ཡོང་ཁུངས། བོད་ཀྱི་བང་ཆེན།
“བོད་རང་བཙན་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཕྲོག་པ་རེད་མ་གཏོགས། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་འཕྲོག་ཡོད་པ་མ་རེད། དེ་ཡིན་ཙང་རྩོད་ས་དེ་རྒྱ་ནག་ལ་འགྲོ་དགོས་པ་རེད་མ་གཏོགས། ང་རང་ཚོ་ནང་ཁུལ་རྩོད་རྒྱབ་བསྡད་ན་ཕན་ཐོག་གལ་ཡོད་པ་མ་རེད།” ཅེས་ཟམ་གདོང་རིན་པོ་ཆེས་གསུངས་སོང།
ཟླ་འདིའི་ཚེས་༡༨ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གདན་ས་ཆེན་པོ་དགའ་ལྡན་བྱང་རྩེ་སློབ་གྲྭས་ཟམ་གདོང་རིན་པོ་ཆེ་གདན་འདྲེན་ཞུས་ཡོད་པ་རེད། དེ་ཡང་དགའ་བྱང་སློབ་གྲྭས་དགེ་ལས་ཐུན་མོང་གིས་རུ་སྒྲིག་ནས་ཟམ་གདོང་རིན་པ་ཆེ་སྣེ་ལེན་གདན་འདྲེན་ཞུས་གྲུབ་པ་དང་ཐོག་མར་༧གོང་ས་མཆོག་གི་སྐུ་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་སྣང་གསལ་མར་མེ་ཞལ་ཕྱེ་དང་རིན་པོ་ཆེ་ལ་མཎྜལ་རྟེན་གསུམ་འདེགས་འབུལ་སོགས་གནང་སོང་།
སློབ་གྲྭའི་སློབ་སྤྱི་མཆོག་གིས་ཟམ་གདོང་རིན་པོ་ཆེ་སློབ་གྲྭའི་ནང་གདན་འདྲེན་ཞུ་དགོའི་དམིགས་ཡུལ་གང་ཡིན་སྐོར་དང་། དགའ་བྱང་སློབ་གྲྭའི་བྱུང་རབས་སོགས་ངོ་སྤྲོད་གནང་སོང་།
དེ་ནས་ཟམ་གདོང་རིན་པོ་ཆེ་མཆོག་གིས་དགའ་བྱང་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཐུན་མོང་ལ་བཀའ་སློབ་གནང་དོན། བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་བསྟན་རིག་གཞུང་དང་བཅས་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ཁྱེད་རང་ཚོ་ལོ་ཆུང་བ་ཚོ་རེད། དེ་ཡིན་ཙང་ཁྱེད་རང་ཚོ་འགྲོ་བ་མིའི་སྤྱི་ཚོགས་ནང་འགན་ལེན་བྱེད་མཁན་གྱི་སྡེ་ཚན་ཞིག་ཆགས་ཡོད་ཙང་། གལ་གནད་དེ་ཁྱེད་རང་ཚོའི་མཁྱེན་པ་གནང་ན་ཐུག་ཕན་གསོ་ཡི་རེད་ཅེས་ཞུ་འདོད་བྱུང་སོང་།
༧གོང་ས་མཆོག་གིས་ཁྱེད་རང་ཚོ་བརྒྱ་ཕྲག་ཉི་ཤུ་རྩ་གཅིག་པའི་ཆོས་པ་དང་མཁས་པ་བྱེད་དགོས་པ་རེད་ཅེས་བཀའ་གནང་གི་ཡོད་པ་རེད། དུས་རབས་ཉེར་གཅིག་པ་ཟེར་བ་དེ་ཕྱི་དངོས་པོའི་དཔལ་ཡོན་དང་། དེ་ག་ནང་བཞིན་ཚན་རིག་འཕྲུལ་ལས་ཀྱི་གོང་མཐོར་ཚད་མཐོ་བོ་སོང་ཡོད་པའི་སྤྱི་ཚོགས་ཤིག་ཡིན་ཙང་། ཁྱེད་རང་ཚོའི་སྤྱིར་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་དང་། ལྷག་པར་དུ་སངས་རྒྱས་ཀྱི་བསྟན་པ། སྟོན་པ་རྣམ་འདྲེན་བཞི་པའི་ལུང་དང་རྟོགས་པའི་བསྟན་པ་འཛིན་སྐྱོང་བྱེད་སྟངས་དེ་དབང་བརྟུལ་དད་པའི་རྗེས་འབྲང་མིན་པར་དབང་རྣོན་ཆོས་ཀྱི་རྗེས་འབྲང་བྱེད་དགོས་པ་རེད་ཅེས་བཀའ་སློབ་ཕེབས་ཡོད་པ་རེད།
དེ་ཡང་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཟེར་བ་ག་རེ་ཡིན་ལབ་ན། གནས་ཚུལ་ཚང་མའི་ཐོག་ལ་མིའི་ཟེར་སྒྲོས་དང་བཤད་སྲོལ་བཅས་ཀྱི་རྗེས་སུ་མི་འབྲང་པར་རང་གིས་རིག་པས་བརྟག་དཔྱད་བྱས་ནས་ཤེས་ནས་ངེས་ཤེས་རྙེད་པ་ཞིག་ཡིན་པ་དང་། དེ་རིང་སང་ཉིན་ཤེས་ཡོན་སྦྱང་གི་ཡིན་ཟེར་མཁན་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་བྱེད་མཁན་ཚོས་ངོས་ནས་སློབ་སྦྱོང་བྱས་ནས་དགོས་པ་ག་རེ་ཡོད་པ་རེད། ཕན་ཐོག་ག་རེ་ཡོད་པ་རེད་ཟེར་ན། མངོན་པར་མི་གསལ་བའི་ཐོག་ནས་དྲི་བ་ཞིག་རེད། ལས་ཀ་གང་འདྲ་རག་གི་རེད། ཕྱུག་པོ་གང་འདྲ་ཆག་རེད་པས་ཟེར་ནས་དྲི་བ་འདྲི་ཡི་ཡོད་པའི་ཟོ་འདྲ་ཞིག་ཡོད་པ་རེད། དེ་འདྲ་འདྲ་ཞིག་གི་དམིགས་ཡུལ་བཟུང་ནས་བོད་ཀྱི་ལེགས་བྱིངས་ལ་སློབ་སྦྱོང་བྱས་པ་ཡིན་ན་དགོས་དམིགས་ཐབས་སྐྱོ་བོ་རེད་ལ། མི་གཅིག་གིས་འཚོ་གནས་དེ་ཙམ་གལ་གནད་ཆེན་པོ་མ་རེད་ཅེས་དང་།
ཁོང་གིས་མི་མཐུད་ནས་བོད་ཀྱི་སྐད་ཡིག་གི་དར་ཁྱབ་དང་ཁྱད་ཆོས་བཅས་ཀྱི་སྐོར་ལ་གསུང་དོན། བོད་ཀྱི་སྐད་ཡིག་གི་ངོ་བོ་དང་དབྱེ་བ་བཤད་པ་ཡིན་ན། གངས་རི་རྭ་བའི་བསྐོར་བའི་མཐོ་སྒང་དུ་ཆགས་པའི་སྤུ་རྒྱལ་བོད་ཀྱི་ཕ་སྐད་དེ་གསལ་བྱེད་སུམ་བཅུ་དང་དབྱངས་བཞིའི་བདག་ཉིད་ཅན་ཡིན་པ་རེད། དེ་འདྲ་ཞིག་གིས་གྲུབ་པའི་སྨྲ་བརྗོད་ཀྱི་རང་བཞིན་ཞིག་ལ་བོད་སྐད་ཟེར་བ་རེད། ང་ཚོའི་སྐད་ཡིག་དང་ཐག་ཉེ་ཤོས་དེ་ལེགས་སྦྱར་གྱི་སྐད་ཆགས་ཀྱི་ཡོད་པ་རེད། དེ་ལ་དབྱངས་གསལ་ལྔ་བཅུ་ཡོད་པ་རེད། དེའི་ནང་ནས་ཡི་གེ་བཅུ་མར་འཐེན། ཡི་གེ་དྲུག་ཡར་བསྣན་ནས་བཟོ་བཞག་པ་རེད། དེ་ལས་གྲུབ་པའི་སྐད་དེ་ལ་བོད་སྐད་ཟེར་གྱི་ཡོད་སྐོར་དང་།ཡི་གེ་དྲུག་ལ་བཟོ་བཅོས་ཕྲན་བུ་བརྒྱབ་ཡོད་པ་རེད་མ་གཏོགས་གཞན་དབྱངས་དང་གསལ་བྱེད་ཆ་ཚང་ལེགས་སྦྱར་ནས་བླང་བཞག་པ་ཞིག་ཡིན་སྐོར་དང་། དེང་སང་འཛམ་གླིང་གི་ཐོག་ལེགས་སྦྱར་གྱི་སྐད་དེ་ཚད་མཐོ་ཤོས་ཆགས་ཀྱི་ཡོད་པ་དང་དེ་དང་ཐག་ཉེ་ཤོས་ཀྱི་སྐད་ཡིག་དེ་བོད་ཀྱི་སྐད་ཡིག་ཡིན་སྐོར་དང་།
དེ་བཞིན་རྩ་བས་བོད་ཀྱི་སྐད་ཡིག་དར་ནས་ལོ་ངོ་ཆིག་སྟོང་ལྷག་ལས་འགྲོ་ཡི་ཡོད་པ་མ་རེད་དེ། བྱེད་ལས་ལ་མཚོན་ན་བོད་སྐད་གྱི་མིང་ཚིག་མང་པོ་ཞིག་དབྱིན་སྐད་སོགས་སྐད་ཡིག་གཞན་གྱི་ནང་བསྒྱུར་མི་ཐུབ་པ་མང་པོ་ཡོད་སྐོར་དང་། ད་ལྟའི་ཆར་སྐད་ཡིག་ཕྱུག་ཤོས་དང་པོ་དེ་བོད་སྐད་ཆགས་ཀྱི་ཡོད་པ་རེད། དེ་ཡང་རིག་པས་བརྟག་དཔྱད་ནས་བཤད་ཐུབ་པ་ཞིག་རེད། སྐད་ཡིག་དེ་བེད་སྤྱད་བྱེད་མཁན་བོད་མི་ས་ཡ་དྲུག་ཡས་མས་ཙམ་རེད། ཁྱིམ་མཚེས་རྒྱལ་ཁབ་རྒྱ་བལ་འབྲུག་གསུམ་མཚོན་པའི་རྒྱལ་ཁབ་དག་གི་ནང་དབྱངས་གསལ་སོ་བཞི་བེད་སྤྱད་བྱེད་མཁན་ཚོད་དཔག་བྱས་ན་ས་ཡ་བཅུ་ཙམ་ཡོད་པ་རེད། དེ་བཞིན་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཁག་གི་མཚོན་ས་ཡི་གོ་ལ་འདིའི་ཐོག་བོད་ཀྱི་སྐད་ཡིག་ཕ་སྐད་དུ་རྩི་མཁན་དང་ཆོས་སྐད་དུ་རྩི་མཁན་བཅས་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་མཁན་ས་ཡ་བཞི་བཅུ་ཡས་མས་ཤིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་ཡོད་པའི་སྐད་ཡིག་གཞན་དག་དང་བསྡུར་ན་དེ་རིང་སང་ཉིན་བོད་ཀྱི་སྐད་ཀྱི་ཁྱབ་རྒྱ་དང་ནུས་པ་ཐོན་གྱི་ཡོད་པ་རེད་ལ། བོད་ཀྱི་སྐད་ཡིག་དེ་འཛམ་གླིང་འདིའི་ནང་ནས་བརླག་འགྲོ་ཡི་མ་རེད། དེ་བདག་པོ་རྒྱག་མཁན་ནུབ་ཕྱོགས་ཀྱི་མི་དེ་ཚོའི་དགའ་བོའི་ངང་ནས་འབད་རྩོན་ཆེན་པོའི་ཐོག་ནས་བདག་པོ་རྒྱག་གི་རེད། ཡིན་ན་ཡང་བོད་ཀྱི་སྐད་ཡིག་དང་རིག་གཞུང་དེ་བོད་ཀྱི་སྤྱི་ཚོགས་ནང་ནས་བརླག་ཉེན་ཆེན་པོ་ཡོད་པ་རེད། མ་འོངས་པར་བོད་པ་ཚོའི་བོད་ཀྱི་སྐད་ཡིག་མགོ་སེར་ཚོའི་རྩ་ཁ་ནས་ཚུར་ལེན་གྱི་ཉེན་ཁ་དེ་ཏན་ཏན་ཡོད་པ་རེད་ཅེས་སོགས་གསུངས་སོང་།
ཡང་དྲི་བ་དྲིས་ལན་དང་འབྲེལ་བོད་རང་བཙན་འཐབ་རྩོད་བྱེད་རྒྱུ་དེ་བོད་མི་རིགས་ཀྱི་ཐོབ་ཐང་ཞིག་རེད། བོད་རང་བཙན་འཐབ་རྩོད་བྱེད་རྒྱུ་དེ་འོས་བབ་མེད་པ་དེ་འདྲ་མ་རེད་ཅེས་དང་། བོད་རང་བཙན་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕྲོག་པ་རེད་མ་གཏོགས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོག་ཡོད་པ་མ་རེད། དེ་ཡིན་ཙང་རྩོད་ས་དེ་རྒྱ་ནག་ལ་འགྲོ་དགོས་པ་རེད་མ་གཏོགས་ང་རང་ཚོ་ནང་ཁུལ་རྩོད་རྒྱབ་བསྟད་ན་ཕན་ཐོག་གལ་ཡོད་པ་མ་རེད། ལྷག་པར་དུ་དེ་ལ་བརྟེན་ནས་༧གོང་ས་མཆོག་ལ་ཁ་བཏང་ན་གཏན་ནས་མི་འོས་ཞིག་རེད། ༧གོང་ས་མཆོག་གིས་སུ་གང་ལ་བོད་རང་བཙན་མ་རྩོད་གསུང་ཡོད་པ་མ་རེད་ལ། དུས་ནམ་ཡང་བོད་རང་བཙན་བརྩད་ན་འགྲིག་གི་མ་རེད་ཅེས་གསུང་སྲིད་ཀྱི་མ་རེད། ངས་ཁ་ཚན་བཅད་ནས་བཤད་ཐུབ་པ་ཞིག་རེད་ཅེས་སོགས་གསུངས་སོང་།
དགའ་བྱང་སློབ་གྲྭ་ནི་ཕྱི་ལོ་༡༩༧༣ལོར་དབུ་བརྙེས་ཡོད་པ་དང་སྐབས་དེར་སློབ་ཕྲུག་གྲངས་༡༨དང་དགེ་རྒན་གཉིས་ཙམ་ལས་མེད་པ་དང་། ཕྱི་ལོ་༡༩༩༠ནས་༢༠༠༨ཡས་མས་སུ་སློབ་གྲྭ་འདིར་སློབ་ཕྲུག་ཧ་ཅང་མང་པོ་ཕེབས་ཡོད་པ་དང་། མཐར་ཕྱིན་སློབ་མ་ཡང་ཧ་ཅང་མང་པོ་བྱུང་ཡོད་པ་དང་། ལྷག་པར་དུ་སློབ་གྲྭ་འདིའི་ནང་ནས་ཐོན་པའི་དགེ་བཤེས་ལྷ་རམ་པའི་མཚོན་དགེ་བཤེས་བརྒྱ་ཕྲག་བརྒལ་བ་བྱུང་ཡོད་པ་རེད།
