུགས་ཟེར་ནས་ཞེ་དྲག་ཁས་ལེན་བྱེད་ཀྱི་མི་འདུག ཐུའུ་བཀྭན་ཆོས་ཀྱི་ཉི་མས། ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་ཞེས་གསུངས་པ་དེ་བཞིན་རེད།
དྲི་བ། ནང་པ་སངས་རྒྱས་པའི་ཆོས་དེ་རྒྱ་གར་ནས་བོད་ནང་དར་བ་ཡིན་སྟབས། ནང་ཆོས་རིག་གནས་ཟེར་ན་འདྲ་ནང་ཆོས་ནང་གི་བསམ་བློ་སོགས་བོད་པའི་མ་རེད་རྒྱ་གར་བའི་རེད་ཟེར་གྱི་ཡོད་པ་བཞིན། བོན་དེའང་ཞང་ཞུང་དང་སྟག་གཟིག་སོགས་ནས་དར་བར་ཤོད་མཁན་ཡོད་སྟབས། བོན་གཞུང་གི་བཤད་པ་དང་བསམ་བློ་དེ་ཚོ་བོད་པའི་རིག་གཞུང་དུ་བགྲང་ན་འགྲིག་གམ།
ལན། དྲི་བ་འདི་ཧ་ཅང་གལ་ཆེན་པོ་རེད། ཕྱི་རྒྱལ་མི་རིགས་དེ་ཚོ་དང་སྐད་ཆ་བཤད་སྐབས་ཀྱང་། ཁྱེད་རང་ཚོ་བོད་པ་རང་ལ་ག་རེ་ཡོད་པ་རེད། ནང་པའི་ཆོས་དེ་རྒྱ་གར་ནས་བྱུང་བ་ཡིན་དུས་ནང་ཆོས་ནང་གི་བསམ་ཚུལ་དེ་རྒྱ་གར་བའི་བསམ་ཚུལ་རེད། རྩིས་དང་བཟོ་རིག་མང་པོ་ཞིག་རྒྱ་ནག་ནས་བྱུང་བ་རེད། ཆས་གོས་དང་སྲིད་ལུགས་མང་ཆེ་བ་སོག་པོའི་ཤུགས་རྐྱེན་ཐེབས་པ་རེད། དྲི་བ་དེ་འདྲ་བཏང་ཡོང་སྐབས་ང་ཚོས་བསམ་བློ་གཏོང་དགོས་པ་ཆགས་ཀྱི་འདུག ཤཱཀྱ་ཐུབ་པའི་བསྟན་པ་བོད་དུ་དར་བ་དེས་བོད་པའི་ཤེས་རིག་དར་བར་གྲོགས་ཆེན་པོ་བྱས་ཡོད་ཀྱང་། ནང་ཆོས་ཀྱི་བཀའ་འགྱུར་བསྟན་འགྱུར་དེ་ཚོའི་ནང་ན་བོད་པ་རང་གི་བསམ་བློ་དང་། བོད་པ་རང་གི་ཡུལ་སྲོལ་གོམ་གཤིས་ཡོད་པ་མ་རེད། དེ་བཞིན། བོད་པའི་རི་ར་བ་ཁང་ཁྱིམ་དང་སྣོད་བཅུད་སོགས་མཚོན་པའི་ཤེས་ཡོན་ཡོད་པ་མ་རེད། གང་ཡིན་ཟེར་ན། བཀའ་འགྱུར་དེ་ཤཱཀྱ་ཐུབ་པའི་བཀའ་སཾསྐྲིཏའི་སྐད་ནས་བོད་སྐད་དུ་བསྒྱུར་བ་དང་། བསྟན་འགྱུར་དེ་རྒྱ་གར་གྱི་པཎྜི་ཏ་དེ་ཚོའི་གསུང་སཾསྐྲིཏའི་སྐད་ནས་བོད་སྐད་དུ་བསྒྱུར་བ་རེད།
ལོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ཡོད་པའི་མི་རིགས་ཤིག་ལ་མི་རིགས་རང་གི་བསམ་ཚུལ་ཞིག་མེད་ན་འགྲིག་གི་ཡོད་པ་མ་རེད། བོད་པ་ཟེར་བ་ཞིག་དང་བོད་ཀྱི་སྐད་ཡིག་རིག་གཞུང་། ས་ཁོངས་ལོ་རྒྱུས་ལོགས་སུ་ཡོད་པ་ཞིག་ཡིན་ན། བོད་པ་རང་ལ་བསམ་ཚུལ་ཡན་གར་བ་ཞིག་ངེས་པར་དུ་ཡོད་དགོས་པ་རེད། བོད་པའི་བསམ་ཚུལ་དེ་གང་ནས་རྙེད་ཀི་རེད་ཟེར་ན། བོན་པོའི་དེབ་དེ་ཚོ་ཀློག་པ་ཡིན་ན། བོད་པའི་ཁང་པ་བཟོ་སྟངས་དང་ཞིང་ཁ་འདེབས་སྟངས། མོ་རྒྱག་སྟངས་སོགས་འཁོད་ཡོད་པ་རེད། གཙོ་བོ་བོན་གྱི་ཐེག་པ་རིམ་པ་དགུ་ཟེར་བ་དེ་ཚོ་རེད། ཐེག་པ་རིམ་པ་དགུ་ལས་དང་པོ་ནས་བཞི་པའི་བར་དེ་བོད་པ་རང་གི་བསམ་ཚུལ་ཟེར་ན་འདྲ། མོ་དང་པྲ་ཕབ་པ། བཀའ་ཕབ།(ལྷ་ཕབ་པ།)། ལྷ་གསོལ་བ། རླུང་རྟ་གཏོར་བ་སོགས་རེད། ངས་བོན་གཞུང་ལ་ཞིབ་འཇུག་བྱས་པའི་བརྒྱུད་རིམ་ཁྲོད་བོད་པ་རང་གི་གནས་ཚུལ་དམིགས་བསལ་བ་མང་པོ་ཞིག་རེག་སོང་། དཔེར་ན། བོད་པ་རང་གི་ཁང་པ་བཟོ་སྟངས་དབྱིན་སྐད་ནང་(Architecture)སོགས་རྙེད་སོང་། སྔོན་མ་བོད་པའི་ཁང་པའི་སྒོ་དང་སྒེའུ་ཁུང་སྟོན་ཕྱོགས་དང་། ཁང་པའི་ནང་མཆོད་ཁང་བཟོ་ཕྱོགས་སོགས་གསལ་བོ་འདུག བོད་པ་རང་གི་ལག་ཤེས་ཙམ་མ་རེད། བོད་པ་རང་གི་བསམ་བློའི་ཁྱེར་ཕྱོགས་སོགས་ཀྱང་རྙེད་ཡོང་སྐབས། བོད་པ་རང་གི་ངོས་འཛིན་དབྱིན་སྐད་ནང་(Identity)ཟེར་བ་དེ་ཆགས་ཀྱི་ཡོད་པ་རེད།
དེ་བཞིན། བོན་གཞུང་དེ་ཚོའི་ནང་དུ་གངས་ཏེ་སེ་དེ་ཞང་ཞུང་གི་སའི་ལྟེ་བ་ཡིན་པ་དང་། དེ་ནས་ཆུ་བོ་ཆེན་པོ་བཞི་འཛམ་གླིང་གང་སར་འགྲོ་བཞིན་ཡོད་པ་སོགས་གསལ་བསྡད་ཡོད་པ་རེད། དེ་རྒྱ་གར་ནས་བསྒྱུར་བའི་མངོན་པ་མཛོད་དང་བཀའ་འགྱུར་བསྟན་འགྱུར་སོགས་སུ་ཡོད་པ་མ་རེད། སྐད་ཆ་འདི་བོད་པ་རང་གི་བཤད་སྟངས་ཤིག་རེད། དེ་ནས་ནང་ཆོས་ལ་མེད་པ་བོན་ལ་ཡོད་པ་གཅིག་རྫོགས་ཆེན་རེད། རྙིང་མ་ལ་རྫོགས་ཆེན་ཡོད་ཟེར་གྱི་ཡོད་པ་རེད། བོན་གྱི་རྫོགས་པ་ཆེན་པོ་ཟེར་བ་དེར་ཉམས་ལེན་བྱས་ཏེ། ཉམས་ལེན་གྱི་འབྲས་བུ་དེ་འཇའ་ལུས་སུ་འཐིམ་པ་ཟེར་བའི་ཐུན་མོང་མ་ཡིན་པའི་བཤད་ཚུལ་ཞིག་ཡོད་པ་རེད། དེ་སྔོན་མ་བོད་པའི་རྒྱལ་པོ་དེ་ཚོ་སྐུ་གྲོངས་པ་དང་ཕུང་བོ་མེད་པར་གནམ་ཁར་གཤེགས་པ་རེད་ཟེར་བའི་བཤད་སྟངས་དང་འདྲ་བོ་ཡོད་པ་རེད། ཡིན་ན་ཡང་། བོན་གཞུང་གི་གནས་ཚུལ་ཚང་མ་བོད་པ་རང་གི་བསམ་ཚུལ་རེད་དམ་ཟེར་ན། དེ་ཡང་མ་རེད་བསམ་གྱི་འདུག ཐེག་པ་རིམ་དགུ་ལས་བཞི་པའི་བར་མ་གཏོགས། གཞན་པ་དེ་ཚོ་ནང་པའི་གཞུང་གི་གསང་སྔགས་ཀྱི་ཐེག་པའི་འགྲོ་སྟངས་དང་འདྲ་བོ་ཆགས་ཡོད་པ་རེད།
དྲི་བ། བོན་སྟོན་པ་གཤེན་རབ་འཁྲུངས་འདས་སྐོར་ལ། ཡོངས་གྲགས་སུ་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ཡས་མས་བཤད་སྲོལ་ཡོད་ཀྱང་། ལོ་རྒྱུས་ཡིག་ཆ་འགའ་རེའི་ནང་ལོ་ཁྲི་མང་པོའི་གོང་ནས་འཁྲུངས་པའི་གནས་ཚུལ་དེ་འདྲའང་འདུག སྐུ་ཉིད་ལ་དེའི་སྐོར་ལ་ལྟ་ཚུལ་གང་འདྲ་ཡོད།
ལན། བོན་པོའི་བསྟན་རྩིས་ནང་དུ་སྟོན་པ་གཤེན་རབ་ལོ་ཁྲི་མང་པོའི་སྔོན་ལ་འཁྲུངས་པའི་སྐད་ཆ་ཞིག་འདུག མ་མཐར་ལོ་སྟོང་ཕྲག་ ༡༨ སྔོན་ལ་འཁྲུངས་པ་རེད་ལབ་ཡོད་པ་རེད། དེ་ཚན་རིག་གི་ཐོག་ནས་ཁུངས་འཁྱོལ་གྱི་ཡོད་པ་མ་རེད། གཤེན་རབ་མི་བོ་ཟེར་བ་དེ་ཐོག་མ་སྤྱིར་བཏང་གི་མི་ཞིག་གི་ངོ་བོར་འཁྲུངས་ཡོད་པ་གསལ་བོ་རེད། དཔེར་ན། སྟོན་པ་ཤཱཀྱ་ཐུབ་པ་ཡིན་ན་འདྲ། སྟོན་པ་ཡེ་ཤུ་(Jesus Christ) ཡིན་ནའང་འདྲ། བཤད་སྟངས་ཕལ་ཆེར་གཅིག་མཚུངས་རེད། སྟོན་པ་ཡེ་ཤུའི་ལོ་རྒྱུས་ལ་བལྟས་ན་ཐོག་མ་ཁོ་རང་སྤྱིར་བཏང་གི་མི་དཀྱུས་མ་ཞིག་རེད། ལྷ་ཡིན་པ་དང་ནུས་པ་ཁྱད་པར་བ་ཡོད་པའི་བཤད་སྟངས་ཡོད་པ་མ་རེད། ཐོག་མ་ཁིར་སི་ཊི་ (Christ) ཟེར་གྱི་ཡོད་པ་མ་རེད། རྗེས་སུ་རིམ་གྱིས་མི་ཆེན་པོ་འདྲ་བོ་ཆགས་པ་རེད། དེ་བཞིན། སྟོན་པ་ཤཱཀྱ་ཐུབ་པའང་ཐོག་མ་དེ་འདྲ་རེད། གོ་ཏ་མ་ཟེར་ན་སྤྱིར་བཏང་གི་མི་ཞིག་རེད། སྟོན་པ་མྱ་ངན་ལས་འདས་ཏེ་ལོ་ ༢༠༠ ལྷག་གི་རྗེས་ལ་ཐེག་པ་ཆེན་པོའི་ཆོས་དར་ཏེ་ཤཱཀྱ་ཐུབ་པར་མཚན་བཟང་པོ་སུམ་ཅུ་སོ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ཟེར་བ་སོགས་བྱུང་བ་རེད། བོན་སྟོན་པ་གཤེན་རབ་ཀྱང་དེ་བཞིན་རེད། ཐོག་མ་སྤྱིར་བཏང་གི་མི་ཞིག་རེད། ཏུན་ཧོང་ཡིག་རྙིང་ལ་བལྟས་ཡོང་ན་སྟོན་པ་གཤེན་རབ་དེ་མི་ཤི་བོ་དང་གསོན་པོའི་བར་སྐད་ཆ་བཤད་ཐུབ་མཁན་ཞིག་དང་མི་ཤི་བ་དང་ན་བ་སོགས་ལ་རོགས་པ་བྱེད་ཐུབ་མཁན་དེ་འདྲ་ཞིག་ཡིན་ས་རེད།
གང་ལྟར། གཤེན་རབ་མི་བོ་ཟེར་བ་ཞིག་ལོ་རྒྱུས་ཐོག་བྱུང་མྱོང་པ་གསལ་བོ་རེད་ལ། ཁོ་རང་མི་རིགས་གང་ཡིན་པ་དང་སྐད་རིགས་ག་འདྲ་ཞིག་སྤྱད་ཡོད་པ་ཤེས་ཁག་པོ་རེད། ཞང་ཞུང་བ་ཡིན་ན་བོད་རིགས་རེད། བོན་སྟོན་པ་གཤེན་རབ་ཀྱི་འཁྲུངས་འདས་དེ་ཏུན་ཧོང་ཡིག་རྙིང་ལྟར་ན། དུས་རབས་དྲུག་པ་བདུན་པ་ཞིག་གི་ནང་འཁྲུངས་པ་ཞིག་ཨེ་ཡིན་ནམ་དྲན་གྱི་འདུག གང་ཡིན་ཟེར་ན། ཏུན་ཧོང་ཡིག་རྙིང་དེའི་ནང་གི་གནས་ཚུལ་དེ་ཞེ་དྲགས་རྙིང་པ་ཡིན་མིན་གང་ལྟར་ཡང་། ཤོག་བུར་ལོ་བརྒྱད་བརྒྱ་དགུ་བརྒྱ་སོང་ཡོད་པ་ཚན་རིག་གིས་ཞིབ་འཇུག་བྱས་ཏེ་ར་འཕྲོད་པ་རེད། དེའི་སྟེང་གི་བརྗོད་བྱ་དེ་ལས་ཀྱང་རྙིང་པ་ཞིག་ཡིན་པ་སྨོས་མ་དགོས་པ་རེད།
དྲི་བ། ཞང་ཞུང་ཟེར་ན་འདྲ། གང་ལྟར། བོད་ནས་དར་བ་མ་ཡིན་པའི་བོན་ཆོས་དེ་འདྲ་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་ལུང་གཞན་དུ་ཡོད་དམ། ཡང་ན། བོན་ཆོས་དང་ཆ་འདྲ་བའི་ཆོས་དང་ཆོ་ག་དེ་འདྲ་ཡོད་དམ།
ལན། དེ་འདྲ་འདུག ‘བོན’ ཟེར་བ་དང་ ‘གཡུང་དྲུང་བོན’ ཟེར་བ་གཉིས་ཁ་ཁ་ཕྱེ་དགོས་པ་རེད། བོན་ཟེར་བ་དེ་སྟོན་པ་གཤེན་རབ་མ་ཕེབས་གོང་ལ་བོད་དུ་ཡོད་པ་ཞིག་རེད། སྤྱིར་བཏང་བོན་དེ་འབོད་པའི་དོན་ཡིན་ཡང་རིམ་བཞིན་སྒྲ་འགྱུར་ནས་ ‘བོད’ ཆགས་པ་ཟེར་སྲོལ་ཡོད་ཀྱང་། ངས་བལྟས་ན་སྒྲ་ཙམ་མ་རེད་སྐབས་དེར་བོད་དུ་ལྷ་གསོལ་རླུང་རྟ་གཏོར་བ། གནམ་ནས་ལྷ་མར་འབབ་ཀྱི་ཡོད་པ། ས་ན་བདུད་དང་འདྲེ་ཡོད་པ་སོགས་ཀྱི་མིའི་ཡིད་ཆེས་དེ་ཡོད་པ་རེད། སྟོན་པ་གཤེན་རབ་ཕེབས་པའི་རྗེས་ལ་གཡུང་དྲུང་བོན་ཟེར་བ་དེ་དར་བ་རེད། དེ་ནས་བཟུང་ལས་རྒྱུ་འབྲས་དང་སྐྱེས་པ་སྔ་ཕྱི། ལས་དགེ་སྡུག་སོགས་སྟོན་པ་ཤཱཀྱ་ཐུབ་པའི་བཤད་སྟངས་དང་ཕལ་ཆེར་འདྲ་བོ་རེད། དེ་བཞིན། རྒྱ་གར་དུ་སྟོན་པ་ཤཱཀྱ་ཐུབ་པ་མ་ཕེབས་གོང་ནས་སྐྱེས་པ་སྔ་ཕྱི་དང་ལས་རྒྱུ་འབྲས། དགེ་སྡུག ལྷ་ཀླུ་སོགས་ཀྱི་བཤད་ཚུལ་ཡོད་པ་རེད། དེ་རྒྱ་གར་གྱི་གདོད་མའི་ཆོས་ལུགས་ཤིག་ནས་ཡོང་གི་ཡོད་པ་རེད།
