བསེ་བཙུན་ཐར་ཚེ་རིང་།
ཉེ་སྔོན་ངྷ་སར་དབུ་རང་གཉིས་ཀྱི་བགྲོ་གླེང་ཟེར་བ་ཞིག་འཚོགས། དེའི་གཙོ་སྐྱོང་པ་སྐལ་ལྡན་བློ་གྲོས་ཟེར་བ་དེ་རེད། ངས་བགྲོ་གླེང་དེར་བལྟས་རྗེས། གཙོ་སྐྱོང་པས་འགན་གང་ཡང་འཁུར་མེད་པ་གསལ་བོར་མཐོང་། ཁོ་ལ་དབུ་རང་གཉིས་ཀྱི་བར་མགོ་མ་འཚོས་པའི་བཤད་ཡམས་ཀྱི་ལམ་ནས་ཆེད་མངགས་དཀྲུགས་ཤིང་རྒྱག་གི་ཡོད་སྐོར་སེལ་འདོད་ཡོད་ན། དེ་དག་ལ་ཐོག་མར་ཞིབ་འཇུག་གིས་བགྲོ་གླེང་གི་ལམ་ནས་གཙང་མ་བཟོ་དགོས་ཀྱང་དེ་འདྲ་གང་ཡང་གནང་མ་སོང་། སྐད་ཆ་ཡོངས་རྫོགས་མགོ་ནས་མཇུག་བར་དུ་བསམ་ཚུལ་རྐྱང་རེད། འདི་ལས། ངྷ་སའི་གསར་འགོད་པ་སྤྱི་ཟུར་ཨྱོན་བསྟན་འཛིན་དང་བློ་བྷེ་སོགས་ལ་གཙོ་སྐྱོང་བྱེད་བཅུགས་ན། ཁོང་ཚོས་མ་མཐར་རང་ཉིད་ཀྱི་གཏམ་དོད་ལས་སྤྱི་ཚོགས་གཙོ་ཆེ་བ་དང་། ཁྱོན་ཡོངས་ཀྱི་གནས་ཚུལ་མགོ་འཚོས་ནས་གཙོ་སྐྱོང་ཏན་ཏན་གནང་གི་རེད། ཡིན་ནའང་། དེ་འཁྱོང་མ་སོང་།
འོན་ཀྱང་ངས་དེ་རིང་འདིར་གླེང་འདོད་པ་ནི། དེ་ཉིན་གྱི་གཞོན་སྐྱེས་རྩོམ་པ་པོ་གྲགས་ཅན་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་བཏོན་གནང་བའི་ཉེ་རབས་ལོ་རྒྱུས་ཀྱི་གལ་གནད་ཅན་གྱི་དྲི་བ་དེ་དག་གསལ་འདོན་བྱ་བར་སྤྲོ་ཞིང་། དེ་ཡང་བོད་མི་མང་གིས་དངོས་ཡོད་གནས་ཚུལ་མཁྱེན་རྟོགས་ཆེད་ཡིན་པ་ལས། སྐལ་ལྡན་བློ་གྲོས་དང་བསྟན་འཛིན་བརྩོན་འགྲུས་ལྟ་བུ། གཞི་རྩའི་ཤེས་ཡོན་གྱི་རྨང་གཞི་མེད་མཁན་དག་ལ་ཟུར་ཟ་དང་ཁྱད་གསོད་བྱེད་འདོད་པ་མིན། ཤར་ཕྱོགས་ཁུག་རྟ་ལགས་ཀྱི་དྲི་བ་དེ་དག་ཐོས་མ་ཐག ངར་༧གོང་ས་མཆོག་གིས་སྲིད་དོན་རྒྱལ་རབས་ཀྱིས་ཁུངས་འཁྱོལ་གྱི་མེད་སྐོར་བཀའ་གནང་བ་དེ་ཡིད་ལ་དྲན་བཅུགས་སོང་། དེ་བཞིན་༧མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་བོད་ཀྱི་ཆབ་སྲིད་བྱུང་རབས་གཙང་མ་མི་འདུག་གསུང་བ་དེའང་ཡིད་ངོར་བབས་སོང་བས། ཁོང་གིས་བཏོན་པའི་དྲི་བ་ཆེན་པོ་བཞི་དེ་ངས་བསྐྱར་དུ་བོད་མི་ཡོངས་ལ་བསམ་ཞིབ་ཀྱི་རྒྱུར་འབུལ་གྱི་ཡིན།
༡༽ ༧རྒྱལ་དབང་བཅུ་གསུམ་པའི་རང་བཙན་གསལ་བསྒྲགས་ཟེར་བའི་སྐོར་རེད། བོད་རང་བཙན་སློབ་ཕྲུག་ཚོགས་པ་འཇམ་དབྱངས་ནོར་བུ་དང་སྣར་སྐྱིད་ངག་དབང་དོན་གྲུབ་གཉིས་ཀྱི་ཁར་རྒྱུགས་ནས། རང་བཙན་གསལ་བསྒྲགས་ཟེར་བའི་མིང་ཞིག་ས་འཕྱར་གནམ་འཕྱར་བྱས་ཏེ་༧གོང་ས་ཐམས་ཅད་མཁྱེན་པ་བཅུ་བཞི་པ་ཆེན་པོར་ཟུར་ཟ་དང་། བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་ཚད་ལས་བརྒལ་བ་བྱས། ཁོང་ཚོར་༧ཆུ་གླང་རྩ་ཚིག་བོད་རང་བཙན་གསལ་བསྒྲགས་ཅི་ལྟར་རེད། ཡིན་ན་དེའི་གོང་ཅི་ཞིག་ཡིན། མིན་ན་མིང་དེ་ལྟར་འདོགས་དོན་ཅི་རེད་ཅེས་སྐབས་དེར་ཤར་ཕྱོགས་ཁུག་རྟས་དྲི་བ་བཏང་ཡོད་ལ། ལན་ཡང་དག་གཅིག་ཀྱང་ཐེབས་མེད། ཆུ་གླང་རྩ་ཚིག་ནི་མན་ཇུ་མགོ་རྟིང་སློག་པའི་གོ་སྐབས་དང་བསྟུན་ནས། བོད་དབུས་གཙང་ཁུལ་དུ་ཡོད་པའི་མན་ཇུའི་གཞུང་གི་ལས་བྱེད་ཆེ་ཕྲ་དམངས་དང་བཅས་པ་ཕྱིར་ཕུད་དང་། བོད་མི་ཚོས་རང་དོན་རང་གཅེས་གནང་དགོས་པར་གདམས་ཡོད་པའི་བཀའ་ཡིག་ཅིག་ཡིན་པ་ལས། དེ་ཉིན་བོད་རྒྱལ་ཁབ་ཅིག་ཡིན་པ་བསྐྱར་ནན་དང་། ཡང་ན་དབུ་བརྙེས་པ། ཡང་ན་རང་བཙན་ཐོབ་པ་ལྟ་བུ་ཞིག་ཆུ་གླང་རྩ་ཚིག་གིས་བསྒྲགས་མེད་པ་ལོ་རྒྱུས་སྨྲ་བ་ཚད་ལྡན་ཚང་མས་བཞེད་ནའང་། ཁོང་ཚོས་མཐར་གཏུག་ན་ཞྭ་སྒབ་པས་རང་བཙན་གསལ་བསྒྲགས་རེད་གསུང་འདུག་ཟེར་བ་ཙམ་ལ་ཁུངས་བཅོལ་བ་རེད།
ཞྭ་སྒབ་པའི་དེབ་གཉིས་པའི་ཤོག་ངོས་༢༡༩ ན། ཆུ་གླང་རྩ་ཚིག་ལ་༼ད་དུང་བོད་རང་བཙན་ཡིན་པའི་ཁུངས་སྐྱེལ་ངོ་སྤྲོད་་༽ཅེས་མིང་ཞིག་ཁུངས་ལུང་གང་ཡང་མེད་པར་བཏགས་ཡོད་པ་མ་ཟད། ཤོག་ངོས་དེའི་ཐིག་ཕྲེང ༡༢ པར་ ༼བོད་མི་རྣམས་ཀྱི་རྩ་ཚིག་འདི་དང་་་་་་བོད་རང་དབང་རང་བཙན་ཡིན་པའི་གཞུང་ཐོག་ནས་དམིགས་བསལ་དྲིལ་བསྒྲགས་གནང་བར་ཆ་འཇོག་བྱེད་ཀྱི་ཡོད་པ་རེད།༽ཅེས་ལོ་རྒྱུས་ཀྱི་དོན་དངོས་ལ་རང་གི་འདོད་ཕྱོགས་ཀྱིས་བཟོ་བཅོས་བྱས་ཡོད། དེ་ནི་ཧ་ཅང་ཉེས་པ་ཆེན་པོ་རེད་ལ། བོད་ཀྱི་གནས་ཚུལ་ཞིབ་ཚགས་མི་ཤེས་པར་བོད་དོན་ལས་འགུལ་སྤེལ་མཁན་དང་བོད་དོན་བགྲོ་གླེང་བྱེད་མཁན། རང་བཙན་གསལ་བསྒྲགས་ཟེར་ཁུལ་གྱིས་བོད་ཀྱི་ལོ་རྒྱུས་ཀྱི་དོན་དངོས་ལ་རྨ་འབྱིན་གྱི་ཡོད་པ་ཚང་མས་ཤེས་དགོས། ༼འདིར་་༡༩༡༢ ཟླ ༡༢ ནང་༧རྒྱལ་བ་བཅུ་གསུམ་པ་དང་ཡོན་ཧྲི་ཁེ་ལ་བར་ཏར་འཕྲིན་བཏང་རེས་ཀྱིས་མཚན་རྒྱ་ཕྱོགས་ཀྱི་བཤད་སྟངས་རྣམས་མི་གླེང་བ་བྱེད། ༽