ད་ལྟའི་གནས་སྐབས་སུ་དགའ་བྱང་སློབ་གྲྭའི་ནང་སློབ་ཕྲུག་གྲངས་༣༠༠ མ་ཟིན་ཙམ་དང་དགེ་རྒན་༢༦ ཙམ་ཡོད་པ་དང་། འཛིན་གྲྭ་སྔོན་འགྲོ་དང་པོ་ནས་གཉིས་པ། དེ་ནས་འཛིན་གྲྭ་དང་པོ་ནས་བརྒྱད་པའི་བར་ཁྱོན་བསྡོམས་འཛིན་གྲྭ་བཅུ་ཙམ་ཡོད་འདུག སློབ་ཚན་གཙོ་བོ་བོད་ཀྱི་བརྡ་སྤྲོད་སུམ་རྟགས་དག་གསུམ་དང་། བོད་ཀྱི་རྒྱལ་རབས་དང་ཆོས་འབྱུང་། ཚན་རིག་དང་ཡིག་གཟུགས་བཅས་སུ་སྦྱང་བ་བྱེད་ཀྱི་ཡོད་པ་དང་།འཛིན་གྲྭ་ལྔ་པ་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་དོན་རིག་གཞུང་ལ་སློབ་གཉེར་བྱེད་བཞིན་ཡོད་པ་རེད་འདུག
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།
་་་་་་་་ དེ་བཞིན་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཁག་གི་མཚོན་ས་ཡི་གོ་ལ་འདིའི་ཐོག་བོད་ཀྱི་སྐད་ཡིག་ཕ་སྐད་དུ་རྩི་མཁན་དང་ཆོས་སྐད་དུ་རྩི་མཁན་བཅས་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་མཁན་ས་ཡ་བཞི་བཅུ་ཡས་མས་ཤིག་ཆགས་བསྡད་ཡོད་པ་རེད། ་་་་་་་་
་་་་་་་་་ བོད་ཀྱི་སྐད་ཡིག་དེ་འཛམ་གླིང་འདིའི་ནང་ནས་བརླག་འགྲོ་ཡི་མ་རེད། དེ་བདག་པོ་རྒྱག་མཁན་ནུབ་ཕྱོགས་ཀྱི་མི་དེ་ཚོའི་དགའ་བོའི་ངང་ནས་འབད་རྩོན་ཆེན་པོའི་ཐོག་ནས་བདག་པོ་རྒྱག་གི་རེད། ཡིན་ན་ཡང་བོད་ཀྱི་སྐད་ཡིག་དང་རིག་གཞུང་དེ་བོད་ཀྱི་སྤྱི་ཚོགས་ནང་ནས་བརླག་ཉེན་ཆེན་པོ་ཡོད་པ་རེད། མ་འོངས་པར་བོད་པ་ཚོའི་བོད་ཀྱི་སྐད་ཡིག་མགོ་སེར་ཚོའི་རྩ་ཁ་ནས་ཚུར་ལེན་གྱི་ཉེན་ཁ་དེ་ཏན་ཏན་ཡོད་པ་རེད་ཅེས་སོགས་གསུངས་སོང་། ་་་་་་་་་་་
་་་་་་་་་ སྐད་ཡིག་དེ་བེད་སྤྱད་བྱེད་མཁན་བོད་མི་ས་ཡ་དྲུག་ཡས་མས་ཙམ་རེད། ཁྱིམ་མཚེས་རྒྱལ་ཁབ་རྒྱ་བལ་འབྲུག་གསུམ་མཚོན་པའི་རྒྱལ་ཁབ་དག་གི་ནང་དབྱངས་གསལ་སོ་བཞི་བེད་སྤྱད་བྱེད་མཁན་ཚོད་དཔག་བྱས་ན་ས་ཡ་བཅུ་ཙམ་ཡོད་པ་རེད། ་་་་་་་་་
བོད་ཡིག་སྐད་ཡིག་ཕྱུག་ཤོས་རེད། །
བོད་པས་དིང་སང་སྦྱོང་འདོད་མེད། །
ད་ལྟ་བོད་པས་མགོ་སེར་སློབས། །
རྗེས་སུ་མགོ་སེར་བོད་མིར་བསླབ།།
འདི་ནི་ང་ཚོའི་འཆར་གཞི་དང་། །
རེ་བ་དེ་ལྷག་མ་ལྷག་གམ། །
ཧ་ཧ་སེམས་སྐྱོ་ངུ་རེ་བྲོ། །
ཧུ་ཧུ་བགོད་ཅིང་ངོ་ཡང་ཚ། །
བོད་རང་བཙན་རྒྱ་ནག་གིས་འཕྲོགས་ཡིན་པ་ཟམ་གདོང་བླ་མས་མ་གསུངས་རུང་བོད་མི་མང་གིས་སྔ་མོ་ནས་མཁྱེན་གྱི་ཡོད་པ་རེད། ཟམ་གདོང་བླ་མས་བཙན་བྱོལ་སྤྱི་ཚོགས་སུ་རང་བཙན་དང་དབུ་མ་གཉིས་ཀྱི་དབར་འགལ་ཟླ་ཆེ་རུ་མ་བཏང་བར་ཁུ་སིམ་མེར་བསྡད་ན་བོད་མི་མང་གི་བེད་སྐྱིད་ཀྱང་དེ་ཡིན།
དཔེར་ན།
༡)
བོད་རང་བཙན་རྩོད་མཁན་རྒྱ་དམར་དང་དོལ་རྒྱལ་རྗེས་འབྲངས་བ་ལས་ཀྱང་སྡུག་ཟེར་མཁན་ཟམ་གདོང་བླ་མ།
༢)
བོད་ཀྱི་ཆོས་དང་རིག་གཞུང་མ་བོར་ན་བོད་མི་རིགས་བརླགས་ན་བརླགས་ཟེར་མཁན་ཟམ་གདོང་བླ་མ།
༣)
གསུམ་བཅུའི་དུས་དྲན་ཉིན་སྐད་འབོད་མ་གནང་ཟེར་ནས་འབོད་སྐུལ་ཞུ་མཁན་ཟམ་གདོང་བླ་མ།
༤)
ལོ་རྒྱུས་ཐོག་བོད་རང་བཙན་གཙང་མ་ཡིན་པའི་ཁུངས་སྐྱེལ་ཁག་པོ་རེད་ཟེར་མཁན་ཟམ་གདོང་བླ་མ།
༥་་་བཙན་རང་མ་དངུལ་ལག་དེབ་དང་བླང་དཔྱ་ཁྲལ་ལ་བསྒྱུར་ནས་དབུ་མའི་མ་དངུལ་བཟོ་མཁན་ཟམ་གདོང་བླ་མ།
༦་་་བཙན་བྱོལ་བོད་གཞུང་སྒྲིག་འཛུགས་ལ་བསྒྱུར་ནས་ཚོགས་པ་ཆུང་ཆུང་ཞིག་བཟོ་མཁན་ཟམ་གདོང་བླ་མ།
༧་་་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་བོད་རྒྱལ་ཁབ་ཅེས་པའི་མིང་ཙམ་ཡང་མེད་པར་བཟོ་མཁན་ཟམ་གདོང་བླ་མ།
༨ བོད་མིས་གསུམ་བཅུ་དུས་དྲན་སྐབས་འབོད་ཚིག་རང་དབང་རང་བཙན་དང་རྒྱ་མི་བོད་ནས་མཐར་སྤྲོད་གཏོང་སོགས་ཀྱི་སྐད་འབོད་བྱས་ན་འགྲིག་གི་མེད་ཟེར་མཁན་མཁས་དབང་ཟམ་གདོང་མཆོག་རེད།
#
བོད་རང་བཙན་རྒྱ་ནག་གིས་འཕྲོགས་ཡིན་པ་ཟམ་གདོང་བླ་མས་མ་གསུངས་རུང་བོད་མི་མང་གིས་སྔ་མོ་ནས་མཁྱེན་གྱི་ཡོད་པ་རེད། ཟམ་གདོང་བླ་མས་བཙན་བྱོལ་སྤྱི་ཚོགས་སུ་རང་བཙན་དང་དབུ་མ་གཉིས་ཀྱི་དབར་འགལ་ཟླ་ཆེ་རུ་མ་བཏང་བར་ཁུ་སིམ་མེར་བསྡད་ན་བོད་མི་མང་གི་བེད་སྐྱིད་ཀྱང་དེ་ཡིན།
དཔེར་ན།
༡)
བོད་རང་བཙན་རྩོད་མཁན་རྒྱ་དམར་དང་དོལ་རྒྱལ་རྗེས་འབྲངས་བ་ལས་ཀྱང་སྡུག་ཟེར་མཁན་ཟམ་གདོང་བླ་མ།
༢)
བོད་ཀྱི་ཆོས་དང་རིག་གཞུང་མ་བོར་ན་བོད་མི་རིགས་བརླགས་ན་བརླགས་ཟེར་མཁན་ཟམ་གདོང་བླ་མ།
༣)
གསུམ་བཅུའི་དུས་དྲན་ཉིན་སྐད་འབོད་མ་གནང་ཟེར་ནས་འབོད་སྐུལ་ཞུ་མཁན་ཟམ་གདོང་བླ་མ།
༤)
ལོ་རྒྱུས་ཐོག་བོད་རང་བཙན་གཙང་མ་ཡིན་པའི་ཁུངས་སྐྱེལ་ཁག་པོ་རེད་ཟེར་མཁན་ཟམ་གདོང་བླ་མ།
ཟམ་གདོང་པཎ་ཌི་ཏའི་གསུང་ནི་སངས་རྒྱས་ཀྱི་གསུངས་རང་རེད། བོད་ཀྱི་ཆོས་དང་རིག་གཞུང་འདིས་འཛམ་གླིང་ཐོག་ཏུ་ཞི་བདེ་འཆམ་མཐན་ཡོང་བ་ཕན་ཐོགས་ངེས་ཅན་ཡིན། བོད་མི་རིགས་ཟེར་བ་ཆེ་ས་ནས་བསམ་ན་ཅི་གང་ཡང་མ་རེད། རང་བཙན་འཐབ་རྩོད་པ་དོལ་ཚོགས་ལས་སྡུག་ཞིག་ཡིན་པ་གསུང་ཡོད་མིན་མི་ཤེས་ཏེ་གསུང་ཡོད་ན་བདེན་པ་རེད། དོལ་ཆོགས་ཀྱིས་ལྷ་འདྲེ་དང་རང་བཙན་འཐབ་རྩོད་པས་རང་བཙན་ཁ་ལ་ཁྱེར་ཚུལ་མི་འདྲ་བ་ལས་༧ གོང་ས་མཆོག་དང་བོད་མའི་སྒྲིགས་འཛུག་ལ་ཁ་བརྡུང་བཏང་བ་གཞན་ཅི་ཡང་མི་འཇོན་པ་གཅིག་པ་རེད།
ཚ་བ་ཟམ་གདོང་སྤྲུལ་སྐུ་ལྟ་བུའི་གཏང་བཤད་ལ་བྱང་ཆ་ཡོད་མཁན་ཧ་ཅང་དཀོན་པོ་རེད། ངས་གཏམ་བཤད་ལ་བྱང་ཆ་ཡོད་མཁན་མང་པོའི་གཏམ་ལ་ཉན་མྱོང་མོད་ཟམ་གདོང་འདྲ་བ་ཧ་ཅང་དཀོན་པོ་རེད། ཁོང་གི་གཏམ་བཤད་ནི་ངོ་མ་རྡོ་གྲུབ་ཆེན་བསྟན་པའི་ཉི་མས་རྫ་དཔལ་སྤྲུལ་གྱི་གསུམ་རྩོམ་ལ་བསྟོད་བསྔགས་གནང་བ་བཞིན་དུ་”བླུན་པོས་ཉན་ན་གོ་སླ་བ། མཁས་པས་ཉན་ན་གཏིང་ཟབ་པ།” ཞེས་པ་དེ་ཡིན། ཁོང་ནི་སྨྲ་བརྗོད་ལ་བྱང་ཆ་ལྡན་པ་ཅམ་དུ་མ་ཟད་སྒྲ་གདངས་དག་པ། བརྗོད་ཚིག་ཐམས་ཅད་ཡིག་རྩོམ་སྤུས་དག་ཅིག་ཀློག་གིན་ཡོད་པ་ལྟ་བུའི་ཚིག་ལྷག་གིས་དབེན་པ། སྐད་གདངས་མཐོ་དམན་རན་པ། ཡུལ་སྐད་དང་མ་འདྲེས་ཀྱང་ཕལ་སྐད་ལས་ཡིག་སྐད་མང་བ། གཏམ་བཤད་པ་གཞན་གྱི་ཆོས་དང་སྲིད་ཀྱི་བསླབ་བྱ་ཐོས་སྐབས་མགོ་བོ་བྲང་ཁར་དཔྱངས་ནས་གཉིད་ཁུགས་འགྲོ་མཁན་གྱི་སྐྱེ་བོ་ལེ་ལོ་ཅན་ཚོས་ཀྱང་ཟམ་གདོང་རིན་པོ ཆེའི་གསུང་བཤད་ཐོས་སྐབས་མགོ་བོ་གཟེངས་གཟེངས་དང་རྣ་བ་ཀྲོག་ཀྲོག་ཏུ་འགྱུར། ཟམ་གདོང་སྤྲུལ་སྐུའི་ཆོས་བཤད་ཡོང་དུས་བླ་རྒན་འདིས་ཚེ་གང་བོར་ཆོས་གྲྭ་འགྲིམས་ནས་ཡི་གེ་མདའ་ཚད་མ་སྦྱངས་བསྡད་ཡོད་ས་རེད་བསམ་པ་ལྟ་བུ། ཟམ་གདོང་སྤྲུལ་སྐུས་ཆབ་སྲིད་བཤད་ཡོང་དུས་མི་རྒན་འདིས་མི་ཚེ་གང་བོར་ཆབ་སྲིད་ཁོ་ན་ལ་སྦྱངས་བསྡད་ཡདོ་ས་རེད་བསམ་བསམ། རྒྱ་གར་གྱི་སྐད་བཤད་བཤད་ཡོང་དུས་རྒྱ་གར་ཁ་སྤུ་ཅན་ཞིག་ལོས་ཡིན་བསམ་བསམ། དབྱིན་སྐད་བཤད་ཡོང་དུས་དབྱིན་ཇི་མིག་ལྗང་ཁུ་ཅན་ཞིག་ལོས་ཡིན་བསམ་བསམ། མདོར་ན་མི་འདིས་ཕྱི་པ་དང་ནང་པ། གནའ་བོ་དང་དེང་རབས་ཀྱི་རིག་གནས་གང་ཞིག་གླེང་དགོས་ན་ཡང་ཆག་ཐོགས་མེད་པའི་སྣང་བ་ཞིག་ངམ་ངམ་ཤུགས་ཀྱིས་སྟེར་ཡོང་། ང་ཟམ་གདོང་རིན་པོ་ཆེར་དེ་ཙམ་མི་དགའ། ཡིན་ན་ཡང་། ཁོང་གི་གཏམ་བཤད་ངག་རྩལ་གྱིས་ཡིད་དབང་འཕྲོག་སོང་།
ཅོ་རི་ཉི་མ་དང་། བྱ་འཕུར་མ། མངོན་སུམ་སྨྲ་བ་སོགས་ནི་དུས་རྒྱུན་དྲ་ཐོག་ལ་ཡོང་ནས་ད་ལྟ་བར་སྐུ་ངལ་འཛེམས་མེད་ཀྱིས་བོད་དོན་ལ་ཐུགས་ཁུར་གནང་མཁན་རྣམས་འགྲིག་གི་མེད་ཚུལ་རྐྱང་རྐྱང་བཤད་སྡོན་མཁན་རེ་རེད་འདུག ག་དུས་ཡིན་ཡང་དྲ་ཐོག་ལ་ཡོང་ཐེངས་རེར་ཁྱེད་ཚོའི་མིང་གི་ཟུར་ཙམ་མཐོང་བ་ཙམ་གྱིས་སེམས་སུ་ཉོབ་སྣང་བརྗོད་ཀྱིས་མི་ལང་བ་རེ་སྐྱེ་ཡི་འདུག སྐུ་མཁྱེན། ད་སྔ་མ་ཚོས་གནང་སྟངས་འགྲིག་མི་འདུག་ན། འགྲིག་པ་ཞིག་སྒྲུབས་དང་། དགའ་བསུ་དང་རྒྱབ་སྐྱོར་བྱ་ཆོག ཁྱེད་ཚོའི་རིགས་འདིས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱལ་བ་རིན་པོ་ཆེ་དང་། ཟམ་གདོང་རིན་པོ་ཆེ། བོད་མིའི་སྒྲིག་འཛུགས་རྗེས་འཇུག་དང་བཅས་པར་མི་དགའ་བའི་རྣམ་འགྱུར་དང་སྐད་ཆ་བཤད་ནས་མི་ཚེ་སྐྱེལ་དགོས་པ་འདི་སུ་ཞིག་གི་བཀའ་ཆད་ཡིན་ནམ། ད་ཡིན་ན་ཁྱེད་ཚོའི་མིང་མཐོང་བ་དང་ཉོབ་འགྲོ་གི རང་གིས་བསྒྲུབས་པའི་ལས་ཀ་སྣེ་གཅིག་སྟོན་རྒྱུ་མེད་པར་གཞན་གྱིས་བསྒྲུབས་པར་མི་འདོད་པ་ཤ་སྟག་བརྗོད་ནས་་་་་་་་་་་་་་་་