བོད་ནས་དར་བ་དང་བརྒྱུད་པ་མ་ཡིན་པ་ཟེར་ན་འདྲ། གཡུང་དྲུང་བོན་མ་ཡིན་པའི་བོན་དེ་འདྲ་མཐོང་རྒྱུ་འདུག བོད་དང་བལ་ཡུལ་ས་མཚམས་ཁུལ་དང་འབྲུག་གི་ས་སྣེ་སོགས་སུ་འདུག ཁོ་རང་ཚོས་ང་ཚོ་བོན་པོ་ཡིན་གསུང་གི་འདུག་ཀྱང་། ཆོ་ག་ཕྱག་ལེན་ཁྱད་མཚར་ཞེ་དྲགས་འདུག མགོ་ལ་བྱ་སྒྲོ་གྱོན་ཞིང་། བྱ་དེ་མང་པོ་བསད་དེ་ཁྲག་གི་མཆོད་པ་འབུལ་སྲོལ་འདུག ཡིན་ནའང་ཁོ་རང་ཚོར་བོན་གྱི་གཞུང་དེ་འདྲ་ཤོག་ལྷེ་གཅིག་ཀྱང་སྟོན་རྒྱུ་མི་འདུག བོན་ཆོས་ཡིན་ཟེར་ནས་འདོན་པ་ཧ་ཅང་མང་པོ་ཉིན་ཞག་འགའ་རེར་འདོན་རྒྱུ་དེ་འདྲ་འདུག ཡང་ལུང་པ་སོ་སོའི་འདོན་པ་མ་འདྲ་བ་རེད། དེ་དག་ཡོངས་རྫོགས་ངག་ཐོག་བརྒྱུད་ནས་ཡོང་བ་རེད་མ་གཏོགས་ཡིག་ཐོག་ཏུ་སྟོན་རྒྱུ་ཡོད་ས་མ་རེད། ངག་ཐོག་ཏུ་ཡོད་པ་དེ་ཁོ་རང་ཚོའི་སྐད་རེད། གལ་སྲིད་ཡིག་ཐོག་ཏུ་ཕབ་ན་ཁོ་རང་ཚོའི་སྐད་ཐོག་ནས་ཕབ་དགོས་སྟབས་ནང་དོན་གོ་ཐུབ་པ་ཁག་པོ་རེད་བསམ་གྱི་འདུག འོན་ཀྱང་ཁོ་རང་ཚོས་ ‘སྟག་ལྷ་མེ་འབར’ ཟེར་བ་ལྟ་བུའི་བོན་གཞུང་གི་ལྷ་རེ་ཟུང་གི་མིང་ཤོད་ཀྱི་འདུག ཡིན་ནའང་ཁོ་རང་ཚོས་བོད་པའི་བོན་དགོན་དེ་འདྲ་ལ་ཆོས་འབྲེལ་འཇོག་གི་ཡོད་པའི་སྐད་ཆ་མི་འདུག
དྲི་བ། བལ་བོད་ས་མཚམས་ཀྱི་བོན་པོ་དེ་ཚོ་ཞང་ཞུང་ལོ་རྒྱུས་ཁྲོད་ཀྱི་ཞང་ཞུང་སྒོ་ཕུགས་བར་གསུམ་ཟེར་བ་དེའི་ཁོངས་སུ་གཏོགས་ཀྱི་ཡོད་མེད་དང་། དེང་སྐབས་ཕྱི་རྒྱལ་མི་རིགས་ཁྲོད་བོན་ལ་ངོས་འཛིན་དང་གདེང་འཇོག་གང་འདྲ་འདུག
ལན། འདིའི་སྐོར་ལ་ཞིབ་འཇུག་བྱེད་རྒྱུ་བྱུང་མ་སོང་། ངས་བསམ་བློ་བཏང་ན། བལ་བོད་ས་མཚམས་ཀྱི་བོན་པོ་དེ་ཚོ་ཞང་ཞུང་སྒོ་ཕུགས་བསར་གསུམ་གྱི་ཁོངས་སུ་གཏོགས་གི་མ་རེད་བསམ་གྱི་འདུག ཡིན་ནའང་འདིའི་སྐོར་ང་ལ་ཞིབ་ཕྲ་ཞུ་རྒྱུ་མེད།
དྲུག་ཅུ་རེ་གྲངས་ནང་དབྱིན་ཡུལ་གྱི་མཁས་པ་ (David L. Snellgrove) ལགས་ཀྱིས་བོན་གྱི་ཐེག་པ་རིམ་དགུ་(Nine Ways of Bon)ཟེར་བ་དབྱིན་སྐད་ནང་བསྒྱུར་ཏེ། ནུབ་ཕྱོགས་སྤྱི་ཚོགས་ནང་བོན་ལ་ཞིབ་འཇུག་བྱེད་པར་ནུས་པ་ཆེན་པོ་ཐོན་པ་རེད། དེའི་རྗེས་ལ་ཧྥ་རན་སིར་ཡོད་པའི་བོད་རིག་པའི་མཁས་པ་སི་ཐན་(Professor Rolf A. Stein)ལགས་ཀྱིས་བོན་སྐོར་ལ་ཞིབ་འཇུག་བྱས་ཏེ་དཔྱད་རྩོམ་མང་པོ་ཞིག་ཧྥ་རན་སིའི་སྐད་ནང་འདུག དེ་ནས་ཉི་ཧོང་དུའང་བོན་སྐོར་ལ་ཞིབ་འཇུག་པ་སྐོར་ཞིག་འདུག སྤྱིར་བཏང་ཕྱི་རྒྱལ་མི་རིགས་ནང་བོན་གཞུང་ལ་ཞིབ་འཇུག་བྱེད་མཁན་མང་པོ་འདུག་ཀྱང་བོན་གཞུང་ཕར་ཕྱི་སྐད་ཐོག་བསྒྱུར་བ་མང་པོ་མི་འདུག
དྲི་བ། ནང་ཆོས་ལས་མངོན་པ་མཛོད་དང་དུས་འཁོར་སོགས་སུ་གསུངས་པའི་ཕྱིའི་སྣོད་ཀྱི་འཇིག་རྟེན་ཆགས་སྟངས་སྐོར་དེ་འདྲ་བོན་གཞུང་དུ་ཡོད་དམ།
ལན། ཕྱིའི་སྣོད་ཀྱི་འཇུག་རྟེན་ཆགས་སྟངས་སྐོར་དེ་བོན་གཞུང་ནའང་ཡོད་པ་རེད། ཡིན་ནའང་བཤད་སྟངས་མ་འདྲ་བ་ཞིག་གང་འདུག་ཟེར་ན། ས་ཆུ་མེ་རླུང་ལས་འབྱུང་བའི་སྒོ་ང་ཞིག་བྱུང་བ་དང་། དེའི་སྒོང་ཤུན་ལས་ཕྱིའི་སྣོད་ཀྱི་འཇིག་རྟེན་དང་། ནང་གི་སྒོང་སྙིང་ལས་བཅུད་ཀྱི་སེམས་ཅན་བྱུང་བའི་བཤད་ཚུལ་ཡོད་པ་རེད། དེ་བཞིན། སྔོན་མའི་བོད་ཀྱི་རྒྱལ་པོ་དེ་ཚོ་ ‘ཕྱྭ’ ཡི་སྤྲུལ་བ་ཡིན་པ་དང་། ཕྱྭ་དང་མི་ལ་སོགས་པའི་ལྷ་ཁ་ཁ་ཡིན་པ་དེ་འདྲ་ཤོད་ཀྱི་འདུག བོན་གཞུང་དུ་ཕྱྭ་ཟེར་བ་དེ་གནམ་མཁའི་ལྷ་རིགས་ཤིག་ལ་གོ་བ་དང་། མཚམས་ལ་རེར་གཡང་དང་ཚེ་ལ་གོ་བའང་ཡོང་གི་འདུག གནམ་མཁའི་ལྷ་ཕྱྭ་ཡི་བརྒྱུད་ནས་མགོ་ནག་མི་ཡི་རྒྱལ་པོར་ཡོང་ཟེར་བ་དེ་འདྲ་རེད། ལྷ་སའི་དབོན་ཞང་རྡོ་རིང་ངོས་སུའང་ཕྱྭ་ཡའི་ཡན་ན་ཕྱྭ་ཟེར་བ་ལྟ་བུ་རེད། དེ་བཞིན། ཀོང་པོའི་ཕྱོགས་ཀྱི་རྡོ་རིང་རྙིང་པ་དེ་ཚོའི་སྟེང་དུའང་ཕྱྭ་ཟེར་བ་དེ་མང་པོ་འདུག ཕྱྭ་རྗེ་ཡབ་བླ་བདལ་དྲུག་ལ་སྲེས་བདུན་ཡོད་པ་ལས་བཞི་པ་དེ་རྒྱལ་པོ་གཉའ་ཁྲི་བཙན་པོ་ཡིན། ཁོ་ལྷའི་ཞིང་ཁམས་ནས་མར་ས་ལ་བབ་པ་རེད་ཟེར་གྱི་ཡོད་པ་རེད། བོད་པའི་ལོ་རྒྱུས་དེ་ཚོའི་ནང་དུ་རྒྱལ་བོ་གཉའ་ཁྲི་བཙན་པོའི་རྒྱུད་པ་དེ་རྒྱ་གར་གྱི་རྒྱལ་བོ་ཞིག་ཡིན་ཟེར་གྱི་ཡོད་པ་རེད། འདི་ཡང་ངས་ནང་ཆོས་ཀྱི་ཤུགས་རྐྱེན་ཐེབས་པ་རེད་བསམ་གྱི་འདུག
དྲི་བ། སྐུ་ཉིད་ཀྱིས་རྒྱལ་དབང་ལྔ་པའི་རྣམ་ཐར་དུ་ཀུ་ལའི་གོས་བཟང་དབྱིན་ཡིག་ནང་བསྒྱུར་བཞིན་ཡོད་པའི་གནས་ཚུལ་ཞིག་དེ་སྔོན་གསར་འགྱུར་ནང་ཐོན་སོང་། ད་ལྟ་དེའི་གནས་སྟངས་གང་འདྲ་ཆགས་ཡོད་པ་དང་། ཉིད་ཀྱིས་དེབ་དེ་དབྱིན་བསྒྱུར་ཞུ་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
ལན། བོད་གཞུང་དགའ་ལྡན་ཕོ་བྲང་དེ་ ༡༦༤༢ ནས་ ༡༩༥༩ ལོའི་བར་བསྡད་པ་རེད། དུས་ཡུན་རིང་པོར་བོད་དེ་བླ་མས་གཞུང་འཛིན་པ་དང་བླ་མས་དབུ་ཁྲིད་གནང་བ་རེད། འདི་ཆབ་སྲིད་ཐོག་ནས་གལ་ཆེན་པོ་ཞེ་དྲགས་རེད། ཡིན་ནའང་དེའི་སྐོར་བོད་པ་རང་གིས་བྲིས་པ་དང་ཕྱི་རྒྱལ་མིས་བྲིས་པ་རེ་ཟུང་ཡོད་ཀྱང་ཆ་ཚང་བ་ཞིག་དང་སྤུས་དག་མོ་ཞིག་མི་འདུག མ་རྟོགས་ལོག་རྟོགས་རིགས་སེལ་བའི་ཆེད་དུ་ང་རང་གི་བསམ་པར་རྒྱལ་དབང་ལྔ་པ་རང་གིས་བྲིས་བཞག་པའི་ཁོ་རང་གི་གཞུང་དེ་ཇི་ལྟར་བཙུགས་པ་དང་། སྐབས་དེར་གནས་ཚུལ་ག་རེ་བྱུང་བ། ཕོ་བྲང་པོ་ཏ་ལ་ཇི་ལྟར་བཞེངས་པ། རྒྱ་ནག་མན་ཇུ་གོང་མར་འབྲེལ་བ་བྱུང་སྟངས་དང་རྒྱལ་དབང་ལྔ་པ་པེ་ཅིན་དུ་ཕེབས་པའི་སྐོར་སོགས་བྲིས་ཡོད་པ་དེ་ཧ་ཅང་གལ་ཆེན་པོ་རེད་བསམ་ནས་བསྒྱུར་བ་ཡིན། དུས་རབས་བཅུ་བདུན་པ་ནས་བླ་མའི་གཞུང་འཛིན་པའི་གནས་སྟངས་དེ་ག་འདྲ་ཡོད་པ་རེད་ཟེར་ན། དབྱིན་སྐད་ནང་(Theocracy)ཟེར་བ་དེ་རེད། ཕྱི་རྒྱལ་མི་རིགས་ཚོར་སྐབས་དེར་བོད་པ་རང་ལ་གཞུང་ཡོད་པ་དང་དབུ་ཁྲིད་ཡོད་པ། དབུ་ཁྲིད་དེའང་ནང་པའི་ཆོས་པ་ཡིན་པ་མ་ཟད་ཆོས་པ་དེར་སྤྲུལ་སྐུ་ངོས་འཛིན་བྱེད་སྲོལ་ཡོད་པ་སོགས་ར་གསལ་བོ་སྤྲོད་དགོས་པ་གལ་ཆེན་པོ་རེད། སྐབས་དེར་གཞུང་དེའི་ཤུགས་རྐྱེན་སོག་པོ་སོགས་ལུང་པ་གཞན་པར་ཡང་ཞེ་དྲགས་ཐེབས་ཡོད་པ་རེད།
རྣམ་ཐར་དུ་ཀུ་ལའི་གོས་བཟང་ལ་པོད་ཆེན་པོ་གསུམ་ཡོད་པ་རེད། པོ་ཏི་དང་པོར་ཤོག་ངོས་ ༧༡༧ འདུག་པ་དེ་བསྒྱུར་ཚར་ནས་དཔར་སྐྲུན་བྱས་ཚར། པོད་གཉིས་པ་ད་ལྟ་བསྒྱུར་བཞིན་པ་ཡིན། ལོ་རྒྱུས་མང་ཆེ་བ་པོད་དང་པོའི་ནང་ཡོད་པ་རེད། ལྔ་བ་ཆེན་པོ་དགུང་ལོ་ ༥༥ བར་གྱི་ལོ་རྒྱུས་ཆ་ཚང་ཡོད་པ་རེད། རྒྱལ་དབང་ལྔ་པ་དེ་མི་ལ་སྐད་ཆ་འདྲི་རྒྱུར་དགའ་བོ་ཡོད་མཁན་ཞིག་དང་། ས་ཆ་གང་དུ་ཕྱིན་ཡང་ལག་ཏུ་ཤོག་བུ་དང་སྨྱུ་གུ་བསྣམས་ཕེབས་ཏེ། གང་དུ་བསྡད་ཀྱང་ལམ་སང་དེབ་འབྲི་མགོ་འཛུགས་མཁན་ཞིག་ཡིན་ས་རེད། སྐབས་དེར་གཙང་ནས་པེ་ཅིན་ལ་ཕེབས་སྐབས་ཀྱང་ལམ་བར་ནས་མང་པོ་བྲིས་འདུག རྒྱལ་དབང་སྐུ་ཕྲེང་གསུམ་པའི་རྣམ་ཐར་དེ་སྐབས་དེར་བྲིས་པ་ཡིན་ས་རེད། དེ་བཞིན་སྐུ་ཕྲེང་བཞི་པའི་རྣམ་ཐར་ཡང་སྐབས་དེར་འབྲི་མགོ་བཙུགས་ཡོད་ཀྱང་མཇུག་སྒྲིལ་ཐུབ་མི་འདུག
སྔོན་མ་ང་ལོན་ཌོན་དུ་བསྡད་པའི་སྐབས་སུ་རྒྱལ་དབང་ལྔ་པའི་དག་སྣང་པོ་ཏི་གཉིས་རེག་སོང་། པོ་ཏི་དེ་གཉིས་རྒྱལ་དབང་ལྔ་པ་ཁོ་རང་སྐུ་གཤེགས་པའི་སྐབས་སུ། སྐུ་མདུན་དུ་སྡོད་མཁན་དགེ་སློང་གཉིས་ཡོད་ས་རེད། ཁོ་རང་གཉིས་མ་གཏོགས་གཞན་སུ་གང་གིས་ཀྱང་ཧ་གོ་ཡོད་པ་མ་རེད་ཟེར་བའི་བཤད་ཚུལ་ཞིག་འདུག དག་སྣང་དེར་ལྷ་བྲིས་པ་དེ་ཚོས་ཞིང་བཀོད་འབྲི་སྐབས་རིང་དྲགས་འདུག ནང་དོན་འབྲི་ཐུབ་ཀྱི་མི་འདུག་བསྡུས་པ་ཞིག་འབྲི་རོགས་ཟེར་ནས་ཞུས་ཏེ་རྗེས་ལ་བསྡུས་པ་༼ མཐོང་བ་དོན་ལྡན༽ ཞུ་བ་ཞིག་བྲིས་ཡོད་ས་རེད། དེ་རྗེས་ལ་མི་ཞིག་གིས་གསེར་ཡིག་ཐོག་བྲིས་བཞག་པ་ཞིག་སུད་སིའི་ཚོང་པ་ཞིག་བརྒྱུད་ནས་ང་ལ་རེག་སོང་། དེ་གསེར་བྲིས་རྐྱང་པ་རེད། བུམ་པ་དང་དཀྱིལ་འཁོར། ཕྱག་མཚན་སྣ་ཚོགས་སོགས་ཀྱི་རི་མོ་མང་པོ་འདུག རི་མོའི་འབྲི་རྩལ་ཧ་ལས་དགོས་པ་ཞིག་རེད། ངས་དེ་ལ་ཞིབ་ལྟ་བྱས་སྐབས་༧གོང་ས་ལྔ་པ་ཆེན་པོའི་ཡིན་པར་དོགས་པ་མི་འདུག རྗེས་ལ་དེབ་དེ་དཔར་སྐྲུན་བྱས་པ་རེད།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
ཟུར་མཆན།
མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་ནི། མདོ་སྨད་ཤར་ཁོག་(ཟུང་ཆུ།)ཡག་གི་ཚོ་བ་བཞིའི་ཡ་གྱལ་ཀི་ཚལ་གྲོང་པའི་མཁར་རྨེའུ་ཚང་དུ་ཕ་ཚེ་དགའ་དང་མ་ཟིན་མོ་གཉིས་ལ་བུ་གཉིས་ཡོད་པའི་གཅེན་པོར་ ༡༩༣༦ ལོར་སྐྱེས། རང་ལོ་ ༨ ནས་གྲོང་པའི་ཉེ་འཁྲིས་སུ་ཡོད་པའི་དགོན་སྣ་སྟེང་ཞེས་པར་ཞུགས་ཏེ་རང་ལོ་ ༡༣ བར་བོན་སྒོ་བཞི་མཛོད་ལྔ་ནས་འབྱུང་བའི་ཆབ་དཀར་དྲག་པོ་སྔགས་ཀྱི་བོན་དང་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་ལུགས་ཀྱི་ཆོ་གའི་གྱེར་དབྱངས་འདོན་གསུམ་དང་གར་འཆམ་དཀྱིལ་འཁོར་ཐིག་རྩ་སོགས་ལ་སློབ་གཉེར་གནང་། རང་ལོ་ ༡༤ ནས་ ༡༩ བར་སྐྱང་ཚང་དགོན་པའི་སྒྲིག་འཚོགས་སུ་ཞུགས་ཏེ་རབ་བྱུང་བསྒྲུབས་ཏེ་མཚན་ལ་བསམ་གཏན་རྒྱལ་མཚན་དུ་གསོལ་ཞིང་། མཁས་པའི་དབང་པོ་བསྟན་འཛིན་བློ་གྲོས་རྒྱུ་མཚོའི་མདུན་ནས་རྩིས་དཀར་ནག་དང་སྒྲ་སྙན་ངག་སོགས་ལ་སློབ་གཉེར་དང་གནང་ཞིང་། སྐབས་དེར་སྡུད་གྲྭ་ནས་དབུ་མའི་བར་དང་རྩ་རླུང་དང་བཅུད་ལེན་འོད་གསལ་མུན་མཚམས་བཅས་ཀྱི་ཁྲིད་བླངས་ཏེ་ ༡༩༥༥ ལོར་དགེ་བཤེས་ཀྱི་མཚན་རྟགས་བཞེས།