གཉིས། བསྟན་འཛིན་བརྩོན་འགྲུས་ཀྱིས་ཞྭ་སྒབ་པ་སོགས་ ༡༩༤༦ ལོའི་དམག་ཆེན་གཉིས་པ་མཇུག་སྒྲིལ་མཚམས་གཡུལ་འགྱེད་བཀྲ་ཤིས་བདེ་ལེགས་ཞུ་བར་ཕེབས་སྐབས་ཀྱི་ཞྭ་སྒབ་པའི་ལག་འཁྱེར་ངོ་བཤུས་དང་། ༡༩༤༧ ལོའི་རྒྱ་གར་དུ་ཚོགས་པའི་ཨེ་ཤ་ཡའི་ཚོགས་འདུར་བདག་ཉིད་ཆེན་པོ་གན་ངྷེ་ཚོགས་དབུར་ཕེབས་པའི་པར་གཉིས་གནམ་སའི་བར་མཚམས་སུ་འཕྱར་ནས། བོད་རང་བཙན་ཡིན་ཞེས་ལོ་མང་པོར་བཤད་བསྡད་པ་དེའི་ཐད། ཤར་ཕྱོགས་ཁུག་རྟས་སྐབས་དེར་ཞྭ་སྒབ་པ་གཙོས་ཚོགས་ཆུང་ནང་གི་ཚོགས་མི་བྱང་དངོས་པ་རྡོ་རྗེ་དངོས་གྲུབ་དང་། བསམ་ཕོ་བསྟན་འཛིན་དོན་གྲུབ་དང་ཀུན་དགའ་རྒྱལ་མཚན་བཅས་ཀྱིས་༼བོད་ཀྱི་ལོ་རྒྱུས་རིག་གནས་རྒྱུ་ཆ་བདམས་བསྒྲིགས༽འདོན་ཐེངས་གཉིས་པའི་ཤོག་ངོས ༡ ནས ༢༨ བར་དེ་དག་གི་སྐོར་ང་ཚོའི་བཤད་སྟངས་དང་རྦད་དེ་མི་མཐུན་པའི་གནས་ཚུལ་བྲིས་འདུག་པར། གཟིགས་མྱོང་ངམ། མྱོང་ན་དགོངས་ཚུལ་ག་རེ་ཡོད་ཅེས་བྲིས་པ་རེད།
གསུམ། ཁྲིམས་དོན་རིག་པའི་ངོས་ནས་བཤད་ན་བཙན་འོག་ཏུ་བཞག་པའི་ཆིངས་ཡིག་མང་པོ་ཞིག་གིས་འཛམ་གླིང་ནང་ལས་ཀ་བྱེད་བཞིན་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར། ཨ་རིའི་རླུང་འཕྲིན་ཁང་གིས་ལོན་ཏོན་དུ་གནས་སྡོད་ཁྲིམས་ལུགས་ཆེད་སྦྱོང་བ་ཞིག་ལ་བཅར་འདྲི་ཞུས་པ་དེས་གསུངས་སོང་ན་དེར་བསམ་ཚུལ་ཅི་ཞིག་ཡོད། གང་ཡིན་ཞེ་ན་གྲོས་བདུན་དོན་ཚན ༡༧ བཙན་དབང་འོག་བཞག་པས་ཁྲིམས་འགལ་ཡིན་ཟེར་གི་ཡོད་པ་རེད་ཝ། དེར་དགོངས་ཚུལ་ཅི་ཞིག་ཡོད། ཐུགས་ཉམས་བཞག་ཡོད་ན་ཞེས་དྲིས།
བཞི། ༡༩༥༩ ལོའི་གསུམ་བཅུའི་སྒེར་ལངས་ལ་རྒྱ་བོད་ཕྱོགས་གཉིས་ན་ངོས་འཛིན་གནང་སྟངས་ལོག་ག་ཡོད་པ་དེ་ཚང་མས་ཤེས་གསལ་རེད། ཡིན་ནའང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་འདིས་ཀ་ལིམ་སྤོང་དུ་བསྡུས་པའི་ཚོགས་ཆེན་ཐོག ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་གིས་གསུང་རྒྱུར་༥༩ ལོའི་མི་མང་སྒེར་ལངས་དེ་སྐབས་དེར་ཨ་ལོ་ཆོས་མཛད་སོགས་ཀྱིས་མི་མང་སྐུལ་སློང་བྱས་ཏེ་ལངས་པ་ཡིན་སྐོར། ཟུར་ཁང་གིས་རྒྱ་དཔོན་ཀྲང་ཅན་ཝུ་ལ་གསུང་བ། ཀྲང་གིས་སྐུ་ངོ་རྒྱལ་ལོ་མཆོག་ལ་དངོས་སུ་གསུང་སོང་ཞེས་བཀའ་གནང་སོང་། སྲིད་དོན་བྱུང་རབས་ཀྱི་ངོས་ནས་བཤད་ན་འདི་དག་ཧ་ལས་པའི་གལ་ཆེན་རེད། སོང་ཙང་ཉེ་རབས་ལོ་རྒྱུས་ཀྱི་གལ་གནད་འདི་དག་ལ་གཟིགས་མྱོང་ངམ། མྱོང་ན་དགོངས་ཚུལ་ག་རེ་ཡོད་གསུང་རོགས་གནང་ཞེས་དྲི་བ་བཏང་སྐབས།
བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཤར་ཕྱོགས་ཁུག་རྟས་རྒྱུན་དུ་མཁས་རྟགས་སྟོན་གྱི་ཡོད་པ་དང་། དྲི་བ་དེ་ཁྱད་གསོད་རེད་ཅེས་ལན་བཏབས་པ་རེད། སྐལ་ལྡན་བློ་གྲོས་ཀྱིས་བསྐྱར་དུ་དྲི་བ་དེ་བཏང་ནའང་ཁོང་གིས་ལན་གང་འདེབས་རྒྱུ་མ་རྙེད། དེའི་ཚུལ་མི་དམངས་ཀྱིས་གསལ་བོ་གཟིགས་ཡོད་ཤག་རེད། སྤྱིར་ཡིན་ན། བསྟན་བརྩོན་ལྟ་བུ་ནི་རང་བཙན་ཟེར་བའི་ཐ་སྙད་ཙམ་ཁ་ནས་བསྒྲགས་ཤེས་པ་ལས། དོན་ངོ་མར་བོད་མི་རིགས་ལ་ལྷག་བསམ་ཤ་ཞེན་ཅི་ཙམ་ཡོད་མེད་ཁོང་ལ་འདྲིས་འགྲོགས་ཟབ་པའི་མི་ཀུན་གྱིས་ངོས་འཛིན་བྱེད་ཀྱི་མེད་ཁར། དེ་ལས་ལྡོག་སྟེ་ཁུག་མ་སྒོར་མས་རྒྱངས་ཏེ་དུག་ལོག་ལྷན་པ་ཅན་གྱོན་པའི་ཁྲམ་པ་ཞིག་ཡིན་པའང་ངོས་འཛིན་བྱས་ཡོད་པ་མ་ཟད། གཞོན་ནུའི་ནང་ཁུལ་ནས་ཚོགས་གཙོ་གཞོན་ཕར་ཞོག དབུས་རྒྱུན་ཙམ་ཡང་ཐོབ་ལ་མི་ཐོབ་ཡིན་པ་ཚང་མས་ཤེས་གསལ་ཡིན་ནའང་། རང་བཙན་རང་བཙན་ཟེར་མཁན་འདི་དག་གིས་དོན་དངོས་པོར་སློབ་སྦྱོང་ཕུ་ཐག་ཆོད་པ། མགོ་སྐོར་མི་ཐེབས་པ་ཞིག་མི་བྱེད་དོན་ཅི་ཞིག་ཡིན་ནམ། དེ་ནི་ངའི་དྲི་བ་ཡིན་ལ། ལྷག་པར་ཏུ་བོད་ནང་གི་བོད་མི་ཚོས་དྲི་བ་ཡིན་པ་གདོན་མི་ཟ་བས། རྒྱ་ཆེའི་མི་མང་གིས་དངོས་ཡོད་གནས་ཚུལ་གསལ་རྟོགས་ཐུབ་ཆེད་ཡི་གེ་འདི་དག་འབྲི་བའི་ངལ་བ་དང་དུ་བླངས་པ་ཡིན།
༢༠༡༥། ༡༡། ༡༨། ཉིན།།