བོད་རང་བཙན་བརྩད་པ་ལ་མི་དང་རྒྱུ། རྒྱབ་སྐྱོར་དང་དཔུང་རོགས་དགོས་ཀྱི་རེད། རྡ་སའི་སྒྲིག་འཛུགས་དང་དབུ་མའི་ལམ་གྱི་དབུ་ཁྲིད་ཚོས་བོད་རང་བཙན་བརྩད་པ་ལ་བཀག་འགོག་བྱེད་བཞིན་ཡོད།
རྒྱུ་དངོས་ཀྱི་ཐོག་ནས་བཤད་ན་བཙན་རང་མ་དངུལ་ལག་དེབ་དང་བླང་དཔྱ་ཁྲལ་ལ་བསྒྱུར་ནས་དབུ་མའི་མ་དངུལ་བཟོས་ཡོད། བོད་རང་བཙན་གྱི་འཐབ་རྩོད་ཆེད་དུ་འགྲོ་སོང་བཏང་གི་མེད། ཡོང་རོབ་དང་ཨ་རི་སོགས་སྲིད་གཞུང་ཁག་གིས་རོགས་དངུལ་ས་ཡ་དང་ས་ཡ་བྱས་ནས་སྤྲད་བསྡད་པ་རྣམས་ཀྱི་ནང་ནས་བོད་རང་བཙན་འཐབ་རྩོད་ཀྱི་ཆེད་དུ་སྒོར་རྡོག་གཅིག་བཏང་གི་མེད། རྒྱུ་དངོས་ཀྱི་ཐོག་ནས་བོད་རང་བཙན་འཐབ་རྩོད་བྱེད་པ་ལ་རྒྱབ་སྐྱོར་མེད་སྟངས་དེ་འདྲ་རེད། བཀག་འགོག་ཡོད་སྟངས་འདི་འདྲ་རེད།
བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་གཞོན་ལྷན་གཉིས་ཀྱིས་ལས་འགུལ་སྤེལ་སྐབས་དབུ་མའི་ལམ་པ་བ་ཚོས་རྒྱབ་སྐྱོར་དང་དཔུང་རོགས་མི་བྱས། གདན་ས་ཁག་གིས་བཙན་བྱོལ་སྒྲིག་འཛུགས་ཀྱི་ལས་འགུལ་ལ་མ་གཏོགས་ཚོགས་ཁག་གཞན་ཚོའི་ལས་འགུལ་ནང་དུ་མཉམ་ཞུགས་མི་བྱེད་ཀྱི་གྲོས་ཆོད་བཞག་སོང་།
དབུ་མའི་ལམ་གྱི་དབུ་ཁྲིད་ཚོས་ངོས་ནས་བོད་རང་བཙན་གི་ཆེད་དུ་ངོ་རྒོལ་ལས་འགུལ་སྤེལ་མཁན་ཚོ་ལ་མི་དམངས་ཀྱི་ངོས་ནས་རྒྱབ་སྐྱོར་མི་འཐོབ་ཆེད་ཐབས་ཤེས་འདྲ་མིན་བྱས་སོང་། རྒྱབ་སྐྱོར་དང་དཔུང་རོགས་ཀྱི་ཐོག་ནས་བོད་རང་བཙན་འཐབ་རྩོད་ལ་བཀག་འགོག་བྱེད་སྟངས་དེ་འདྲ་རེད།
ད་དུང་་་དབུ་མའི་ལམ་གྱི་མགོ་ཁྲིད་ཁ་བདེ་བ་དེ་དག་གིས་བོད་རང་བཙན་མི་དགོས་ཟེར་གྱི་མེད་ཅེས་དང་། བོད་རང་བཙན་བརྩད་ཀྱི་མིན་ཟེར་གྱི་ཡོད་ཅེས་ཟེར་གི་འདུག བོད་རང་བཙན་བརྩད་ཀྱི་མིན་ཟེར་ན་བོད་རང་བཙན་མི་དགོས་ཅེས་པའི་དོན་རེད། ལས་ཀ་ལས་ཀྱི་མིན་ཟེར་ན་ལས་ཀ་མི་དགོས་ཅེས་པའི་དོན་རེད། ལས་ཀ་དགོས་ན་ལས་ཀ་ལས་དགོས་པར་རེད།
དཔེར་ན། མི་ཞིག་གིས་བཀའ་བློན་གྱི་ལས་ཀ་ལས་ཀྱི་མིན་ཟེར་ན་བཀའ་བློན་གྱི་གོ་གནས་མི་དགོས་ཅེས་པའི་དོན་རེད། བཀའ་བློན་གྱི་གོ་གནས་དགོས་ན་བཀའ་བློན་གྱི་ལས་དོན་སྒྲུབ་དགོས་ངེས་རེད། བཀའ་བློན་གྱི་ལས་དོན་སྒྲུབ་ཀྱི་མིན་ཟེར་དུས་བཀའ་བློན་གྱི་གོ་གནས་མི་དགོས་ཅེས་དོན་རེད།
དེ་བཞིན་དུ་བོད་རང་བཙན་བརྩད་ཀྱི་མིན་ཞེས་དངོས་སུ་བཤད་དུས་ཤུགས་སུ་བོད་རང་བཙན་མི་དགོས་ཅེས་བསྟན་གྱི་ཡོད་རེད། བོད་རང་བཙན་དགོས་ན་བརྩད་དགོས་རེད། བརྩད་ཀྱི་མིན་ན་མི་དགོས་པ་རེད་དོ། ཚིག་གི་བཟུང་མཚམས་ཕྱེས་ནས་བོད་མི་དམངས་མགོ་སྐོར་བཏང་ཐུབ་ཙམ་བྱུང་ན་ཅི་ཕན་ནམ།
གལ་སྲིད་་་་རྡ་སའི་སྒྲིག་འཛུགས་དང་དབུ་མའི་ལམ་གྱི་མགོ་ཁྲིད་ཚོས་ངོས་ནས་རྒྱུ་དངོས་དང་རྒྱབ་སྐྱོར་དཔུང་རོགས་དང་བཅས་པ་རྣམས་ཀྱི་ཐོག་ནས་དབྱེ་འབྱེད་མེད་པར་བོད་རང་བཙན་འཐབ་རྩོད་ཀྱི་ཐོག་ཏུ་ཐོབ་ཐང་འདྲ་མཉམ་བྱས་པ་ཡིན་ན་ནང་ཁུལ་དུ་བརྩད་རྒྱབ་དགོས་དོན་ཅི་ཡང་མེད། ཡོད་ཚོད་དབུ་མའི་ལམ་ཚང་གིས་བདག་དབང་འཛིན་ནས་མུ་མཐུད་ཀྱི་ཡིན་ན་ནང་ཁུལ་གྱི་རྩོད་རྙོག་འདི་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཤིག་ལ་འགྱུར་ངེས་རེད་ཅེས་་་་བཤད་འདོད་བྱུང་།
རང་བཙན་འཐབ་རྩོད་པ་ཡིན་ཟེར་མཁན་མི་འཁྱམས་ལས་མེད་བཟོ་འདྲ་བོ་ཁག་ཅིག་གིས་རང་བཙན་ཇི་ལྟར་རྩོད་ཀྱིན་ཡོད་མེད་བཤད་ཡ་གཅིག་ཀྱང་མི་འདུག ཁ་གདངས་ཚད་༧ གོང་ས་མཆོག་དང་ཟམ་གདོང་བླ་མ། བོད་མི་སྒྲིགས་འཛུག་ལ་ངན་སྨས་རྐྱང་རྐྱང་ལས་ལྷག་བསམ་རྣམ་དག་གིས་ཁ་ཡོད་ལག་ཡོད་ཀྱི་རང་བཙན་ཐོག་ལ་དཀའ་ལས་འདི་འདྲ་རྒྱབ་ཀྱིན་འདུག་ཟེར་བ་མེད་དུས་ཁྱེད་ཚོ་ལ་སུན་སྣང་སྐྱེ་ཡོང་གི། ཟམ་གདོང་བླ་མས་གསུང་པ་ལྟར་རང་བཙན་འཕྲོག་མཁན་གུང་བྲན་ཏང་རེད་མ་གཏོགས་༧ གོང་ས་མཆོག་དང་ཟམ་གདོང་སོགས་མིན་པ་ཤེས་པར་གྱིས། རང་བཙན་འཐབ་རྩོད་ཐོག་ལ་རོགས་ས་ཡ་ཕར་ཞོག་སྒོར་རྡོག་གཅིག་ཀྱང་སྤྲད་མཁན་ཡོད་མི་སྲིད་པས་འགྲོ་སོང་སུས་བཏང་ཤེས།
གཟམ་གདོང་སྤྲུལ་སྐུ་རྟག་ཏུ་རྒྱས་འགྱུར་ཅིག
གང་གི་གཏམ་བཤད་མུ་མཐུད་གསུང་འགྱུར་ཅིག
ཁ་འཁྱེར་རང་བཙན་ལེན་ཐབས་གསུང་འགྱུར་ཅིག
གཉིས་སྨན་དབུས་ལམ་གྲུབ་འབྲས་མངོན་འགྱུ་རཅིག
དེང་སང་དབང་རྣོན་དད་པའི་རྗེས་འབྲང་དང་དབང་རྟུལ་ཆོས་ཀྱི་རྗེས་འབྲང་མང་ནི་རེད། བཤད་རྒྱུ་དབང་རྣོན་ཆོས་ཀྱི་རྗེས་འབྲང་དང་ལས་རྒྱུ་དབང་རྟུལ་དད་པའི་རྗེས་འབྲང་གི་རིགས་ཡང་མང་ནི་རེད། བོད་རང་བཙན་རྒྱ་དམར་གྱིས་འཕྲོག་སོང་བ་དང་དབུ་ལམ་ཚང་གིས་རྗེས་འཛིན་བྱེད་རྒྱུ་ཡིན་སྐོར་དེ་གཉིས་ཀར་ངོ་རྒོལ་ཡོད། ད་དུང་བོད་ཀྱི་ལོ་རྒྱུས་མཐོ་བཤད་དམའ་བཤད་བཟོ་མཁན་རིགས་ལ་ཡང་ངོ་རྒོལ་ཡོད།
དེང་སང་རང་བཙན་རྒྱ་ལ་མི་རྩོད་པར་རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་ལ་རྩོད་མཁན་འདི་ཚོ་དོན་ངོ་མའི་རང་བཙན་རྩོད་མཁན་མ་རེད། ཁོ་ཚོ་ནི་ཆབ་སྲིད་སྐབས་འཚོལ་བ་དང་སྒེར་དོན་རིང་ལུགས་པ་རྒྱུག་ཁྱི་དང་དོལ་ཚོགས་ཀྱི་མི་དེ་ཚོ་རེད། ཁོ་ཚོས་རང་བཙན་ཁ་ལ་ཁྱེར་དོན་ཡང་བོད་མི་རིགས་ནང་ཁུལ་དཀྲུག་ཐབས་དང་། བོད་མིའི་སྒྲིག་འཛུགས་དང་དབུ་ཁྲིད་ཚོར་ཡིད་ཆེས་མེད་པ་བཟོ་ཐབས། ཁོ་ཚོའི་སྐྱོན་བརྗོད་ལ་བོད་མིའི་རྒྱབ་སྐྱོར་རག་ཐབས་བྱེད་ཀྱི་ཡོད་པ་རེད། དེས་ན་ཚང་མས་གཟབ་ཙམ་བྱེད་ནས་མགོ་བོ་གཞན་གྱི་གཡོ་འོག་ལ་མ་ཤོར་བ་ཞིག་བྱེད་དགོས་པ་གལ་ཆེན་པོ་རེད།
ཆོས་དང་ཆབ་སྲིད་བསྲེས་ནས་ཡོངས་ན་་བོད་རྒྱལ་ཁབ་དེ་གང་འདྲ་ཤོར་སོང་་སྔ་མས་ཉམས་མྱོང་ལ་ལྟོས་ནས་མ་འོངས་ཆགས་གཞི་ཞོག སྐྱེ་བོ་མི་ནག་དེ་ཚོས་མི་ཚེ་ལ་བླ་མ་དང་གྲྭ་བ་སྤྲུལ་སྐུ་དང་དགེ་བཤེས་སོགས་མེད་ན ཆབ་སྲིད་ཟེར་མི་ཤེས་པ་རེད་པས་ཞབས་འདྲེན་ཞབས་ནག་རེད ཆོས་པས་མིང་ཁུར་ནས་བོད་པ་ཚོས་ཆབ་སྲིད་འཁྲབ་བའི་ལམ་ལུགས་དེ་མི་མཐུད་ལྷག་ན་བོད་འདི་ལོ་བརྒྱ་སོང་ཡང་བཟང་བསྐྱེད་མེད་ངོ་མ་རེད ཆབ་སྲིད་བཤད་དུས་བླ་མ་དང་རིན་པོའི་ཆེ་དེ་དག་མིང་གིས་གར་སུས་འཁྲབ་ན་དེ་ནི་ངོ་མ་ཞབས་འདྲེན་རེད ཆོས་པས་ཆོས་པ་ས་ཆ་ལ་བསྡད་ན་བཟང་ཆབ་སྲིད་འཁྲ་་ན་ཆོས་མི་ཡོང ཆབ་སྲིད་པ་ཆབ་སྲིད་ས་ཆ་ལ་བསྡད་ན་བཟང་ཆོས་པ་བྱས་ན་ཆབ་སྲིད་མི་ཡོང་པ་བོད་རྒྱལ་ཁབ་དེ་འུར་ཐུག་ཐབས་ཟད་གང་འདྲ་བྱས་ནས་ཤོར་བ་དེ་མ་བརྗེད་པ་གནང
ད་དངོས་གནས་ཟམ་གདོང་ཆོས་ཁྲིད་བྱེད་ན་ཡག་པོ་འདུག ཆབ་སྲིད་ནི་མ་འཇོན་པ་ཐག་ཆོད་རེད། འདས་པའི་ལོ་རྒྱུས་ལ་བལྟས་ན་ཤེས་ངེས། བོད་མི་རྣམས་ཁྲག་ལྟར་དཀྲུག་འདོད་ཡོད་ན་མི་ཤེས། ཀླུ་བྱམས་སོགས་རྩ་མེད་བཏང་བའི་ལས་ཀ་བྱེད་མཁན་རང་བཙན་འཐབ་རྩོད་པ་རེད་དམ། གད་མོ་ཤོར་གྱི་འདུག དབུ་མ་ལས་འགུལ་སྤེལ་ས་རྒྱ་གཞུང་རེད། བོད་མི་ལ་སྤེལ་དགོས་དོན་མེད། འཐབ་རྩོད་བྱ་ས་བོད་མི་མ་ཡིན་པའི་ཕྱིར།
དེང་སང་རང་བཙན་ཟེར་ན་༸རྒྱལ་བ་རིན་པོ་མཆོག་གི་མཚན་བོས་ཡོང་གི་འདུག དེ་ནས་མར་བཤད་ན་དོལ་ཚོགས་ལྟ་བུ་རེད་ཟེར་གྱི་འདུག ད་ངོ་མ་དྷ་རམ་ས་ལ་ནས་དབུགས་གཏོང་བྱེད་པར་ཁག་པོ་འདུག
སྐད་ཆ་དྲང་མོ་བཤད་ན་མྱི་མི་དགའ་དང་དབྱུག་པ་བཟུང་ནས་ཁྱི་མི་དགའ་ཟེར་བ་ཅི་མི་བདེན།
ཟམ་གདོང་བླར་རྒན་འདི་ངས་ཆབ་སྲིད་འཁྲབ་སྟོན་འཁྲབ་འཚམས་བཞག་ནས་ཕྱི་མའི་ཡང་སྲིད་འདྲ་གྲ་སྒྲིག་བྱས་ནས་བསྡད་ཡོད་རྒྱུ་རེད་དྲན་ཡོད། འོན་ཀྱང་བླར་རྒན་གྱིས་པེ་ཅིང་ལ་ཕྱག་འབུལ་ལམ་ལུགས་ད་དུང་འདོད་བློ་ཁེངས་མེད་པ་འདྲ། རེེད་ཡ། རང་བཙན་པེ་ཅིང་སྲིད་གཞུང་ལ་མ་བརྩད་གོང་རང་བཙན་གྱི་བགེགས་སུ་གྱུར་པའི་རང་བཙན་དགྲར་ལངས་དེ་ཚོ་ཡང་ཁ་གཏད་མ་བཅག་རང་བཅག་ཆགས་ཡོད་པས། རང་བཙན་ལྟ་གྲུབ་པ་ལྷ་འདྲེ་གདོན་བགེགས་ཚོགས་པ་ལས་ཀྱང་ཞེད་སྣང་སྐྱེས་མཁན་ཟམ་གདོང་བླར་རྒན་ལྟ་བུ་ནི། དངོས་གཙོ་རིང་ལུགས་དར་རྒྱས་ཕྱིན་ན་རང་ཉིད་ཀྱི་དབང་ཆ་དང་སྤྲུལ་སྐུའི་གོ་ཐོབ་ལམ་ལུགས་ལ་དོ་ཕོག་འགྲོ་བར་དྭོགས་ནས་༧རྒྱལ་བའི་མཚན་གནས་ཡང་ཡང་བེད་སྤྱོད་བྱེད་སྟངས་དེ་རང་ཉིད་ཀྱི་དབང་ཆ་དང་གོ་ཐོབ་སྲུང་ཆེད་ཙམ་རེད། དེ་མིན་བླར་རྒན་གྱིས་བྱས་ཚད་ཐམས་ཅད་བླ་མའི་བཀའ་ཙམ་ལས་མི་རིགས་ལ་བསམ་མྱོང་མེད་པ་རེད་ལ་དཀོར་འཚོ་རིང་ལུགས་པའི་འགྲོ་ལམ་མ་འགག་ན་མི་རིགས་མི་དགོས་པ་དེ་རེད། བོད་བསྐྱེལ་མཁན་ཡང་དབང་ཆ་ངེས་ཅན་ལྡན་པའི་སེར་མོ་བའི་མཐོ་རིམ་མི་སྣ་དེ་ཚོ་རེད་ལ་ད་ཡང་འདི་རིགས་ཀྱིས་ཆབ་སྲིད་འཁྲབ་སྟོན་འཁྲབ་འཚམས་བཞག་ན་ཅི་མ་རེད།
