མདོ་ཁམས་སྐྱེ་དགུ་མདོར་ས་ཡོམ་བརྒྱབ་པ།
དེ་རིང་ཞོགས་པའི་ཆུ་ཚོད་ ༧ དང་སྐར་མ་ ༤༩ ཐོག་སྐྱེ་དགུ་མདོར་ས་ཡོམ་རིམ་པ་བདུན་དང་ཚེག་གཅིག་ཅན་བརྒྱབ་འདུག་པ་དང༌། མི་གྲངས་ ༤༠༠ ཤི་བ་དང་རྨས་སྐྱོན་ཕོག་པ་མི་གྲངས་ ༨༠༠༠ ཡིན་པའི་གསལ་བསྒྲགས་བྱས་འདུག གནས་ཚུལ་འདིའི་སྐོར་གཤམ་གསལ་དྲ་ངོས་དག་ཏུ་གསལ་བ་ནས་གཟིགས་རོགས།
http://tibet.people.com.cn/140815/11369109.html
http://www.youtube.com/watch?v=FCA-jNESZ8M
http://www.facebook.com/group.php?gid=114671665218930#!/photo.php?pid=3701392&op=1&o=global&view=global&subj=114671665218930&id=553579136&fbid=398059279136
སྤྱིར་འབྱུང་བ་འཁྲིགས་པའི་གནོད་པ་རེད། སུས་ཀྱང་བཀག་ཐབས་མེད་མོད། འོན་ཀྱང་ཚོུད་བརྒྱད་དགུའི་རིང་ལ་སྐྱོབས་མཁན་གཅིག་ཀྱང་ཡོང་རྒྱུ་མེད་ནོ་འདི་སྐྱོ་གནས་རེད་ཡ།
ངོ་མ་བོད་མི་དག་ལ་དཀའ་ངལ་མང་བོ་འཕྲད་རྒྱུ་རེད་ཡ། གནམ་གཤིས་ཀྱང་གོར་ཐིག་འོག་གི་༨་ཙམ་རེད་འདུག ད་ངོ་མ་ག་འདྲ་བྱེད་དགོས་ནི་རེད།
ནམ་རྒྱུན་ཡོད་པའི་དམག་མི་མང་བོ་དེ་དེ་རིང་མཐོང་རྒྱུ་མི་འདུག་ཟེར།
ཁང་བརྡིབས་འོག་ནས་མི་མང་བོ་སྐྱོབས་རྒྱུ་དཀའ་མོ་རེད་ཟེར་འཕྲུལ་ཆས་སོགས་གང་ཡང་མེད་པས།
ནམ་རྒྱུན་སྟོབས་ཤུགས་ཅན་དེ་དེ་རིང་མི་འདུག་ཟེར།
གོང་ས་སྐྱབས་མགོན་ཆེན་པོ་ལགས་གཙོ་བྱས་བའི་བོད་ཀྱི་བླ་ཆེན་རྣམ་པ།མགྱོགས་པོ་ཕྱི་ལ་ཐོན་ཏེ་སྐྱབས་མེད་པ་འདི་རྣམས་ལ་འདི་ཕྱི་གཉིས་ཀྱི་གསུང་ཤིག་གནང་བར་ཞུ།ཡིག་ཚང་ལ་འདི་ལྟར་རེ་བ་ཞུ་ལགས།མགྱོགས་པོ།
༡ རྒྱ་ནག་གིས་འགན་མེད་པའི་ཁང་པ་ཐེབ་ཆགས་བརྒྱགས་པའི་སྐྱོན་རེད། ཁྱེད་ཚོས་སྟོས་དང་སྤྱི་ཚོགས་རང་ལུགས་ཀྱི་གྲོང་སྡེ་གསར་བ་ཟེར་བའི་ཁང་པ་ཚང་མ་བརྡབས་འདུག་ག