ཤར་ཁུག་གི་དྲི་བ་འདྲི་སྟངས་དེ་ལ་དོགས་པ་ཆེན་པོ་བྱུང་སོང་། ཤར་ཁུག་གིས་རྒྱ་ནག་ཕྱོགས་ཟེར་ནས་སྐད་ཆ་མང་པོ་བཤད་ཀྱི་འདུག་པས་ཤར་ཁུག་འདི་རྒྱ་ནག་དང་འབྲེལ་བ་ཡོད་མཁན་ཞིག་ཆགས་མེད་དམ་སྙམ་པ་བྱུང། སྤྱིར་བཏང་ཤར་ཁུག་འདི་གནས་ཚུལ་གང་ཡིན་རུང་ག་ས་གང་ལ་བྱ་སྟུག་ནང་བཞིན་གཏོང་མཁན་ཞིག་ཡིན་མོད། ཤར་ཁུག་རྒྱ་གཞུང་གི་ཡིག་ཆ་བརྒྱུད་ནས་བོད་ལ་བསྐྱོད་པ་དེ་ཧ་ཅང་གསང་བ་བྱེད་ཀྱི་འདུག་པས་དེ་ལ་དོགས་ཟོན་བྱེད་འོས་འདུག
ཤར་ཁུག་མྱི་འདི་དེང་སང་སེམས་པ་ཐང་པོ་མེད་པར་གྱུར་འདུག་གདའ། ཁོང་གིས་གུང་བྲན་གྱིས་བཤད་པར་བདེན་པ་དང་ཚད་མ་འཛིན་གྱི་འདུག་་་་་་ཤ་ཚ་སྙིང་རྗེ་ཡུལ་རེད། བསྟན་བརྩོན་གྱིས་ལན་མ་འདེབས་པ་འགྲིག་ཡོད། དུས་ཚོད་ཆུད་ཟོས་ལས་མེད་དོ།།
ཤར་ཁུག་གིས་སྐད་ཆ་བསམ་བློ་ཏོག་ཙམ་བཏང་བ་ཡིན། བགྲོ་གླེང་འདིའི་ཁྲོད་ཀྱི་ཤར་ཁུག་གིས་དོན་ཚན་བཅུ་བདུན་ཁྲིམས་མཐུན་ཡིན་སྐོར་བཤད་འདུག སྐད་ཆ་གཞན་དག་ལ་གནས་སྐབས་གང་ཡང་ཞུ་འདོད་མེད་ཀྱང་། དོན་ཚན་བཅུ་བདུན་ཁྲིམས་མཐུན་དུ་ཁས་ལེན་པའི་ལྟ་ཚུལ་འདོན་གྱི་ཡོད་ན་གཤམ་གསལ་གནད་དོན་ཁག་ཁས་ལེན་དགོས།
༡༽ བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་འདི་བོད་མི་ཡོངས་ཀྱི་མངའ་དབང་ལྡན་པའི་གཞུང་ཡིན་ཟེར་བ་འདི་རྫུན་མ་ཡིན་པ་ཁས་ལེན་དགོས། དོན་ཚན་བཅུ་བདུན་ཁས་ལེན་ན་དེ་ལྟར་ཁས་མི་ལེན་ཟེར་ཡུལ་ལྷགས་མེད།
༢༽ དོན་ཚན་བཅུ་བདུན་ཁས་ལེན་ན། དོན་ཚན་བཅུ་བདུན་གྱི་དོན་ཚན་དང་པོ་དང་། དེ་བཞིན་དོན་ཚན་བཅུ་བདུན་གྱི་སྔོན་གླེང་བཅས་ཁས་ལེན་དགོས། དེ་ཁས་ལེན་ན་ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་བླངས་པ་རེད།
༣༽ དོན་ཚན་བཅུ་བདུན་ཁས་ལེན་ན། ༧གོང་ས་མཆོག་གིས་ ༡༩༥༩ ལོར་རྒྱ་ཤར་ཨ་སམ་ཏེ་ཛུ་པུར་དང་། ༡༩༥༩ ཕྱི་ཟླ་ ༦ ནང་མ་སུར་བཅས་སུ་ཡོངས་ཁྱབ་གསལ་བསྒྲགས་གནང་བ་བརྒྱུད་དོན་ཚན་བཅུ་བདུན་རྒྱ་མི་རང་ཉིད་ཀྱིས་བརྩི་འཇོག་མ་བྱས་པའི་རྒྱུ་མཚན་ལ་བརྟེན་ནས། དེར་རྩ་འཛིན་བྱེད་པའི་ཁྲིམས་ཀྱི་གཞི་རྩ་ལྷག་མེད་པར་གསུངས་པ་སོགས་ནི་ལོ་རྒྱུས་དང་། ཁྲིམས་དོན་གཉིས་ཐོག་ནས་གཞི་རྩ་མེད་པ་ཁས་ལེན་དགོས།
ཤར་ཁུག་གིས་སྐད་ཆ་བསམ་བློ་ཏོག་ཙམ་བཏང་བ་ཡིན། བགྲོ་གླེང་འདིའི་ཁྲོད་ཀྱི་ཤར་ཁུག་གིས་དོན་ཚན་བཅུ་བདུན་ཁྲིམས་མཐུན་ཡིན་སྐོར་བཤད་འདུག སྐད་ཆ་གཞན་དག་ལ་གནས་སྐབས་གང་ཡང་ཞུ་འདོད་མེད་ཀྱང་། དོན་ཚན་བཅུ་བདུན་ཁྲིམས་མཐུན་དུ་ཁས་ལེན་པའི་ལྟ་ཚུལ་འདོན་གྱི་ཡོད་ན་གཤམ་གསལ་གནད་དོན་ཁག་ཁས་ལེན་དགོས།
༡༽ བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་འདི་བོད་མི་ཡོངས་ཀྱི་མངའ་དབང་ལྡན་པའི་གཞུང་ཡིན་ཟེར་བ་འདི་རྫུན་མ་ཡིན་པ་ཁས་ལེན་དགོས། དོན་ཚན་བཅུ་བདུན་ཁས་ལེན་ན་དེ་ལྟར་ཁས་མི་ལེན་ཟེར་ཡུལ་ལྷགས་མེད།
༢༽ དོན་ཚན་བཅུ་བདུན་ཁས་ལེན་ན། དོན་ཚན་བཅུ་བདུན་གྱི་དོན་ཚན་དང་པོ་དང་། དེ་བཞིན་དོན་ཚན་བཅུ་བདུན་གྱི་སྔོན་གླེང་བཅས་ཁས་ལེན་དགོས། དེ་ཁས་ལེན་ན་ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་བླངས་པ་རེད།
༣༽ དོན་ཚན་བཅུ་བདུན་ཁས་ལེན་ན། ༧གོང་ས་མཆོག་གིས་ ༡༩༥༩ ལོར་རྒྱ་གར་ཤར་ཨ་སམ་ཏེ་ཛུ་པུར་དང་། ༡༩༥༩ ཕྱི་ཟླ་ ༦ ནང་མ་སུར་བཅས་སུ་ཡོངས་ཁྱབ་གསལ་བསྒྲགས་གནང་བ་བརྒྱུད་དོན་ཚན་བཅུ་བདུན་རྒྱ་མི་རང་ཉིད་ཀྱིས་བརྩི་འཇོག་མ་བྱས་པའི་རྒྱུ་མཚན་ལ་བརྟེན་ནས། དེར་རྩ་འཛིན་བྱེད་པའི་ཁྲིམས་ཀྱི་གཞི་རྩ་ལྷག་མེད་པར་གསུངས་པ་སོགས་ནི་ལོ་རྒྱུས་དང་། ཁྲིམས་དོན་གཉིས་ཐོག་ནས་གཞི་རྩ་མེད་པ་ཁས་ལེན་དགོས།
ནོར་བཅོས་དང་བཅས།
འབུར་ཏུ་ཐོན་པའི་གཞོན་སྐྱེས་ཤེས་ཡོན་པ་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་གནད་འགག་ཅན་གྱི་དྲི་བ་ཞིག་བཏོན་སོང་། དྲི་བ་དེའི་གནད་འགག་རང་བཞིན་གོང་དུ་བསེ་བཙུན་ཐར་ཚེ་རིང་ལགས་ཀྱིས་གསལ་འདོན་གནང་འདུག་པ་དེ་རེད། ཡིན་ན་ཡང་། ང་ཚོའི་རང་བཙན་འཐབ་རྩོད་པ་གྲགས་ཅན་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་་་ བོང་བུ་དར་ཐོག་འདེད་པའི་ངང་ཚུལ་གྱིས་རང་གིས་མ་ཤེས་པའི་ངན་ཁག་ཡོད་ཚད་ཤར་ཁུག་གི་མགོར་དེད་སོང་། སྣང་ཚུལ་འདིས་བསྟན་འཛིན་བརྩོན་འགྲུས་ལགས་ཀྱི་གོ་རྟོགས་མཚོན་པ་ཙམ་དུ་མ་ཟད། ང་ཚོའི་སྤྱི་ཚོགས་ནང་གི་སྐབས་འཚོལ་རིང་ལུགས་པ་མང་པོ་ཞིག་གི་རང་གཤིས་ངོ་མ་དེ་མཚོན་འདུག་སྙམ་ན། མ་འོངས་པའི་བཙན་བྱོལ་སྤྱི་ཚོགས་འདིའི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་དངངས་སྐྲག་ལངས་པ་ཞིག་འདུག