དེ་ལས་ཀྱང་གལ་ཆེ་བ་ནི་ལམ་དབུ་མའི་སློབ་དཔོན་ཚོས་རང་སྐྱོང་བརྩད་ས་པེ་ཅིང་སྲིད་གཞུང་ཡིན་པ་ལས་རང་བཙན་ལྟ་གྲུབ་ཚོ་མ་རེད་ལ། ལྷག་པར་དུ་ཀླུ་བྱམས་འབུར་འཇོམས་བྱེད་རྒྱུ་དེ་བས་ཀྱང་མ་རེད།
ཅི་སྟེ་ཟམ་གདོང་བླར་རྒན་ཆབ་སྲིད་འཁྲབ་སྟོན་འཁྲབ་འཚམས་འཇོག་འདོད་མེད་ན་ཟན་ཤམ་འཕུད་ནས་ཕེབས་དང་དགའ་བསུ་ཡོད།
ཟམ་གདོང་བླ་མས་གོང་ས་མཆོག་གི་བཀའ་བསྒྲུབ་ཀྱི་ཟེར་གྱི་ཡོད་པ་དང་ཀླུ་མཁར་བྱམས་ལས་སོགས་རང་བཙན་རྩོད་མཁན་ཚོས་དབུ་མའི་ལམ་ལ་མ་ཞུགས་པས་རྒྱལ་བའི་བཀའ་ལ་མ་བརྩིས་པ་རེད་ཟེར་ནས་དེང་སང་འདྲེ་རྒྱ་ནག་ཤར་ལ་བཞག་ནས་གླུད་བོད་རང་བཙན་འདོད་པའི་ནུབ་ཕྱོགས་སུ་བསྐྱེལ་བཞིན་འདུག གོང་ས་མཆོག་གི་བཀའ་ལ་བརྩི་གི་ཡོད་ན་ཁོང་གིས་གང་གསུངས་པར་ཡིད་ཆེས་དང་ཁས་ལེན་བྱེད་དགོས་པ་རེད། གོང་ས་མཆོག་གིས་བོད་ཀྱི་ཡི་གེ་དར་ནས་ལོ་ངོ་ལྔ་སྟོང་ལྷག་ཕྱིན་འདུག་པས་བོད་ཀྱི་སྐད་ཡིག་འདི་འཛམ་གླིང་སྒང་ལ
ཆེས་རྙིང་ཤོས་ཞིག་ཆགས་ཡོད་རེད་གསུངས་སོང། ཟམ་གདོང་བླ་མས་སྔར་ཝར་ནར་ཐོན་མིས་བོད་ཡིག་བཟོས་རབས་ཀྱི་གཏམ་བརྫུས་མང་པོ་སློབ་གྲྭར་འཁྲབ་ཏུ་བཅུག་ཡོད་འོན་ཀྱང་ལོ་ཤས་རྗེས་ནས་བོད་ཀྱི་ས་འོག་དང་བྲག་ཕུག་སོགས་ནས་བོད་ཡིག་དང་ཞང་ཞིག་མང་དུ་ཐོན་ནས་གཏམ་བརྗོད་སྒྲུང་བརྫུས་དེ་ཚོ་གོ་རྒྱུ་རིག་རྒྱུ་མེད་པར་ཆགས་སོང།། ཡང་ཟམ་གདོང་གིས་བོད་ཡིག་དེ་ལེགས་སྦྱར་སྐད་ལས་བྱུང་རབས་དང་བོད་སྐད་ཡིག་དར་ནས་ལོ་ངོ་ཆིག་སྟོང་ལྷག་ལས་མ་ཕྱིན་རབས་ཀྱིས་རྫུན་གཏམ
ལུང་པ་གང་བཤད་སོང
ཐོན་མིས། བོད་ཡིག་གསར་གཏོད་བྱས་སམ། གསར་བཅོས་བྱས་པ་རེད། ལགས།
རང་བཙན་པ་ཚོར།
ངས་ཅིག་ཤོད་འདོད་བྱུང་། ཁྱེད་རང་༸གོང་ས་མཆོག་ལ་ཟུར་ཟ་མ་བྱེད། གཟབ་གདོང་བླ་མར་ཁ་མ་གཏོང་བར། བོད་མིའི་སྒྲིག་འཛུགས་དང་། སྲིད་སྐྱོང་ལ་རང་བཙན་ལ་འགྲོ་དགོས་དོན་བཏོན། དེ་ནས་གཞི་ནས་ཧ་གོ་འོངས། ཉན་ན་ངའི་བསླབ་བྱ་ཡིན། དེ་མིན་ན་རང་འདོད་ལ་རྒྱུགས། གྱོང་རང་ལ་རག་འོངས།།
[ཅོ]་དིར་ཅོ་དིར་མི་སྙན་སྒྲ་ཆེན་པོ།།
མི་ཕན་མི་གོ་མི་རིག་མི་དགོས་རྒྱུ།།
[རི]་བོ་སྒུལ་བའི་སྟོབས་ཤུགས་ཡོད་མདོག་མདོག།
[ཉི]་འོད་སྒྲིབ་པའི་མཐུ་རྩལ་ཡོད་མདོག་མདོག།
[མ]་ཤེས་མ་འཇོན་མ་རབས་མ་སྒྲུགས་ཤིག།
གལ་སྲིད་ང་ཚོའི་སྒྲིག་འཛུགས་འདི། རང་བཙན་ལངས་ཕྱོགས་སུ་ཕྱིན་ན། ག་འདྲ་ཅིག་ཆགས་པ་འདུག་བསམ་བློ་སྔོན་ནས་བཏང་དགོས། དེ་ཡང་རང་བཙན་རུ་ཁག་དེ། འཚེ་མེད་ཞི་བདེ་བ་ཞིག་ཆགས་མ་ཐུབ་ན། དིང་སང་ཛམ་གླིང་ཀུན་ན་དགྲ་ལྟར་བསྒྲགས་པའི་འཇིགས་སྐུལ་རིང་ལུགས་པར་གྱུར་རྒྱུ་ཡིན་པ་ལས། ལམ་གཞན་མི་འདུག་སྙམ་པས་སོམས་ཤིག
[ཞོལ]་གྱི་གདན་ཐོབ་དམའ་བའི་མི་ཞིག་གིས།།
གོང་གི་གདན་ཐོབ་མཐོ་བའི་བླ་མ་ལ།།
[གཡག]་གི་ངུར་སྒྲའི་ལམ་ནས་སྦོམ་བཤད་བྱས།།
[འབྲོང]་གི་ཧར་སྒྲའི་ལམ་ནས་དཔའ་བཤད་བྱས།།
[རྒྱུད]་ལ་གུས་པ་མེད་པའི་ཉམས་ཤིག་བསྟན།།
བསྟན་དང་འགྲོ་ལ་ཕན་པའི་ལས་མ་ཡིན།།
[ཚེ]་རབས་ཀུན་དུ་རྗེས་སུ་འཛིན་པ་ལ།།
[རིང]་ནས་སྙིང་ལ་དད་པའི་རྟེན་ཞིག་དགོས།།
མ་རིག་ལོག་ལྟའི་ཚིག་གི་མུན་པ་ཡིས།།
ལུས་སེམས་བཀྲུས་ན་དཀར་པོར་འགྱུར་ཡི།།
གོ་སྐབས་སྲིད་མཐའི་བར་དུ་ཡོད་མ་ཡིན།།
དབུ་ལམ་པ་ཚོས་རང་སྐྱོང་རྒྱ་ལ་རྩོད་པ་ལས་རང་བཙན་པ་ཚོར་རྩོད་ཀྱི་མེད། རང་བཙན་ཁ་ལ་ཁྱེར་ནས་གོང་ས་མཆོག་དང་བོད་མིའི་སྒྲིག་འཛུག་ལ་སྐུར་འདེབས་བྱེད མཁན་ཚོར་ཁ་གཏད་བཅོག་པ་ནི་དངོས་དོན་དང་མཐུན་པ་ཞིག་རེད། ཟམ་གདོང་བླ་མས་གཅིག་མ་འཇོན་གཉིས་མ་བྱས་ཤེས་ག་ཚོད་བཤད་རུང་མ་བཤད་རུང་། བཙན་བྱོལ་གཞུང་བཙུགས་པ་ནས་ད་ལྟའི་བར་བཀའ་ཁྲི་ཞིག་ལ་ཟམ་གདོང་བླ་མ་ལས་འཇོན་པ་ཞིག་བྱུང་མྱོང་མེད་པ་ས་རིས་ཐང་གསལ་རེད། འཇུ་ཆེན་གྱི་ཕྱོགས་གཏོགས་ལ་ལས་ཁོང་ལ་གཅིག་བཤད་ཁ་བྱས་ཀྱང་ཉི་ཤར་སྦར་མོས་ཁེབ་ཐབས་མེད་པ་ཤེས་ན་འགྲིག
གོང་གི་#10 བློན་ཆེན་ལགས་ཀྱི་མཆན་ལ་རྒྱབ་སྐྱོར་ཞུ། ཅོ་རི་ཉི་མ་དང་། བྱ་འཕུར་མ། མངོན་སུམ་སྨྲ་བ་སོགས་བོད་ཀྱི་ཟུངས་ཁྲག་ལྡན་པ་ཞིག་ཡིན་ནམ་སྙམ་པའི་དྭོགས་པ་ཡོད།
དེང་སང་མཐོང་ཐོས་སུ་ཡོད་པའི་ནང་། རྒྱུན་དུ་དུས་ཚོད་མ་འཁྱོལ་ནས་ཁ་ཆེ་བའི་མི་མང་པོ་ཞིག་དྲག་སྤྱོད་པའི་ཕྱོགས་སུ་སོང་སྟེ་སྤྱི་ཚོགས་ལ་དཀའ་ངལ་སྤྲོད་བཞིན་ཡོད་པ་ལྟར་མི་དེ་རྣམས་ཀྱང་དེ་བཞིན་དུ་མཐོང་། དེ་དག་ལ་ལས་ཀ་རྩ་བ་ནས་མེད་པ་ཡིན་ནམ། དུས་ནམ་དུ་དྲ་རྒྱའི་སྟེང་འབྱར་ཏེ་སོ་སོའི་མི་རིགས་དང་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ལ་རྒྱབ་སྐྱོར་བྱེད་པ་མཐོང་བཞིན་སྟབས། དེ་རྣམས་ལ་ལས་འགན་ཞིག་ཡོད་ནས་དེ་ལྟར་བྱེད་ཀྱི་ཡོད་དམ། བོད་མི་རྣམས་ནས་དྭོགས་ཟོན་གནང་དགོས་འདུག
དྲ་རྒྱ་འདིའི་སྟེང་དོལ་རྒྱལ་བ་དང་རྒྱ་དམར་གྱི་ཕོགས་ཟན་པས་དོ་སྣང་ཤུགས་ཆེ་བྱས་ཏེ་དངུལ་དངོས་ཀྱི་ཁེ་ཕན་ལ་ལྟ་བཞིན་ཡོད་པ་གོར་མ་ཆག་པས་མི་རིགས་ཀྱི་བརྩེ་བ་འདོར་མཉམ་རང་ཉིད་དམྱལ་བར་སྐྱེ་བའི་རྒྱུའོ།།
སྤོབས་པ་མཐའ་ཡས་ལགས་ཀྱིས་བྲིས་པའི་ཟམ་གདོང་རིན་པོ་ཆེའི་བསྟོད་པ་ནི་དོན་ལ་གནས་པ་ཞིག་རེད། དྲ་ཐོག་འདིར་ཟམ་གདོང་རིན་པོ་ཆེར་སྨད་མཁན་མང་བོ་ཡོད་པ་འདི་རྒྱུ་མཚན་ཅི་ཕྱིར་ཡིན་ནམ། ཕྲག་དོག་གིས་ཡིན་ནམ། ཟམ་གདོང་རིན་པོ་ཆེའི་ཡོན་ཏན་མ་མཐོང་བ་ཡིན་ནམ། །
ཟམ་གདོང་རིན་པོ་ཆེ་ཡང་མི་ཞིག་ཡིན་པའི་ཆ་ནས་དེའི་ལྟ་སྤྱོད་ཀྱང་བཟང་ངན་འདྲེས་མ་ཡིན་སྟབས་ང་དགའ་ས་ཡོད་ལ་མི་དགའ་ས་ཡང་ཡོད། ཁོང་གི་གཏམ་བཤད་ཀྱི་རྩལ་དེ་འགྲན་ཟླ་མེད་པ་ཞིག་ཡིན་ན་ཡང་སྐྱོན་ཡང་གཏན་ནས་མེད་པ་ག་ལ་སྲིད། དཔེར་ན། ཁོང་གི་གཏམ་བཤད་ཀྱི་ནང་ན་ཀུ་རེ་གད་མོ་སློང་བའི་ནུས་པ་དེ་ཙམ་མེད། ཁོང་གི་གཏམ་བཤད་ལ་བསམ་བློ་བཏང་ན་ང་རང་ཉིད་གཅིག་པུར་ཁེར་དགོད་སློང་བ་མང་དུ་ཡོད་ན་ཡང་། མི་མང་གད་མོ་སློང་བའི་ནུས་པ་ཆེར་མེད།
མ་གཞི་ང་ཁོང་གི་ལྟ་སྤྱོད་ཕལ་མོ་ཆེར་ཧ་ཅང་དགའ། ཟླ་བ་སྔོན་མའི་ནང་དུ་ཁོང་གིས་རྒྱ་གར་ལྷོ་ཕྱོགས་སུ་དབུ་མ་རྩ་བ་ཤེས་རབ་དཔེ་ཁྲིད་གནང་གིན་ཡོད་ཚུལ་ཐོས་སྐབས་སུ་ང་རང་ཞུགས་འདོད་ཧ་ཅང་ཤུགས་ཆེར་སྐྱེས་སོང་མོད་ཞུགས་ཐུབ་མ་སོང་།
ཆབ་སྲིད་ཟེར་བ་དེ་རྩོད་རྙོགས་ཀྱི་རང་བཞིན་ཅན་ཞིག་ཡིན། ཆབ་སྲིད་ནི་རྩོད་རྙོགས་དང་ཁ་བྲལ་ཐབས་མེད་སྟབས་ཁོང་གིས་ཆབ་སྲིད་ཀྱི་ཕྱག་ལས་རྒྱུན་རིང་གནང་སྟབས་ཟམ་གདོང་ཟེར་དུས་བོད་མི་མང་གི་སྣང་ངོར་བཟང་ཨོ་རྒྱན་པདྨའི་མཆོད་གཡོག་ཏུ་མཇལ་མཁན་ཡོད་ལ་ངན་སྲིན་པོ་མགོ་དགུའི་ར་རྫི་ལ་མཐོང་མཁན་ཡང་ཡོད།
སྐུ་ཡི་མེ་ཏོག་མདོ་ཁམས་སྨད་དུ་བཞད།།ཤེས་རིག་ཡལ་ག་དབུས་གཙང་ཡུལ་དུ་རྒྱས།།འགྲོ་དོན་འབྲས་བུ་འཕགས་པའི་ཡུལ་དུ་སྨིན།།བྱང་ཆུབ་སེམས་དཔའ་ཞིག་གི་རྣམ་ཐར་ཡིན།།
བླ་མ་རླབས་ཆེན་ཞིག་གི་ཞབས་ཕྱི་བྱས།།སྤྱི་ཚོགས་མགོན་མེད་ཅིག་གི་ལམ་སྟོན་བྱས།།ལྟ་གྲུབ་ཟབ་རྒྱས་ཤིག་ལ་ཉམས་ལེན་མཛད།།སྐྱེས་བུ་དམ་པ་ཞིག་གི་མཛད་པ་ཡིན།།
ཁ་ནས་ཁྱེད་ལ་སྨད་པ་མང་ན་ཡང་།།ཁོག་ནས་ཡིད་སྨོན་ཤོར་བ་དེ་བས་མང་།།དོན་ལ་ང་དང་ང་འདྲ་འབུམ་གྱིས་ཀྱང་།།ཁྱེད་ལ་འགྲན་པའི་ནུས་པ་ཡོད་རེ་ཀན།།
(ཞོལ་)གྱི་དམངས་དཀྱུས་ཆབ་སྲིད་ཁེ་དབང་གིས།།
གོང་གི་སྲིད་དོན་བླ་མའི་འཁྲབ་ཚན་གླེང་།།
(གཡག་)གི་ངུར་སྒྲས་ཕར་སྤྱང་སྙིང་རྩ་འདར།།
(འབྲོང་)གི་ཧར་སྒྲས་བཙན་པོའི་སྙིང་སྟོབས་ཀྱིས།།
(རྒྱུད་)ལ་མི་རིགས་གདུང་ཞེན་ཁོ་ན་དེས།།
(བློན་ཆེན་)ཀྲུའུ་ཡི་རྨི་ལམ་ལན་གཅིག་དཀྲོགས།།
ཧེ་ཧེ།
བོད་ཀྱི་ཉེ་རབས་ལོ་རྒྱུས་ཐོག་གི་ཟམ་གདོང་བླ་མའི་ནག་ཉེས་ཆེན་པོ་དགུ
༡)
བོད་རང་བཙན་རྩོད་མཁན་རྒྱ་དམར་དང་དོལ་རྒྱལ་རྗེས་འབྲངས་བ་ལས་ཀྱང་སྡུག་ཟེར་མཁན་ཟམ་གདོང་བླ་མ།
༢)
བོད་ཀྱི་ཆོས་དང་རིག་གཞུང་མ་བོར་ན་བོད་མི་རིགས་བརླགས་ན་བརླགས་ཟེར་མཁན་ཟམ་གདོང་བླ་མ།