༡༩༥༦ ལོར་རྒྱ་ནག་གླིང་ཆེན་འགྱིང་རིར་གནས་སྐོར་དང་འབྲེལ་ལྷ་སར་བསྐྱོད་ཅིང་། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ཏེ་བློ་རྟགས་ནས་ཚད་མའི་གཞུང་དང་དོན་བདུན་ཅུ། ཕར་ཕྱིན་སོགས་ལ་སློབ་གཉེར་གནང་། ༡༩༥༩ ལོར་བལ་ཡུལ་བརྒྱུད་རྒྱ་གར་དུ་འབྱོར་ཏེ་ཀ་བློན་སྦུག་དང་ལྡི་ལི་སོགས་སུ་བཞུགས་ཤིང་། ༡༩༦༡ ནས་ ༡༩༧༠ ལོའི་བར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་འཛམ་གླིང་ཤར་དང་ཨ་པི་རི་ཀའི་སློབ་གཉེར་ཁང་(School of Oriental and African Studies, University of London)དུ་བོད་ཆོས་ཞིབ་འཇུག་ལས་རོགས་ཀྱི་ཞོར་དུ་དབྱིན་སྐད་དང་སམ་སྐྲིཏའི་སྐད་བསླབས་ཏེ་ ༡༩༦༨ ལོར་ལོན་ཌོན་སློབ་ཆེན་ནས་མཚན་ཉིད་སློབ་དཔོན་(M.Phil)དང་། ༡༩༨༥ ལོར་མཚན་ཉིད་སློབ་དཔོན་ཆེན་མོ་(Ph.D)ཞེས་པའི་མཚན་རྟགས་བཞེས།
༡༩༧༢ ནས་ ༡༩༧༤ ལོའི་བར་ཧྥ་རན་སའི་རྒྱལ་ས་ཕ་རེ་སིའི་མཐོ་རིམ་སློབ་གཉེར་ཁང་(Ecole Pratique des Hautes Etudes)ཞེས་པར་ཆོས་རིག་ཞིབ་འཇུག་གི་ཕྱག་རོགས་དང་། ༡༩༧༥ ནས་ ༡༩༧༧ ལོའི་བར་ཉི་ཧོང་རྒྱལ་ས་ཊོ་ཁེཡོ་ཤར་ཕྱོགས་དཔེ་མཛོད་ཁང་(Toyo Bunko)དང་གཙུག་ལག་སློབ་གྲྭ་(University of Tokyo)གཉིས་ཀྱི་དཔེ་ཆའི་དཀར་ཆག་བསྒྲིགས། ༡༩༧༧ ནས་ ༡༩༨༠ ལོའི་བར་ཧྥ་རན་སིའི་མཐོ་རིམ་སློབ་གྲྭ་(College de france)ཞེས་པར་བོད་ཀྱི་ཆོས་དང་རིག་གནས་ཞིབ་འཇུག་གི་ལས་རོགས་ཞུས། ༡༩༨༡ ལོ་ནས་ཕ་རེ་སིའི་རྒྱལ་ཡོངས་ཚན་རིག་ཞིབ་འཇུག་ཁང་(Centre National de la Recherche Scientifique,CNRS)ཞེས་པས་རང་སྐྱ་ཐུབ་པའི་ཞིབ་འཇུག་(Charge de Recherche)ཞེས་པའི་གོ་གནས་བསྩལ་བ་ལྟར། སྤྱི་ཚོགས་རིག་གནས་དང་མི་རིགས་རིག་པའི་ཞིབ་འཇུག་ཁང་(Laboratoire d’ ethnologie et de sociolofie comparative)ཞེས་པར་ཞིབ་འཇུག་གི་ཕྱག་ལས་གནང་ཞིང་། ༡༩༨༩ ལོར་(CNRS)ནས་ཞིབ་འཇུག་གྲུབ་འབྲས་གཟེངས་ཐོན་གྱི་དངུལ་རྟགས་ཐོབ་ཅིང་། དེ་དང་མཉམ་དུ་ཞིབ་འཇུག་དབུ་ཁྲིད་(Director of Research)ཞེས་པའི་གོ་གནས་བསྩལ་ཡོད།
༡༩༩༦ ནས་ ༢༠༠༢ ལོའི་བར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོའི་ལས་འགན་སོགས་བཞེས་ཡོད་ཅིང་། ད་ལྟ་རྒན་ཡོལ་ཞུས་ཏེ་ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར་བཞུགས་མུས་ཡིན། ཁོང་གིས་དེ་སྔ་༼ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།༽དབྱིན་ཡིག་ཐོག་བསྒྱུར་བ་དང་། བོད་རྒྱལ་གཉའ་ཁྲི་བཙན་པོ་དང་ཞང་ཞུང་། གཡུང་དྲུང་བོན་བཅས་ཀྱི་སྐོར་ནས་དཔྱད་རྩོམ་མང་པོ་ཧྥ་རན་སིའི་ཡི་གེ་དང་དབྱིན་ཡིག་ཐོག་བྲིས་ཡོད་པ་དང་། རྒྱལ་དབང་ལྔ་པའི་རྣམ་ཐར་༼དུ་ཀུ་ལའི་གོས་བཟང་།༽དབྱིན་ཡིག་ཐོག་བསྒྱུར་ཡོད། ༢༠༠༧ ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་༼མདའ་དང་འཕང་།༽ཞེས་པའི་སྟོད་སྨད་གཉིས་པར་དུ་བསྐྲུན།
ངས་ནི། སངས་རྒྱས་ཀྱི་གསུང་ངམ། ནང་ཆོས་ལ་དགག་པ་དང་། ཟུར་ཟ་སུས་བྱས་ཀྱང་། ངས་གང་ཤེས་ཀྱིས་དགག་པ་བྱ་རྒྱུ་དེ། ངའི་ལས་འགན་ཅིག་ལ་རྩི་བཞིན་ཡོད་པས། ཐོག་མ་ཉིད་ནས་དྲ་གྲོགས་ཀུན་གྱིས་དགོངས་འཚལ།།
་་་་་་་་་་ དེ་བཞིན། སྟོན་པ་ཤཱཀྱ་ཐུབ་པའང་ཐོག་མ་དེ་འདྲ་རེད། གོ་ཏ་མ་ཟེར་ན་སྤྱིར་བཏང་གི་མི་ཞིག་རེད། སྟོན་པ་མྱ་ངན་ལས་འདས་ཏེ་ལོ་ ༢༠༠ ལྷག་གི་རྗེས་ལ་ཐེག་པ་ཆེན་པོའི་ཆོས་དར་ཏེ་ཤཱཀྱ་ཐུབ་པར་མཚན་བཟང་པོ་སུམ་ཅུ་སོ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ཟེར་བ་སོགས་བྱུང་བ་རེད། ་་་་་་་་་ ཟེར།
་་་་་་་་ ཡང་བོན་གཞུང་ནང་གི་གནས་ཚུལ་ཚང་ན་བོད་པ་རང་གི་བསམ་ཚུལ་རེད་དམ་ཟེར་ན། དེ་ཡང་མ་རེད་བསམ་གྱི་འདུག ཐེག་པ་རིམ་དགུ་ལས་བཞི་པ་བར་མ་གཏོགས། གཞན་པ་དེ་ཚོ་ནང་པའི་གཞུང་གི་གསང་སྔགས་ཀྱི་ཐེག་པའི་འགྲོ་སྟངས་དང་འདྲ་བོ་ཆགས་ཡོད་པ་རེད། ་་་་་་་་་
་་་་་་་་་ བོད་པའི་ཁས་པ་ཁ་ཤས་ཀྱིས་དེ་ལ་རྩོད་པ་བརྒྱབ་པ་རེད་དེ་བྱུང་མ་སོང་། རྗེས་སུ་ངས་དེ་ལ་ལན་ཞིག་བརྒྱབ་པ་ཡིན། བོད་ཟེར་བ་དེར་ལོ་ངོ་སྟོང་ཕྲག་གཉིས་དང་གསུམ་གྱི་ལོ་རྒྱུས་ཡོད་པ་མ་ཟད། མི་རིགས་ལོགས་ཀ་དང་ས་ཁོངས་ལོགས་ཀ་ཡོད་པ་རེད། དེ་ལ་སྐད་ཡིག་རིག་གཞུང་དང་། རྒྱལ་རབས་ལོ་རྒྱུས་ཆ་ཚང་བ་ཞིག་ཡོད་པ་རེད། འདི་དག་བོད་རིག་པ་རེད་ཅེས་ལབ་པ་ཡིན། ་་་་་་་་་
་་་་་་་་་ ལན། དེ་བདེན་པ་རེད། གཙོ་བོ་བོད་པའི་ཆོས་ལུགས་དང་དགོན་སྡེའི་ཤུགས་རྐྱེན་ཐེབས་པ་རེད། ༡༦༤༢ ལོ་ནས་དགའ་ལྡན་ཕོ་བྲང་བཙུགས་པ་དང་། དུས་དེ་ནས་དགེ་ལུགས་པའི་བསྟན་པ་ཧ་ཅང་རྒྱ་ཆེན་པོ་དར། བོད་པའི་མི་འབོར་བརྒྱ་ཆ་བརྒྱད་ཅུ་དགུ་བཅུ་གྲྭ་བ་རེད། ་་་་་་་་་་
་་་་་་་ རྒྱ་དཀར་ནག་དང་སོག་པོའི་ཤུགས་རྐྱེན་དག་འཕུད་པའི་བོད་རང་ལ་ག་རེ་ཡོད། ་་་་་ དྲི་བ་འདིས། ང་ང་ཅུང་ཟད་འཐོམ་ཏུ་བཅུག་སོང་།
བོད་ཀྱི་ཆོས་དེ་གཞན་གྱི་ཆོས་ཡིན་སྲིད་ཀྱང་། གཞན་པ་ཐམས་ཅད་གཞན་ནས་འོངས་ས་མེད་སྙམ་པ་ཙམ་ལས་ལན་ཐད་ལྡན་མི་འདུག་གོ
ལོ་རྒྱུས་མཁས་ཆེན་འདི་འདྲ་ཞིག་ལ་ལོ་རྒྱུས་ལ་གོ་བ་གང་འཚམས་ཡོད་མཁན་ཞིག་གིས་དྲི་བ་བཏང་ཡོད་ན་ཡག་པོ་ཡོང་གི་རེད། ལོ་རྒྱུས་མཁས་པ་ཚོར་དྲི་བ་གཏོང་དུས་ཐོག་མར་ལོ་རྒྱུས་ནང་གི་གནད་དོན་སོམ་འཇོག་ཏུ་ལུས་པ། མ་དག་རྒྱུད་འབྱམས་ཆགས་པ་ཁ་ཤས་གསལ་བོ་བཟོ་དགོས་པའི་ཀུན་སློང་སྔོན་དུ་བཏང་། སྐབས་ཐོག་བཀའ་ལན་གནང་སྟངས་ལ་གཞིགས་ནས་འཕྲོས་དོན་དྲི་བས་ལམ་ནས་དོགས་གཅོད་བྱེད་ཐུབ་པ་ཞིག་བྱུང་ན་ཡག་གི་རེད། དེ་མིན་དྲི་བ་འདི་དག་ནི་ཡིག་ཐོག་ནས་བཏང་བ་དང་མི་དངོས་སུ་བཅར་བ་གཉིས་ལ་ཁྱད་པར་མེད་པ་ཆགས་བསྡད་འདུག གཞི་རྩའི་ཆ་ནས་ཡག་པོ་རེད། དུས་བབ་གསར་ཁང་གིས་འཇོན་གི་ཡོད་ན་ཁོང་ལྟ་བུའི་མཁས་པ་ཁ་ཤས་དང་གཞོན་སྐྱེས་ཤེས་ཡོན་ཅན་བཅས་བཅོ་ལྔ་ལྷག་ཙམ་ལ་བོད་ཀྱི་ལོ་རྒྱུས་སོགས་ཀྱི་སྐོར་བགྲོ་གླེང་ཞིག་གོ་སྒྲིག་གནང་ཐུབ་ན་ཡག་གི་རེད། དེ་དུས་དྲི་བ་གཏོང་སྟངས་ལ་ལྟ་ཡ་ཞིག་ཏན་ཏན་ཡོད་པ་རེད།
་་་་་་སྟོན་པ་མྱ་ངན་ལས་འདས་ཏེ་ལོ་ ༢༠༠ ལྷག་གི་རྗེས་ལ་ཐེག་པ་ཆེན་པོའི་ཆོས་དར་་་་་་
འདི་དང་།
་་་་་་ བོད་པའི་མི་འབོར་བརྒྱ་ཆ་བརྒྱད་ཅུ་དགུ་བཅུ་གྲྭ་བ་རེད། ་་་་་་་་་་
ཞེས་གསུངས་པ་འདི་གཉིས་བདེན་ནམ། ལགས།
རེད་ཡ། བརྒྱ་ཆའི་བརྒྱད་དགུ་ཡིན་རྒྱུ་རེད། བརྒྱ་ཆའི་བརྒྱད་བཅུ་དགུ་ཅུ་ཡིན་ས་འགྲོ་ཀི་མ་རེད། །
དང་པོར།གསང་སྔགས་རྡོ་རྗེ་ཐེག་པ་ཕར་ཞོག ཐེག་ཆེན་བྱང་ཆུབ་ཀྱི་སེམས་སྐོར། སངས་རྒྱས་ཀྱིས་མ་གསུངས་པར། སངས་རྒྱས་འདས་ནས་ལོ་ཉི་བརྒྱའི་རྗེས་སུ་དར་བར་འདོད་ན། བྱ་རྒོད་ཕུང་པོ་རིར་ཐེག་ཆེན་པའི་ཆོས་སྤྱི་ཤེས་སྙིང་སོགས་མ་གསུངས་ཐལ་ལོ། །
གཉིས་པར། རང་བྱུང་གསུངས་པ་འདི་ཉེ་བའམ། ཡང་ན། ཡིག་ཐོག་ཏུ་ཕབ་དུས་ནོར་བ་ཡིན་པ་ཡང་སྲིད།
མཁས་པའི་གསུང་སྟངས་མངོན་པར་བསྟོད།
རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་འདི། ༡༩༧༩ ལོར་དབྱིན་ཡུལ་ཨོ་ཁུ་སི་ཧྥོ་ཌི་གཙུག་ལག་སློབ་གྲྭར་རྒྱ་གར་བོད་དང་འབྲུག ཧི་མ་ཡའི་རིག་གཞུང་གི་ལོ་རྒྱུས་དགེ་རྒན་ཆེན་མོ་སྐུ་ཞབས་མེལ་ཁེལ་ཨ་རི་སི་ (Michael Aris )ལགས་ཀྱིས་ཐོག་མར་མགོ་འཛུགས་གནང་ཡོད་པ་དང་། ཁོང་ནི་དེང་སང་འབར་མ་རྒྱལ་ཁབ་གྱི་ལྕམ་ཨན་སེང་སུ་ཀེ་ལགས་ཀྱི་སྐུ་ཟླ་ཡིན་ཞིང་། ༡༩༩༩ ལོ་སྟེ་དགུང་ལོ་ ༥༣ སྟེང་སྐྲན་ནད་ན་ནས་གྲོངས་ཡོད་འདུག འོན་ཀྱང་ཁོང་གིས་ཁོ་རང་མི་ཤི་སྔོན་དུ་ཨོ་ཁུ་སི་ཧྥོ་ཌི་གཙུག་ལག་སློབ་གྲྭའི་ནང་དུ་བོད་དང་ཧི་མ་ཡའི་རིག་གཞུང་ཆེད་སྦྱོང་བསྟི་གནས་ཁང་ཞིག་གསར་འཛུགས་བྱས་འདུག ཁོ་རང་གི་མཚེ་མ་སྤུན་མཆེད་ཨན་ཐའོ་ནེ་ཨ་རི་སི་(Anthony Aris)ལགས་ཀྱང་བོད་རིག་པ་ཞིག་ཡིན་འདུག
གོང་དུ་”དབྱིན་སྐད་ནང་ International Assocaition of Tibet Study ” ཟེར་བ་གོ་མྱོང་མེད། ཕལ་ཆེར་International Association For Tibetan Studies འདི་ལ་ཟེར་གྱི་ཡོད་པ་འདྲ།