་་་་་་་་ ཤར་ཁུག་རྒྱ་གཞུང་གི་ཡིག་ཆ་བརྒྱུད་ནས་བོད་ལ་བསྐྱོད་པ་དེ་ཧ་ཅང་གསང་བ་བྱེད་ཀྱི་འདུག་པས་དེ་ལ་དོགས་ཟོན་བྱེད་འོས་འདུག ་་་་་་་་་་
བགྲོ་གླེང་དྲང་པོ་དང་། ཁ་རི་ཁ་གཏུགས་ཡག་པོ་བྱུང་སོང་། བགྲོ་གླེང་དགོས་དོན་རང་བཙན་པ་དེ་ཚོ། དབུས་ལམ་པ་ལ་མི་གནོད་པའི་ཆེད་དུ་འཚོགས་པ་རེད། སྙམ་ཡང་། ཡང་དེ་གཉིས་བར་ལ། དྲ་འབུ་ཚོས་དཀྲུགས་ཡ་འགོ་བཙུག་ཚར་སོང་།
འཇིགས་བྲལ་གྱིས་དྲི་བ་མགོ་འཚོས་མི་འདུག
ཁྲིམས་དོན་ལྟར་ན་བཙན་དབང་འོག་བཞག་པའི་ཆིངས་ཡིག་ཁྲིམས་འགལ་ཡིན་པར་ངོས་འཛིན་བྱེད་ཀྱི་རེད་དམ། ཞེས་པ་འདི་རེད། འདི་ལ་ལན་ཐོབས།
ལར་ནས་ཤེས་དགོས་པ་འགའ་ཡོད་པ་ནི།
དོན་ཚན་བཅུ་བདུན་ལ་ང་ཚོས་མཚན་རྟགས་བཀོད་ཟིན་པ་དེ་ཅི་རེད།
དེའི་རྗེས་བོད་གཞུང་ཚོགས་འདུ་རྒྱས་འཛོམས་སྟེང་དེ་ངོས་ལེན་བྱས་པའི་བརྡ་ལན་བཏང་བ་དེ་ཅི་རེད།
དེའི་རྗེས་རྒྱ་ཕྱོགས་ནས་འབྲུ་དོན་བརྡལ་བཤིག་བཏང་བས་ང་ཚོས་རྩིས་མེད་བཏང་བ་ཡིན་ཟེར་བ་དེ་ཅི་རེད། དེ་ནས་བཟུང་ད་བར་དེ་རྩིས་མེད་ཆགས་ཡོད་དམ། ཆགས་ཟིན་པའི་རྒྱབ་སྐྱོར་ཁྲིམས་དོན་དང་ཆབ་སྲིད་གང་ཐད་ནས་ཐོབ་ཡོད་དམ། དེའི་རྗེས་ལ་ང་ཚོའི་དབུ་མའི་ལམ་འདི་གྲོས་མཐུན་དོན་ཚན ༡༧ དང་འདྲ་བོ་ཡོད་ཅེས་བཀའ་ཤག་གིས་གསུང་བ་དེའི་དོན་ཅི་རེད། གཞན་ཡང་གྲོས་མཐུན་རྩིས་མེད་གཏོང་དགོས་ཚེ་ཕྱོགས་གང་ཡིན་རུང་སྔར་རང་རང་ཡོད་སའི་ས་ཆ་དེ་ནས་རྩིས་མེད་གཏོང་དགོས་སམ་མི་དགོས། ཕྱི་རྒྱལ་ནས་རྩིས་མེད་བཏང་འེ་ཆོག ཕྱོགས་གཅིག་གིས་རྩིས་མེད་བཏང་ཆོག་གམ།
འདི་རྣམས་ལ་ཁྲིམས་ལུགས་དང་ཆབ་སྲིད་ཀྱི་ཐད་ནས་ལན་ཡོད་ན་གསུང་རོགས།
འདིའི་སྐོར་བརྙན་ཐུང་དུམ་བུ་ཞིག་ལྟ་རྒྱུ་བྱུང་། ཞོལ་ནས་དྲི་བ་འདྲི་དུས་གཙོ་སྐྱོང་བ་སྐལ་ལྡན་བློ་གྲོས་ཀྱིས་ཤེས་མདོག་དང་ཆེ་མདོག་གིས་སྒེར་གཅོད་ཀྱི་ཚུགས་ཀ་མངོན་སྟངས་དེས་ངའི་སེམས་པར་བདེ་བདེ་རང་མ་བྱུང་། མ་ཟད། རང་བཙན་མིང་ཡིག་འོག་ན་རས་དམར་མགོ་བཀྲི་བྱེད་མཁན་བསྟན་བརྩོན་ལ་དྲི་བ་བཏང་ཡང་ལན་ཕར་ཟད། སྐབས་འདིར་བཟང་སྤྱོད་ཀྱི་དྲི་ཙམ་མེད་པའི་བསྟན་བརྩོན་ཁོས་དྲི་འདོན་པ་གང་ཟག་སྒེར་ལ་མི་འདོད་པ་དང་མི་དགའ་བའི་རྣམ་འགྱུར་བསྟན་དུས་ཨ་ཁ་ཁྱོད་རང་ཡང་གེ་མི་འདུག་ག་སྐྱོ་སྣང་རེ་རང་བཞིན་གྱིས་འཁོར་བྱུང་།
ཤར་ཁུག་གི་འདྲི་བ་དག་གནད་འགག་ཆེན་པོ་རེད། རང་བཙན་ཟེར་ནས་ངར་མཁན་དག་གིས་ངེས་པར་དུ་ཤེས་དགོས། དེ་ཙམ་མ་ཤེས་ན་རང་བཙན་ཞེས་ཆེན་པོ་ཆེན་པོ་མ་བཤད་ན་ཡག་གི་རེད། ཤར་ཁུག་གིས་ཡིག་ཆ་དང་མིས་བཤད་པ་དག་གཞིར་བཟུང་ནས་འདྲི་བ་བཏོན་པ་ལས། རང་གི་བསམ་ཚུལ་དང་ཕྱོགས་རེས་ཀྱི་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་སོང་། དེའི་ཆ་ནས་བལྟས་ན། ཤར་ཁུག་ལ་རང་བཙན་ཟེར་ནས་ངར་མཁན་ཚོས་རྩོད་པ་བྱེད་དབང་དུ་བཏང་ན་ཤར་ཁུག་རྒྱལ་ངེས་པ་རེད། རྒྱུ་མཚན་ནི། ཤར་ཁུག་ཞར་ར་ཞིག་རེད་མི་འདུག་ལ། ཕྱོགས་གཉིས་ཀྱི་ལྟ་སྟངས་ཐུགས་སུ་ཆུད་པས་སོ།།
མང་གཙོའི་སྤྱི་ཚོགས་ནང་ཁྲིམས་ཀྱི་དབང་བསྒྱུར་དེ་གལ་ཆེན་ཡིན་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་རང་བཙན་དང་དབུ་མ་གང་ཡང་གསལ་མེད་པ་ནས་བོད་དོན་བདེན་མཐའ་ཟེར་བའི་ཐ་སྙད་འདིའི་འོག་ཏུ་འགན་འཁུར་ནས་མཁས་དབང་ཚོ་བགྲོ་གླེང་གནང་ཐུབ་ན་བོད་རྒྱའི་དཀའ་ངལ་གསེལ་ཐུབ་པ་ལ་ཕན་ངེས་ལས་། དེ་མིན་བཅའ་ཁྲིམས་ནང་མེད་པའི་ཐ་སྙད་རང་བཙན་དང་དབུ་མ་ལ་བགྲོ་གླེང་དང་ཟབ་སྦྱོང་ཇི་ཙམ་གནང་ཀྱང་དོན་དངོས་ལག་ལེན་དུ་ནམ་ཡང་འཁེལ་མི་ཐུབ་རང་མིང་གྲགས་ཐབས་ཀྱི་སྟོང་གཏམ་ཆབ་སྲིད་ང་ཚོར་ནམ་ཡང་ཕན་གྱི་མ་རེད་དོ་།
ཡ་མཚན། ཁུག་རྟས་དམར་ཤོག་པའི་དཔྱད་གཞི་ཡིག་ཆ་ལ་གདེང་འཇོག་བྱེད་ཀི བོད་པའི་དཔྱད་གཞི་ཡིན་ན་ཁུངས་མ་དག་པ་ལྟ་བུ་བྱེད་ཀི དངོས་གནས་འདིའི་དམིགས་ཡུལ་ཅི་ཡིན་མི་ཤེས་ཀི
