འདབ་པ་ཚེ་དབང་མགོན་པོ།
ཨེ་མ། ཀརྨ་པ།
མངོན་འགྱུར་གྱི་མཛད་པ་རེ་རེས།
བསྟན་འགྲོ་ཡི་དོན་ཆེན་ཕྲག་ལ་གཟར།
ཤེས་རབ་དང་རྣམ་དཔྱོད་ཀྱི་གོམ་བགྲོད་ཁྲོད་ནས།
ཕྲིན་ལས་ཀྱི་ཆུ་བོ་རྒྱས།
ཆོལ་ཁ་དང་ཆོས་ལུགས་ཀྱི་རྙིང་ཞེན་ཁུར་བའི།
ངོ་སྐྱེངས་དང་བློ་འཕམ་དགོས་པའི་མི་སྣ་ཚོར།
ལ་རྒྱ་དང་དམ་ཚིག་ཁྱེད་ཀྱིས་གསུང་།
དྲང་བདེན་གྱི་བླ་མ་ལགས།
བཙན་པོ་དང་ལོ་པཎ་གྱི་ཕྱག་རྗེས་ཁྱེད་ཀྱིས་འཛིན།
གསལ་བྱེད་དང་དབྱངས་ཡིག་རྣམས་གོང་འཕེལ་བྱེད།
བརྩོན་འགྲུས་ཀྱི་རྟ་ཕོ་དེ་བས་མགྱོགས།
ནུབ་ཕྱོགས་ཀྱི་ཡུལ་དུ་ཁོར་ཡུག་དང་ནང་དོན་གྱི་ས་ཚིགས་འབྱེད།
ཤར་ཕྱོགས་པའི་ལྷ་ཆོས་འཛིན་པའི་བླ་མ་ལགས།
ཕྱོགས་རིས་དང་སེར་སྣས་བཅད་པའི་བཏང་བ་ཁབ།
སྦྱིན་པ་དང་ཕར་ཕྱིན་གྱི་ལམ་ནས་ཕམ་ཉེས་བྱས།
གཉོམ་ཆུང་དང་འཁོས་ཀ་རིགས་ལ་བྱམས་སྐྱོང་གི་རྟོགས་པ་ཐོབ།
ལས་འབྲས་དང་གནས་ལུགས་ཀྱི་དོན་ལ་ཡིད་རྟོན་འཆའ།
སྡོམ་པ་དང་ཚུལ་ཁྲིམས་ཀྱི་གནས་ལ་རབ་དུ་བཙུན།
དེང་རབས་ཀྱི་ཤེས་ཡོན་ཁོང་དུ་ཆུད་པའི་ན་གཞོན་ལགས།
ཀརྨ་པ། ཀརྨ་པ། མཁྱེན་ནོ།
གཞན་གྱི་དབང་འོག་ཏུ་ཚུད་པའི་བླ་མ་ལགས།།
ཁྱེད་ཉིད་འོ་རྒྱལ་ཆེ།།
གཞན་ཡུལ་ངེས་མེད་དུ་འགྲིམས་པའི་བླ་མ་ལགས།།
ཁྱེད་ཉིད་ཕམ་མི་རུང་།།
བླ་མ་ཡག་པོ་དེ་ཚོ་ཕུད། དེ་མིན་བུ་མོ་མེད་ན་ཤི་གྲབ་བྱེད་མཁན། ངོ་དེབ་ནང་དུ་བུ་མོ་ཚོལ་བ། སྐད་འཕྲིན་ལྐོག་ཉར་བྱས་ཏེ་བུ་མོ་ལ་འབྲེལ་བ་བྱེད་པ། དགོས་པའི་ནང་ཆོས་མ་སྦྱོང་པར་མི་དགོས་པའི་སྲིད་དོན་དུ་ཞུགས་པ། འདོད་དགུ་སྣ་ཚོགས་ཡོད་ཀྱང་ད་དུང་མ་འགྲིག་མ་ལྟ་རྐྱང་ཟེར། ད་བླ་མ་དེ་ཚོ། ཨ་འ་འ་འ།
ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག
༡ཨོ་རྒྱན་ཡུལ་གྱི་གདུང་བརྒྱུད།
ཨོ་༢རྒྱན་ཕྲིན་ལས་རྡོ་རྗེ།
་
ཨོ་རྒྱན་༣ཕྲིན་ལས་ཕྱོགས་ཁྱབ།
ཨོ་རྒྱན་ཕྲིན་༤ལས་རྡོ་རྗེ།
་
ཨོ་རྒྱན་ཕྲིན་ལས་༥རྡོར་འཆང་།
ཨོ་རྒྱན་ཕྲིན་ལས་རྡོ་༦རྗེ།
སྔོན་མའི་ལོ་རྒྱུས་བདེན་པ་དེ་དག་ལས་རྒྱལ་བ་ཀརྨ་པ་ཞྭ་དམར་ནག་ཅེས་ཡོངས་སུ་གྲགས་པ་དེ་དེང་སང་ཞྭ་སེར་ནག་ཏུ་བསྒྱུར་དགོས་དོན་གང་ཡིན་ནམ།
ཞྭ་སེར་དབང་བསྒྱུར་རིང་ལུགས་པ་ཡིན་ཙང་རེད།།