“ཡོངས་ཁྱབ་ཏུ་དབྱིན་སྐད་ནང་(Tibetological)ཟེར་” བོད་རིག་པ་ཟེར་ན་དབྱིན་སྐད་དུ་ Tibetology རེད། Tibetological བོད་རིག་པའི་ཞེས་འབྲེལ་སྒྲ་ཡོད་པར་གོ་དགོས།
སྟོན་པ་ཡེ་ཤེས་Tesus Christ ཟེར་བའི་དབྱིན་ཡིག་ནང་Jesus Christ་འདི་འདྲ་རེད།
ལོ་རྒྱུས་ཡིག་ཆའི་ནང་དུ་སྲོང་བཙན་སྒམ་པོ་བྲིས་འདུག
ད་མང་གི་ཡ། ངལ་གསོ་རྒྱག་གི་ཡིན།
ནང་པའི་རྒྱལ་ཁབ་གཞན་གྱི་ནང་གསང་བསྔགས་མེད་པ་མ་གཏོགས་ཐེག་པ་ཆེན་པོ་ཡོད་པ་གསལ་པོ་རེད། ཤེར་ཕྱིན་ཡོད་ཀི། དེང་དུས་པཱ་ལའི་སྐད་དུ་མདོ་འདོན་འདོན་མཁན་དགེ་འདུན་པ་མང་བོ་འདུག ཉི་ཧོང་ན་ཕ་དམ་པ་ནས་བརྒྱུད་པའི་ཞི་བྱེད་ཀྱང་འདུག ད་མེད་པ་ཞིག་ནི་གསང་སྔགས་ཀྱི་ཆོས་སྐོར་དང་ཡི་དམ་གྱི་ལྷ་མང་པོ་དེ་འདྲ་བོད་ན་མ་གཏོགས་ནང་པའི་རྒྱལ་ཁབ་གཞན་ལ་མི་འདུག བོད་ཀྱི་གསང་སྔགས་དང་རྒྱ་གར་བས་མུ་སྟེགས་པའི་གསང་སྔགས་གཉིས་འདྲ་བོ་ཡོད་ས་རེད། །
གལ་ཏེ་མུ་སྟེགས་པའི་ཉམས་ལེན་ལ་བྱམས་སྙིང་བྱང་ཆུབ་ཀྱི་སེམས་རྩལ་དུ་བཏོན་ནས་གསང་སྔགས་ཉམས་སུ་ལེན་ཀྱིན་ཡོད་ན་བོད་ཀྱི་སྔགས་དང་ཁྱད་པར་མེད་པ་ཆག་པ་རེད། །
ཡ་ཡ། ད་ཚོང་པ་ཐེབས་ཆག་ཅིག་གི་ཚོང་གཏམ་པ་བཞིན། ཐོག་མར་བོན་པོ་ཡིན་ཟེར་མཁན་ཚོས་ཁོང་ཚོའི་གཤེན་རབ་ལོ་ཁྲི་གསུམ་གྱི་གོང་དུ་འཁྲུངས་པ་རེད་ཟེར། དེ་ནས་ཆིག་ཁྲི་བརྒྱད་སྟོང་གི་གོང་ལ་འཁྲུངས་པ་རེད་ཟེར། དེ་ནས་ལོ་ངོ་སུམ་སྟོང་གི་གོང་ལ་འཁྲུངས་པ་རེད་ཟེར། དེ་ནས་ཉིས་སྟོང་ལ་ལྷུང་། ད་དུས་རབས་དྲུག་པ་བདུན་པ་ཞིག་ལ་མར་ལྷུང་སོང་། རྫུན་ཨ་བྲ་གཉིས་ཀ་རྔ་མ་ཐུང་ཟེར་བ་དེ་འདི་འདྲ་རེད། ཉིན ཞིག་ལ་དུས་རབས་བཅུ་པའི་རྗེས་ལ་འཁྲུངས་པ་རེད་ཟེར་ཡོང་ངེས་རེད།
གྲུབ་མཐའི་ཞེན་གོག་ཅན་ཚང་མའི་མགོ་ལ་ཐོག་མདའ་ཆེན་པོ་ཞིག་རྒྱབ་འདུག ཧ་ཧ་ཧ་་་་་
༄༅། ། ཞིབ་འཇུག་བྱས་གྱིན་དགའ་སྡུག་གཉིས་ཀྱི་ཚོར་བ་བྱུང་། འཁོར་བ་སྡུག་བསྔལ་པ། འདུས་བྱས་མི་རྟག་པར་བསམ་ན་སྡུག་དོན་ཡང་མེད་མོད། སྐབས་རེར་བོད་ཀྱི་དབང་བསྒྱུར་པ་རྣམས་ཀྱི་མཛད་པ་མཐོང་དུས་སེམས་སྐྱོ་བ་ཡང་སྐྱེ་འདུག ༡༽ ཆོས་ལུགས་བསྒྱུར་བཅོས། བོན་པོ་རྣམས་བན་དྷེས་བསྒྱུར། ས་སྐྱ་དང་ཕག་གྲུ་འཁྲུགས། ས་སྐྱ་དང་འབྲི་གུང་འཁྲུགས། ཀརྨ་བཀའ་བརྒྱུད་དང་དགེ་ལུགས་འཁྲུགས། དགེ་ལུགས་ཀྱིས་ཇོ་ནང་དང་བཀའ་བརྒྱུད་བཅོམ། དབང་ཤུགས་གང་ཆེ་བ་དེས་ཆུང་བ་རྣམས་བཅོམ། སྟོབས་འབྱོར་དང་དབང་ཐང་ཆེ་བའི་བླ་དཔོན་ཚོས་གྲུབ་མཐའ་གཞན་བསྒྱུར་ཅི་ཐུབ་བྱས། དེའི་དོན་དུ་མི་སེར་འཁྲུགས། རྒྱབ་རྩ་ལ་དཔོན་པོ་ཚོ་ལང་། མི་གསོད་ཁྲག་སྦྱོར་ཀྱི་བྱ་བ་སྣ་ཚོགས་བརྩམས་འདུག ༢༽ལོ་རྒྱུས་ལ་དཔག་པའི་ཚོད་འཛིན་དགོས། ཆོས་རྒྱུན་སོ་སོ་རང་ཚུགས་ཡོད་པར་བྱས་ནས་རིང་ལུགས་བསྐྱངས། བླ་ཆེན་ཚོས་གཞན་བྲན་གཡོག་ཏུ་བསྡུ་པའི་བྱ་སྤྱོད་དོར་དགོས་པ་གལ་ཆེ། ཉེ་ཆར་༧སྐྱབས་མགོན་འབྲུག་ཆེན་གྱིས་ཡོངས་ཁྱབ་ཀྱི་ཡི་གེ་ཞིག་ཏུ་ཀརྨ་བཀའ་བརྒྱུད་པ་འགའ་རེས་འབྲུག་པའི་དགོན་པ་ཆོས་རྒྱུན་བསྒྱུར་བ་བྲིས་འདུག དེ་བདེན་ན་༧ཀརྨ་པས་ཀྱང་དུས་དང་མཚམས་པའི་བཀའ་སློབ་གནང་དགོས་པར་འདུག གཅིག་བྱས་ན་འབྲུག་པ་བཀའ་བརྒྱུད་པ་དེ་ཚོའི་རང་ཚུགས་མ་ཟིན་པ་ཡིན་པས་གཞན་ལ་འཁང་ར་བྱེད་རྒྱུ་ཡང་ལྷག་མེད། རང་ལ་གཏད་སོ་མེད་པའི་མཚང་རྗེན་པར་བཏོན་ནས་ཆོས་ཀྱིས་ཕོང་འདུག ནོར་གྱིས་ཕོང་འདུག་སྙམ་སྟེ་འཇུ་ས་ཅི་རྙེད་བྱས། བླ་ཆེན་ཞིག་སླེབས་པ་དང་རང་ཉིད་སུ་ཡིན་མ་ཤེས་པར་མགོ་འབུལ་ལུས་འབུལ་བྱས་པ་ཡིན་སྲིད། ༣༽ཆོས་ལུགས་རིས་མེད། ༧གོང་ས་མཆོག་གིས་བཞེད་པ་བཞིན་རང་ལུགས་གཞིར་བཟུང་གིས་གཞན་ལ་དག་སྣང་སྦྱང་བ་གལ་ཆེ་མོད། རང་གི་ཆོས་རྒྱུན་དང་རྩ་བའི་བླ་མ་ཡང་མི་བརྩི་བར་གྲགས་པའི་རྗེས་སུ་འབྲངས་སྟེ་རང་ལུགས་ཀྱི་ཆོ་ག་རོལ་དབྱངས། ལྟ་གྲུབ་སོགས་མི་དམིགས་པའི་དབྱིངས་སུ་སྐྱེལ་བ་ནི། དཔལ་སྤྲུལ་རིན་པོ་ཆེའི། གཉིས་དོན་མི་འགྲུབ་འདུ་བ་བྲེལ་ལིང་ལིང་། །ཟེར་བ་དེ་མིན་ནམ། །
དགའ་ཐང་འབུམ་ཆེའི་ཡིག་རྙིང་ལྟར་ན་གཤེན་རབ་མྱི་བོ་ཡབ་བླ་བདལ་དྲུག་གི་སྐབས་སུ་ཡོད་པ་གསལ་འདུག ཏུན་ཧོང་ཡིག་རྙིང་དང་འདི་གཉིས་རྙིང་ཚད་ཀྱི་ཆ་ནས་གཅིག་མཚུངས་ལྟ་བུ་རེད། འོན་ཀྱང་ཏུན་ཧོང་ཡིག་རྙིང་དུ་ཁོང་བྱུང་བའི་དུས་ཚོད་གསལ་པོར་བཀོད་ཡོད་མེད་མི་ཤེས། མཁར་རྨེའུ་ལའང་ཐག་ཆོད་པ་ཞིག་བཤད་རྒྱུ་མི་འདུག གལ་སྲིད་ཡོད་ན་འདི་གལ་ཆེན་པོ་ཞིག་རེད།
ཁར་རྨེས།་་་་་་༼རྒྱལ་དབང་ལྔ་པའི་དག་སྣང་པོ་ཏི་གཉིས་རེག་སོང་། པོ་ཏི་དེ་གཉིས་རྒྱལ་དབང་ལྔ་པ་ཁོ་རང་སྐུ་གཤེགས་པའི་སྐབས་སུ། སྐུ་མདུན་དུ་སྡོད་མཁན་དགེ་སློང་གཉིས་ཡོད་ས་རེད། ཁོ་རང་གཉིས་མ་གཏོགས་གཞན་སུ་གང་གིས་ཀྱང་ཧ་གོ་ཡོད་པ་མ་རེད་ཟེར་བའི་བཤད་ཚུལ་ཞིག་འདུག༽དག་སྣང་རྒྱ་ཅན་ཉེར་ལྔ་ཆོས་ཀྱི་བདག་པོ་ཕལ་ཆེ་བ་ལ་ཐོབ་པས་མི་གཉིས་ཙམ་གཏན་ནས་མིན། རྒྱ་ཅན་ཉེར་ལྔ་རྒྱལ་དབང་ལྔ་བ་ཞལ་བཞུགས་དུས་ནས་ཆོས་རྒྱུན་བཞི་ཀ་ལ་ཁྱབ་ནས་ཡོད། ཁོང་རང་ནས། སྨིན་གླིང་གཏེར་ཆེན། རྡོ་བྲག་རིག་འཛིན་ཅེན་པོ་པདྨ་འཕྲིན་ལས། སྡེ་སྲིད་སངས་རྒྱས་རྒྱ་མཚོ། ས་སྐྱ་ལ་ཞ་ལུ་བློ་གསལ་བསྟན་སྐྱོང་། དེ་བཞིན་དར་མོ་སྨན་རམ་པ་སོགས་མི་ཉུང་བ་ཡོད་དོ། །དེ་བཞིན་དཔེ་རིས་ཀར་རྨེ་བསམ་གཏན་གྱིས་པར་ཏུ་བསྐྲུན་པ་ཡང་གཅིག་པོ་མིན་པར། འབྲས་སྤུང་དཔེ་མཛོད་ཁང་། ཧི་མ་ལ་ཡི་ནང་བསྟན་རིག་མཛོད། ཨ་མདོ་བཀྲ་ཤིས་འཁྱིལ། རྡོ་བྲག་དགོན། ཕྱི་སོག་གི་དཔེ་མཛོད་ཁང་སོགས་སུ་ཤིན་ཏུ་སྤུས་དག་ཡོད་དོ།
མཁས་དབང་མཁར་རྨེའུ་མཆོག་མཐོང་རྒྱ་ཐོས་རྒྱ་ཆེན་པོ་ཡིན་སྟབས་གསུངས་སྟངས་ཧ་ཅང་ཡག་པོ་འདུག ཆོས་ལུགས་ཕྱོགས་ཞེན་འཐེན་འཁྱེར་འཇིགས་སྐུལ་བ་ཚོའི་མགོ་ལ་ཐོག་སེར་འབེབས་པ་ཇེ་མང་ནས་ཇེ་མང་རེད། ཁོང་གིས་གསུངས་པ་ལྟར། བོན་པོ་ཡིན་ཟེར་ནས་སྟག་ལྷ་མེ་འབར་སོགས་འདོན་བཞིན་དམར་མཆོད་གཏོང་མཁན་དེང་སང་ཡོད་ཚུལ་ཁོང་རང་གིས་མཐོང་ཚུལ་གསུངས་པ་དེ་ཡང་ཧ་ཅང་གནད་འགག་ཅིག་རེད། དེ་ཡིན་ན་ངོ་མ་ད་ལྟའི་བོན་ཟེར་བ་དེ་དང་གདོད་མའི་བོད་ཀྱི་སྲོལ་རྒྱུན་བར་ལ་འབྲེལ་བ་ཞིག་ཡོད་པ་སྟོན་གྱི་ཡོད་པ་ཡིན་ནམ་སྙམ། ཡང་བན་རྒན་བོན་རྒན་ཚོས་དམར་མཆོད་འགོག་ཁུལ་མ་བྱེད་རོགས། སྔོན་མ་འབྲུག་གི་བོན་པོ་ཚོར་དམར་མཆོད་གཏང་སྲོལ་ཡོད་པ་དེ་ཀོང་པོ་བདུད་འཇོམས་ཀྱིས་གནོན་ཤུགས་འོག་ལ་འཚམས་བཞག་ཚུལ་གྱི་ལོ་རྒྱུས་འདུག སྟོན་པ་དང་བསྟན་པ་ག་གེ་མོ་དང་ཆེ་གེ་མོ་ཟེར་བའི་མིང་བྱང་རྫིགས་པོ་ཁྱེར་ནས་གནའ་བོའི་སྲོལ་བསྣུབ་སྲོལ་དེ་ཨི་ཟི་ལམ་གྱི་ལུགས་འཛིན་པ་ཚོའི་བྱེད་སྟངས་དང་མཚུངས་པ་ཡིན་པས་ཆོས་ལུགས་གང་ཡིན་ཡང་དེ་ཉམས་སུ་ལེན་པའི་ཐོབ་ཐང་ཡོད་པ་ཤེས་དགོས། གཤེན་རབ་ཟེར་བ་ཞིག་ངོ་མ་བྱུང་མྱོང་ཡོད་སྲིད། ཡིན་ན་ཡང་། ད་ལྟའི་བོན་པོ་ཟེར་བའི་དུས་རབས་བཅུ་པ་བཅུ་གཅིག་པའི་རྗེས་ལ་བྱུང་བའི་དགོན་པ་གྲྭ་བ་ཡོད་མཁན་གྱི་ཚོགས་པ་དང་མི་སྣ་འདི་ཚོས་ཡར་འཐེན་མར་འཐེན་བྱས་ནས་གཤེན་རབ་མྱི་བོ་ལྷ་སྒྲུང་ངོ་མ་ཞིག་ཏུ་བཟོས་བཞག་སྟབས་རྙེད་ཁག་པོ་འདུག
མཁས་དབང་མཆོག་གིས་གང་གསུངས་པ་བརྒྱ་ཆ་དགུ་བཅུ་གོ་དགུ་དེ་རྣ་བའི་བུ་རམ་ངོ་མ་རེད། ཡིན་ན་ཡང་། ཞང་ཞུང་ལ་སྲོང་བཙན་སྒམ་པོས་བཙན་འཛུལ་བྱས་ནས་ཞང་ཞུང་གི་སྐད་བོར་བརླགས་སོང་ཟེར་བ་ལྟ་བུ་ལ་གོ་ནོར་ཐེབས་ཉེན་འདུག་པས་འདིར་གསལ་བཤད་ཅིག་བྱ། ཞང་ཞུང་ནི་བོད་ཀྱི་ཆ་ཤས་རེད། ཞང་ཞུང་། འ་ཞ། སུམ་པ། མི་ཉག་བཅས་ནི་བོད་ཀྱི་རུས་རྒྱུད་མི་འདྲ་བ་བཞིའི་མི་མང་འདུས་སྡོད་ཀྱི་ས་ཁོངས་ཡིན་པས་རུས་རྒྱུད་རྐྱང་པའི་ས་ཁུལ་ཡིན་མོད་བོད་མ་ཡིན་པ་ཞིག་གཞི་ནས་བོད་དུ་བསྒྱུར་བ་མ་རེད། སྤྱིར་ན་མི་ཉག་ལ་ལོག་སྐད་ཡོད་པ་བཞིན་ཞང་ཞུང་ལ་ཡང་དེ་ལྟ་བུའི་ལོག་སྐད་ཡོད་སྲིད་ན་ཡང་དེ་ནི་བོད་སྐད་ཡིག་རང་ཡིན་པ་མ་གཏོགས་སྐད་ཁྱིམ་གཞན་ལ་གཏོགས་པ་ལྟ་བུ་ནི་མིན། མི་ཉག་གི་སྐད་ལ་ཡང་ནོར་ཕྱུག་ལ་ཁལ་མ་ཟེར་བ་དེ་གནའ་ནས་གཡག་ནི་ཁལ་འགེལ་ས་ཡིན་སྟབས་ཁལ་མ་ཞེས་བཏགས་པ་ལྟ་བུ་མིང་ཚིག་འབོད་སྟངས་མ་འདྲ་བ་ཙམ་ལས་སྐད་ཡིག་ལོག་ཁ་ཤིག་མ་རེད།