ཐེངས་མང་ཞུ་མྱོང་། ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་བརྒྱུད་ནས་བོད་ལ་ལོག་མཁན་ཁྲོད་ཀྱི་རྙོག་དྲ་བཟོ་ཐུབ་མཁན་ཚོ་དངུལ་དངོས་ཀྱི་དབང་དུ་གྱུར་ཡོད། ལྟོས་དང་མིང་རྫུན་མའི་འོག་ཏུ་འཛུལ་ནས་རེབ་གོང་ཆོས་འཕེལ་ལམ་ཤར་ཕྱོགས་ཁུག་རྟས་དར་དམར་ཁུར་ནས་གོང་ས་བཀྱགས་ཏེ་བོད་རང་བཙན་མ་ཡིན་པ་དང་། གོང་ས་བཅུ་གསུམ་པ་དང་བཅུ་བཞི་པ་གཉིས་ཀྱང་གཅིག་རྒྱུན་གཅིག་མཐུད་མ་ཡིན་པར་གཅིག་བསྟོད་ནས་གཅིག་སྨོད་ཆོག་ཚུལ་སྒྲུབ་ཀྱིན་འདུག་པས། གོང་ས་སྐུ་ཕྲེང་རིམ་བྱོན་ལ་ངོས་ལེན་མེད་པ་འདི་བཙན་བྱོལ་xxxཚོའི་ལངས་ཕྱོགས་ཡིན་ནམ།
སྐུ་ཞབས་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་བོད་དུ་གཉེན་འཕྲད་ལ་མང་པོ་འགྲོ་དགོས་གསུང་བ་དེ་དངོས་གནས་བདེན་པ་རེད། དབུ་མའི་ལམ་གྱི་བཀའ་དྲིན་ལ་ ༡༩༧༩ ནས་གཉེན་འཕྲད་ཀྱི་སྒོ་ཕྱེས་ཏེ། བོད་མི་སྟོང་ཕྲག་ཁྲི་ཕྲག་མང་པོ་བསྐྱོད་དང་སྐྱོད་མུས་ཡིན་ལ། ལྡི་ལི་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་གི་སྒོར་འཆར་ཅན་ཉིན་ལྟར་བོད་མི་བརྒྱ་ཕྲག་པང་རིམ་བསྒྲིགས་ཏེ་ལག་ཁྱེར་བླངས་ཏེ་འགྲོ་གི་ཡོད། འགྲོ་དགོས་ངེས་རེད། འགྲོ་རྒྱུར་བོད་གཞུང་གིས་སོང་ཆོག་པའི་སྲིད་བྱུས་གཏན་འབེབས་སྔ་མོ་ནས་བྱས་ཡོད། གཞི་རིམ་མི་དམངས་ཀྱི་མངོན་འདོད་ཀྱང་དེ་རེད། འཛམ་གླིང་ནང་ལུང་པ་ཕན་ཚུན་དང་ཏང་ཁག་ཕན་ཚུན་བར་རྩོད་གླེང་། དམག་འཁྲུག མི་ཤི་རྟ་འགྱེད་སྣ་ཚོགས་བྱུང་ཡོད་ཀྱང་། འདུམ་འགྲིམ་མ་བྱུང་བར་སྲིད་དོན་ལྟར་ཕྱོགས་གཉིས་ཕན་ཚུན་ལ་རྒྱུས་ལོན་དགོས་པ་དང་། ཕྱོགས་ཕན་ཚུན་གྱི་སར་འགྲོ་དགོས་པ། ཐུག་དགོས་པ་རིགས་པའི་གཞུང་ལུགས་ཀྱིས་དགོས་ངེས་ཤིག་ཏུ་བརྩི་གི་ཡོད་པས། བོད་ནང་གཉེན་འཕྲད་དུ་མུ་མཐུད་ཕེབས་དགོས་པ་དང་། ལྷག་པར་བསྟན་འཛིན་བརྩོན་འགྲུས་སོགས་ཕྱི་ལོག་ནས་སྐྱེ་བ་ཚོ་ཕེབས་དགོས། ཁོང་ཚོ་ཕེབས་ཐུབ་ན་ཁོང་ཚོས་ད་གཟོད་བོད་ནི་ཟ་ཡ་ཞིག་གམ། ཡང་ན་འཐུང་ཡ་ཞིག་ཡིན་མིན་གསལ་བོ་ཤེས་ཀི་རེད། སྐབས་དེར་ཁོང་ཚོས་སྟོང་སྐད་རྒྱག་གི་མ་རེད། དབུ་མའི་ལམ་ལྟར་ན་ཆེ་ས་བོད་རྒྱ་འབྲེལ་མོལ། བར་དུ་རྒྱ་རིགས་འབྲེལ་མཐུད། ཆུང་སར་བོད་དུ་གཉེན་འཕྲད་ལ་ངེས་པར་དུ་ཤུགས་རྒྱག་དགོས། དེ་ལས་བོད་ལ་ཐབས་ཤེས་གཞན་མེད་པ་ཐག་གཅོད་རེད།
ཤར་ཁུག་གིས་རྒྱ་གཞུང་གི་ཡིག་ཆ་བརྒྱུད་ནས་བོད་ལ་བསྐྱོད་པ་དེ་ཧ་ཅང་གསང་བ་བྱེད་དོན་ཅི་ཡིན་ནམ།
ཀརྨ་བློ་གསལ་ལགས། ཕྱོགས་ཞེན་གྱི་ཀུན་སློང་ཡོད་པ་ཞིག་གིས་ནམ་ཡང་དྲང་བདེན་གྱི་སྐད་ཆ་རི་བོང་གི་རྭ་ལྟ་བུ་རེད། ཤར་ཁུག་གཅིག་གི་ལྟ་བ་ཨ་མདོ་ཚང་མའི་ལངས་ཕྱོགས་ཡིན་པའི་ངེས་པ་གཏན་ནས་མེད། དང་པོ་སོ་སོས་ཀུན་སློང་གཙང་མ་བཟོས་རྗེས་ད་གཟོད་སྐད་ཆ་ཤོད། སྤྱི་དང་བྱེ་བྲག སྒེར་དང་གཞུང་སོགས་ཀྱི་དབྱེ་བ་ཤེས་པའི་སྒོ་ནས་སྐད་ཆ་བཤད་ན་བཟང་། གང་ཟག་གཅིག་གིས་ནོར་ན་ལམ་སེང་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྐད་ཆ་བཤད་ཡོང་དུས་བཤད་མཁན་དེས་ནང་དཀྲུགས་རྒྱག་པའི་དམིགས་ཡུལ་ལས་གཞན་ཡོད་མ་རེད། དངོས་གནས་དེ་འདྲ་བྱས་ན་རང་གཞན་གང་ལའང་ཕན་ཐོགས་ཡོད་མ་རེད། མ་དག་པའི་ལས་ཟེར་བ་ལས་གཞན་གང་ཡང་བཤད་རྒྱུ་མེད།
ཀརྨ་བློ་གསལ་ཟེར་བ་དེ་ཁམས་པའི་ནང་དུ་༧གོང་ས་མཆོག་དང་བོད་གཞུང་ལ་རྒྱབ་གཏོད་བྱེད་མཁན་xxརེ་ཟུང་ཡོད་པ་དེའི་གྲས་རེད། ཁོའི་ལས་ཀ་༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ། སྤེན་པ་ཚེ་རིང་སོགས་ལ་རྒྱུད་ལམ་གང་སར་ཟུར་ཟ་ཁྱད་གསོད་བྱེད་ཡ་དེ་ཡིན་སྟབས། ཁོ་འདྲ་བར་ལན་འདེབས་ཡ་ལན་བྱེད་པ་ནི་དུས་ཚོད་འཕྲོ་བརླག་ཡིན་པས། དྲ་གྲོགས་ཚོས་གཟབ་རོགས།
གྲོས་མཐུན་དོན་ཚན་བཅུ་བདུན་ཐད། རྒྱ་ཡིག་དུ་འདི་ལྟར་བྲིས་འདུག
1951年4月,以阿沛·阿旺晉美為首的五人代表團前往北京。1951年5月23日,代表在沒有向西藏政府匯報的情況下,簽訂了《中央人民政府和西藏地方政府關於和平解放西藏辦法的協議》,一共十七條。代表沒有向西藏政府匯報的原因,是阿沛·阿旺晉美認為西藏無力在軍事上抵抗中國,而又無法取得外國援助,因此達成協議以爭取有利條件比遵守政府指示匯報重要;其他代表也一致同意。
達賴喇嘛直到1951年5月27日才從北京的廣播中得知此消息。1951年8月,達賴喇嘛和大部分貴族回到拉薩,並和中共合作。སྤྱི་ལོ་1951ལོའི་ཟླ་10ཚེས་24ཉིན་༧གོང་ས་མཆོག་གིས་མོའུ་ཚེ་ཏུང་ལ་ཁ་པར་བརྒྱབ་ཏེ་གྲོས་མཐུན་ལ་ངོས་ལེན་ཡོད་ཅེས་གསུངས་འདུག