༣)
ལོ་རྒྱུས་ཐོག་བོད་རང་བཙན་གཙང་མ་ཡིན་པའི་ཁུངས་སྐྱེལ་ཁག་པོ་རེད་ཟེར་མཁན་ཟམ་གདོང་བླ་མ།
༤)
རང་བཙན་མ་དངུལ་ལག་དེབ་དང་བླང་དཔྱ་ཁྲལ་ལག་དེབ་ལ་བསྒྱུར་ནས་དབུ་མའི་མ་དངུལ་བཟོ་མཁན་ཟམ་གདོང་བླ་མ།
༥)
བཙན་བྱོལ་བོད་གཞུང་གི་མིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་བསྒྱུར་མཁན་ཟམ་གདོང་བླ་མ།
༦)
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་བོད་རྒྱལ་ཁབ་ཅེས་པའི་མིང་མེད་པར་བཟོ་མཁན་ཟམ་གདོང་བླ་མ།
༧)
གསུམ་བཅུ་དུས་དྲན་ཉིན་བོད་རང་དབང་རང་བཙན་དང་རྒྱ་མི་བོད་ནས་མཐར་སྤྲོད་གཏོང་སོགས་ཀྱི་སྐད་འབོད་བྱས་ན་འགྲིག་གི་མེད་ཟེར་མཁན་ཟམ་གདོང་བླ་མ།
༨)
བླ་མའི་བཀའ་བསྒྲུབས་པ་ཡིན་མ་གཏོགས་བོད་མི་རིགས་ལ་ཞབས་འདེགས་ཞུས་བ་མིན་ཟེར་མཁན་ཟམ་གདོང་བླ་མ།
ཟམ་གདོང་གཞུང་ལ་སྐྱོན་བརྗོད་ཁ་ཟིན་སྣ་ཟིན་ཞིག 3
སྤོབས་པ་མཐའ་ཡས། ༢༠༡༠/༡༠/༡༠ རིག་པ།(༡༢)
༩
ཇོ་ནང་པ་ཆོས་རྒྱུད་ཅིག་ཡིན་པ་ཤེས་བཞིན་དུ་སྤྱི་འཐུས་གྲོས་ཚོགས་ཀྱི་ནང་དུ་ཁྱི་མི་འཛིངས་བའི་བར་ལ་རུས་པ་འཕངས་པ། ཇོ་ནང་པ་ས་སྐྱའི་སློབ་རྒྱུད་ཡིན་པས་ཆོས་རྒྱུད་ཅིག་མིན་ན་དགེ་ལུགས་པ་ཡང་ཆོས་རྒྱུད་ཅིག་མ་རེད། ཡིན་ན་ཡང་ཟམ་གདོང་གཞུང་གིས་གནད་དོན་དེ་ཤེས་བཞིན་དུ་སྤྱི་འཐུས་གྲོས་ཚོགས་ཀྱི་ནང་དུ་དཀའ་རྙོགས་དེ་ལུས་ཐབས་བྱས་ཡོད། ཇོ་ནང་ཆོས་རྒྱུད་ཅིག་ཡིན་མིན་གྱི་གནད་དོན་དེ་གཅིག་ནས་ཆོས་འབྱུང་ལོ་རྒྱུས་རེད། གཉིས་ནས་ཇོ་ནང་གི་ཆོས་རྒྱུད་ཀྱི་ད་ལྟའི་གནས་ཚུལ་རེད། དེ་ཚོ་ཟམ་གདོང་རང་གིས་མ་ཤེས་ན་ཡང་ཇོ་ནང་དེ་ཆོས་རྒྱུད་རང་རྐྱ་བ་ཞིག་ཡིན་མིན་དེ་ལོ་རྒྱུས་དབྱེ་ཞིབ་པའི་ཚོགས་པ་ལོགས་སུ་འཛུགས་ག་རེ་བྱས་ནས་མ་ཆོག་པ་རེད། དེ་གནད་དོན་ཆུང་ཆུང་ཞིག་མ་རེད། བཙན་བྱོལ་བོད་གཞུང་གིས་ཆོས་རྒྱུད་ཅིག་གི་ཐོབ་ཐང་ལ་བརྩི་འཇོག་བྱས་མིན་གྱི་གནད་དོན་ཞིག་ཡིན་དུས་དེ་ལ་དེ་དཔག་པའི་ལམ་ཁ་ཞིག་བཏོད་དགོས་པ་སྨྲོས་མེད་རེད། ཐོག་མར་ས་བཀའ་དགེ་རྙིང་བོན་སོགས་ཀྱི་སྤྱི་འཐུས་ཡོང་ཆོག་པར་བཀའ་ཤག་གིས་ཐག་གཅོད་བྱ་ཆོག་པ་དང་ཇོ་ནང་པའི་སྤྱི་འཐུས་དེ་གྲོས་ཚོགས་མང་མོས་ཀྱིས་ཐག་གཅོད་དགོས་པའི་ཁྱད་པར་གང་ཡིན་ནམ།
༡༠
ལས་ཀ་མགོ་འཛུགས་ཀྱིས་ཁུངས་མ་འཁྱོལ་བ། ཟམ་གདོང་སྤྲུལ་སྐུའི་ལོ་བཅུའི་ལས་ཡུན་མགོ་འཛུགས་དུས་སྲོལ་རྒྱུན་སྐྱེ་ལྡན་སོ་ནམ་བྱས་ན་ཁེ་ཕན་ཡོད་ཚུལ་མ་ཎི་འདོན་འདོན་བྱས་སོང་། ཡིན་ན་ཡང་སྔོན་མ་སྐྱེ་ལྡན་ཐོན་རྫས་ལ་མི་ཚང་མས་ལོངས་སུ་སྤྱད་ཐུབ་ཀྱིན་ཡོད་མོད་དེང་དུས་སུ་འཛད་གྲོན་ཆེ་རུ་སོང་ནས་སྐྱེ་ལྡན་སོ་ནམ་གྱི་ཐོན་རྫས་ལ་ལོངས་སུ་སྤྱད་འདོད་མཁན་ཚོ་འབྱོར་ལྡན་གྱི་གྲས་རེད། གཞིས་ཆགས་སྐྱོ་བོ་ཚོས་སྐྱེ་ལྡན་སོ་ནམ་བྱས་ན་སྐྱེ་ལྡན་སོ་ནམ་གྱི་ཐོན་རྫས་དེ་ལ་དེའི་རིན་ཐང་བཅད་ནས་ཕྱིར་འཚོང་མ་བྱས་ན་ཁ་སོས་གི་མ་རེད། ཟམ་གདོང་གཞུང་གིས་སྐྱེ་ལྡན་སོ་ནམ་གྱི་ཐོན་རྫས་ཞོག་ཁོགས་རྡོག་པོ་གཅིག་ཕྱིར་འཚོང་བྱེད་པའི་འབད་པ་ཙམ་ཡང་མ་བརྟེན་ནས་སྐྱེ་ལྡན་སོ་ནམ་ཁུངས་མ་འཁྱོལ་བ་རེད། དེ་བཞིན་དུ་ཤེས་ཡོད་སྲིད་ཇུས་གསར་པ་ཡང་ཁྱབ་སྤེལ་མ་ཐུབ་པའམ་མ་བྱས་ནས་ད་དུང་ཡང་བཙན་བྱོལ་བོད་མིའི་སློབ་གྲྭ་སྤྱི་ལ་ཁྱབ་སྤེལ་ཐུབ་མི་འདུག
༡༡
གཞུང་ཞབས་པས་རྒྱ་ནག་ལ་སྐྱོན་བརྗོད་དང་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ལ་སྤྲེལ་ལད་ངོ་སྲུང་ཚད་ལས་བརྒལ་བར་སྐྱོན་རྗོད་ཙག་ཙིག་བྱེད་མཁན་ཁག་གཅིག་ལས་གནས་ལས་ཕྱིར་ཕུད་པ་དེ་དགྲ་དགའ་གཉེས་སྡུག་གི་ལས་ཀ་ཡིན་པ། ང་ཚོ་སྐྱབས་བཅོལ་དུ་ཡོང་དགོས་པ་དེ་རྒྱ་དམར་གཞུང་གིས་བཟོས་པ་རེད། བོད་ནང་དུ་ལོ་ནས་ལོ་མཐུད་དེ་དམར་གསོད་བཙོན་འཇུག་རྒྱུན་མ་ཆད་དུ་བྱེད་མཁན་དེ་རྒྱ་དམར་གཞུང་རེད། ཟམ་གདོང་རང་གིས་དེ་ཚོ་ལ་སྐྱོན་བརྗོད་བྱེད་འདོད་མེད་རུང་མི་གཞན་གྱིས་སྐྱོན་རྗོད་བྱེད་པའི་ཁ་འགོག་པ་དེ་བློ་ཡུལ་ལས་འདས་པའི་ལས་ཀ་ཐབས་སྐྱོ་བོ་ཞིག་དང་བསུབ་ཏུ་མེད་པའི་ལོ་རྒྱུས་ཀྱི་ནག་ཐིག་ཅིག་རེད། དཔེར་ན་རྒྱ་ནག་གཞུང་ལ་ལྟོས་དང་། རྒྱ་དམར་གྱི་ལས་བྱེད་ཅིག་གིས་རྒྱལ་བ་རིན་པོ་ཆེ་ལ་སྐྱོན་རྗོད་བྱེད་ཐུབ་ན་རྔན་པ་ཞིག་མ་རག་ཀྱང་ལས་གནས་ལས་ཕུད་ཀྱི་མ་རེད། ཟམ་གདོང་གཞུང་ལ་ལ་དེ་ཙམ་ཞིག་ག་རེ་མ་འགྲིགས་པ་རེད། གལ་སྲིད་བོད་གཞུང་གིས་ཆེད་དུ་བསྐོ་བཞག་བྱས་པའི་མགྲིན་ཚབ་པས་བོད་གཞུང་གི་ཚབ་བྱས་ནས་སྐད་ཆ་བཤད་སྟངས་མ་འགྲིགས་ན་དེ་མཚུངས་ཀྱི་ཉེས་ཆད་ཡོད་པ་སྨྲོས་མེད་རེད། ཡིན་ན་ཡང་ལས་བྱེད་དཀྱུས་མ་ཞིག་གིས་ཚོགས་འདུ་རང་ག་བ་ཞིག་གི་ཐོག་ཏུ་རང་གི་བསམ་ཚུལ་གསལ་འདོན་བྱས་པ་ཙམ་གྱིས་ལས་གནས་ལས་ཕུད་ཟེར་བ་རྒྱ་དམར་ལ་ངོ་སྲུང་ལ་བྱེད་ཐབས་སྡུག་ཤོས་ཤིག་རེད། མདོར་ན་རང་རེའི་བཅའ་ཁྲིམས་རིན་པོ་ཆེའི་རྩ་བ་མ་ཟད་ཡན་ལག་ཅིག་ན་ཡང་རྒྱ་ནག་ལ་སྐྱོན་བརྗོད་བྱས་ན་གཞུང་ཞབས་ལས་ཕུད་དགོས་པར་བསྟན་མི་འདུག་སྙམ།
༡༢
ཟམ་གདོང་སྤྲུལ་སྐུ་བཀའ་ཁྲིར་སླེབས་པའི་ཉིན་མོ་ནས་སྔར་གྱི་ལས་བྱེད་གཞུང་ཞབས་རྒན་ཡོལ་བ་ཚོར་བྱས་རྗེས་མེད་ཚུལ་གྱི་ཁ་རྡུང་བཏང་ཞིང་གཞུང་གི་ཐུགས་སྤྲོ་ཡན་ཆོད་ཀྱི་ཟ་སྐལ་འཕྲོག རྐྱེན་དེ་ཆུང་ཆུང་ཞིག་ཏུ་བརྩིས་ན་ཆུང་ཆུང་ཞིག་ཡིན་མོད་མི་ཚང་མས་ཆུང་ཆུང་ཞིག་ཏུ་བརྩི་གི་མ་རེད། བྱས་རྗེས་མེད་ལུགས་བཤད་ན་བོད་བཙན་པོའི་གཞུང་འཐོར་བའིི་ཉིན་ནས་བོད་ལ་བྱས་རྗེས་ཅན་དང་འཇོན་ཐང་ཅན་འཛམ་གླིང་ལ་ངོམ་ཆོག་པའི་མི་ཞིག་ཞིག་སྐྱེས་མེད་པར་བཤད་ཀྱང་ཆོག ཡིན་ན་ཡང་གཞུང་ཞབས་རྒན་པ་དེ་ཚོ་བཟང་རུང་ངན་རུང་ཏཱ་ལའི་བླ་མ་ས་མཐར་གྱར་བའི་མི་ལོ་བཞི་བཅུའི་རིང་ལ་སྐྱིད་སྡུག་ཁུར་རོགས་བྱས་ནས་ཡོང་བ་རེད། ད་ལྟ་ཟམ་གདོང་གིས་བཀའ་ཁྲི་ཟེར་བའི་མིང་འདི་ཁུར་ནས་འདུག་ས་ཞིག་ཡོད་པ་དེ་ཡང་ཁོང་ཚོའི་བྱས་རྗེས་རེད། འདི་ཚོར་གཟེངས་བསྟོད་རེ་བྱེད་མ་ཐུབ་རུང་ཁ་རྡུང་གཏོང་དགོས་དོན་མི་འདུག རིག་གནས་གསར་བརྗེ་སླེབས་པ་བཞིན་རང་གིས་བརྙས་བཅོས་བྱ་ཐུབ་སའི་གཞུང་ཞབས་རྒན་ཡོལ་ཚོར་ཁ་རྡུང་དང་ཐོབ་ཐང་ཆུང་ཚགས་ཡན་ཆོད་འཕྲོག་ལེན་བྱེད་པ་དེ་ཡ་རབ་གྱི་ལས་སྟངས་ཤིག་མ་རེད། ཚུལ་དེ་ལྟ་བུས་ཀྱང་མི་མང་པོའི་སེམས་ཤུགས་ཆག་པའི་རྐྱེན་དུ་འགྱུར་བཞིན་ཡོད་པ་རེད།
མཇུག་གི་གཏམ་ཐུང་ངུ། ངས་འདིར་སྐྱོན་བརྗོད་དེ་ཙམ་ཞིག་བྱ་དགོས་དོན་ནི་ང་ཚོའི་སྤྱི་ཚོགས་ནང་ད་དུང་ཡང་ལུས་ཡོད་པའི་དཀའ་རྙོགས་ཁག་གཅིག་ཐོལ་བྱུང་དུ་སྨྲས་པ་ཙམ་ལས་ཟམ་གདོང་སྤྲུལ་སྐུར་སྒེར་ངོས་ནས་འཁོན་པ་ཡོད་པས་མིན་ལ་རྒྱུ་མཚན་གཞན་གྱིས་ཀྱང་མིན། ད་ནི་མི་མང་གིས་དབུ་ཁྲིད་ལ་ཡར་ལམ་སྟོན་དགོས་པའི་དམངས་གཙོའི་དུས་རབས་སུ་སླེབས་ཡོད་སྟབས་མ་འོངས་པའི་གཞུང་དེ་ཡང་ལམ་ནོར་བ་དེ་ལྟ་བུ་ལ་མི་འགྲོ་བའི་ཆེད་དུ་བོད་མི་ཚོས་འབད་བརྩོན་ལམ་སྟོན་བྱ་དགོས་པར་གསལ་སྟོན་བྱེད་ཆེད་དུ་ཡིན། དེ་བཞིན་དུ་བོད་གཞུང་གི་ལས་སྣེ་ཞིག་གི་ནོར་འཁྲུལ་སྡིག་ཉེས་དེ་ཁོ་རང་གིས་ཁུར་དགོས་པ་ཞིག་ལས་བོད་གཞུང་ཟེར་བའི་སྒྲིག་འཛུགས་དེིའི་སྟེང་དུ་འགེལ་ཐབས་མེད་པས་ད་ལྟའི་གཞུང་ངོས་ནས་ནོར་འཁྲུལ་གང་བྱུང་ཡང་མ་འོངས་པའི་བོད་གཞུང་གིས་སྡིག་ཉེས་དེ་འཁུར་མི་དགོས་པ་གསལ་སྟོན་བྱེད་ཆེད་དུ་བོད་གཞུང་གི་མིང་ཐོག་ཏུ་སྐྱོན་བརྗོད་བྱེད་པ་ལྟ་བུའི་སྒེར་ནད་སྤྱི་འགེལ་མ་བྱས་པར་ཟམ་གདོང་གཞུང་དང་ཟམ་གདོང་སྤྲུལ་སྐུ་ཞེས་སྐྱོན་བརྗོད་ཡུལ་གསལ་ཁ་བཏོད་ཡོད། ངས་སྐྱོན་བརྗོད་འདི་ཙམ་བྱས་པ་དེས་ཟམ་གདོང་བཀའ་བློན་ལ་བྱས་རྗེས་གཏན་མེད་དུ་བསྒྲུབས་པ་མིན། ཏན་ཏན་བཟང་ཕྱོགས་ཀྱི་ལས་ཀ་ཡང་མང་པོ་ཞིག་བསྒྲུབས་ཡོད་ངེས་པས་འདི་ལྟར་ངན་ཕྱོགས་ནས་བལྟས་པའི་མཇུག་སྡོམ་ཞིག་བརྒྱབ་པ་བཞིན་བཟང་ཕྱོགས་ནས་བལྟས་ཏེ་མཇུག་སྡོམ་གསལ་བཤད་ཡག་པོ་རེ་ཡང་རྒྱག་ཐུབ་མཁན་ཡོད་པའི་རེ་བ་ཡོད། འདི་ནི་བོད་ཀྱི་སྤྱི་དམངས་ཕལ་བ་ཞིག་གི་མཐོང་སྣང་ཙམ་ཡིན་སྟབས་ཟམ་གདོང་གིས་ལོ་བཅུར་བཀའ་ཤག་གི་ནང་དུ་ལས་ཀ་བྱས་ཚད་ཚང་མར་ཁྱབ་ཐུབ་པར་ཁས་ལེན་ནམ་ཡང་བྱེད་ཀྱིན་མེད་པས་ད་དུང་བཟང་ངན་གྱི་ཕྱོགས་གང་ས་ནས་མཐོང་སྟངས་དེ་ཚོ་གླེང་ཐུབ་མཁན་ཡོད་ན་ཡི་རང་བྱེད་ངེས། ད་དུང་འདི་ནི་མི་དཀྱུས་མ་ཞིག་གིས་རྒྱང་ནས་བལྟས་པའི་མཐོང་ཐོས་ཡིན་སྟབས་ནོར་འཁྲུལ་མེད་པའི་འགན་ལེན་བྱས་མེད་པས་ལྟ་སྟངས་ལ་ནོར་འཁྲུལ་གང་ཡོད་སུན་འབྱིན་གསལ་བཤད་རྒྱས་པར་གནང་རོགས།