བན་དེས་རང་སྐྱོན་སྦས་ནས་བཤད་ཚུལ་ལྟར་ན། ཆོས་་་ཟེར་པའི་མིང་ཚིག་འདི་རང་སེམས་བསྒྱུར་བཅོས་བྱས་པ་དང་བཟོ་བཅོས་བྱས་པ་སོགས་ལ་གོ་དགོས་རབས་ཤིག་དུས་རྒྱུན་སང་སང་སེང་སེང་ལ་གླེང་བཞིན་འདུག་མོད། དེ་ཡང་འདི་ལྟར། བཅོས་་འདས་པ། འཆོས་་ད་ལྟ་བ། བཅོ་་མ་འོངས་པ།། ཆོས་་བསྐུལ་ཚིག། བཤད་ཚུལ་འདི་གྲ་འགྲིག་པོ་ཞིག་འདུག་གམ། བོད་ཀྱི་མིང་ཚིག་འདི་ཚོ་ལས་་ཆོས་་ཅེས་པ་དེ་བྱུང་རབས་ཤོད་ཀྱི་ཡོད་པ་རེད། དེ་དངོས་གནས་བྱས་ན་བདེན་པ་ཨ་ཡིན་ནམ། དོན་ངོ་མ་་་ཆོས་་ཆེས་པའི་མིང་ཚིག་འདི་རྒྱ་མིའི་སྐད་ཀྱི་་་ཅའོ་་་ཞེས་པའི་མིང་ཚིག་དེ་ནས་བྱུང་བ་ཞིག་ཡིན་པཏ་སྙམ། དཔེར་ན། བན་ཅའོ། བོན་ཅའོ། ཏཱའོ་ཅའོ། ཞེས་རྒྱ་སྐད་ལ་གླེང་བཞིན་པ་དེ་བོད་པས་་ཆོས་་ཅེས་སུ་གོ་རྒྱུ་ཡོད་པ་ཞིག་བཟོས་པ་ཡིན་པར་སེམས། དགོངས་ཚུལ་གང་ཡོད་དམ། །
རྒྱ་རྒྱ་ཡུལ། བོད་བོད་ཡུལ། དེ་བཞིན་ཆོས་དང་དད་པ། བན་དང་བོན་རང་སར་བཞག་ན་དེ་ལ་གནད་ཆེན་པོ་ཞིག་ཡོད་ངེས། དེ་མིན་དད་པ་ཁ་ལ་འཁྱེར་ཅིང་མ་ཤེས་ཤེས་མདོག་བྱས་ནས་གཞན་ལ་རྒོལ་རྒྱུ་དེ་མི་ཡོང་བའི་རེ་བ་ཡོད།
སྔོན་མ་བོད་ཅེས་པ་དེ་ས་ཁོངས་ཆུང་ཆུང་ཞིག་ལས་མེད་ཀྱང་། དུས་རབས་བདུན་པ་ཙམ་ནས་གཡས་གཡོན་གྱི་རྒྱལ་ཁབ་ཆུང་ངུ་རྣམས་དབང་དུ་སྡུད་འགོ་བཙུག་སྟེ་བོད་ཀྱི་ས་ཁྱོན་ཇེ་ཆེར་སོང་བ་དང་། ཞང་ཞུང་སོགས་རྒྱལ་ཁབ་གཞན་པ་དེ་དག་གི་སྐད་དང་ཡི་གེ་རིག་གཞུང་བཅས་རྩ་མེད་བཏང་སྟེ། ད་ལྟ་བོད་དང་ཞང་ཞུང་དབྱེར་མེད་རོ་གཅིག་ཏུ་གྱུར་ཡོད་པ་མངོན་གསལ་རེད།
དྲི་བ་དྲིས་ལན་ཧ་ཅང་གཏིང་ཟབ་མོ་གནང་འདུག གསར་འགོད་པར་ཐུགས་རྗེ་ཤིན་ཏུ་ཆེ་ཞུ་བཞིན་ཡོད། རྡ་རམ་ས་ལའི་གསར་འགོད་པ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཏུ་སྔོན་མ་ནས་མཐོང་གི་ཡོད་ལ་མ་འོངས་པར་ཡང་ཆབ་སྲིད་རྐྱང་པ་ལས་ཤཻས་ཡོན་རིག་གནས་དང་རྒྱལ་རབས་ལོ་རྒྱུས་སྐོར་ནས་མི་ལ་ཕུགས་རྒྱང་རིང་པོར་ཕན་ཐོགས་ཡོད་པ་དེ་འདྲའི་གསར་འགྱུར་དང་དྲི་བ་དྲིས་ལན་འདི་དང་འདི་ལྟ་བུ་གནང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད།
བོན་པོའི་སྟག་ལྷ་མེ་འབར་དང་གསང་བདག་ཕྱག་ན་རྡོ་རྗེ་གཉིས་ལྷ་གཅིག་རེད། སྤྱན་རས་གཟིགས་དང་བོན་པོའི་ཀུན་བཟང་རྒྱལ་བ་རྒྱ་མཚོ། སྒྲོལ་མ་དང་བོན་པོའི་ཐུགས་རྗེ་བྱམས་མ། འཇམ་དབྱངས་དང་བོན་པོའི་ཤེས་རབ་སྨྲ་སེང་། རྟ་མགྲིན་དང་བོན་པོའི་སྤྱི་འདུལ། དཔལ་ལྡན་ལྷ་མོ་དང་བོན་པོའི་སྲིད་པ་རྒྱལ་མོ། བག་རྩེ་དང་བོན་པོའི་ཨ་བསཱེ་བྲག་བཙན་སོགས་ལྷ་གཅིག་རེད། །
བོན་དཀར་བོན་ནག་གཉིས་ལས་དེང་སང་བོན་དཀར་འདི་དར་ཁྱབ་ཆེན་པོ་རེད། ཡིན་ན་ཡང་། རྒན་མཁར་རྨེའུ་བསམ་གཏན་མཆོག་གིས་བོན་ནག་ཀྱང་མ་ཉམས་པར་གནས་པ་མཐོང་ཚུལ་དེ་ཐོས་པས་སེམས་བདེ་བོ་བྱུང་། བོད་ཀྱི་ཕ་མེས་ཀྱི་སྲོལ་རྒྱུན་ངོ་མ་དེ་བོན་ནག་རེད། བོན་དཀར་མ་དར་གོང་ལ་དཀར་ནག་གི་དབྱེ་བ་མེད་པ་མ་ཟད་བོན་ཟེར་བའི་མིང་དེ་ཡོད་མེད་མི་ཤེས་མོད་བོན་དཀར་རམ་བསྒྱུར་བོན་དར་རྗེས་སུ་བོན་དཀར་དང་ནང་བསྟན་པ་གཉིས་ཀའི་གནོན་ཤུགས་འོག་ཏུ་བོན་ནག་གམ་བོད་རང་གི་ཕ་མེས་ཀྱི་སྲོལ་རྒྱུན་ཆོས་ལུགས་ངོ་མ་དེ་ཉམས་རྒུད་དུ་ཕྱིན་ནས་དེང་སང་མཐའ་མཚམས་ཁུལ་ས་ཁུག་ལུང་ཀྱོག་ཁ་ཤས་རེ་ལ་མ་གཏོགས་གཏན་མེད་དུ་ཕྱིན་འདུག
སྔར་ཡིན་ན། ང་ཚོའི་ཡུལ་ཕྱོགས་སྡེ་ཁག་ཚང་མ་བོན་ཡིན། ད་ལྟ་བོན་སྡེ་གཅིག་ལ་མེད། དེ་ལྟར་འགྱུར་འགྲོ་བས། བོན་ཟེར་བའི་བོན་གཞུང་ལ་། མི་མང་གིས་རྐྱ་འཐབ་རོ་འཐབ་བྱས་ནས་འདུག་དགོས་བའི་མཐུ་ནུས་ཤིག་མེད་པ་ཡིན་པ་འདྲ།
མཁས་དབང་མཆོག་གིས་རྫོགས་ཆེན་གྱི་ལོ་རྒྱུས་ཡག་པོ་གསུངས་འདུག་ལ་གདོད་མའི་བོན་དང་། གཡུང་དྲུང་བོན་གྱི་ཁྱད་པར་ཡང་གསལ་པོ་བྱས་ནས་གསུངས་འདུག
མཁས་དབང་ཁོང་གིས་ཧམ་བཤད་ཅུང་ཟད་རེ་གནང་འདུག
“བོད་པའི་མི་འབོར་བརྒྱ་ཆ་བརྒྱད་བཅུ་དགུ་བཅུ་གྲྭ་པ་རེད”
འདི་ནི་དངོས་ཡོད་གནས་ཚུལ་ཞིག་མིན་པར་འདོད། བོད་མི་ས་ཡ་དྲུག་ཡོད་པའི་ནང་ནས་གྲྭ་པ་ག་ཚོད་མང་ན་ཡང་ས་ཡ་གཅིག་ལས་ཡོད་མི་སྲིད། དཔེར་ན་སྔོན་མ་བོད་ཀྱི་དགོན་སྡེ་ཆེ་ཤོས་སེར་འབྲས་དགའ་གསུམ་ཡིན་ཡང་གྲྭ་པ་སྟོང་ཕྲག་བདུན་བརྒྱད་ལས་མང་བ་ཡོད་རབས་མི་འདུག
གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་མཁས་དབང་མཁར་རྨེའུ་མཆོག་ལ་བཀའ་འདྲི་ཡག་པོ་ཞུས་འདུག མཁས་དབང་མཆོག་གིས་ཀྱང་དྲིས་ལན་ཡག་པོ་གནང་བཞག ཡིན་ནའང་གནད་དོན་ཁ་ཤས་ལ་གསར་འགོད་པས་གོ་ནོར་འདྲ་ཐེབས་མེད་ན་བསམ་པ་འདུག དེ་བཞིན་དག་ནོར་ཡང་ཁ་ཤས་བྲིས་འདུག ད་དུང་གསར་འགོད་པས་སྔར་མ་གྲགས་པའི་ཚིག་ཁ་ཤས་གསར་བཟོ་ཡང་གནང་བཞག དཔེར་ན་་་ཞང་བོན་་་ཟེར་བ་ལྟ་བུ་རེད། ཚིག་གྲུབ་བཟོ་དུས་ཕྱོགས་ཡོངས་ལ་བསམ་བློ་ཡག་པོ་གཏོང་དགོས།བན་དེའི་ཕྱོགས་ལའང་་་རྒྱ་ཆོས་་་ཟེར་བའི་ཚིག་གྲུབ་དེ་འདྲ་བཟོས་ན་ཡག་པོ་ཡོད་དམ། སྡེབ་སྦྱོར་མི་ལེགས་པའི་རིགས་ལ་དགོངས་པ་ཡག་པོ་བཞེས་དགོས་སོ། རང་ཉིད་ཆེན་པོ་ག་ཚད་ཅིག་ཡིན་ནའང་བོན་དང་བོན་པོ་ཚོ་ལ་ཁྱད་གསོད་དང་མཐོང་ཆུང་གཏོང་མི་ཉན་ནོ། །
བོད་གཞུང་དགའ་ལྡན་ཕོ་བྲང་དེ་ ༡༦༤༢ ནས་ ༡༩༥༩ ལོའི་བར་བསྡད་པ་རེད། ཟེར་ནས་འདོད་མཁན་ཞིག་དང་། ཡང་བོད་གཞུང་དགའ་ལྡན་ཕོ་བྲང་དེ་༡༦༤༢ ནས་༢༠༡༡ ལོའི་བར་གཞུང་བཟུང་ནས་བསྡད་པར་འདོད་མཁན་གཉིས་ཀྱི་ནང་ནས་སུ་ཞིག་ཡང་དག་པར་ཁས་ལེན་དགོས་སམ། ཡང་ན་འདོད་ཚུལ་མི་འདྲ་བ་འདི་གཉིས་ལ་བདེན་དོན་གྱི་འགྲེལ་བརྗོད་ཁམས་གཙང་རེར་བརྒྱབ་ན་ཇི་ལྟར་རྒྱག་དགོས་སམ། །
ཕྱྭ་རྒྱུད་ཡུལ་ལྷ་སྡེ་དྲུག་་་ཨ་ཡིན་ན། ཕྱྭ་རྗེ་ཡབ་བླ་བདལ་དྲུག་་་ཡིན་འགྲོ་ཡིན་ནའང་ཁྱེད་ཀྱིས་གཟིགས་པར་འཚལ་ལོ། །
ཧོབ་བཤད་བྱས་ན་མཁས་དབང་སོ་ཅི་ཨེ་ཡིན་ན། ཧ ཧ ལབ་སྐྱལ་མང་གི་ཡ།
ཐེག་ཆེན་སངས་རྒྱས་མྱ་ངན་ལས་འདས་རྗེས་དར་བ་རེད། ཟེར་མཁན་བསམ་ཏགཏན་ཙམ་མཟད། ཕྱི་རྒྱལ་གྱི་བོད་རིག་པ་ཡང་ཡོད་པ་མ་ཟད། མགོན་པོ་ཀླུ་སྒྲུབ་མཆོག སངས་རྒྱས་ལས་ཀྱང་མཁས་པར་སྟོན་མཁན་དེ་ཚོ། མཁས་གྲལ་ནས་བུད་འགྲོ་བའི་དུས་ཚོད་ལ་བསླེབས་ཟིནད་པ་རེད་གདའ།
དྲི་མེད་ལགས་ཀྱི་མཆན་དང་པོར་མོས་མཐུན་ཡོད།། མ་གཞི་ནས་ཆོས་རྒྱུད་དང་ཆོས་ལུགས་མི་འདྲ་བ་གཉིས་ཀྱི་དབར་ལ་འཁྲུགས་རྩོད་དེ་ཚོ་ངོ་མ་གཞི་ནས་ཧ་ལས་ཡོང་གི་འདུག ད་དུང་བོད་རྒྱུད་ནང་བསྟན་པ་འདི་འདྲ་འདྲའི་ནང་ནས་མི་འདྲ་བ་ཡིན་ཟེར་་་ཐེག་པ་ཆེན་པོ་ཡིན་ཟེར།། དུས་རབས་བདུན་པ་ནས་བཟུང་སྟེ་ཁྱོད་ཤི་ང་གསོན་བྱས་འདུག མ་ཟད་ཆོས་རྒྱུད་གཅིག་ཡིན་པ་གང་ཞིག་གདན་ས་མི་འདྲ་བའི་དབར་ལ་དམག་འཁྲུག་ག་ཚོད་ཅིག་བྱས་མི་འདུག་གམ། ཤེས་འདོད་ཡོད་ན།།༼ བོད་ཀྱི་གསང་བ༽ཞེས་པའི་གློག་བརྙན་དེར་གཟིགས་ཙམ་གནང་དང།། ད་གློག་བརྙན་བཟོ་མཁན་དེ་ཚོས། བོན་པོས་གྲི་གུམ་བཅོམ་རབས་དང།། སོག་པོས་བོད་བཅོམ་རབས་དང།། ཾམཁན་སློབ་ཆོས་གསུམ་གྱིས་བོན་པོ་བཅོམ་རབས།། ལྷ་ལུང་དཔལ་རྡོར་གྱིས་བོད་ཀྱི་བཙན་པོ་བཀྲོང་རབས།། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བོན་པོ་མེར་བསྲེག་བཏང་རབས།། ལྕང་སྐྱ་ཡིས་རྒྱ་དམག་བསུས་ཏེ་རྒྱལ་རོང་རྒྱལ་པོ་དང་བོན་པོ་རྣམས་གསོན་བསྲེག་བྱས་རབས། ཕ་བོང་ཁ་བས་བོན་རྙིང་བཀའ་རྒྱུད་བཅོམ་རབས་དང།། དེ་ནས་ཆོས་རྒྱུད་ནང་ཁུལ་ཁྱོད་ཤི་ང་གསོན་བྱས་པའི་སྐོར་ལ་གློག་བརྙན་དེ་ཚོ་བཟོས་པ་ཡིན་ན་ལྟད་མོ་ཆེན་པོ་ཡོང་ས་རེད།། དེ་ལྟར་སུས་བཟོས་ཀྱང་ཞལ་འདེབས་འབུལ་རྒྱུ་ཡིན།
མཁར་རྨེའུ་ལགས་ཀྱིས་རྫོགས་ཆེན་གྱི་ཁུངས་བོན་པོ་ཡིན་པར་བསྟན་འདུག ༼དེ་ནས་ནང་ཆོས་ལ་མེད་པ་བོན་ལ་ཡོད་པ་གཅིག་རྫོགས་ཆེན་རེད། རྙིང་མ་ལ་རྫོགས་ཆེན་ཡོད་ཟེར་གྱི་ཡོད་པ་རེད།༽ མཁས་དབང་ཁོང་གིས་རྙིང་མའི་རྫོགས་ཆེན་གྱི་ཁུངས་བོན་པོ་རེད་ཅེས་མ་གསུངས་པ་ཙམ་ལས་དོན་གྱིས་ཚིག་ཤུགས་ནས་བོན་པོ་ཡིན་པར་བསྟན་འདུག ནམ་མཁའི་ནོར་བུས་ཀྱང་འདི་དང་ཆ་འདྲ་བ་ཞིག་གསུངས་འདུག ཐུའུ་བཀན་གྱིས་ཀྱང་བོན་རྫོགས་གཉིས་ཐུགས་སྣང་གཤིན་པོ་ཡོད་པ་འདྲ་གསུངས་སོ། ད་ནས་བཟུང་བོད་ཀྱི་ཆོས་ལུགས་ཡོད་ཚད་ལ་མཐུན་སྒྲིལ་དགོས་ཀྱི་འདུག ཁྱད་པར་དུ་རྙིང་མ་དང་བོན་པོ་གཉིས་མཐུན་དགོས་འདུག ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་རིན་ཆེན་གཏེར་མཛོད་ནང་དུ་བོན་ཆོས་འགའ་རེ་བཞག་པ་དེ་ཕལ་ཆེར་མཐུན་སྒྲིལ་ལ་དམིགས་པར་ཡིན་པ་འདྲ། དེ་མིན་རྙིང་མ་བ་ཚོར་གདམས་ངག་གིས་མ་འདངས་ནས་ཁ་གསབ་པ་ཞིག་ག་ལ་ཡིན། །
བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ལགས་སུ་སྙིང་ཁུངས་རུས་པའི་གཏིང་ནས་གུས་ཞབས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དྲི་བ་དྲིས་ལན་ཧ་ཅང་གཏིང་ཟབ་ལ་རྒྱ་ཆེ་བ། མི་ཚང་མར་བློ་སྐྱེད་ཆེན་པོ་སྟེར་ཐུབ་པ་ཞིག་གནང་འདུག ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་གསར་འགོད་པ་ཚང་མ་འདི་ལྟ་བུའི་བསམ་བློ་དང་ཤེས་ཡོན་ལྡན་པ་ཞིག་ཡིན། སྤྱི་ཚོགས་འདི་དེ་ལྟ་བུའི་ཤེས་རྨོངས་པ་དང་ལམ་ལོག་པ། བསམ་བློ་མེད་པ། མགོ་བདེ་དྲན་འཕྲུལ་དང་ཆབ་སྲིད་དང་སློབ་གསོ་གཉིས་ཀ་མི་འཁྱོང་མཁན་གྱི་སྤྱི་ཚོགས་རུལ་བ་ཞིག་ཆགས་ཡོད་པ་མ་རེད་བསམ་སོང་།