達賴喇嘛於1951年10月24日致電毛澤東,表示擁護十七條協議。སྤྱི་ལོ། 1959ཟླ་6ཚེས་20་ཉིན་༧གཽང་ས་མཆོག་གིས་རྒྱ་གར་ནས་དོན་ཚན་བཅུ་བདུན་ནི་བཙན་དབང་གིས་བཞག་པ་ཡིན་པས་ངོས་ལེན་མེད་པའི་གསལ་བསྒྲགས་གནང་འདུག
但是在流亡印度後,1959年6月20日宣布不承認「十七條協議」,並聲明「十七條協定」是西藏政府和西藏人民在武力下逼迫簽訂的。西藏流亡政府指,當年由阿沛·阿旺晉美率領的5人談判代表團,是在中共當局的逼迫下和北京簽署17條和平協議。當時他們在無法通知西藏政府的情況下,以個人名義在協議上簽名,文件上的印章沒有他們的正式官銜。
འགྱུར་བཅོས། སྤྱི་ལོ་1951ལོའི་ཟླ་10ཚེས་24ཉིན་༧གོང་ས་མཆོག་གིས་མོའུ་ཚེ་ཏུང་ལ་ཁ་པར་བརྒྱབ་ཏེ་གྲོས་མཐུན་ལ་༼བརྩི་སྲུང་ཡོད་༽པའི་རྣམ་པ་བསྟན།
རྩོམ་ཡིག་འདིའི་འགོ་མཇུག་བར་གསུམ་དུ་ཞིབ་ལྟ་བྱས་ནས་སྐད་ཆ་བཤད་ན་ཤར་ཕྱོགས་ཁུག་རྟས་བོད་རང་བཙན་མིན་པ་རྒྱའི་ལོ་རྒྱུས་ཡིག་ཆའི་ནང་གསལ་ཡོད་པ་རེད། ཅེས་བརྗོད་པ་དེ་བདེན་པ་རེད། ཅེས་བརྗོད་འདུག བསེ་བཙུན་ཐར་ཚེ་རིང་ལགས་མ་རེད་པས།
་་་་་་ 達賴喇嘛直到1951年5月27日才從北京的廣播中得知此消息。1951年8月,達賴喇嘛和大部分貴族回到拉薩,並和中共合作。སྤྱི་ལོ་1951ལོའི་ཟླ་10ཚེས་24ཉིན་༧གོང་ས་མཆོག་གིས་མོའུ་ཚེ་ཏུང་ལ་ཁ་པར་བརྒྱབ་ཏེ་གྲོས་མཐུན་ལ་ངོས་ལེན་ཡོད་ཅེས་གསུངས་འདུག ་་་་་་་་
ངས་བྱས་ན། དེ་དུས་༸གོང་མཆོག་གིས་རེ་བ་གཙོ་བོ་དེ། དེ་དུས། བོད་མི་གང་ཉུང་ཉུང་རྒྱའི་བཙན་འོག་ཏུ་སྲོག་མ་ཤོར་བའི་ཐབས་ཤེས། ལན་ཚན་དང་པོ་དེ་རེད།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
་་་་་་་་་ སྤྱི་ལོ། 1959ཟླ་6ཚེས་20་ཉིན་༧གཽང་ས་མཆོག་གིས་རྒྱ་གར་ནས་དོན་ཚན་བཅུ་བདུན་ནི་བཙན་དབང་གིས་བཞག་པ་ཡིན་པས་ངོས་ལེན་མེད་པའི་གསལ་བསྒྲགས་གནང་འདུག ་་་་་་་་
འདི་ནི་༸གོང་ས་མཆོག་སྐུ་འཁོར་བཅས་བདེ་བར་རྒྱ་འོག་ནས་བྱོས་ཐུབ་མ་ཐག་པའི་རང་གི་ཞེ་ཐག་པའི་བསམ་ཚུལ་ངོ་མ་དེ་ཐོན་འོངས་པ་རེད།
འོནད་ཀྱང་། ཉམས་མྱོང་མང་པོ་བསགས་རྗེས་སྤྱི་ལོ་ ༡༩༧༤ཙམ་ནས། རང་བཙན་ཟུར་འཇོག་གིས། དོན་ཚན་བཅུ་བདུན་དང་། རྒྱ་ནག་རྩ་ཁྲིམས་གཞིར་ཆོལ་ལ་གསུམ་གཅིག་དྲིལ་གྱི་རང་སཀྱོང་གྲོས་མོལ་ལ་རེ་བ་བསྐྱོན་ནས། ༢༠༡༡ བར་བཀའ་དྲིན་བསྐྱངས་པ་རེད་དྲན་ལགས།
ཤར་ཁུག་གིས་བཤད་འདོད་པ་དེ་ནི་ལོ་རྒྱུས་ཐོག་ཏུ་བོད་དེ་རང་བཙན་མ་རེད་ཟེར་བ་དེ་རེད། དེ་ནི་རྒྱལ་ཚོང་པས་ལས་ཀ་དེ་རེད།
ཤར་ཁུག་གིས་ཕྱོགས་གཉིས་ཀྱི་ལྟ་སྟངས་གསུང་འདུག་པ་ལས་ཁོང་གི་བསམ་ཚུལ་གང་ཡང་གསུང་མ་སོང་། ལོ་རྒྱུས་མི་ཤེས་ན་སྡུག་གྱོང་རེད། མི་ཤེས་ན་སྐད་ཆ་བཤད་རྒྱུའི་ཐོབ་ཐང་ག་བ་ཡོད།
༸གོང་ས་མཆོག་དགུང་གྲངས་བཅུ་དྲུག་ལ་ཆབ་སྲིད་ཀྱི་འགན་བཞེས་དགོས་དོན་དང་གཅིག སྤྱི་ལོ་ཞེ་དགུར་རྒྱ་དམག་བོད་ནང་འཛུལ་བ་དང་གཉིས། ང་གཅིག་ལོ་དོན་ཚན་བཅུ་བདུན་བཙན་འོག་ཏུ་བཞག་དགོས་དོན་དང་གསུམ། ང་དགུར་རང་གི་རང་སྲོག་སྲུང་ཕྱིར་རྒྱ་གར་ཕྱོགས་སུ་གྲོས་བྱོལ་ལ་ཕེབས་དགོས་དང་བཞི་ལ་བསམ་མང་པོ་བཏང་ནས་བཀའ་མོལ་གནང་རྒྱུ་གལ་ཆེན་པོ་རེད་སྙམ་ལགས།།
སྐུ་མཁྱེན། ཞ་མོ་དེ་འདྲའི་ཆེན་པོ་ཞིག་ངའི་མགོ་མ་གཡོགས་རོགས། བཙན་བྱོལ་ཨ་མདོ་ཚོས་ཤར་ཕྱོགས་ཁུག་རྟ་སྤྱི་འཐུས་འདེམས་ཀྱིན་པས། ་སྤྱི་འཐུས་ནི་མགྲིན་ཚབ་པ་མ་ཡིན་ནམ།
་་་་་་་་་ མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་ལ་ངོ་རྒོལ་གྱི་ལྷན་ཚོགས་དེས་ཁ་སྔོན་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་བཙོན་ཁང་ནང་རྐྱེན་འདས་སུ་ཕྱིན་པ་སོགས་བོད་ཁོ་ནར་ཐོན་པའི་བོད་མི་འཛིན་བཟུང་བྱས་པ་ཚོར་མནར་གཅོད་ཚད་ལས་བརྒལ་བ་བཏང་བའི་གནས་ཚུལ་ཁག་༢༤ཙམ་བཏོན་གནང་སྟེ་རྒྱ་ནག་གི་སྐུ་ཚབ་ཚོར་དགག་ལན་ནན་པོ་རྒྱབ་གནང་འདུག ་་་་་་་་་་་
གནས་ལུགས་མེད་པའི་འཆལ་གཏམ་རང་རེད།
མཆན་འདེབས་མཁན་ནང་དུ་འུག་པའི་མིག་ཅན་མང་པོ་འདུག་པ་ཁྱེད་ཚོས་དངོས་གནས་བོད་ལ་ཤ་ཞན་ཡོད་ན། བསྟན་བརྩོན་གྱིས་ཁུག་རྟའི་དྲི་བར་ལན་མ་རྙེད་པ་དེར་ལན་གསལ་བོ་བྲིས་ཚེ་རང་བཙན་གྱི་མིང་བྱང་འོག་ནས་འཚོ་བ་བསྐྱལ་མཁན་ཚོར་ཕྲན་བུ་ཕན་སྙམ། དེ་མིན་ཉོག་གཏམ་གྱིས་རང་གཞན་གཉིས་ཀར་དུས་ཚོད་ཆུ་ཟོས་རེད།
ཁུག་རྟས་ཅིག་བཤད་མདོག་མདོག་བྱས་པ་དེ་དགོད་མོ་ཤར་ཡ་རེད་བ། ཆུ་གླང་རྩ་ཚིག་བཟོས་བྱས་པ་རེད་ཟེར་བའི་སྐད་ཆ་དེ་ལ་ཁུངས་ལུང་ཅང་མི་འདུག་ག ཤར་ཕྱོགས་གུང་བྲན་དམར་པོའི་རྒྱ་དཔོན་ཚོས་ཆུ་གླ་རྩ་ཚིག་རྒྱལ་གཅེས་པ་ཞྭ་སྒབ་པ་དབང་ཕྱུག་དོན་ལྡན་གྱི་རྫུན་བཟོ་བྱས་པ་རེད་ཟེར་གྱི་ཡོད་ལུགས་ལ་བལྟས་ན་ཆུ་གླང་རྩ་ཚིག་འདི་ནུས་པ་ཅན་ཞིག་ཡིན་པའི་རྟགས་རེད།