༢ རྒྱ་གཞུང་གིས་མྱུར་སྐྱོབ་མ་ཐུབ་པའི་སྐྱོན་རེད། གྲོང་སེབས་ཁག་ལ་མྱུར་སྐྱོབ་སླེབ་འདུག་གམ།
༣་ མ་གཞི་ནས་ས་ཁུལ་དེ་དག་ན་སྨན་ཁང་ཡག་པོ་མི་འདུག་པའི་སྐྱོན།
རྒྱ་གར་དང་འབྲུག བལ་པོ་སོགས་སུ་ཡོད་པའི་ཀཾ་ཚང་གི་དགོན་སྡེ་ཁག་ལ་རྒྱལ་དབང་ཀརྨ་པ་མཆོག་གིས་བོད་དུ་ད་རེ་ས་ཡོམ་གྱི་དོན་རྐྱེན་དུ་ཤི་བ་རྣམས་ཀྱི་དོན་དུ་ལམ་སེང་བསྔོ་བ་སྨོན་ལམ་གང་དྲག་འཚོགས་དགོས་པའི་བཀའ་ཕེབས་འདུག
འདས་ཟིན་པའི་བོད་རིགས་སྤུན་ཟླ་དེ་ཚོའི་ཆེད་དུ་ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ།ཨོྃ་མ་ཎི་པདྨེ་ཧྰུྃ།ཨོྃ་མ་ཎི་པདྨེ་ཧྰུྃ།ཨོྃ་མ་ཎི་པདྨེ་ཧྰུྃ།ཨོྃ་མ་ཎི་པདྨེ་ཧྰུྃ།
མི་ལུས་སྐྱེ་ཞིང་སྐྱེས་པ་ཐམས་ཅད་དུ།།
ངན་སོང་ངན་འགྲོ་ལེགས་པར་ལྟོང་བ་ཡི།།
སྐྱེ་གནས་རྣམསསུ་ནམ་ཡང་མི་སྐྱེ་ཞིང་།།
དལ་འབྱོར་ཚང་བའི་མི་ལུས་ཐོབ་པར་ཤོག།
བོད་ནང་སྐད་འབོད་བྱས་ན་རྒྱ་དམག་ཚོ་ལམ་སང་སླེབ་གི་རེད། ས་འགུལ་བྱུང་ན་ག་ལེར་མ་གཏོགས་སླེབས་གི་མ་རེད།
ཡིན་ནའང་རྒྱ་ནག་གཞུང་གིས་འཛམ་གླིང་ལ་མགོ་སྐོར་བྱེད་ཆེད་རོགས་པ་ཡག་པོ་བྱེད་མདོག་ཁ་པོ་རེད།་དྲིལ་བསྒྲགས་ཡང་གནམ་ས་ལ་མི་ཤོངས་པ་ཞིག་བྱེད་གི་རེད།
ངེད་གདོང་དམར་བོད་པའི་ལས་དབང་འདི་ངོ་མ་གང་ཞིག་ཡིན་ན། གཟིགས་དང་ཤ་རུས་གཅིག་ལས་མཆེད་པའི་སྤུན་ཟླ་མང་པོ་ཞིག་རང་མི་རིགས་ཀྱི་ཆེད་དུ་མེད་པ་ཆག་གི་ཡོད། ཁ་ཤས་ཞིག་འབྱུང་བཞིའི་གནོད་པའི་མེད་པ་བྱེད་ཀྱི་ཡོད། བོད་ས་ཁུལ་མང་པོ་ཞིག་ན་བུད་མེད་རྣམས་ལ་ཕྲུ་གུ་གསུམ་ལས་སྐྱེ་ཆོག་མེད། འདི་དང་འདི་འདྲ་ཡིན་ན་ང་ཚོ་གདོང་དམར་བའི་མི་རིགས་འདི་ནམ་ཞིག་གི་ཚེ་ན་མེད་པ་འགྲོ་ཡི་ཡོད་དམ།
ང་ཚོའི་འདི་དག་ལ་གདོང་ལེན་གང་འདྲ་ཞིག་བྱས་ན་ལེགས་སམ།