རྡ་རམ་ས་ལའི་གསར་འགོད་པ་རྣམས་ལ་ཤེས་ཡོན་མེད་པ་དང་བསམ་བློ་མེད་པའི་གནས་སྟངས་འོག་བརྙན་འཕྲིན་དང་རླུང་འཕྲིན་ཁག་ནང་གི་གསར་འགོད་པ་ཚོའི་དྲི་བ་དྲིས་ལན་དེ་དག་ལ་ཉོབ་སོང་། མི་ལ་བློ་སྐྱེད་སྣ་གཅིག་སྟེར་རྒྱུ་མེད་པའི་སྟེང་ལ་སྤྱི་ཚོགས་དཀྲུག་ཤིང་དང་ངན་ཕྱོགས་དང་སྡུག་ཕྱོགས་རྐྱང་རྐྱང་ལ་དབྱིངས་འཕར་ཏེ་མིའི་བསམ་བློ་དང་གཤིས་ཀ་འཕྲོ་བརླག་ཏུ་གཏོང་བ་དང་མི་སྡེ་སྤྱི་ཚོགས་རྙོག་ཟིང་ཅན་བཟོ་བཞིན་འདུག་བསམ་གྱིན་ཡོད། འདི་ལྟ་བུའི་གསར་འགོད་པ་བསམ་བློའི་གཏིང་ཟབ་པོ་མང་པོ་ཞིག་ཡོད་པ་ཡིན་ན་སྤྱི་ཚོགས་དྲང་ཕྱོགས་སུ་སྣེ་འཁྲིད་མཁན་དེ་གསར་འགོད་པ་དང་གསར་འགྱུར་བརྒྱུད་ལམ་ཁག་ལ་འབྲེལ་བ་གཏན་གཏན་ཡོད་པ་རེད་བསམ་གྱི་འདུག ང་རང་གིས་སྙིང་ཁུངས་རུས་པའི་གཏིང་ནས་འབོད་སྐུལ་ཞུ་རྒྱུ་ཞིག་ལ་བོད་པ་ཚང་གི་གསར་འགོད་པ་ཚོས་འདི་དང་འདི་ལྟ་བུའི་རང་རེས་སྤྱི་ཚོགས་ནང་གི་ཤས་ཡོན་པ་ཚོར་གདེང་འཇོག་གནང་སྟེ་ཤེས་ཡོན་སློབ་གསོ་དང་མིའི་བསམ་བློ་དང་སློབ་སྦྱོང་ལེན་རྒྱུ་ཡོད་པའི་གསར་འགྱུར་དང་དྲི་བ་དྲིས་ལན་འགོད་རྒྱུར་རེ་སྐུལ་ནན་མོ་ཞུ་བཞིན་ཡོད། ཐུགས་རྗེ་གཟིགས།
་་་་་་་་་་་ མཁས་དབང་ཁོང་གིས་རྙིང་མའི་རྫོགས་ཆེན་གྱི་ཁུངས་བོན་པོ་རེད་ཅེས་མ་གསུངས་པ་ཙམ་ལས་དོན་གྱིས་ཚིག་ཤུགས་ནས་བོན་པོ་ཡིན་པར་བསྟན་འདུག ནམ་མཁའི་ནོར་བུས་ཀྱང་འདི་དང་ཆ་འདྲ་བ་ཞིག་གསུངས་འདུག ཐུའུ་བཀན་གྱིས་ཀྱང་བོན་རྫོགས་གཉིས་ཐུགས་སྣང་གཤིན་པོ་ཡོད་པ་འདྲ་གསུངས་སོ། ་་་་་་་་་་་་་་་
སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་ནི་བོད་ཀྱི་ཤེས་རིག་གི་སྒོ་མོ་འབྱེད་པའི་ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ཞིག་ཡིན་པ་ཚང་མས་ཁས་བླངས་དང་ལེན་བཞིན་པ་རེད། ཡིན་ནའང་ཁོང་ལ་ཆེ་བ་བརྗོད་པའི་རྣམ་པར་ཐར་པ་མང་པོ་ཞིག་ཡོད་འདུག དེ་ཚོ་གང་ཟག་སོ་སོའི་དད་པ་དང་དག་སྣང་གི་མུ་ལ་འགྲོ་རྒྱུ་ཡིན་པ་ལས་ཐ་གཅིག་ཏུ་ཚན་རིག་དང་མཐུན་དགོས་པ་ཅང་ཨ་ཡོད་ན། གཤེན་རབ་མཆོག་ནི་བོད་གངས་ཅན་པའི་ཕོ་རྒོད་སྤྱི་བྱིངས་དང་འདྲ་བར་རྟ་རྒྱུག་དང་མདའ་འཕེན་ལྷ་གསོལ་སོགས་ལ་དགའ་པོ་གནང་མཁན་ཞིག་ཡིན་པའང་དཔེ་རྙིང་ཁག་ནང་གསལ་ཡོད། གང་ལྟར་བོད་གངས་ཅན་པའི་བོན་ལུགས་འཛིན་པ་ཚོས་གནའ་སྔ་མོ་ནས་བོད་རང་ལུགས་ཀྱི་གསོལ་བ་དང་སྨོན་ལམ་འདེབས་སའི་སྟོན་པ་རྩ་ཆེན་ཞིག་གསར་གཏོད་བྱས་པ་དེའང་གངས་ཅན་པ་ཡོངས་ཀྱི་གཟི་བརྗིད་ལོས་ཡིན། ཕ་མེས་ཡང་མེས་ནས་རང་ལ་ཆོས་ལུགས་ཐུན་མོངས་མ་ཡིན་པ་ཞིག་ཡོད་དུས། དེ་དང་འབྲེལ་བའི་སྟོན་པ་དང་བླ་མ་སོགས་ཐུན་མོངས་མ་ཡིན་ཞིག་ཀྱང་ལོས་དགོས། སྔོན་གྱི་རྣམ་པར་ཐར་པ་དང་ཆེ་བ་བརྗོད་པ་ཇི་མ་ཇི་བཞིན་པའི་མི་བུ་དེ་ཉིད་དེང་གི་ཚན་རིག་གི་ལམ་ནས་སྟོན་དཀའ་བས། དེའི་ཕྱིར་ན་མི་བུ་དེ་ཉིད་ཐ་གཅིག་ཏུ་བྱུང་མྱངས་མེད་པར་འདོད་དགོས་ན། བོད་པས་འདོད་ཚུལ་ཇི་མ་ཇི་བཞིན་པའི་ཤཱཀྱ་ཐུབ་པ་དེ་ཡང་འཛམ་གླིང་འདིར་བྱུང་མྱངས་ཨ་ཡོད་ན། དད་པ་དང་དག་སྣང་གི་སྐད་ཆ་བཤད་ན་ནི་སྐད་ཆ་ཁག་ཁག་རེད་དོ། །
http://www.iats.info/
སྔོན་གྱི་གྲི་གུམ་དང་དེའི་རྗེས་ཁྲི་སྲོང་བཅས་ཀྱིས་བོན་གྱི་བསྟན་པ་བསྣུབས་རབས་ཤོད་རྒྱུན་དང་དེབ་ཐེར་ཁག་ནང་བྲིས་པ་དེ་ཚོའི་སྙིང་དོན་ངོ་མ་དེ་ནི་དེའི་སྐབས་ཀྱི་་་བོན་པོའི་སྔགས་པ་དབང་ལྡན་་་ཚོ་ཏག་ཏག་བཟོས་བསྡད་པ་ཞིག་ཡིན་ས་རེད། བོན་ཡོངས་རྫོགས་མེད་པ་བཟོས་བཞག་པ་ཞིག་ཅང་ཡིན་ས་མི་འདུག །
དེ་ནས་ལྷ་སྲས་དར་མས་ཆོས་ཀྱི་བསྟན་པ་བསྣུབས་རབས་དེབ་ཐེར་ཁག་ནང་བྲིས་པ་དེ་ཚོའི་སྙིང་དོན་ངོ་མ་དེ་ནི་་་བན་དེའི་གྲྭ་བ་དབང་ལྡན་་་ཚོ་ཏག་ཏག་བཟོས་བསྡད་པ་ཞིག་ཡིན་ས་འདུག་བ། ཆོས་ཡོངས་རྫོགས་མེད་པ་བཟོས་བསྡད་པ་ཞིག་ཅང་ཨ་ཡིན་ན། །
དགོངས་ཚུལ་ཡོད་ན་གསུངས་རོགས་ཞུ། །
སྔོན་གྱི་བརྡ་རྙིང་པ་རྣམས་གཞིར་བཞག་བྱས་པ་ཡིན་ན། ཞང་ཞུང་གི་སྐད་དང་བོད་སྐད་གཉིས་ལ་ཁྱད་པར་ཆེན་པོ་མེད། དེར་མ་ཟད་དེང་སང་གི་བོད་ཀྱི་ཡུལ་ལུང་སོ་སོའི་སྐད་དམ་དམངས་སྐད་རྣམས་གཞིར་བཞག་བྱས་པ་ཡིན་ནའང་ཞང་ཞུང་དང་བོད་ཀྱི་སྐད་གཉིས་པོའི་རྨང་གཞིག་གཅིག་པ་ལྟ་བུར་གནས་ཡོད། འོན་ཀྱང་དུས་ཕྱིས་བོད་ལ་བརྡ་གསར་བཅད་ཐེངས་འགའ་བྱས་པའི་རྐྱེན་ལ་བརྟེན་ནས་ཞང་ཞུང་སྐད་དང་བོད་སྐད་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་ལྟ་བུར་གྱུར། དེ་ནི་དོན་དམ་པའི་གནས་ལུགས་མ་རྟོགས་པའི་རྟགས་མཚན་ཞིག་ལས་ཞང་བོད་སྐད་གཉིས་ལོག་བཀར་ག་ལ་འགྲོ ད་དུང་ཞིབ་དུ་བསམ་ན་དེང་གི་གངས་རིའི་ལྗོངས་ཀྱི་བོད་སྐད་དང་བོད་སྐད་ཀྱི་རིགས་སུ་གཏོགས་པའི་སྐད་རིགས་ཚང་མའི་རྨང་གཞིའམ་མེས་པོའི་སྐད་དེ་ནི། ཞང་ཞུང་གི་སྐད་དེ་ཉིད་གཅིག་པུ་ཡིན་པ་ལུང་རིགས་དང་ཚན་རིག་གང་གི་སྒོ་ནས་བསྒྲུབ་པ་ཡིན་ན་ལས་རྒྱལ་ཁ་འཐོབ་ངེས་སོ། བོད་སྐད་ཀྱི་འབྱུང་ཁུངས་སམ་བོད་སྐད་ཀྱི་འབྲེལ་གཞི་ངོ་མ་དེ་ནི་རྒྱ་ཆེ་བའི་ཞང་ཞུང་གི་སྐད་འདི་ཉིད་ཡིན་པ་ལས་རྒྱ་དཀར་ནག་གི་སྐད་རིགས་ལ་ཁུངས་ལུང་དུས་ནམ་ཡང་བཏུགས་པར་མི་བྱའོ། །
ཞང་ཞུང་སྐད་ཀྱི་རྨང་གཞི་བོད་སྐད་ཟེར་ནས་བཤད་རྒྱུའི་ཚབ་ལ་བོད་སྐད་ཀྱི་རྨང་གཞི་ཞང་ཞུང་གི་སྐད་རེད་ཟེར་ནས་བཤད་ན་ཡལ་ག་ལས་སྡོང་པོ་སྐྱེས་ཞེས་བརྗོད་པ་དང་གཅིག་མཚུངས་རེད།
རྩ་བ་ལས་སྡོང་པོ་སྐྱེས། སྡོང་པོ་ལས་ཡལ་ག་སྐྱེས། ཡལ་ག་ལས་ལོ་མ་སྐྱེས། ལོ་མ་ལས་མེ་ཏོག་སྐྱེས། མེ་ཏོག་ལས་འབྲས་བུ་སྐྱེས། ཡང་འབྲས་བུ་དེ་ལས་སྡོང་པོ་སྐྱེས་པ་ཡོད་རེད་ད། དེ་འདྲ་ཡིན་དུས་ཡལ་ག་དེ་སྡོང་པོའི་བརྒྱུད་རྒྱུར་སོང་མིན་འདུག་གམ། རྒྱུ་ཡིན་ན་དངོས་རྒྱུ་རྐྱང་རྐྱང་ཡིན་དགོས་ཀྱི་ཨ་ཡོད་ན། །
འོ་ཡ་ལགས་སོ། ཁྱེད་ཚང་གི་སྟོན་པ་ནི་དུས་རབས་དྲུག་པ་བདུན་པ་ཞིག་ལ་འཁྲུངས་རེད་ཟེར་ནས་ཞིབ་འཇུག་པ་ཆེན་པོ་མཁར་རྨེའུ་ཚང་གིས་བཤད་འདུག སྐབས་དེ་དུས་བོད་སྐད་ནི་ངག་ཐོག་མ་ཟད་ཡིག་ཐོག་ལ་གྲུབ་ཚར་ཡོད་ཚོད་རེད། ཁྱེད་ཚང་གི་སྟོན་པས་བོད་སྐད་གསུང་གི་རེད་དམ་ཞང་སྐད་གསུང་གི་རེད་ཟེར་རྒྱུ་ཡིན། འབྲས་བུ་ལས་མྱུ་གུ་འབུས་ཚུལ་སོགས་ཀྱི་སྒྲུང་རིང་པོ་དེ་ཚོ་སྣ་ཅི་ཙམ་འཐེན་ཡང་ཁ་ནང་ལ་སླེབས་ས་མ་རེད་དོ།།
བསམ་བློ་ཡག་པོ་ཐོངས་ཨ། སྦལ་ཏི་དང་། ལ་དྭགས་དང་། ཟང་དཀར། གར་ཤ།ལ་ཧོར་པི་ཏི་སོགས་ཀྱི་སྐད་རིགས་དེ་ཚོ་མང་ཆེ་བ་ཞང་ཞུང་གི་སྐད་དང་འདྲ་ཆེ་བ་དང་འབྲེལ་ཆེ་བ་རེད་འདུག དེ་བཞིན་སྟོད་མངའ་རིས་ཀྱི་སྐད་ལུགས་མང་ཆེ་བ་ཡང་ཞང་ཞུང་གི་སྐད་དང་འདྲ་ཆེ་བ་དང་འབྲེལ་བ་ཆེ་རེད་བཞག དེ་ལྟར་རྒྱ་ཆེ་བའི་ཁམས་དང་ཨ་མདོའི་སྐད་ལུགས་མང་ཆེ་བ་ཞང་ཞུང་གི་སྐད་དང་འདྲ་ཆེ་བ་དང་འབྲེལ་ཆེ་བ་རེད། དེ་བཞིན་རྒྱལ་རོང་དང་ལྗང་ཡུལ་དང་མོན་ཡུལ་སོགས་ཀྱི་སྐད་རིགས་ཕལ་ཆེ་བ་ཞང་ཞུང་གི་སྐད་དང་འདྲ་ཆེ་བ་དང་འབྲེལ་ཆེ་བ་རེད་འདུག ད་དུང་སོག་པོའི་སྐད་ལུགས་དེ་ཡང་ཞང་ཞུང་གི་སྐད་དང་འདྲ་ཆེ་བ་དང་འབྲེལ་ཆེ་ཞིག་ཡིན་པའི་ཡིད་ཆེས་ཡོད། གནས་ཚུལ་འདི་ཚོ་གཞིགས་ནས་ཞང་ཞུང་གི་སྐད་དེ་བོད་སྐད་ཀྱི་མེས་པོའི་སྐད་ཁུངས་ངོ་མ་དེ་ཡིན་པའི་ཁུངས་སྐྱེལ་བྱེད་ཐུབ་ངེས་པ་ཞིག་རེད་དོ། །
ད་ཡང་ཞང་སྒྲུང་བཤད་རྒྱུ་རྒྱ་ཆེ་དྲགས་སོང་། འདི་ཚང་ལ་གཟུགས་རིང་གི་ཟེར་དུས་ཕྱི་ལྟིང་བཀྱག་ཡོང་མཁན་ཚང་ཞིག་ཡིན་པ་རེད། ཁྱེད་ཚང་གི་ཞང་ཞུང་དེ་ཆེ་དྲགས་ནས་འཛམ་བུ་གླིང་ལ་ཤོང་ས་མ་རེད།
ཁྱེད་ཚོའི་སྟོན་པས་་་གྲུལ་བུམ་་་གྱི་སྐད་རྒྱག་ཤེས་ས་ལ། ང་ཚོའི་སྟོན་པས་་་བོད་སྐད་་་ཙམ་ཡང་རྒྱག་མི་ཐུབ་པ་དེ་འདྲ་ཨ་ཡིན་ན། །
ཞང་ཞུང་དེ་ཆེ་དྲགས་ནས་འཛམ་བུ་གླིང་ལ་ཤོང་མི་ཐུབ་པ་དེ་འདྲ་ཅང་ཨ་ཡིན་ན། འོན་ཀྱང་ཞང་ཞུང་ཧ་ཅང་ཆེ་དྲགས་ནས་བན་དེ་འི་སེམས་ནང་ལ་ཏན་ཏན་ཤོང་ཐུབ་མི་ཡོང་། །
ཤེས་མི་ཤེས་ཤིག་བཤད་ན་ད་ཁྱེད་ཚང་གི་སྟོན་པས་མི་ཤེས་རྒྱུ་ཞིག་ཡོད་རྒྱུ་མ་རེད། ཁྱེད་ཚང་གི་སྟོན་པ་བཞུགས་དུས་སྟོད་མངའ་རིས་ལ་བོད་ཅེས་འབོད་པ་མ་གཏོགས་ཞང་ཞུང་ཞེས་འབོད་གི་མེད་ཚོད་རེད། གཤེན་སྒྲུང་གི་ནང་ན། གཤེན་རབ་བོད་ལ་ཕེབས་ཚུལ་བཤད་དུས། བོད་ཀྱི་ཆུ་བོ་བཞི་འདུས་ཀྱི་མགོ། གངས་ཏི་སེའི་དྲུང་དུ་ཕེབས་ཞེས་བྲིས་འདུག གངས་ཏི་སེ་དང་ཆུ་བོ་བཞི་འདུས་ཀྱི་མགོ་དེ་བོད་ཡིན་ཚུལ་མ་གཏོགས་ཞང་ཞུང་ཡིན་ཚུལ་ཞིག་བཤད་མི་འདུག ཁྱེད་རང་ཚོས་ཞང་ཞུང་ཅིག་ཅིག་མིག་མིག་ཟེར་ནས་ཁ་ཚོད་ཡོད་ནང་ནས་གཏམ་ཚོད་མེད་བཤད་མ་འདུག་མ་གཏོགས་ར་སྤུའི་འུར་རྡོ་རང་གི་མགོ་ལ་ཕོག་གི་རེད་ད།