སུ་ཞིག་ལ་བསེ་བཙུན་ཐར་ཚེ་རིང་ལ་འབྲེལ་གཏུགས་ཁ་པར་དང་ཁ་བྱང་ཡོད་ན་འདིར་འཇོག་རོགས། ཁོང་དང་ལྷན་དུ་དོན་གནད་གཉིས་རང་གི་འདིའི་སྐོར་ལ་ཐད་ཀར་གླེང་མོལ་ཞིག་ཞུ་འདོད་སོང་།
བོད་ཀྱི་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་རྫུན་བསྒྲགས་རྫུན་བྱེད་ཀྱི་བྱ་ཁྭ་ཏའི་ཁ་ནས་ཨབ་སྐད་རྒྱབ་བཞིན་གདའ། འདི་ཡག་རྟགས་མ་རེད།
༡་་་་་༧གོང་ས་ཏྭ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་ཆུ་གླང་རྩ་ཚིག་རྫུན་མ་རེད་ཟེར་ནས་བྱ་ཁྭ་ཏའི་ཁ་ནས་ཐན་སྐད་བརྒྱབ་དུས་དབུ་མའི་ལམ་པ་བ་ཚོས་བོད་ཆེན་པོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱ་རྩིས་མིན་ནམ་སྙམ་པའི་དོགས་པ་ཡོང་གི་འདུག
རྒྱལ་གཅེས་བོད་མི་ཞྭ་སྒབ་པ་མཆོག་གིས་ཆུ་གླང་རྩ་ཚིག་རྫུན་བཟོ་བྱས་པ་རེད་ཟེར་བ་དང་། རྫུན་བཟོ་བྱས་པ་ཡིན་པའི་རྒྱུ་མཚན་རྒྱ་གཞུང་གིས་ཞྭ་སྒབ་པས་རྫུན་བཟོ་བྱས་པ་རེད་ཟེར་ནས་དགག་པ་རྒྱག་ཡོད་པ་དེར་ར་འཕྲད་བསྡད་ཡོད་ཟེར་ནས་ཁུག་རྟས་བཤད།
རྒྱ་གཞུང་གིས་ངོས་ནས་ཆུ་གླང་རྩ་ཚིག་རྫུན་མ་རེད་ཟེར་ནས་དགག་པ་བརྒྱབ་ཡོད་ན་ཆུ་གླང་རྩ་ཚིག་༧གོང་ས་བཅུ་གསུམ་པའི་བསྒྲགས་པ་ཡིན་པར་ངོས་འཛིན་བྱེད་ཆོག་གི་རེད། རྒྱ་གཞུང་གིས་དུས་རྟག་ཏུ་བོད་ཆེན་པོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་ཧམ་བཤད་བྱས་བསྡད་པ་རེད། བོད་མི་ཡོངས་ཀྱིས་ཤེས་གསལ་རེད།
༢་་་་གྲོས་མཐུན་དོན་ཚན་བཅུ་བདུན་སྐོར་རེད། ཁུག་རྟས་བཙན་དབང་བྱས་ནས་གྲོས་མཐུན་བཞག་བཅུག་པ་ཡིན་ནའང་འཛམ་བུ་གླིང་ལ་བཙན་དབང་འོག་བཞག་པའི་ཆིག་ཡིག་དེ་ཚོ་ལ་ཁྲིམས་ཐོག་ནས་ལས་ཀ་བྱས་བསྡད་་ཡོད་པ་རེད་ཟེར་ནས་ཁྲིམས་ཐོག་ནས་འགྲེལ་བཤད་རྒྱབ་ཡ་འདུག་བ་་་་ཅེས་བཤད་འདུག
ཁུག་རྟས་སྐད་ཆ་དེ་ཆུའི་ནང་དུ་རྟུག་དྲི་བཏང་བ་ལྟར་རེད་འདུག གོ་རྒྱུ་ཅི་ཡང་མི་འདུག ཁྲིམས་ཐོག་ནས་འགྲེལ་བཤད་རྒྱབ་ཡ་ཡོད་རེད་ཅེས་པའི་ཁྲིམས་དེ་ག་འདྲ་ཞིག་རེད་དམ། དམར་ཕྱོགས་པའི་ཁྲིམས་ལུགས་རེད་དམ། དམངས་གཙོའི་ཁྲིམས་ལུགས་རེད་དམ། བཙན་བྱོལ་བོད་མིའི་ཁྲིམས་ལུགས་རེད་དམ། ཁྲིམས་ཐོག་ནས་འགྲེལ་བཤད་རྒྱབ་ཡ་ཡོད་མེད་ཀྱི་སྐད་ཆ་བཤད་པ་ལ་དང་པོར་ཁྲིམས་ལུགས་དེ་ངོས་འཛིན་དགོས་ཀྱི་རེད་པྭ། འཇུས་ས་རྩ་བ་ནས་མེད་པའི་ཆུའི་ནང་གི་རྟུག་དྲི་ལྟ་བུའི་སྐད་ཆ་དེ་ལ་སུས་གོ་བ་ལེན་ཤེས་སམ། ་་་ཧཧཧཧ བསྟན་འཛིན་བརྩོན་འགྲུབ་ལ་ཐུགས་ཁག་མེད།
ཤ་ཁུག་གིས་དྲི་བར་དོན་ཚན་བཅུ་བདུན་ཁྲིམ་མཐུན་ཐོག་གནས་ཡོད་མེད་སྐོར་དེ་གོང་ས་མཆོག་ལ་འདྲི་དགོས་རེད། དེ་ཐད་ཀར་འབྲེལ་བ་ཡོད་མཁན་བོད་མིའི་ནང་ན་ཁོང་གཙོ་གནད་ཅན་གྱི་མི་སྣ་དེ་རེད། དེ་ཡང་ཐོག་མར་རྒྱ་དམར་དང་ལྷན་དུ་གྲོས་མཐུན་འཇོག་སྐབས་དང་མཐའ་མར་གོང་ས་མཆོག་བཙན་བྱོལ་དུ་ལྷུན་རྩེ་རྫོང་དུ་འབྱོར་མ་ཐག་ཏུ་དེའི་སྐོར་གསལ་སྒྲགས་ག་རེ་བྱས་པ་དང་། དེས་དོན་ཚན་བཅུ་བདུན་གྱི་ནུས་པར་འགྱུར་བ་ཇི་ཙམ་ཕྱིན་ཡོད་མེད་བཅས་ཀྱི་སྐོར་དྲི་དགོས་ས་དང་གསུང་དགོས་མཁན་དེ་གོང་ས་མཆོག་རེད།
མངོན་སྨྲ་དང་། ཏྲེ་ཧོར་བྱམས་རིན། འཇིགས་བྲལ། ཀརྡོ་གཉེར་ཕྱག ཅོ་ཉི་སོགས་དྲ་འབུ་ཚོ་ཧ་ཧ་ཧ་ངོ་མ་གད་མོ་ཤོར་བྱེད་མ་གསུང་རོགས་གང་ཡིན་ཞེས་ན་གོང་ནས་ཤར་ཁུག་གིས་དྲི་བ་དང་དེའི་ངོ་གདོང་སོགས་མཁྱེན་གྱི་ཡོད་དམ་ཡོད་ན་དེའི་སྐོར་དགོངས་ཚུལ་གསུང་རོགས་འབྲེལ་མེད་དོན་གཞན་དང་ནད་རྙེང་རེ་སེམས་ལ་བཟུང་ནས་གནས་ལུགས་དང་རྒྱུ་མཚན་མེད་པར་གང་འདོད་གླེང་ན་དུས་ཚོས་ཆུ་ཟོས་སུ་འགྲོ་བ་ལས་དགོས་པ་མི་འདུག་གོང་གི་དྲི་བ་དེ་ཚོས་ལན་ཡོད་ན་གསལ་བཤད་གནང་རོགས་བློ་སྐྱེད་ཡོང་བ་རེད་གཞན་དགོས་མེད་ཞིག་མ་གླེང་རོགས་ཞུ།
དྲང་པ་བཤད་ན་ཤར་ཁུག་གི་དྲི་བ་ལ་བསྟན་འཛིན་བརྩོན་འགྲུས་ཀྱིས་ལན་ཡག་པོ་ཞིག་ཐེབ་མ་སོང་། ལྟས་ཡོང་ན་བསྟན་བརྩོན་གྱིས་ཆུ་གླང་རྩ་ཚིག་དང་དོན་ཚན་བཅུ་བདུན་སོགས་ཀྱི་ནང་དོན་དེ་ཙམ་ཧ་གོ་ཡི་མེད་པ་གསལ་པོ་རེད་འདུག རང་བཙན་འཐབ་རྩོད་པ་ཡིན་ཟེར་མཁན་ཞིག་གིས་དེ་ཚོ་མ་ཤེས་པ་ཁྱད་མཚར་རེད།