བསྐྱར་བཅོས།: ༢༠༡༠/༡༠/༡༢
ཟམ་གདོང་གཞུང་ལ་སྐྱོན་བརྗོད་ཁ་ཟིན་སྣ་ཟིན་ཞིག 2
སྤོབས་པ་མཐའ་ཡས། ༢༠༡༠/༡༠/༡༠ རིག་པ།(༠)
༥
བོད་ཀྱི་གནད་དོན་འདི་རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་ཐག་གཅོད་དགོས་པ་དང་རྒྱ་ནག་ནང་ཁུལ་གྱི་གནད་དོན་དུ་ངོས་བླངས་པ། ཁོང་གིས་ཁ་གསལ་བོ་དང་བློ་ཐག་ཆོད་པོའི་སྒོ་ནས་བོད་ཀྱི་གནད་དོན་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པ་དང་། དེ་ནི་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲིག་སྲོལ་ལ་འགྱུར་ཅུང་ཟད་ཀྱང་གཏོང་མི་དགོས་པར་ཐག་གཅོད་ཡོང་ཐུབ་ཅེས་ཡང་ཡང་བཤད་ནས་ཡོ་རུབ་མཉམ་འབྲེལ་གྱི་བོད་དོན་གྲོས་ཆོད་ཕྱིར་འཐེན་སོགས་རང་ཕྱོགས་ལ་ཕན་པའི་བྱ་བ་མང་པོ་འཐུས་ཤོར་སོང་ཡོད། ཟམ་གདོང་གིས་བཤད་སྟངས་གཞན་མི་ཤེས་ན་ཁ་བཙུམས་ནས་བསྡད་ན་གང་ཞིག་བྱས་ནས་མ་འགྲིགས་པ་ཡིན་ནམ། སྐད་ཆ་ཤོད་སྟངས་དེ་ཚོས་མ་འོངས་པར་བོད་རྒྱ་ཁོངས་ཡིན་པའི་སྒྲུབ་བྱེད་དུ་ཏན་ཏན་འགྲོ་ངེས་པ་རེད།
༦
ཕྱི་རྒྱལ་དུ་འགྲོ་མཁན་ཚོའི་མིང་གི་དག་ཆ་འགྲིགས་མིན་ཡན་ཆོད་ལ་ངོ་མཚངས་འབྲུ་བའི་ཁ་རྡུང་བཏང་བ། ཟམ་གདོང་གིས་ཕྱི་རྒྱལ་དུ་ཡོད་པའི་བོད་མི་ཚོར་ཁྲིམས་འགལ་བ་དང་ཆོག་ཤེས་མེད་མཁན་ཞེས་པའི་མིང་ངན་འདོགས་རྐྱང་བྱས་ཡོད། དེ་ཡང་མིང་གི་དག་ཆ་འགྲིགས་མིན་ཡན་ཆོད་ལ་རྩ་ཁྲིམས་དང་འགལ་ཚུལ་གྱི་ནག་འགེལ་བའི་སྒོ་ནས་བཙན་བྱོལ་བོད་མིའི་སྐྱིད་སྡུག་ལས་ཕུད་ཐབས་བྱས་པ་དེས་ཀྱང་བཙན་བྱོལ་བོད་གཞུང་ལ་ཕན་ཐོགས་མེད་པ་དང་བོད་མི་མང་པོའི་སེམས་ཁམས་ལ་ཕོག་ཐུག་སོང་ཡོད། བོད་མིས་ལོ་ཚད་མི་འདྲ་བའི་ཐོ་འགོད་སྔ་ཕྱིར་བྱས་པ་དང་ལག་ཁྱེར་འདྲ་མིན་ལ་བརྟེན་ནས་ཕྱི་རྒྱལ་དུ་ཕྱིན་པ་དེ་ཐབས་གཞན་མེད་པར་བྱས་པ་རེད། དེ་ཡིན་དུས་དེ་ཚོར་དེ་བྱེད་འདི་བྱེད་ཀྱི་ལམ་སྟོན་རེ་བྱ་རྒྱུ་མེད་རུང་ཕྱི་མིའི་སྔོན་དུ་ཁྲིམས་འགལ་བ་དང་ལོག་སྤྱོད་པའི་མིང་འདོགས་དགོས་དོན་མི་འདུག ལྷག་པར་ཡང་དཀའ་ངལ་འོག་གི་མི་ཞིག་ལ་མཚོན་ན་སེམས་གསོ་རེ་གཏོང་དགོས་པའི་མི་ཆོས་རིང་ལུགས་ཀྱི་བཟང་སྤྱོད་དེ་ཙམ་ཡང་ཤེས་ཀྱིན་མེད་པ་འདྲ།
༧
ཀརྨ་པའི་ཡང་སྲིད་གཅིག་རྡ་རམ་ས་ལར་ཉར་རྐྱང་གིས་ཁོ་ཚོའི་རྩོད་རྙོགས་སེལ་ཐབས་ཡང་དག་མ་བྱས་པ། ཀརྨ་པའི་ཡང་སྲིད་ཀྱི་རྩོད་རྙོགས་དེ་ལ་ཟམ་གདོང་གཞུང་གིས་ཇུས་གཏོགས་མི་དགོས་སར་ཇུས་གཏོགས་དང་ཇུས་གཏོགས་དགོས་སར་ཇུས་གཏོགས་བྱས་མེད། དེ་ཡང་ཀརྨ་པའི་གཞིས་ཀྱི་གདན་ས་མཚུར་ཕུ་རེད། བྱེས་ཀྱི་གདན་ས་རུམ་བཏེགས་རེད། ཡིན་ན་ཡང་ཀརྨ་པའི་ཡང་སྲིད་ཁ་ཤས་ཡོད་པ་དེའི་གཅིག་ཀྱང་མཚུར་ཕུར་བཞུགས་མེད་ཐོག་རུམ་བཏེགས་ལ་ཡང་ཕེབས་ཐུབ་མེད། ཁྱད་མཚར་བ་ཞིག་ལ་ཀརྨ་པའི་ཡང་སྲིད་གཅིག་རྡ་རམ་ས་ལའི་རྒྱུད་སྟོད་དགོན་པའི་ནང་དུ་ལོ་བཅུའི་རིང་ལ་བཟང་བཙོན་ལྟ་བུར་ལུས་ཡོད་པ་དེ་རེད། ཀརྨ་པ་རང་གིས་ཀྱང་ཁོང་ལ་རང་དབང་མེད་སྐོར་གསུངས་འདུག་པས་ང་ཡང་སེམས་ཕམ་པོ་བྱུང་། ཀརྨ་པ་འདི་རུམ་བཏེགས་སུ་ཕེབས་ཐུབ་མིན་གནས་སྟངས་གཞན་ཞིག་ལ་རག་ལས་པ་བདེན་ཡང་དགོན་པ་ཟུར་དུ་འདེབས་པའི་མཐུན་རྐྱེན་སྦྱར་ན་ག་རེ་མ་འགྲིགས་པ་རེད། བོད་གཞུང་གིས་རྒྱ་གར་གཞུང་ལ་ཞུ་སྐུལ་བྱས་ནས་འགྲོ་བསྐྱོད་རང་དབང་དགོས་སྐོར་ཞུས་ན་ག་རེ་མ་འགྲིགས་པ་རེད། མ་གཞི་དེའི་ཕྱོགས་ལ་ཟམ་གདོང་གཞུང་གི་ངོས་ནས་འབད་བརྩོན་ག་ཚོད་བྱས་ཡོད། གཏན་ནས་བྱས་མེད། མ་མཐའ་ཡང་གནད་དོན་དེའི་འབྱུང་རྐྱེན་དང་གནས་སྟངས་མི་མང་ལ་ངོ་སྤྲོད་གསལ་པོར་གནང་དགོས། གནད་དོན་འདི་རིགས་ནི་བོད་གཞུང་ལ་མི་མང་གི་མཐོང་ཕྱོགས་ངན་པ་ཡོང་བའི་རྒྱུ་རྐྱེན་དུ་འགྱུར་བཞིན་ཡོད།
༨
ཆུ་བཞི་སྒང་དྲུག་དུམ་བུ་གཉིས་སུ་གྱུར་པ། ཆུ་སྒང་དུམ་བུ་གཉིས་སུ་འགྲོ་དགོས་དོན་དེ་ནི་ཆུ་སྒང་གསར་རྙིང་ཟེར་བ་ཟམ་གདོང་སྤྲུལ་སྐུ་ཚོགས་གཙོ་ཡིན་དུས་སུ་མགོ་བཙུགས་པ་ཁོས་ངོས་ལེན་བྱས་པ་རེད། ཟམ་གདོང་བཀའ་ཁྲིར་སླེབས་དུས་སུ་དངོས་གནས་བྱས་ན་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གི་མགོ་ཚུགས་ཡོད་པ་རེད། དཔེར་ན་ལི་ཐང་ཐར་སོགས་ཀྱིས་རྒྱལ་བ་རིན་པོ་ཆེའི་ལྷ་དགོངས་དྭངས་པའི་གསོལ་འདེབས་ཞུས་པ་དང་ཆུ་སྒང་ཆིག་སྒྲིལ་ཡོང་བའི་ཁས་ལེན་ཞུས་པ་རེད། རྒྱལ་བ་རིན་པོ་ཆེས་ཀྱང་ཆུ་སྒང་ནང་མཐུན་དགོས་སྐོར་ལ་བཀའ་སློབ་ནན་ཏན་བསྩལ་ཡོད་པ་རེད། ཡིན་ན་ཡང་ཟམ་གདོང་གིས་ཆུ་སྒང་ནང་འདུམས་ཐབས་ལ་འགན་སྣ་གཅིག་ཀྱང་འཁུར་མེད་པ་རེད། མདོར་ན་ཕར་གཏོར་བའི་ལས་ཀ་ཞིག་ལས་ཚུར་འདུམས་པའི་ལས་ཀ་བྱས་མེད་པ་རེད། བཙན་བྱོལ་བོད་མིའི་བདེ་དོན་སྒྲུབ་དེ་བཙན་བྱོལ་བོད་གཞུང་གི་འགན་ཡིན་ན་ནང་མཐུན་པོ་ཡོང་རྒྱུ་དེ་ལས་ལྷག་པའི་བདེ་དོན་ཞིག་ག་རེ་བསྒྲུབ་རྒྱུ་ཡོད། ཆུ་སྒང་གསར་རྙིང་གི་འགལ་བ་འདི་ད་ལྟ་བར་དུ་མི་བསད་རྟ་བསྒྱེལ་སོགས་བྱ་བ་སྡུག་པོ་ཡོང་མེད་ན་མོད་ད་དུང་ཡང་ཕན་ཚུན་དོག་པ་རྣམ་རྟོག་མ་སེལ་བར་ལུས་ཡོད་པའི་ནད་གཞི་ཞིག་ཡིན།
ཟམ་གདོང་གཞུང་ལ་སྐྱོན་བརྗོད་ཁ་ཟིན་སྣ་ཟིན་ཞིག 1
སྤོབས་པ་མཐའ་ཡས། ༢༠༡༠/༡༠/༡༠ རིག་པ།(༡)
༡
བོད་རྒྱ་ཞི་མོལ་གྱི་བསླུ་བྲིད་འོག་ནས་མི་མང་མགོ་འཐོམས་སུ་བཅུག་པ། བོད་རྒྱ་ཞི་མོལ་ནི་ཟམ་གདོང་གཞུང་གི་མ་གཉིད་པའི་རྨི་ལམ་ཟང་ཟིང་ཞིག་རེད། བོད་རྒྱ་ཞི་མོལ་གྱི་མིང་ཆེན་པོ་ཞིག་གི་འོག་ཏུ་མི་ཆེན་པོ་སྐོར་ཞིག་རྒྱ་ནག་ཏུ་སྐོར་བ་རྒྱག་ཐེངས་རེ་བཞིན་ཟམ་གདོང་གཞུང་གིས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་སྤེལ་མི་རུང་བའི་བཀའ་རྒྱ་སྤེལ་ནས་རྒྱ་དམར་གྱི་འདོད་འདུན་བསྐངས་བ་རེད། དོན་ངོ་མར་གྲོས་མོལ་ནི་ཕྱོགས་གཉིས་ཀས་མོས་མཐུན་གྱི་གཞི་རྩ་སྔོན་དུ་འགྲོ་དགོས་པ་ཞིག་རེད། ཁྱད་མཚར་བ་ཞིག་གི་ཟམ་གདོང་གཞུང་གི་བོད་རྒྱ་ཞི་མོལ་ལ་རྒྱ་ཕྱོགས་ནས་ལྟ་སྐོར་བ་དང་གཉེན་འཕྲད་པ་ཙམ་ལས་གྲོས་མོལ་བའི་མིང་ཞིག་ཀྱང་འདོགས་མྱོང་མེད། རྒྱུ་མཚན་དེར་ལྟ་སྐབས་བོད་རྒྱ་ཞི་མོལ་གྱི་བསླུ་བྲིད་ནི་རྒྱ་དམར་གྱིས་ང་ཚོར་བསླུ་བྲིད་བྱས་པ་ལས་ཀྱང་ང་ཚོའི་གཞུང་གིས་ང་ཚོ་ལ་བསླུ་བྲིད་བྱས་པ་ཚབ་ཆེ། བསླུ་བྲིད་དེས་ང་ཚོའི་འཐབ་རྩོད་སྟོབས་ཤུགས་དང་ཆིག་སྒྲིལ་གྱི་སྟོབས་ཤུགས་ཉམས་རྒུད་ཚད་མེད་བཏང་ཡོད། ལྷག་པར་ཡང་བོད་ཕྱི་ནང་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོ་མགོ་འཐོམས་ནས་ཅི་བྱེད་འདི་བྱེད་མེད་པར་བོད་རྒྱ་ཞི་མོལ་ལ་རེ་བ་སྟོང་པ་བཅངས་ནས་བསྒུགས་བསྡད་པ་རེད། ད་གྲུབ་འབྲས་ག་རེ་བྱུང་ཡོད། མདོར་ན་ལོ་རྒྱུས་ཀྱི་འགན་དབང་དང་། མི་རིགས་ཀྱི་འཆི་གསོན། རྩ་དོན་འཐབ་རྩོད་བཅས་ལ་ཟམ་གདོང་གཞུང་གི་བྱས་རྗེས་འདི་རེད་ཟེར་བ་ཞིག་མི་འདུག
༢