དེང་སང་མི་ཚོ་ཝར་ལང་ཁ་ཐལ་སོང་ནས། སྔོན་གྱི་ཧོར་ཟླ་ཡང་བོད་ཟླ་ཟེར་བར་བསྒྱུར་ཚར་བ་རེད། དཔེ་དེ་བཞིན་དུ་ཞང་ཞུང་ལའང་ཁག་ག་ན་ཡོད། །
ཞང་ཞུང་སྐད་ཟེར་བ་དང་། བོད་ཀྱི་བརྡ་རྙིང་པའི་སྐད་གཉིས་ལ་འབྲེལ་བ་དང་ཁྱད་པར་ཡོད་དམ། བརྡ་རྙིང་ཡིན་ན། ཞང་སྐད་ཡིན་དགོས་སམ། ཞང་སྐད་ཟེར་བ་ཞིག་གི་དཔེ་མཚོན་དང་དེའི་ཡུལ་གང་ན་ཡོད་དམ།
ཡང་ན་སྐད་གསར་བཅད་མ་བྱས་བའི་ཡར་སྔོན་གྱི་སྐད་ལ་ཞང་སྐད་དང་ཞང་ཡིག་ཟེར་དགོས་སམ། སྐད་གསར་བཅད་ཐེངས་གསུམ་བྱས་བའི་ཚུན་ཆད་ནས་བོད་སྐད་དང་བོད་ཡིག་ཟེར་དགོས་སམ།
བོན་པོ་ག་ཚོད་ཡིན་ན་ཡང་། བོད་སྐད་ལས་གཞན་ཞིག་བཤད་ཡོད་ཚོད་མི་འདུག་བསམ།
བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ཞང་སྐད་རྩ་མེད་བཟོས་ནས་དེང་སྐབས་ཞང་སྐད་ཐོག་སྐད་ཆ་ཤོད་ཤེས་མཁན་མེད་ཀྱང་། སྡེ་བ་གཞུང་གི་དབང་འོག་ཏུ་མ་འདུས་སའི་མཐའ་མཚམས་ཁུལ་དུ་ཞང་སྐད་དང་བོད་སྐད་འདྲེས་མ་ད་དུང་བཀོལ་སྤྱོད་བྱེད་བཞིན་ཡོད་པ་རེད། ཁུ་ནུ་དང་། ག་ཞ། བལ་པོའི་ཏིས་ཆུ་རོང་སོགས་ལ་་་་་
ལགས་སོ།། བོན་པོ་དང་། སྟོན་པ་གཤེན་རབ། སྟག་ལྷ་མེ་འབར་ཟེར་བའི་མིང་འདི་ཚོ་བོད་མིང་ཡིན་ནམ་ཞང་ཞུང་མིང་ཡིན་ནམ།
སྐད་གསར་བཅད་ཡིན་ས་མ་རེད། བརྡ་གསར་བཅད་ཡིན་ས་འདུག ཆོས་བསྒྱུར་དགོས་མཁོ་དང་བསྟུན་ནས་མིང་བརྡ་མང་པོ་ཞིག་རྒྱ་གར་སྐད་མ་རྩ་བཞག་ནས་གསར་དུ་བཟོས་པ་རེད། དངོས་གནས་བྱས་ན་དེ་ཚོ་བོད་སྐད་གཙང་མ་རེད་བས་ཟེར་ན་ཅང་ཨ་ཡིན་ན། བོད་ཀྱི་གདོད་མའི་སྐད་ལུགས་དང་མི་མཐུན་པའི་ཕྱིར། དེ་མ་མཐུན་དུས་གསར་པ་བཟོ་དགོས་ཐུག་པ་རེད། ཆོས་དཔེ་བསྒྱུར་དུས་གཞན་སྐད་སྟབས་བསྟུན་ནས་བཟོས་བཞག་པ་དེ་འདྲ་རེད། རང་གི་དད་པས་རྩ་ཆེན་པོ་ཡིན་མིན་དང་བོད་ཀྱི་གདོད་མའི་སྐད་ཡིན་མིན་གཉིས་ཁག་ཁག་རེད་དོ། ཡང་ཁ་ཤས་ཀྱི་བོད་དང་ཞང་ཞུང་དབར་འཁོན་འགྲས་བཟོ་བརྩིས་བྱེད་ཀྱི་འདུག་བ། དེ་ཡག་པོ་མ་རེད། སྔོན་མ་ཡང་དེ་འདྲ་བྱུང་བ་རེད། གཞན་གྱི་བར་ཆད་ཀྱི་དབང་དུ་མ་སོང་བའི་ལོ་རྒྱུས་སུ་བྱུང་བ་ཇི་བཞིན་ཞང་ཞུང་དང་བོད་གཉིས་མཐུན་གྲོགས་སུ་གནས་དགོས་པ་རེད་དོ། བརྡ་རྙིང་དང་དམངས་ཁྲོད་ཡུལ་སྐད་གཉིས་གཞིར་བཞག་བྱས་ན་བོད་དང་ཞང་ཞུང་གི་སྐད་གཉིས་ལས་ཞང་ཞུང་གི་སྐད་དང་མིང་བརྡ་དེ་རྣམས་ཁྱབ་རྒྱ་ཆེ་བ་ཞིག་ཡིན་པ་རེད། །
དེ་རྣམས་བོད་སྐད་ལས་ཞང་སྐད་ཡིན་ས་མ་རེད། ཧོས་དང་། གྱེར། བོན་གྱི་སྐད་དོད། སྤུངས་སོ། སྤུངས། སྟོན་པའི་སྐད་དོད། དམུ་ར། གཤེན་གྱི་སྐད་དོད་དོ།།
སྟོན་པ་གཤེན་རབ་ཁོང་རང་གི་མཚན་ངོ་མ་ལ་ཞང་སྐད་ལ་ཅི་ཞིག་ཞུ་བ་ཡིན་ནམ།
ཞང་ཞུང་སྐད་ཡིག་ནང་། ལ་དོན་བཅུ་ལྷག་ཡོད་སྟངས་ཤིག་བཤད་འདུག ཡང་། ཞིང་བཟང་མི་ཡི་ནོར་བུ་རེད། ཅེས་པའི་ཞང་སྐད་དུ་འབྲི་སྟངས་དཔེ་སྟོན་བཀོད་པ་ཅིག་ཀྱང་མཐོང་བྱང་། ངས་ནི། ཞང་སྐད་སྐོར་མི་ཤེས།
དེ་ན་ཞང་སྐད་དང་བོད་སྐད་གཉིས་ཀྱི་དབྱེ་བ་ནི། འདི་འདྲ་ཞིག་ཡིན་ནམ།
བོད་སྐད་ལ་སྤྲིན་དང་ལ་དྭགས་པའི་སྐད་ལ་སཔརིན་ཟེར། ཨ་མདོའི་སྐད་ལ་སྲིན་ཟེར།
བོད་སྐད་ལ་སྐྲ་དང་རྒྱལ་རུང་བའི་སྐད་ལ་དེ་སཀར་ཟེར། ཨ་མདོའི་སྐད་ལ་སྐྱ་ཟེར།
ཡང་ན་ཁྱེད་ཚོ་ལ་ཞང་སྐད་ཟེར་ནིའི་སྐད་གདངས་མིང་ཚིག་གཞན་ཞིག་ཡོད་དམ།
དེ་འདྲ་མེད་ན། ད་ཁྱེད་ཚོ་ཞང་ཞུང་བ་ཚོས་མེད་པ་ཞིག་ཡོད་མདོག་གིས་ཅིག་ཅིག་མུག་མུག་ལབ་བསྡད་ན། དགེ་བ་ག་རེ་ཡོད་དམ།
ཆོས་རྒྱ་གར་ནས་དར་ཡང་། སྐད་དང་ཡི་གེ་ནི་རྒྱ་གར་ནས་མ་དར་བས་མི་ཚད། སྟོད་དུ་ཅ་ཆ་ཇ་གསུམ། སྨད་དུ་ཞ་ཟ་འ་གསུམ་སོགས་རྒྱ་གར་གྱི་གདངས་དང་སྐད་ལ་མེད་པ་དེ་འདྲ་ཡོད་པ་མ་ཤེས་སམ།
ཞང་ཞུང་སྐད་དང་། ཏག་ཟིག་སྐད་མཉིས་ལ་འདྲ་ས་འདྲ་ཡོད་དམ་མེད།
དིང་སང་ཤོད་ཚུལ་གསར་པ་ཅིག་ནི། སྲོང་བཙན་སྔོན་ཙམ་ལ། ཞང་ཞུང་ཡི་གེ་ཆ་མ་ཚང་བ་ཅིག་ཡོད་ཀྱང་། བོད་ཡིག་མེད་ཅེས་ཟེར། དེ་འདྲའི་ཞང་ཞུང་གི་ཡི་གེའི་ཡོད་པའི་ཁུངས་གང་དང་ཡོད་དམ། ལགས།
སྤོབས་པ་ལགས།
སྟོན་པ་གཤེན་རབ་ཀྱི་མཚན་ལ་ཞང་ཞུང་སྐད་དུ། དམུ་ར་སྤུངས་སོ། ཞེས་བསྒྱུར་བ་རེད། ཞང་སྐད་དུ་བཞུགས་པའི་དཔེ་ཆ་སྲིད་པའི་མཛོད་ཕུགས་དེང་སང་དངོས་སུ་མཇལ་རྒྱུ་ཡོད་རེད། དེ་ནི་སྟོན་པ་གཤེན་རབ་ཀྱི་གསུངས་རེད། ཁྱེད་ལ་མཇལ་འདོད་ཆེ་ན་སྒེར་ལ་བསྐུར་ཡོང་ལགས།
ཀ་རྡོ་ལགས།
སྲོང་བཙན་སྔོན་ཙམ་ལ། ཞང་ཞུང་ཡི་གེ་ཆ་མ་ཚང་བ་ཅིག་ཡོད་པ་དེ་བོད་ཡིག་གི་ཨ་མ་རེད། རྒྱུ་ཡི་སྐབས་སུ་འབྲས་བུ་མ་གྲུབ་པ་ཡང་ནང་པ་སངས་རྒྱས་པ་ཀུན་གྱི་སྤྱི་ལུགས་རེད། སྟོན་པ་གཤེན་རབ་ཀྱི་བཀའ་དང་པོ་ཏི་བརྒྱ་དང་བརྒྱད་ཅུ་ཡོད་རེད། ཁྱེད་རང་གིས་དེ་ལས་པོ་ཏི་ག་ཚོད་ཙམ་ལ་གཟིགས་མྱོང་ཡོད། ཁ་ནང་ལ་འཁོར་ནས་ཐུགས་བསམ་བཞེས་རོགས།
བོན་གྱི་ཆོས་དང་རིག་གཞུང་བོད་ཀྱི་ཆོས་དང་རིག་གཞུང་རེད། ང་ཚོ་དེ་ལ་སྤོབས་པ་སྐྱེས་དགོས་པ་ལས་ཕྲག་དོག་ལངས་དགོས་དོན་མི་འདུག་སྙམ། དེང་སང་རྒྱལ་སྤྱིའི་སྒང་ལ་བོན་པོའི་ཆོས་དང་རིག་གཞུང་ལ་ཞིབ་འཇུག་གནང་མཁན་གྲགས་ཅན་མང་པོ་འདུག དེ་དག་གིས་མཐའ་དཔྱོད་ག་ཚོད་གནང་འདུག་གཟིགས་རྒྱ་ཆེ་བར་གྱིས།
ཞང་བོད་འདྲེས་མའི་མིང་ཚིག ཏིང་ནམ་གཏུམ་མོ། ལི་མུན་ལན་བརྒྱད། ནེ་སླས་རྒྱལ་མོ། ཚང་སྟངས་དབལ་མོ། ལི་ཤག་དམར་མོ། ལྒྱུམ་ཤག་སྔོན་མོ། རེ་ཤག་ནག་མོ། ཚུ་ཤག་དཀར་པོ། ལེ་བར་དམར་མོ། ཐང་གསས་སྒྲོན་མ་སོགས་ཤིན་ཏུ་མང་པོ་བོན་པོའི་ཆོག་གཞུང་ནང་བཞུགས་ཡོད།
རེད། བོན་ཆོས་དང་། རྫོགས་ཆེན་གཉིས་ལ་ཨ་གསར་བྱེད་མཁན་མང་ན་ཡང་་་་་་་་
སྲོང་བཙན་སྔོན་ལ། སྟོད་མངའ་རིས་སུ་ཞང་ཡིག་ཡོད་ལ། དབུས་དབུས་གཙང་དང་། སྨད་མདོ་ཁམས་ལ་ཡི་གེ་མེད་ཅེས་འདོད་དམ། བོན་རིགས་ཚོ། ལགས།
སྤོབས་མཐའ། སྟོན་པ་གཤེན་རབ་ང་ཚོའི་བོད་ཀྱི་སྟོན་པ་རེད། རྒྱལ་མཆོག་དར་མ་ང་ཚོའི་བོད་ཀྱི་རྒྱལ་པོ་རེད། བོད་ཀྱི་སྟོན་པ་དང་བོད་ཀྱི་རྒྱལ་པོ་ལ་སྡང་ཟུག་བྱས་པའི་གྲུབ་འབྲས་ད་ལྟའི་དུས་སུ་མྱོང་བཞིན་པ་རེད་ད། རྒྱལ་ཁབ་གཞན་གྱི་རྒྱལ་པོ་འཇམ་པའི་དབྱངས་ཡིན་རབས་དང། སོ་སོའི་རྒྱལ་པོ་གླང་གོག་ཡིན་རབས་བཤད་མཁན་གྱི་མི་ངན་དུད་འགྲོ་འདྲ་བ་ཚོས་བོད་ལུང་པ་ཕུངས་ལ་སྦྱར་བ་རེད། གནད་དོན་དེ་ཚོར་ཤེས་དགོས་ཀྱི་གལ་ཆེན་རེད་ད།
༡་་་རྒྱལ་མཆོག་དར་མ་བཀྲོངས་མེད་ན་བོད་མི་རིགས་མི་ལོ་སྟོང་གི་རིང་དུ་ཆོས་ལུགས་པའི་བྲན་གཡོག་ཆགས་དགོས་ཡོང་གི་མ་རེད་བ།
༢་་་་རྒྱལ་མཆོག་དར་མ་བཀྲོངས་མེད་ན་བོད་ཆེན་པོ་རྒྱལ་ཁབ་འདི་ཕྱིའི་དགྲ་བོའི་གཉའ་གནོན་འོག་ཏུ་བསྡད་དགོས་ཐུག་གི་མ་རེད་བ།
༣་་་་རྒྱལ་མཆོག་དར་མ་བཀྲོངས་མེད་ན་བོད་མི་རིགས་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་རུ་ལྷུང་བཅུག་གི་མ་རེད་བ།
༤་་་་རྒྱལ་མཆོག་དར་མ་བཀྲོངས་མེད་ན་བོད་རྒྱལ་ཁབ་འདིར་ཕྱིའི་དགྲ་མགོ་རྡུང་བའི་དམག་མེད་པར་ཆགས་བཅུག་གི་མ་རེད་བ།
གྱེར་ནག་ཚང་ལགས། སྲིད་པའི་མཛོད་ཕུག་ཟེར་བ་དེ་མཁར་རྨེའུ་བསམ་གཏན་གྱིས་གསུངས་པའི་དུས་རབས་བཅུ་གཅིག་པའི་རྗེས་ལ་བྱུང་བའི་དཔེ་ཆ་དེ་རེད་དམ།
༡་་་རྒྱལ་མཆོག་ཁྲི་རལ་བཀྲོངས་མེད་ན་བོད་མི་རིགས་མི་ལོ་སྟོང་གི་རིང་དུ་ཆོས་ལུགས་པའི་བྲན་གཡོག་ཆགས་དགོས་ཡོང་གི་མ་རེད་བ།
༢་་་་རྒྱལ་མཆོག་ཁྲི་རལ་བཀྲོངས་མེད་ན་བོད་ཆེན་པོ་རྒྱལ་ཁབ་འདི་ཕྱིའི་དགྲ་བོའི་གཉའ་གནོན་འོག་ཏུ་བསྡད་དགོས་ཐུག་གི་མ་རེད་བ།
༣་་་་རྒྱལ་མཆོག་ཁྲི་རལ་བཀྲོངས་མེད་ན་བོད་མི་རིགས་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་རུ་ལྷུང་བཅུག་གི་མ་རེད་བ།
༤་་་་རྒྱལ་མཆོག་ཁྲི་རལ་བཀྲོངས་མེད་ན་བོད་རྒྱལ་ཁབ་འདིར་ཕྱིའི་དགྲ་མགོ་རྡུང་བའི་དམག་མེད་པར་ཆགས་བཅུག་གི་མ་རེད་པ། ཧཧ།། །།
སྤོབས་མཐའ་ལགས། ཐང་ཡིག་ལས། རྒྱལ་པོའི་གདུང་རབས་བརྒྱད་དམ་བཅུ་ལྷག་ན། ལ་སྟོད་མཚོ་བར་གྱམ་ནག་ཅེས་བྱ་བར། མུ་གེ་ནད་ཡམས་མི་ཐོག་བུད་པ་བྱུང་། གློ་བོ་དགེ་སྐར་སྦས་པའི་གཏེར་ཁ་འདི། མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། གཏེར་སྟོན་སངས་རྒྱས་བླ་མ་ཞེས་བྱ་འབྱུང་། ཞེས་གཏེར་སྟོན་དང་པོ་སངས་རྒྱས་བླ་མ་ནས་བཟུང་། དུས་རབས་བཅུ་པ་ཚུན་ཆད་ནས་བྱུང་བའི་གཏེར་སྟོན་བརྒྱ་རྩ་ཟེར་བ་དེ་ཚོ་དང་། དེ་རྣམས་ཀྱིས་ས་འོག་དང་བྲག་ཕུག་སོགས་ནས་རྙེད་པར་གྲགས་པའི་དཔེ་ཆ་དེ་ཚོར་ཡིད་ཆེས་ཡོད་དམ་མེད་ལགས།