ཤར་ཁུག་རྒྱ་མིའི་རྒྱུག་ཁྱི་ངོ་མ་རེ་ཤག ལོ་རྒྱུས་ཐོག་བོད་རང་བཙན་མ་ཡིན་ཟེར་བ་དང གྲོས་མཐུན་དོན་ཚན་བཅུ་བདུན་དེ་ཚོའི་ཁྲིམས་མཐུན་ཡིན་ཟེར ཚོགས་གཙོ་ལགས་སྐུ་ཉིད་ནས་ཤར་ཕྱོགས་ཁུག་རྟ་དང་མཉམ་དུ་དུས་དེབ་ཁྱབ་བསྒྲགས་བྱས་ནས་མཉམ་དུ་མཐུན་མདོག་གི་པར་དེ་ཚོ་གང་ས་ལ་ཁྱབ་བཞིན་པ་རེད ཤར་ཁུག་རྒྱལ་བཙོང་བ་སྐད་ཆ་དེ་ལ་གཟིགས་ཚུལ་གང་ཡོད གསལ་སྟོན་གནང་བའི་དུས་ལ་བབས་ཡོད བོད་པ་ཚོ་གཟབ་གཟབ་གནང་མ་གཏོགས་དབུ་མའི་ལམ་པ་ཚོས་ལོ་རྒྱུས་ཐོག་བོད་རང་བཙན་མིན་ངོ་ཟེར་ན་ངོ་མ་ཧ་གོ་ས་མ་རེད མེ་མེད་ན་དུ་བ་ཡོང་དོན་མེད བོད་ཀྱི་བཙོང་ཡ་ཚང་མ་བཙང་ཟིན་ཡོད གཅིག་རང་ལྷག་ཡོད་པ་ནི་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་དེ་རེད་
དྲང་བདེན་པ། གནས་ལུགས་ཅན་བཤད་ཡོད་འདོད་ཀྱིན་ཡོད་དམ། ཤར་ཁུག་གིས་བོད་རང་བཙན་སྒྲུབ་མི་ཐུབ་པར་བཤད་པ་རྒྱ་ནག་གིས་རྒྱུག་ཁྱི་རེད་ཟེར་ན། ༸གོང་ས་མཆོག་དང་སློབ་དཔོན་ཟབ་གདོང་རིན་པོ་ཆེ་སོགས་ཀྱི་ཡང་བོད་རང་བཙན་ཡིན་ཟེར་ནས་ཁྲིམས་ཐོག་ནས་སྒྲུབ་དགོས་ན་ཁག་པོ་རེད་གསུང་བ་གོ་མྱོང་ཡོད་དམ་མེད་ན་དེའི་སྐོར་གྱི་གསུང་བཤད་དང་ལོ་རྒྱུས་སོགས་ལ་ལྟོས་ར་ཤེས་ངེས་རེད་ལགས།
རྩོམ་ཡིག་འདི་ཀློག་སྐབས་རང་ཉིད་ལ་བྱུང་བའི་བསམ་ཚུལ་ལྔ་།
༡ སྐལ་པ་བཟང་པོའི་དགའ་བ་བརྒྱ་ལྡན་གྱི་གཞུང་ཞབས་རྙིང་པ་ལྷག་ཡོད་པ་གཅིག་དེ་སྐུ་ངོ་སྣར་སྐྱིད་ངག་དབང་དོན་གྲུབ་རེད། དེ་ཡང་ཨར་ལ་གཏོད་ཅིག
༢ ༧གོང་ས་བཅུ་གསུམ་པའི་མཛད་པ་འཕྲིན་ལས་སྐོར་བཤད་དེ་༸གོང་ས་བཅུ་བཞི་པ་ཆེན་པོར་ཟུར་ཟ་ཞེས་པའི་སྐད་ཆ་འདི་ཇི་འདྲའི་མི་སྙན་པ་ཞིག་རེད་ཨང་།
༣ ཞྭ་སྒབ་པས་ལོ་རྒྱུས་ཀྱི་དོན་དངོས་ལ་རང་གི་འདོད་ཕྱོགས་ཀྱིས་བཟོ་བཅོས་བྱས་ཡོད། དེ་ནི་ཧ་ཅང་ཉེས་པ་ཆེན་པོ་རེད་ལ། བོད་ཀྱི་གནས་ཚུལ་ཞིབ་ཚགས་མི་ཤེས་པར་བོད་དོན་ལས་འགུལ་སྤེལ་མཁན་དང་བོད་དོན་བགྲོ་གླེང་བྱེད་མཁན། རང་བཙན་གསལ་བསྒྲགས་ཟེར་ཁུལ་གྱིས་བོད་ཀྱི་ལོ་རྒྱུས་ཀྱི་དོན་དངོས་ལ་རྨ་འབྱིན་གྱི་ཡོད་པ་ཚང་མས་ཤེས་དགོས། ཟེར། ཉེན་ཁ་ཆེ་མདོག་ག་ཚོད་བཤད་མི་འདུག་གམ། སྐད་ཆའི་དུམ་བུ་འདི་རྒྱ་མི་ཡ་ཧན་ཀྲང་གི་སྐད་ཆ་དང་ཁྱད་པར་སྤུ་ཙམ་མི་འདུག ངའི་ལྟ་ཚུལ་བྱ་ན། རང་རེས་སྔོན་ལ་ཞྭ་སྒབ་པའི་ལོ་རྒྱུས་གཙང་བཟོ་བཞག་སྟེ་རྒྱ་མིས་བོད་ཀྱི་ལོ་རྒྱུས་ཇི་བཙོག་བཟོས་པ་རྣམས་གཙང་མ་བཟོ་དགོས།
༤ གསུམ་བཅུའི་གྱེན་ལངས་ཀྱི་སྐབས་དང་དུས་ཚོད་དེའི་སྔ་རྗེས་སུ་ཨ་ལོ་ཆོས་མཛད་ལྷ་སར་བསྡད་མེད་པས་རྒྱ་ལོས་བཤད་པ་དེ་ཡང་དངོས་བདེན་མིན།
༥ གནད་འགག་གཅིག་དེ་ཤར་ཁུག་གིས་བཀོད་པའི་དྲི་བ་དེ་དག་རྒྱ་མིའམ་རྒྱ་མིའི་ཕྱོགས་ནས་བཀོད་བྱུང་ན། ང་ཚོས་ལན་འདེབས་ཇི་ལྟར་བྱེད།
ལྷག་པ་ལགས་ཁྱེད་ཀྱིས་དོན་དངོས་ལ་ཐུགས་བསམ་བཞེས་ནས་གསུང་རོགས་ཚོལ་བའི་རྗེས་སུ་སོང་བ་ཡིན་ན་དུས་ཉི་མ་ཞིག་ལ་རང་བཙན་སྒྲུབ་མཁན་ཚོས་གནས་ལུགས་དང་ལྡན་པའི་སྐད་ཆ་ཞིག་བཤད་དགོས་བྱུང་ན་དུས་ནམ་ཞིག་ལ་བཤད་ཀྱིན་ཡིན་ངེས་པར་བསམ་བློ་གཏོང་དགོས་པ་རེད། ཁ་སང་ཤར་ཁུག་ལགས་ཀྱིས་དྲི་བ་འདི་ཚོ་རྒྱ་མའི་ཞིག་གིས་བཏོན་པ་ཡིན་ན་རང་བཙན་སྒྲུབ་མཁན་བསྟན་བརྩོན་ལགས་ཀྱི་ལན་དེའི་ནུས་པ་གང་འདྲ་ཐོན་ཡོད་གསལ་བོ་རེད། ངེས་པར་འུ་ཚོས་བོད་ཀྱི་ལོ་རྒྱུས་པ་ཚོས་ངེས་པར་ཐུགས་བསམ་བཞེས་པ་རེད་དྲན་ཡོད། མ་ཟད་རང་བཙན་རྩོད་མཁན་ཞིག་ཡིན་ན་ངེས་པར་དྲི་བ་དེ་ཚོ་མཁྱེན་དགོས་པ་དང་དེ་ཚོ་ལ་ལན་དག་དག་ཞིག་དགོས་ཐེབ་དགོས་པ་འདྲ་བོ་རེད། མ་ཟད་ད་དུང་བོད་རང་བཙན་རྩོད་མཁན་རེ་ཟུང་ཡོད་པ་རེད་ཁོང་ཚོ་ཡང་འདི་འདྲ་ཡིན་གྱི་རེད་འདོད་ན་རྒྱས་ལོ་རྒྱུ་འཁྱོག་བཤད་མཁན་ཞིག་དང་གླེང་མོར་བྱེད་དགོས་བྱུང་ན་ཅི་ལྟར་ལན་འདེབས་བྱེད་བསམ་ན་བློ་བདེ་བོ་ཞིག་རེད་མི་འདུག་དེ་འདྲ་ཡིན་དུས་ངེས་པར་ཤར་ཁུག་ལགས་ཀྱི་དྲི་བ་འདི་ཚོ་གནད་འགག་རེད་འདོད་ཡོད། མ་རེད་འདོད་ན་གསལ་བཤད་གནང་དང་བགྲོ་གླེང་གནང་ཆོག་གི་རེད།
་་་་་་་་་་ གནད་འགག་གཅིག་དེ་ཤར་ཁུག་གིས་བཀོད་པའི་དྲི་བ་དེ་དག་རྒྱ་མིའམ་རྒྱ་མིའི་ཕྱོགས་ནས་བཀོད་བྱུང་ན། ང་ཚོས་ལན་འདེབས་ཇི་ལྟར་བྱེད། ་་་་་་་་་་་་