ཟམ་གདོང་སྤྲུལ་སྐུས་བོད་མིའི་ཁྲོད་དུ་བོད་རང་བཙན་གྱི་དགོས་འདུན་སོགས་རྒྱལ་བ་རིན་པོ་ཆེ་ལས་ལངས་ཕྱོགས་འཁྲེགས་ཙམ་འཛིན་མཁན་ཚོ་དོལ་ཚོགས་དང་རྒྱ་མི་ལས་ཀྱང་སྡུག་པའི་ཁྱབ་བསྒྲགས་བྱས་ནས་དོལ་ཚོགས་དཀར་འདོན་དང་བོད་མིའི་ནང་ཁུལ་དཀྲུགས་ཐབས་བྱས་པ་དེ་ཧ་ལས་དགོས་པ་ཞིག་རེད། བོད་རང་བཙན་གྱི་དགོས་འདུན་འདོན་མཁན་ཚོས་བོད་འདི་ཕྱི་མིས་བཙན་འཛུལ་འོག་ནས་ཐར་ཐབས་ཤིག་ལ་འབད་ཀྱིན་ཡོད་པ་རེད། དེ་ནི་རྒྱལ་བ་རིན་པོི་ཆེ་རང་ཉིད་ཀྱིས་ཐོབ་ཐང་སྤྲད་ཡོད་པ་ཞིག་རེད། དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་ཟེར་བ་འདི་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་ནས་བཟུང་བསྟེན་གསོལ་མི་བྱེད་པར་འབད་བཞིན་པའི་གནད་ཆེན་གྱི་ཆོས་ཕྱོགས་ལས་འགན་ཞིག་རེད། ཟམ་གདོང་རྒྱལ་བ་རིན་པོི་ཆེའི་སློབ་མ་ཞིག་ཡིན་པའི་ཆ་ནས་དེ་ལོས་ཤེས། བོད་མི་ཆོས་དད་པ་99%འཇིགས་སྣང་བྱེད་ས་ཞིག་རེད། དོལ་ཚོགས་ཀྱིས་རྒྱལ་བ་རིན་པོ་ཆེ་དང་བྷིན་ལ་ཌིན་གཉིས་ལ་མཚུངས་རྟགས་བཀོད་ནས་འཇིགས་སྐུལ་རིང་ལུགས་པར་སྒྲུབ་མཁན་ཞིག་རེད། འཛམ་གླིང་ཤར་ནུབ་གཉིས་ཆར་དུ་ཏཱ་ལའི་རྫུན་སྐྱལ་ཟེར་ནས་ངོ་རྒོལ་ཁྲོམ་སྐོར་རྒྱུན་མ་ཆད་དུ་བྱེད་མཁན་ཞིག་རེད། རྒྱལ་བ་རིན་པོ་ཆེའི་ཆེད་དུ་ལས་ཀ་ཁ་ཞེ་གཉིས་མེད་བྱེད་མཁན་ཚོར་རྡུང་གསོད་བཅོམ་གསུམ་བྱས་པར་ངན་གྲགས་ཡོད་ས་ཞིག་རེད། བོད་རང་བཙན་ཤོད་མཁན་ཚོ་བཟང་རུང་ངན་རུང་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་འཚོ་གནས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་རེད། མི་དཀྱུས་མ་ཞིག་གིས་སྐད་ཆ་འདི་བཤད་ན་དེ་ཙམ་དོ་སྣང་བྱེད་དགོས་ས་ཞིག་མ་རེད། ཟམ་གདོང་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་ཡིན་ཟེར་མཁན་ཞིག་གིས་སྐད་ཆ་ཚབ་ཆེན་འདི་འདྲ་ཞིག་བཤད་ཐུབ་པ་དེ་ངོ་མ་སྐྱོ་འོས་པ་ཞིག་རེད།
༣
ཟམ་གདོང་སྤྲུལ་སྐུས་ཇུས་འགོད་བྱས་དེ་རྒྱ་གར་ལྷོ་ཕྱོགས་སུ་དོལ་དགོན་བཏབ་པ་དེའི་སྐོར་རེད། དོལ་རྒྱལ་བསྟེན་གསོལ་མི་རུང་བ་འདི་དགོན་པའི་སྒྲིག་ཁྲིམས་རེད། དགོན་པའི་སྒྲིག་ཁྲིམས་བརྩི་སྲུང་མ་བྱས་ན་གནས་དབྱུངས་གཏོང་བའི་དབང་ཚད་དགོན་པའིོ་ལས་སྣེ་ལ་ཡོད་ཡོད་པ་རེད། དེ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས་འཕྲོག་པ་ཅང་མ་རེད། དེ་ལ་ཟམ་གདོང་གིས་དགོན་པ་ལོགས་སུ་འདེབས་པའི་སློབ་སྟོན་དང་མཐུན་རྐྱེན་སྟེར་བར་ཁས་ལེན་བྱེད་དགོས་དོན་མེད་པ་རེད། མདོར་ན་རྒྱ་གར་ནག་གཉིས་ཀ་རྒྱབ་རྩར་དྲངས་ནས་རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་གང་གནག་གནག་བྱེད་མཁན་དེ་ཚོར་རྔན་པ་སྟེར་བ་བཞིན་ཟམ་གདོང་སྤྲུལ་སྐུས་ཤར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་འདེབས་དགོས་པའི་ཐོག་མའི་བློ་སྟོན་ཇུས་འགོད་དང་མཐུན་རྐྱེན་སྟེར་བ་རེད། དགོན་པ་དེ་མ་བཏབ་གོང་ལ་དོལ་ཚོགས་ཁྲོད་དུ་ཕྱི་རྒྱལ་བ་རྒྱ་མིའི་རྒྱགས་ཁྱི་ཁ་ཤས་རེ་མ་གཏོགས་བོད་མི་མང་པོ་མི་འདུག ཡིན་ན་ཡང་ད་ལྟ་དགོན་པ་དེར་གྲྭ་བ་སྟོང་ཕྲག་ཡོད་པར་འུད་སྒྲོག་བྱེད་ཀྱིན་འདུག འདི་ནི་རྨ་ཁ་ནང་ནས་གསོས་པ་མ་ཡིན་པར་རྨ་ཁ་ནང་དུ་རུལ་བཅུག་པ་ཙམ་རེད།
༤
ཟམ་གདོང་བཀའ་ཁྲིར་བསྡད་ནས་ད་ལྟ་བར་དུ་རྒྱ་དམར་ལ་ངོ་རྒོལ་བྱེད་མི་ཆོག་པའི་བཀའ་རྒྱ་སྡོམ་རྐྱང་བྱས་པ། ཟམ་གདོང་བཀའ་ཁྲིར་སླེབས་པའི་ཉིན་ནས་བཟུངས་རྒྱ་ནག་ལ་ངོ་རྒོལ་བྱེད་མི་ཆོག་པའི་བཀའ་རྒྱ་ཕབ་པ་དེ་ཉིན་གཅིག་ལ་ཡང་ལྷོད་མྱོང་མེད། གལ་སྲིད་ངོ་རྒོལ་བྱ་ཐབས་དེ་སྲོལ་རྒྱུན་ལྟ་བུར་གྱུར་པའི་ཁྲོམ་སྐོར་དང་། རྒྱལ་དར་སྲེག་པ། སྐད་འབོད་བྱེད་པ་ཙམ་གྱིས་ཆོག་གིན་མེད་ན་དེ་མ་ཡིན་པའི་ཐབས་ལམ་གསར་པ་རེ་སྟོན་དགོས་མོད་ངོ་རྒོལ་གྱི་ཐབས་ལམ་སྣ་གཅིག་ཀྱང་སྟོན་མྱོང་མེད། རྒྱ་དམར་གྱི་ངོ་སྲུང་ཤ་སྟག་གིས་ལོ་བཅུའི་ལས་ཡུན་རྫོགས་པར་བྱས་སོང་།
སྤོབས་མཐའ་་་་ངས་ངོས་ནས་བྱས་ན་མྱི་ཁྱོད་ཁྱི་ལས་ཐབས་སྡུག་བའི་མྱི་ཞིག་ཡིན་པར་ཤེས་བྱུང་། མི་ལོ་དེ་དག་གི་ནང་དུ་དྲ་ཐོག་བྲིས་པའི་ཡིག་གེ་རྣམས་ལྷག་འདུག་ག ཧཧཧཧ་་་་་སྙིང་རྗེ་ཨ་་་་ཁྱོད
སྤོབས་མཐའི་གཏམ།
རྩོམ་པ་པོ་ཁང་གསར་རྡོ་རྗེས་སྐུ་ངོ་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་ལ་ཕུལ་བའི་རྒྱུ་མཚན་ལྔའི་ཆེ་བསྟོད་ལ་བསྐྱར་ཞིབ།
སྤོབས་པ་མཐའ་ཡས།
ཉེ་སྔོན་དྲ་ཐོག་འདིར་སྐུ་ངོ་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་ལ་རྟེན་འབྲེལ་བསྟོད་ཚིག་མང་པོ་ཞིག་ཕུལ་བར་དོ་སྣང་བྱུང་། སྤྱིར་ན་མི་ཞིག་གི་སྐྱེས་སྐར་ལ་རང་རང་གི་ནང་མི་སྤུན་ཉེས་རྟེན་འབྲེལ་ཤིས་ཚིག་རེ་སྤེལ་བ་ནི་དེང་དུས་ཀྱི་འགྲོ་ལུགས་ཤིག་ཀྱང་ཡིན་སྟབས་དེ་ལ་དགག་བཞག་བྱེད་སྲོལ་མེད། རང་རེའི་སྲོལ་རྒྱུན་དུ་མི་ཞིག་ལ་དེའི་ཕྱོགས་གཏོགས་ཚོས་ཕུལ་བའི་ཤིས་ཚིག་སྨོན་ཚིག་ཏུ་བསྙད་པ་དེ་དག་ནི་བསྐྱར་ཟློས་ལད་ཟློས་ཡིན་པར་ཐག་ཆོད་སྟབས་སྣང་མེད་དུ་བཞག
ཁང་གསར་རྡོ་རྗེ་ལགས་ཀྱིས་‘རྒྱུ་མཚན་’ལྔ་ཡིས་རྟེན་འབྲེལ་ཞུས་པ་དེ་ཞིབ་ཀློག་ཅིག་བྱས། རྒྱུ་མཚན་དེ་དག་རྒྱུ་མཚན་དུ་སོང་ཡོད་མེད་ལ་བསམ་ཞིབ་ཅིག་ཀྱང་བྱས། བླ་སློབ་བར་གྱི་ཕྱོགས་འཛིན་བསྟོད་ཚིག་བརྒྱ་སྟོང་ལས་ལྷག་ཅེས་འུད་བསྟོད་བྱས་པ་དེ་ཡང་མདའ་མོ་འབེན་ལ་དེ་ཙམ་མ་ཕོག་པའི་ཚོར་སྣང་བྱུང་། གཅིག་བྱས་ན་རྩོམ་པ་པོ་དང་ངེད་གཉིས་ཀའི་བར་ན་རྒྱུ་མཚན་ཞེས་པ་དེ་ངོས་འཛིན་སྟངས་མི་འདྲ་བ་རེ་ཡོད་པ་ཡིན་མིན་ཡང་ངེས་པ་མི་འདུག རབ་ན་བསྐྱར་འབྲི་ཞིབ་ཙམ་བྱེད་ནུས་ན་གསལ་ཁ་ཐོན་པར་ཕན་ཐོགས་ཆེ།
ཁང་གསར་ལགས་ལ་དྲ་ཐོག་འདིའི་མི་མང་པོས་དགའ་མོས་དོ་སྣང་ཅུང་ཟབ་པའི་ཆ་ནས་དེའི་སྐད་ཆ་དག་བདག་མེད་དུ་བཞག་ན་འོས་པར་མ་མཐོང་བས་དོག་སློང་གི་ཚིག་ཁ་ཤས་ཤིག་འབྲི་དགོས་ཐུག་བྱུང་། ‘རྒྱུ་མཚན་’ལྔ་ལ་ཐག་ཉེ་ས་ནས་བལྟས་པའི་སེམས་ཚོར་ཙམ་ཞིག་ལས་གང་ཡང་མིན། གཤམ་དུ་‘རྒྱུ་མཚན་’ལྔ་པོ་རེ་རེ་ནས་གླེང་བར་བྱ།
དང་པོ།
སྐུ་ངོ་ཟམ་གདོང་མཆོག་གིས་ས་ར་མཐོ་སློབ་ཏུ་བོད་མི་རིགས་བསྟན་སྲིད་ཆེད་ཕྱག་ལས་རླབས་ཆེན་གནང་བའི་གཟེངས་རྟགས་འབུལ་བཞེས་ཀྱི་སྐབས་ཀྱི་གསུང་བཤད་དེ་ཚང་མས་བརྗེད་མེད་ཚོད་ཡིན། སྐུ་ངོས་གསུངས་པ་དེ་སྤྱིར་ན་ཐེག་པ་ཆེན་པོའི་བླ་མ་བསྟེན་སྟངས་སོགས་ཚིག་གང་ཟབ་གང་རྫིགས་ཀྱི་གཟབའཕྱོར་སྤྲས་ཡོད་ན་ཡང་། ཡོས་ལ་འབབ་རྒྱུ་རྩམ་པ་ངོ་མ་དེ་ཁོང་གིས་རྡ་རམ་ས་ལའི་སྲིད་སྟེགས་བློས་མ་ཐོངས་བར་ཕོ་ལོ་བདུན་ཅུ་བརྒལ་སོང་བ་དེ་རང་གི་ཡབ་ཆེན་ཁྲི་བྱང་གི་ཕུགས་འདུན་བསྒྲུབས་པ་མ་གཏོགས་མི་རིགས་ཀྱི་ལ་རྒྱ་ཞེན་པས་མིན་ཚུལ་གསལ་བར་གསུངས་ཤོར་ཡོད། ཁྲི་བྱང་ཡབ་སྲས་གཉིས་ཀའི་འདོད་ཕྱོགས་བསྒྲུབས་པ་དེ་ནི་ཁང་གསར་རང་ཉིད་མི་དགའ་སའི་བླ་སློབ་ཕྱོགས་འཛིན་ཞེས་པ་དེ་ཡང་དེ་ལས་གཞན་གང་ཡིན་ནམ།
སྤྱིར་ན་མིའི་རང་ཕྱོགས་ཡར་རྒྱས་གཏོང་སྟངས་དེ་ཡང་མཐའ་གཅིག་ཏུ་དམའ་རིམ་མི་སྣའི་རེ་འདོད་ས་ཁང་དངུལ་དངོས་ཙམ་ཁོ་ན་མིན་པར་བསྒྲུབ་བྱ་གཞན་ཡང་མང་། དཔེར་ན། གོ་གནས། མིང་གྲགས། ཆེ་མཐོང་གོང་འཕེལ་རྒྱུན་སྐྱོང་སོགས་ནི་མཐོ་རིམ་མི་སྣའི་བསྒྲུབ་བྱ་གཙོ་གྲས་ཡིན་སྟབས་དེ་ཚོ་སྐུ་ངོས་ཀྱང་སྤྱི་ཚོགས་ཆུང་ངུ་འདིའི་ནང་གི་ཆེས་མཐོ་ཤོས་དེ་འགྲུབ་པའམ་བསྒྲུབས་མེད་ཅེས་སྨྲས་ན་དྲང་པོ་མིན།
གཉིས་པ།
སྐུ་ངོ་ཟམ་གདོང་གཞུང་ལུགས་ལ་མཁས་དང་མི་མཁས་ཞེས་པ་དེ་ལྟོས་འཇོག་གིས་ལྟ་དགོས་པ་ཞིག་རེད། སྐུ་ངོས་སྐུ་ཚེ་སྐྱེལ་སའི་ལས་གནས་དང་། ཁོར་ཡུག སྤྱི་ཚོགས་གང་ལ་བལྟས་ཀྱང་གཞུང་ལུགས་ལ་མཁས་པའི་ཁྱད་ཆོས་དེ་ཙམ་འདོན་དགོས་ས་མིན། སྐུ་ངོས་སྐུ་ཚེ་ཕལ་ཆེ་བ་ཚོགས་པ་ལས་ཁུངས་འཛིན་སྐྱོངས་སོགས་ཀྱི་དོན་དུ་བཏང་ཡོད་པ་མ་གཏོགས་གཞུང་ལུགས་འཆད་རྩོད་རྩོམ་གསུམ་གྱི་ཕྱག་ལས་མང་པོ་གནང་མེད་པའི་ཆ་ནས་གཞུང་ལུགས་ལ་མཁས་པའི་སྡོམ་ཚིག་དེ་ཡང་རྒྱུ་མཚན་དེ་ཙམ་མི་ཆེ་བ་འདྲ། སྐུ་ངོ་སྐད་རིགས་ལ་མཁས་པ་ཡིན་ཚུལ་དེ་ཡང་སྤྱིར་ན་གཞན་གྱི་སྤྱི་ཚོགས་ནང་དུ་མི་ཚེ་བསྐྱལ་མཁན་ཚོས་གཞན་སྐད་ཀྱི་གླེང་མོལ་ཐར་ཐོར་རེ་འཁྱོལ་བ་ལ་མཁས་པའི་ཆེ་བསྟོད་སྦྱར་ཀྱང་རུང་ལ་མ་སྦྱར་ཀྱང་རུང་། སྐུ་ངོའི་དབྱིན་སྐད་ཀྱི་སྒྲ་གདངས་ཡན་ཆོད་དེ་ཙམ་སེམས་འཕྲོག་པ་ཞིག་མིན་མོད་ཧིན་དྷི་ལ་བྱང་ཆ་ག་འདྲ་ཡོད་མིན་ནི་མི་ཤེས།
གསུམ་པ།
དེབ་མ་བྲིས་པ་དེ་ནི་སྐྱོན་ཞིག་མིན་ན་ཡང་ཡོན་ཏན་ཞིག་ཏུ་དེ་ཙམ་བསྒྲགས་འོས་པར་མ་མཐོང་། སྐུ་ངོ་རིག་གཞུང་ལ་མཁས་པ་ཡིན་པར་སྒྲོག་མཁན་ཚོར་དུས་རྟག་ཏུ་དྲི་བ་འདི་སླེབས་བཞིན་ཡོད།