རིག་པའི་བུ་ཀྱག་པ་ཟ་ལོ་། ཞྭ་སེར་ཞྭ་དམར་ཞྭ་དཀར་སྐད་ཆ་ཡོད་མ་རེད་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་སུ་ཡིན་ཡང་དབང་བསྒྱུར་མཆོག་རེད་ལོ་། ཞྭ་སེར་ལ་ཕྲག་དོག་མ་བྱེད་།
རིག་པའི་བུ་མོ་། ཀརྨ་པ་སུའི་དབང་འོག་ཏུ་ཚུད་འདུག་? དངོས་ནས་བླ་མ་འདི་ནི་ཆོས་ལུགས་ལ་ཕྱོགས་རེས་མེད་མེད་པ་ཡག་པོ་ཞིག་འཇལ་གི་འདུག
དགོངས་འཆར་དང་པོ། གཞི་གསུམ་ཕྱག་བཞེས་ཀྱི་སྐོར།
དེ་ཡང་སྟོན་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཡོད་མེད་དེ་གཞི་གསུམ་གྱི་འདུལ་བའི་ཕྱག་ལེན་ནན་ཏན་ཡོད་མེད་ལ་རགས་ལས་རེད་ཅེས་དམ་པའི་ཆོས་འདུལ་བའི་གཞུང་ལུགས་ནང་དུ་གསུང་ཡོད་རེད། དེ་གསུང་ཡོད་པ་ཡིན་ཙང་ང་རང་ཚོའི་དགོན་སྡེ་ཁག་གི་ནང་ལ་གཞི་གསུམ་ཕྱག་ལེན་མི་མཚུངས་པ་འགའ་ཤས་ཡོང་བསྡད་གི་འདུག །ཡང་དེའི་སྐོར་འགའ་ཤས་འདུལ་བ་དང་མི་མཐུན་པ་ཡང་འདུག་བསམ་བྱུང་། བྱས་ཙང་དེ་དག་གང་འདུལ་བའི་དགོངས་པ་དང་མཐུན་པ་ཡིན། གང་འདུལ་བའི་དགོངས་པ་དང་མི་མཐུན་པ་ཡིན། དགུན་ཆོས་སྐབས་བརྟག་དཔྱད་བྱས་བགྲོ་གླེང་བྱས་པ་རེད། བགྲོ་གླེང་བྱས་ཉི་མ་འགའ་ཤས་ཞིག་གི་རིང་སྐད་ཆ་བཤད་པ་ཙམ་གྱིས་མི་ཕན་པར་དངོས་སུ་ལག་ལེན་བསྟར་དགོས་ཀྱི་ཡོད་རེད།
དེ་ཡིན་པའི་རྒྱུ་མཚན་གྱིས་ངས་སྐབས་དེ་དུས་ནས་དགོན་སྡེ་ཁག་གི་བཤད་གྲྭ་ཁག་ལ་ཞུ་རྒྱུ་བྱུང་སོང་། ང་རང་ཚོས་གཞི་གསུམ་གྱི་ཕྱག་ལེན་སྐོར་བགྲོ་གླེང་བྱས་པ་ནང་བཞིན་གང་འདུལ་བའི་དགོངས་པ་དང་མཐུན་པ་གང་ཡིན་པ་དེ་ལ་གོམ་པ་གཅིག་མ་གཏོགས་སྤོ་མ་ཐུབ་པ་ཡིན་ནའང་སྤོ་དགོས་ཀྱི་ཡོད་རེད། ལག་ལེན་བསྟར་དགོས་ཀྱི་ཡོད་རེད་མ་གཏོགས། འདི་འདྲ་བྱས་མུ་མཐུད་ནས་བསྡད་སྡོད་པ་ཡིན་ན་བསྟན་པ་འཇིག་འགྲོ་བའི་ཉེན་ཁ་རེད། གཞི་གསུམ་གྱི་ཕྱག་ལེན་རྣམ་དག་ཞིག་ཡོང་ས་མ་རེད། དེ་ཡིན་པའི་རྒྱུ་མཚན་གྱིས་ད་ལོ་ནས་ལག་ལེན་བསྟར་བ་ལ་དངོས་སུ་འགོ་བཙུག་པ་རེད། གོང་གི་བསམ་འཆར་དེ་དག་ང་རང་གཅིག་པོའི་བསམ་འཆར་མ་རེད་མི་ཚང་མར་གྲོས་བསྡུར་བྱས་པ་རེད། ལག་ལེན་ག་རེ་བསྟར་དགོས་ཀྱི་ཡོད་རེད་ཟེར་ན། དགག་དགོས་བྱུང་ན་མ་གཏོགས་དབྱར་སྔ་མ་ཁས་ལེན་དགོས་པ། དབྱར་ཟླ་བ་ཧྲིལ་པོ་གསུམ་དུ་གནས་དགོས་པ། དེ་ཡི་རིང་ལ་སྨོན་ལམ་སྐབས་ཀྱི་སྒྲིག་ལམ་ཀུན་སྤྱོད་དང་མཐུན་པར་དངོས་སུ་ལག་ལེན་བསྟར་དགོས་ཚུལ་སོགས་གསུང་།