ཞང་ཞུང་གི་སྐད་དེ་ག་འདྲ་ཞིག་ཡིན་མིན་ཞིབ་འཇུག་ཚད་ལྡན་བྱ་འདོད་ན། བོན་དང་ཆོས་ཀྱི་དཔེ་ཆ་རྙིང་གྲས་དེ་ཚོའི་ནང་དུ་ཞང་ཞུང་སྐད་དུ་སྨྲས་པའི་མིང་བརྡ་རྙིང་པ་གང་ཡོད་པ་དེ་རྣམས་དང་། ད་ལྟ་འཚོ་བཞུགས་སུ་ཡོད་པའི་གངས་རིའི་ལྗོངས་ཀྱི་ཡུལ་ཕྱོགས་སོ་སོའི་ཁ་སྐད་དང་གོ་བསྡུར་ཕྲ་ཞིང་ཕྲ་བར་བྱས་ནས་དཔྱད་པ་དཔྱིས་ཕྱིན་པ་བྱ་དགོས་པ་ཞིག་རེད། སྔོན་གྱི་དཔེ་ཆའི་ནང་གི་མིང་བརྡ་དང་དེང་གི་ཡུལ་ཕྱོགས་སོ་སོའི་ཁ་སྐད་གཉིས་གོ་བསྡུར་གཏིང་ཕྱིན་པ་བྱ་ཐུབ་ན། ཞང་ཞུང་གི་སྐད་ཅེས་པ་དང་སྐད་དེའི་ཁྱབ་ཚད་འདི་འདྲ་ཞིག་བྱུང་འདུག་བ་བསམས་པའི་ངེས་ཤེས་འགྱུར་བ་མེད་པ་ཞིག་ཏན་ཏན་ཁྱེད་ལ་བརྙེད་ཐུབ་ངེས་རེད་དོ། །
གཏེར་ཟེར་བ་དེ་གཏེར་བཏོན་པའི་དུས་རབས་དེའི་སྤྱི་ཚོགས་གནས་སྟངས་མཚོན་ཐུབ་པ་མ་གཏོགས་མི་ཞིག་གིས་བྲིས་ནས་གཏེར་དུ་སྦས་པ་མི་རབས་མང་པོའི་རྗེས་སུ་མི་ཞིག་གིས་དེ་བཏོན་ཟེར་བར་ཡིད་ཆེས་སྤུ་ཙམ་མེད། དཔེར་ན། རྙིང་མའི་པདྨ་བཀའ་ཐང་དང་བོན་གྱི་དྲི་མེད་གཟི་བརྗིད་ཟེར་བ་དེ་ཚོ་ཨོ་རྒྱན་གླིང་པ་དང་བློ་ལྡན་སྙིང་པོས་བྲིས་པ་ཡིན་པར་ཡིད་ཆེས་ཡོད། དེའི་དུས་རབས་བཅུ་བཞི་པའི་ནང་གི་རྩོམ་པ་པོ་དེའི་བསམ་བློ་མཚོན་ཐུབ་ཀྱིན་ཡོད། སྐབས་དེའི་སྤྱི ཚོགས་ཀྱི་གནས་སྟངས་ཤིག་ཀྱང་མཚོན་ཐུབ་ཀྱིན་ཡོད། དུས་རབས་བཅུ་བཞི་པའི་ནང་ལ་བོན་ཟེར་བ་ཞིག་ཡོད་པའི་དཔང་པོ་བྱེད་ཐུབ། དུས་རབས་བཅུ་བཞི་པའི་ནང་ལ་ཨོ་རྒྱན་གླིང་པ་ཟེར་བ་དེས་སློབ་དཔོན་པདྨ་སམ་བྷ་ཝ་ལ་དད་པ་འཇོག་གི་ཡོད་པའི་དཔང་རྟགས་སུ་འགྱུར་ཐུབ།
རིན་ཐང་མེད་ཟེར་གྱིན་མེད། དུས་རབས་བཅུ་བཞི་པའི་ནང་གི་ཡིག་ཆ་ཞིག་ཡིན་དུས་དེ་ཡང་ག་ལ་གང་འཚམས་ཀྱི་རྙིང་པ་རེད། མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱིས་དུས་རབས་བཅུ་གཅིག་པའི་རྗེས་སུ་ཞང་བོད་ཤན་སྦྱར་ཟེར་བ་ཞིག་ཐོན་ཡོད་པ་མ་གཏོགས་དེའི་སྔོན་དུ་བྱུང་བའི་ཞང་ཡིག་གི་སྟེང་དུ་བྲིས་པའི་དཔེ་ཆ་གཅིག་ཀྱང་མཐོང་མ་མྱོང་ཞེས་ཡང་ཡང་གསུང་གིན་འདུག གལ་སྲིད་ཡོད་ན་ཁོང་ལ་ཕུལ་དང་ཡག་པོ་ཡོད་ས་རེད། ད་ཞང་སྐད་ཀྱི་སྟེང་ལ་ཁྱེད་རང་ཚོའི་སྟོན་པའི་མཚན་དེ་ཡང་འདི་རེད་ཟེར་བ་ཞིག་བཤད་རྒྱུ་མི་འདུག རྫུན་ལ་ཡིད་ཆེས། རྫུན་ལ་ཁུངས་བཅོལ། རྫུན་གྱི་སྟེང་ལ་རྫུན་གྱི་རྣམ་བཞག་བྱས་བསྡད་ན་རྫུན་རྐུབ་བརྡོལ་ཡོང་གིན་རེད། ངས་སྐད་ཆ་དྲང་པོར་བཤད་གི་ཡོད།
ང་སྤྱིར་ན་གཏེར་ཆོས་དང་ལུང་བསྟན་ཡི་གེ་སོགས་ཀློག་པར་དགའ། དེ་ནི་རྩོམ་པོ་དེའི་བསམ་བློ་དང་། སྐད་ཆ་དེ་འདྲ་ཞིག་བཤད་དགོས་པའི་རྒྱབ་ལྗོངས། སྐད་བརྡ་བེད་སྤྱོད་སྟངས། སྐབས་དེའི་སྤྱི་ཚོགས་ཀྱི་གནས་སྟངས་སོགས་མང་པོ་ཞིག་གོ་ནུས་པས་ཡིན་མ་གཏོགས་གཏེར་ཟེར་བ་སྔོན་མ་མི་ཞིག་གིས་སྦས་པ་རྗེས་སུ་མི ཞིག་གིས་དེ་བཏོན་ཡོང་བ་ཡིན་ཟེར་བར་ཡིད་ཆེས་མེད། ལུང་བསྟན་ཡང་དེ་མཚུངས་རེད། སྔོན་མར་མི་ཞིག་གིས་ང་ལ་ལུང་བསྟན་ཡི་གེ་ཞིག་གནང་སོང་། དཔེ་ཆ་དེ་དུས་རབས་ཉི་ཤུ་པའི་སྟོད་དུ་བྲིས་པ་ཞིག་རེད་འདུག ལུང་བསྟན་དེ་སྐད་གྲགས་ཆེན་པོ་རེད་ཟེར། དེའི་ནང་དུ་ཚིག་འདི་འདྲ་ཞིག་འདུག “མགོན་རྒྱལ་བ་ནི་ས་མཐའི་རྒྱལ་བ་རེད། གཙང་བཀྲ་ཤིས་ཀྱི་པན་ཆེན་སྔགས་ཆས་བྱེད།།”ཟེར་བ་ཞིག་འདུག མི་མང་པོས་དེ་ནི་ད་ལྟའི་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་དང་པན་ཆེན་སྐུ་ཐོག་གོང་མ་ཆོས་ཀྱི་རྒྱལ་མཚན་ལུང་དུ་བསྟན་པ་རེད་བསམ་ནས་ལུང་བསྟན་ཞེད་པོ་ཞིག་རེད་ཟེར་ནས་སྐད་གྲགས་བྱུང་འདུག དོན་དངོས་སུ་ཞིབ་འཇུག་བྱས་དུས་དེ་རེད་མི་འདུག རྩོམ་པ་པོ་ཁོང་རང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་དང་། པན་ཆེན་ཆོས་ཀྱི་ཉི་མ་དང་དུས་མཉམ་རེད་འདུག སྐབས་དེར་དབྱིན་ཅིའི་བཙན་འཛུལ་བྱས་རྐྱེན་གྱིས་རྒྱལ་དབང་བཅུ་གསུམ་པ་སོག་ཡུལ་དང་རྒྱ་ཡུལ་དུ་ཡུན་རིང་བཞུགས་དགོས་བྱུང་འདུག དེ་ནས་ལུའུ་ཅུན་རྒྱ་དམག་ལྷ་སར་འབྱོར་རྐྱེན་གྱིས་རྒྱ་གར་ལ་བྲོས་བྱོལ་མཛད་དགོས་བྱུང་འདུག མགོན་རྒྱལ་བ་ནི་ས་མཐའི་རྒྱལ་བ་རེད་ཅེས་ལོ་རྒྱུས་དངོས་བྱུང་ཅིག་བྲིས་པ་མ་གཏོགས་ལུང་བསྟན་གནང་གི་ཡོད་པ་རེད་མི་འདུག དེ་བཞིན་དུ་གཙང་བཀྲ་ཤིས་ཀྱི་པན་ཆེན་སྔགས་ཆས་བྱེད་ཅེས་པ་དེ་ཡང་། པན་ཆེན་ཆོས་ཀྱི་ཉི་མ་དང་སྡེ་པ་གཞུང་མ་འཆམས་ནས་པན་ཆེན་རྒྱ་ཡུལ་དུ་བྲོས་བྱོལ་བྱས་ཤིང་། སྐབས་དེར་ཁོང་གིས་རྒྱའི་མི་དྲགས་ཆ་ལུགས་གོས་ཆེན་གྱི་ལྭ་བ་བཞེས་པ་སོགས་མཛད་པ་དེ་ལ་སྔགས་ཆས་བྱེད་ཅེས་བཤད་གི་ཡོད་པ་མ་གཏོགས་ལུང་བསྟན་པ་རེད་མི་འདུག
༡༽ལོ་རྒྱུས་སྨྲ་བ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། ཐང་ཡིག་བཀའ་ཐང་སོགས་མ་གཞི་ལོ་རྒྱུས་རྙིང་པ་རེད། ཕྱིས་ཀྱི་བསླད་པ་ཡོད་སྲིད། བཤད་ཡོད་སྣང་ཤར། ཕྲན་གྱིས་བཀའ་ཐང་ལྔ་བཅུ་ཙམ་མཇལ་མྱོང་། ནང་དོན་ཕལ་ཆེ་བ་གཅིག་རེ། ཉང་གི་བཀའ་ཐང་ལྡེ་ལྔ། ཟངས་གླིང་མ། བསྡུས་པ་བཅས་བདུན་ཙམ། གུ་རུ་ཆོས་དབང་གི་བཀའ་ཐང་གའུ་མ། སངས་རྒྱས་གླིང་པའི་བཀའ་ཐང་གསེར་ཕྲེང་ཡིག་རྙིང་ཡིན་ངེས་པའོ། གཏེར་ཟེར་བ་མེད་པ་མ་རེད། དེང་དུས་ཏུན་ཧོང་གི་ཡིག་ཆ་དང་། དུར་ཁྲོད་བང་སོའི་ནང་གི་ལོ་རྒྱུས་བཞིན་ནོ། །ཁྱད་པར་ཉང་རལ་དང་གུ་རུ་ཆོས་དབང་གི་གཏེར་ཡིག་ཚོ་ཕལ་ཆེ་བ་མི་ལའི་གསེར་མཁར་མ་འཇིག་བར་གནས་ཡོད་པར་གྲགས། །༢༽ཉང་རལ་1124་192 ་བར་བྱོན། བ་རིའི་ཆོས་འབྱུང་དུ་གུ་རུ་བོད་དུ་ལོ་54་བཞུགས་པ་ལྟར་ན། 876་སློབ་དཔོན་བོད་ནས་གཤེགས་ཏེ་ལོ་༢༥༠་མ་ཟིན་ཙམ་གྱི་སྐབས་ཡིན་པས་སྐབས་དེའི་ཡིག་ཆ་མ་ནུབ་པར་གནས་ཆོག་པ་དང་། གུ་རུ་ནས་བརྒྱུད་པའི་མི་རབས་གསུམ་པ་དང་ཡང་སློབ་ཚོ་ཡང་བཞུགས་ཆོག་པས་ལོ་རྒྱུས་ཁུངས་ལྡན་ཡིན་ཆོག་གོ། །མ་ཟད་ཉང་རལ་ཁོ་རང་ཡང་མངའ་བདག་གི་གདུང་དང་སྤྲུལ་བར་ཡོངས་སུ་གྲགས་པའི་ལོ་རྒྱུས་འཚོལ་བའི་ཆ་རྐྱེན་ཡང་ཡོད་པ་སྨྲོས་མ་དགོས་སོ། ། ༣༽རྒྱ་ནག་གི་ལོ་རྒྱུས་ཐང་ཡིག་སོགས་སྐབས་དེའི་བོད་དུ་འགྲོ་མྱོང་མཁན་དང་དམག་འཁྲུག་བྱེད་མཁན་གྱི་དཔའ་བོ་ཚོའི་བཤད་པ་སྐབས་དེར་རྒྱ་ཡིག་ལ་བཀོད་པ་ལས་བོད་ཀྱི་ཡི་གེ་ལ་བརྟེན་ནས་བྲིས་པ་ཡིན་ཞེས་འཁོད་པ་རྒྱ་ཡིག་གག་དུའང་མི་སྣང་། རྒྱ་ནག་གི་ལོ་ཚིགས་ནི་ཁུངས་ཤིན་ཏུ་བཙུན། ལོ་རྒྱུས་འདོད་ཕྱོགས་བསྒྲུབ་པ་ནི་ཁོ་རང་ཚོའི་གཤིས་ཀ་ཞིག་རེད། །ཕལ་ཆེར་རང་གི་རྗེ་བོ་ལ་ཁ་གཏོང་མི་སྲིད། ལྷ་འདྲེ་ལ་ཡང་དེ་བཞིན་ནོ། རྒྱལ་རབས་མི་འདྲ་བས་བྲིས་ན་ཕ་རོལ་བོར་འདྲེ་རུ་སྒྲུབ་པ་ལོ་རྒྱུས་ཐམས་ཅད་མཚུངས། །
གཏེར་ཡིག་ཚང་མ་གཏེར་སྟོན་གྱིས་བརྩམས་པ་རེད་ཟེར་ན་ཅུང་འགྲིག་གི་ཡོད་ན། གཏེར་ཡིག་ཟེར་བ་ནི་དཔེར་ན་རིག་གསར་སྐབས་སྦས་པའི་དཔེ་ཆ་ལོ་བཅུ་ཉི་ཤུའི་རྗེས་སུ་ཚུར་བཏོན་པ་འདྲ་མོ་རེད། གལ་སྲིད་བོད་ལ་རིག་གསར་གྱི་དུས་ངན་དེ་ལོ་བརྒྱ་ཕྲག་གནས་ཡོད་ན་དཔེ་ཆ་དེ་ཚོ་ས་འོག་དང་བྲག་ཁུང་སོགས་ལ་ལོ་བརྒྱ་ཕྲག་ལུས་ངེས་ཤིང་། མ་འོངས་པའི་མི་འགའ་ཞིག་གིས་རྙེད་ཆོག་གི་རེད།
དེང་སྐབས་ཀྱང་མཆོད་རྟེན་དང་ས་འོག་ནས་དཔེ་རྙིང་ཐོན་བཞིན་པ་འདི་རྣམས་རྙེད་མཁན་གྱི་མི་དེ་ཚོས་བརྩམས་པ་རེད། ང་དེ་ལ་ཡིད་ཆེས་མེད་ཟེར་ན་ཧ་ཅང་ཐལ་སོང་བ་མ་རེད་དམ། ཏུན་ཧོང་ཡིག་རྙིང་ཟེར་བ་དེ་ཡང་དུས་རབས་དགུ་པའི་གཡས་གཡོན་ལ་བརྩམས་པ་ཡིན་པ་དང་། ཚུར་དུས་རབས་ཉི་ཤུ་པའི་ནང་རྙེད་པ་མ་རེད་དམ།
་་་་་་་་་ དཔེར་ན། རྙིང་མའི་པདྨ་བཀའ་ཐང་དང་བོན་གྱི་དྲི་མེད་གཟི་བརྗིད་ཟེར་བ་དེ་ཚོ་ཨོ་རྒྱན་གླིང་པ་དང་བློ་ལྡན་སྙིང་པོས་བྲིས་པ་ཡིན་པར་ཡིད་ཆེས་ཡོད། དེའི་དུས་རབས་བཅུ་བཞི་པའི་ནང་གི་རྩོམ་པ་པོ་དེའི་བསམ་བློ་མཚོན་ཐུབ་ཀྱིན་ཡོད། ་་་་་་་་
་་་་་་་་ གཏེར་སྟོན་སངས་རྒྱས་བླ་མ་ཞེས་བྱ་འབྱུང་། ཞེས་གཏེར་སྟོན་དང་པོ་སངས་རྒྱས་བླ་མ་ནས་བཟུང་། དུས་རབས་བཅུ་པ་ཚུན་ཆད་ནས་བྱུང་བའི་གཏེར་སྟོན་བརྒྱ་རྩ་ཟེར་་་་་་་་
་་་་་་་་་ སྔོན་གྱི་དཔེ་ཆའི་ནང་གི་མིང་བརྡ་དང་དེང་གི་ཡུལ་ཕྱོགས་སོ་སོའི་ཁ་སྐད་གཉིས་གོ་བསྡུར་གཏིང་ཕྱིན་པ་བྱ་ཐུབ་ན། ཞང་ཞུང་གི་སྐད་ཅེས་པ་དང་སྐད་དེའི་ཁྱབ་ཚད་འདི་འདྲ་ཞིག་བྱུང་འདུག་བ་བསམས་པའི་ངེས་ཤེས་འགྱུར་བ་མེད་པ་ཞིག་ཏན་ཏན་ཁྱེད་ལ་བརྙེད་ཐུབ་ངེས་རེད་དོ། །་་་་་་་་་
སྙིང་མའི་གཏེར་ཡིག་འདི་ནི། ཆོས་དེའི་གདམས་ངག་གི་གདུལ་བྱ་སྐྱེས་པ་ལ་མི་རབས་འགའ་ཤས་སྒུག་དགོས་པའི་དབང་དུ་བྱས་ན། གཏེར་ཡིག་ཞེས་པ་དེ་གལ་ཆེན་པོ་གཅིག་ངེས་སོ་སྙམ་མོ།།