སྐུ་ངོས་རང་ཉིད་མ་བསྒྲགས་ཞེས་པ་དེ་ཧ་ཅང་ཡ་མཚན་པོ་རེད། ཆབ་སྲིད་ཀྱི་ལས་སྣེ་པ་སུ་ཞིག་ཡིན་ན་ཡང་རང་ཉིད་མ་བསྒྲགས་པར་སྤྱི་ཚོགས་ཀྱི་མགོ་ཁྲིད་ཡོང་ཐབས་མེད་པ་ལྟ་བུ་རེད། ཆོས་བསྒྲུབ་ན་དབེན་པར་རང་ཉིད་གཅིག་པོས་ཉམས་སུ་བླངས་ན་འགྲིགས་མོད། སྐུ་ངོའི་ལས་གནས་ལྟ་བུའི་ཆབ་སྲིད་ཀྱི་ལས་ཀ་སྤྱི་དང་ལྷག་པར་དམངས་གཙོའི་སྤྱི་ཚོགས་སུ་ལྐོག་ལྐོག་སུད་སུད་དུ་གོ་གནས་མཐོ་ཤོས་སུ་སླེབས་པ་དེ་ནི་དགག་བྱ་ཞིག་ལས་བསྒྲུབ་བྱ་ཞིག་མིན། སྐུ་ངོ་མཆོག་ཀྱང་དེ་ལས་མ་འདས་པར་ག་ལ་གང་འཚམས་ཀྱིས་རང་ཉིད་གསལ་སྟོན་བྱས་ནས་བཙན་བྱོལ་བོད་མིའི་ཆབ་སྲིད་སྟེགས་བུ་མཐོ་ཤོས་དེར་སླེབས་པ་མ་གཏོགས་རང་ཉིད་མ་བསྒྲགས་པར་ལྟག་སྒོ་བརྒྱུད་ནས་སོང་བ་ལྟ་བུ་ཡིན་པར་གོ་དགོས་ན་མི་བཟང་།
བཞི་པ།
སྐུ་ངོ་ཟམ་གདོང་གིས་རྒྱལ་བ་རིན་པོ་ཆེ་ལ་རོགས་འདེགས་བྱས་པ་དེ་ནི་ནམ་ཡིན་ཡང་སྐུ་ངོ་རང་ཉིད་ཀྱིས་ཐེངས་མང་པོ་གསུངས་དང་གསུང་བཞིན་ཡོད་ལ། རྩོམ་པ་པོ་ཁང་གསར་ལགས་ཀྱིས་བཤད་འདུག ཡིན་ན་ཡང་རྩོམ་པ་པོ་ཁང་གསར་རྡོ་རྗེ་རང་ཉིད་ཀྱིས་དགག་བྱར་གྱུར་པའི་བླ་སློབ་བར་གྱི་ཕྱོགས་འཛིན་ཞེས་པ་དེ་ལས་གླེང་ན་སྐུ་ངོ་ཟམ་གདོང་གིས་རྒྱལ་བ་རིན་པོ་ཆེའི་ཞབས་ཕྱི་བསྒྲུབས་པ་དེ་ཚིག་བཟང་པོ་བེད་སྤྱད་ན་ཁྲི་བྱང་གི་དམ་ཚིག་གཉན་པོའི་བླ་སློབ་ཀྱི་འབྲེལ་བ་དང་ཚིག་ཐད་ཀར་སྨྲོས་ན་བླ་སློབ་ཀྱི་ཕྱོགས་འཛིན་ཞེས་པའི་གདགས་གཞི་དེ་ཡང་དེ་ལས་གཞན་གང་ཡོད་དམ།
ལྔ་བ།
སྐུ་ངོ་མཆོག་འདོད་ཆུང་ཆོག་ཤེས་ཡིན་མིན་དེ་ཡང་དོན་ཚན་དང་པོར་བཤད་ཟིན་པའི་སྤྱི་དོན་དང་སྒེར་དོན་གང་བསྒྲུབས། རང་དོན་དང་གཞན་དོན་གང་སྒྲུབ་ཀྱི་གནད་དོན་འདི་ནས་གཞན་ཞིག་མིན། སྐུ་ངོ་ནི་བོད་ཀྱི་སྤྱི་ཚོགས་ན་ཆེས་འབོལ་བའི་སྤྲུལ་སྐུ་དཀྱུས་མ་ཞིག་གི་ས་ནས་ཆེས་མཐོའི་བཀའ་བློན་ཁྲི་པ་དང་། དགའ་ལྡན་ཕོ་བྲང་གི་སློབ་སྟོན་པའམ་མདོར་ན་ཏཱ་ལའི་བླ་མའི་སློབ་སྟོན་པ་སོགས་ལས་སྣེ་མིང་བྱང་དེ་ལས་ཆེ་བ་མེད་པ་དག་བདག་གིར་བཞེས་ཡོད་མཁན ཞིག་ཡིན་པའི་ཆ་ནས་འདོད་པ་གང་ལ་ཆུང་བ་ཆེད་དུ་གླེང་མ་ནུས་ན་གོ་དོན་ཆེར་མི་མངའ།
འབྲེལ་ཐོགས་ཀུན་ལ་བརྩེ་བ་ཟབ་ཅེས་པ་དེར་ཡང་ཆ་རྒྱུས་དེ་ཙམ་མེད། མི་ཞིག་གི་བརྩེ་བ་ཆེ་ཆུང་ནི་མི་དེའི་བརྩེ་བའི་བཟའ་ཚང་། མཐུན་པའི་གྲོགས་པོ། གྲོང་པ་ཁྱིམ་མཚེས་སོགས་ནས་མགོ་བཙུགས་ཏེ་གླེང་དགོས་པ་ཞིག་ཡིན། སྐུ་ངོས་གསུངས་པ་ལྟར་ན་འཇིག་རྟེན་འདི་ན་ཁྲི་བྱང་རིན་པོ་ཆེ་ཙམ་ལས་ཞེན་ཆགས་བྱ་ས་མེད་པ་ལྟ་བུར་མངོན་པས་ད་ནི་མི་རྐྱང་སྤོ་ལོ་ལྟ་བུ་ཞིག་ལ་འབྲེལ་ཐོགས་ཟེར་བ་དེ་ཚོ་ཁོང་གི་དགེ་རྒན་ཁྲི་བྱང་རིན་པོ་ཆེའི་སློབ་རྒྱུད་ལྟ་བུར་གོ་དགོས་པ་ཡིན་ནམ། འབྲེལ་ཐོགས་ངོ་མ་དེ་ཚོ་སུ་ཡིན་ཡང་ད་དུང་ངས་ངོས་ཟིན་མ་སོང་།
མཇུག་གི་རེ་སྐུལ།
བཙན་བྱོལ་བོད་མི་རྣམས་རང་དབང་ལ་དུང་ཞིང་། འདྲ་མཉམ་ལ་གུས་པ། དམངས་གཙོ་ལ་བཀུར་བའི་སྤྱི་ཚོགས་ཤིག་ཏུ་འགྱུར་བའི་ཡིད་ཆེས་ཡོད་སྟབས་ངས་རང་གི་བསམ་ཚུལ་འདི་གླེང་བར་སྤོབས་པ་བརྟས། བྱང་ཀོ་རེ་ཡ་དང་། རྒྱ་ནག་ལྟ་བུའི་དུས་རྟག་ཏུ་རང་གི་མགོ་ཁྲིད་ལ་བསྟོད་གླུ་ཁོ་ན་ལེན་དགོས་པ་ཞིག་ཏུ་གྱུར་ན་མི་བཟང་བས་རང་གི་དབུ་ཁྲིད་ཀྱི་སྐོར་ཡིན་ན་ཡང་རྒྱུ་མཚན་ལས་བརྩམས་ཏེ་གླེང་བར་འཛེམས་ཟོན་མི་དགོས་པའི་སྲོལ་རྒྱུན་ཞིག་འཇགས་སུ་འཇུག་པ་དེ་ནི་ཤེས་ཡོན་པའི་སྡེ་ཡི་འགན་ཆེན་པོ་ཞིག་ཡིན་པ་མཁྱེན་པ་གནང་རོགས།
བོད་རང་བཙན་རྒྱ་ནག་གཞུང་གིས་འཕྲོག་པ་བདེན་པ་རེད། སུའི་ལག་པ་ནས་འཕྲོག་སོང་པ་རེད་དམ། བོད་རང་བཙན་རྩོད་ཀྱི་ཡིན་ཟེར་མཁན་ཚང་མ་གདོན་འདྲེ་ལྟ་བུར་བསྒྱུར་དོན་ཅི།
ཀར་བློ་འཁྱོག་བཤད་ཁོ་ནས་དུས་ཟླ་བར་བྱས་ན་མི་ཚེ་འཕྲོ་བརླག་མ་རེད་དམ། བོད་བོད་མི་ཚང་མའི་ལག་པ་ནས་ཤོར་སོང་བ་རེད་དེའི་ནང་ལ་ཁྱོད་རང་ཡང་ཚུད་ཡོད་པ་རེད། བོད་རང་བཙན་རྩོད་མཁན་གདོན་འདྲེ་ལྟ་བུ་སུས་བསྒྱུར་འདུག བསྒྱུར་སྟངས་ཤིག་ཤོད་དང་དེ་ནས་ལྟ་ཆོག
སྤོབས་པ་མཐའ་ཡས་འདི་མི་རྣམ་དཔྱོད་ཅུང་ཡོད་མཁན་ཞིག་རེད། འཇིག་རྟེན་གྱི་དཔེ་ལ། སྐྱེས་ཕོ་རབ་འཁྱོག་འཁྱོག་སྦ་འཁྱོག་ཡིན། སྦ་ཉི་མས་དྲོས་ན་གར་སྲོང་ཡིན། ཞེས་པ་ལྟར་ནོར་འཁྲུལ་ངོས་ལེན་གྱིས་རང་གཤིས་ལ་ཡོ་སྲོང་བྱེད་ཤེས་མཁན་དག་ནི་རྣམ་དཔྱོད་ཅུང་ཡོད་པའི་རྟགས་མཚན་རེད། ཕོ་མཐའ་མ་འཁྱོག་འཁྱོག་རྡོ་འཁྱོག་ཡིན། རྡོ་གོར་མོ་འཁྱོག་ན་སྲོང་རྒྱུ་མེད། ཞེས་པ་ལྟར་ང་ནོར་ན་འདྲ་མ་ནོར་ན་འདྲ་ག་དུས་ཡིན་ཡང་རང་ལྟ་མཆོག་འཛིན་ཁོ་ན་བྱེད་ཀྱི་ཡིན་ཟེར་མཁན་དག་ནི་གླེན་པ་ལུག་ལྟ་བུ་ཡིན་པའི་རྟགས་མཚན་རེད། ཧཧཧ
གྲོགས་ཅོ་རི་ལགས་ཀྱིས་མི་ངན་འཐེར་འདོན་གནང་བར་དགའ་བོ་བྱུང།། སྤོབས་མཐའ་ཟེར་བའི་མི་འདི་ཡི་ཁ་ནས་ཅི་བཤད་འདི་བཤད་མེད་པ་རེད། རང་གི་ཁ་སྣའི་དབར་ལ་རྫུན་ཤོད་མཁན་ཞིག་རེད།། རང་གིས་བཤད་པའི་སྐད་ཆ་སྔ་ཕྱི་རྣམས་འགལ་བ་ལྟག་སྤྲོད་རྐྱང་རེད།།
ཕོ་སྤོབས་མཐའ་འཁྱོག་འཁྱོག་རྩྭ་འཁྱོག་རེད། རླུང་གཟེར་མས་འཇག་མ་ག་དཀྱོག་རེད།
ཕོ་སྤོབས་མཐའི་གཏམ་དེ་མོ་གཏམ་རེད། ཞོགས་སྔ་མོར་བཤད་ན་ཕྱི་དྲོ་མེད།་་་་་་ཧཧཧ སྙིང་རྗེ་ཡ
ལོང་རྟོགས་འདི་བོད་རང་བཙན་ཤོར་སྐབས་བྲོས་འགྲོ་མཁན། བོད་རང་བཙན་རྩོད་སྐབས་རྐང་རྗེས་ལག་སུབ་བྱེད་མཁན་ཞིག་ཏུ་ག་འདྲ་བྱས་ཆགས་སོང་པ་རེད། བོད་ཤོར་བ་དེའི་འགན་གཙོ་བོ་སྐབས་དེའི་སྲིད་གཞུང་དང་དབུ་ཁྲིད་ལ་ཡོག་རེད།
ང་རང་ཚོ་བོད་རང་བཙན་ཤོར་སྐབས་སྐྱེ་མེད། བོད་རང་བཙན་ཤོར་བའི་འགན་སྤུ་རྩེ་ཙམ་ཡང་མེད། ཡིན་ནའི། ཁྱོད་རང་ཚོའི་ལག་པ་ནས་ཤོར་སོང་བ་དེ་ཚུར་ལེན་དགོས་ཀྱི་འདུག་ཅེས་དང་བླངས་ཀྱི་ལམ་ནས་རོགས་པ་བྱེད་མཁན་ཡིན།
བོད་རང་བཙན་རྩོད་མཁན་ནག་པོ་བཟོ་ད་བཟོ། ལོ་རབས་བདུན་ཅུའི་རྗེས་ནས་དེང་གི་བར་རང་བཙན་རྩོད་སྟངས་མང་ཚོགས་ཁྲོད་ལས་འགུལ་དུ་བསྒྱུར་མཁན་གཅིག་བྱུང་པ་ནི་ཨ་ཚོགས་ཀླུ་མཁར་བྱམས་རེད། སྤྱི་འཐུས་ཚོགས་གཙོས་སྣེ་ཁྲིད་པའི་དགོན་སྡེ་དང་མི་སྒེར་ཚོས་་ག་འདྲ་ནག་པོ་བཟོས་སོང་། ཐ་ན་དབུ་མའི་ལམ་གྱི་ལས་འགུལ་པ་ཚོས་ཀླུའི་ཁྱབ་བསྒྲགས་འདྲ་པར་མེར་བསྲེག་བཏང་བ་ནི་རྒྱ་ནག་གི་རིག་གསར་དང་ཁྱད་པར་འདུག་གམ། ད་དུང་སྐད་འཕྲིན་ནང་ཀླུའི་གཏམ་བཤད་ཆ་ཚང་མི་གཏོང་པར་དེའི་ཁྲོད་ཀྱི་དབུ་ལམ་ལ་སྐྱོན་བརྗོད་་ཀྱི་དུམ་ཚན་རེ་གཉིས་བོད་ཕྱི་ནང་གཉིས་སུ་ས་བསྒྲགས་གནམ་བསྒྲགས་བྱས་པ་དེ་དག་བོད་རང་བཙན་རྩོད་མཁན་གདོན་འདྲེ་བསྒྱུར་པ་མ་རེད་དམ།
ཀར་བློ་སྨྱོ་བཤད་མ་བྱེད། བོད་རང་བཙན་ཟེར་བ་དེ་བོད་མི་ཚང་མའི་རེད་དམ་བོད་གཞུང་དང་དབུ་ཁྲིད་ཁ་ཤས་ཀྱི་རེད། བོད་མི་ཚང་མའི་ཡིན་ན་བོད་རང་བཙན་ཤོར་བ་ཡང་བོད་མི་ཚང་མའི་ལག་ནས་ཤོར་སོང་བ་རེད། སྤྱི་འཐུས་ཚོགས་གཙོ་སོགས་ཀྱིས་ཀླུ་བྱམས་ལ་རྒྱལ་བ་རིན་པོ་ཆེེ་རྒྱལ་བཙོང་བ་སོགས་ཀྱི་གཞི་མེད་སྐུར་འདེབས་བྱས་པ་དེ་འགྲིག་གི་མི་འདུག་ཅེས་ངོ་རྒོལ་བྱས་པ་ལས་རང་བཙན་རྩོད་པ་འགྲིག་གི་མི་འདུག་ཅེས་གང་དུ་ཡང་བཤད་མ་སོང་། ཀླུའི་དྲ་པར་མེར་བསྲེགས་བཏང་བ་ཟེར་བ་དེ་ཡང་དཔང་རྟགས་མེད་པའི་འཁྱོག་བཤད་ཙམ་རེད། སྐད་འཕྲིན་ནང་ལ་ག་རེ་བསྒྲགས་ན་དེ་ནི་དབུ་ལམ་པ་ཚོ་ཡིན་པའི་ངེས་པ་གང་ཡང་མེད། སྐད་འཕྲིན་ནང་མི་འདྲ་མིན་བཅོ་བརྒྱད་ཡོད་པས་རྒྱ་མའི་རྒྱུག་ཁྱིའམ་དོལ་རྒྱལ་བ་ཡང་ཡིན་སྲིད་པ་རེད།
ཟམ་གདོང་རིན་པོ་ཆེས་འདི་ལྟར་གསུངས་པ།
༼ང་ཚོའི་སྐད་ཡིག་དང་ཐག་ཉེ་ཤོས་དེ་ལེགས་སྦྱར་གྱི་སྐད་ཆགས་ཀྱི་ཡོད་པ་རེད།༽
ད་ལྟའི་བོད་ཡིག་འབྲི་སྲོལ་གང་ཞིག་ལེགས་སྦྱར་དང་མཐུན་གྱི་འགྲོ། ཡིན་ནའང་བོད་ཀྱི་སྐད་འདི་ལེགས་སྦྱར་དང་ག་འདྲ་བྱས་ནས་མཐུན་ཤོས་ཆགས་ཀྱི་ཡོད་པ་ཡིན་ནམ།
བོད་ཀྱི་སྐད་ལ་བརྟེན་ནས་བོད་ཡིག་བཟོས་པ་ཡིན་ནམ། བོད་ཀྱི་ཡིག་གེ་ལ་བརྟེན་ནས་བོད་སྐད་བཟོས་པ་ཡིན། ཡང་ན་སྐད་ཡིག་གཉིས་དུས་མཉམ་དུ་བྱུང་བ་ཡིན་ལན་གསལ་པོ་དགོས་ས་རེད།
༼དེ་བཞིན་རྩ་བས་བོད་ཀྱི་སྐད་ཡིག་དར་ནས་ལོ་ངོ་ཆིག་སྟོང་ལྷག་ལས་འགྲོ་ཡི་ཡོད་པ་མ་རེད་དེ།༽
དེ་འདྲ་ཡིན་ན་ལོ་ཆིག་སྟོང་གི་སྔོན་ལ་བོད་པ་ཚོའི་སྐད་ག་འདྲ་ཞིག་རྒྱག་གི་ཡོད་པ་ཡིན་ནམ། ཡང་མིན་ན་སྐད་མེད་པའི་ལྐུགས་པའི་སྤྱི་ཚོགས་ཤིག་ཡིན།
རེ་གདའ། རེད། དབང་རྟུལ་ཕྱི་མིའི་རྗེས་སུ་མི་འབྲང་བར། དབང་རྣོན་བོད་མིའི་རྗེས་སུ་འབྲང་དགོས་པ་རེད་གདའ། བོད་རིགས་གཞོན་སྐྱེས་ཚོ།།