ཡིན་གཅིག་ང་ཚོའི་བསམ་བློ་བཏང་དགོས།
ཡ་ང་བའི་ས་ཡོམ་གྱི་འོག་ཏུ་ཚེ་སྲོག་ཤོར་བའི་ཚེ་འདས་རྣམས་ཀྱི་ཆེད་དུ་ང་ཚོ་བསྔོ་བ་རེ་བྱས་ན་ལེགས།
དེ་མིན་ང་ཚོའི་གང་ཞིག་བྱེད་ཐུབ་བམ ། ཕོ་ཤར་རེ། གདོང་དམར་བ་ཚོ།
ལས་གང་ཞིག་ལ་བསྐོས་པ་ཡིན་ན།
དཀོན་མཆོག་མཁྱེན། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། འཕགས་མཆོག་སྤྱན་རས་གཟིགས་ཀྱི་ལམ་སྣ་དྲང་དུ་གསོལ།
༄། དངོས་གནས་སེམས་སྟེངས་ནས་ཡིད་སྐྱོ་དགོས་པའི་གནས་ཚུལ་རིམ་བཞིན་ཐོན་དང་བཞིན་པ་རེད་ལགས། སྐྱེ་རྒུ་མདོར་ས་འགུལ་བརྒྱབ་དེ་ནང་མི་ཤི་སྐྱོན་མང་པོ་ཞིག་ཕྱིན་ཡོད་ ད་ནང་ཞོགས་པའི་ལྦི་ལྦི་སི་སི་གསར་འགྱུར་ནང་དུ་བཤད་དོན་ལྟར་ན་ མི་དྲུག་བརྒྱ་ལྷག་ཤི་ཡོད་ཀྱང་མི་གཅིག་ཁྲིར་ལྷག་རྨས་སྐྱོན་ཕོག་ཡོད་ཞེས་གནས་ཚུལ་སྤེལ་སོང་། རྒྱ་ནག་གི་བརྙན་འཕྲིན་དང་རླུང་འཕྲིན་སོགས་ཀྱི་ནང་དུ་ས་འགུལ་ཕོག་སའི་ས་གནས་ཀྱི་གནས་ཚུལ་གསར་པ་གསར་ཀྱང་སྟོན་གྱི་མི་འདུག་ ས་ཕྱོགས་གཞན་ནས་རོགས་སྐྱོར་བྱེད་ཡོད་པའི་རྣམ་པ་གཅིག་པོ་མང་པོ་ཞིག་སྟོན་གྱི་འདུག ད་དུང་མི་ཇི་ལྟར་འདས་གྲོང་སོང་ཡོད་མེད་སོགས་ཀྱི་གནས་ཚུལ་ཞིབ་ཁྲི་གོ་རྒྱུ་ཧ་ཅང་དཀོན་པར་སྣང་། བཙན་བྱོལ་གཞུང་མང་གཉིས་ཀྱི་ གོང་ས་མཆོག་གཙོ་བའི་བླ་ཆེན་རྣམས་པས་ཐུགས་སྨོན་གསོལ་འདེབས་ཞུ་དང་ཞུས་མོས་རེད་འདུག ནང་མི་འདས་གསོན་རྣམས་པས་ཐུགས་སེམས་གནན་ལ་ཁེལ་བ་བྱེད་སྟེ་སྨོན་ལམ་རྒྱག་དགོས་ཀྱི་སེམས་འཁྲེལ་མ་བྱེད་ ང་ཚོའི་ཕྱི་སྡོད་བོད་རྣམས་ཁྱེད་རྣམས་ཀྱི་རྒྱབ་སུ་ཡོད་དོ། སེམས་ཤུག་མ་ཆགས་་ སླར་ཡང་མཇལ་ཡོང་། ད་བེད་མོ་གྱིས།
ཁ་ཙང་དེ་རིང་ནི་ཡང་བསྐྱར་ང་ཚོ་བོད་མི་རིགས་ལ་སྒོས་སྡུག་གིས་འོ་དོན་འབོད་པའི་དུས་འདིར།
ང་ཚོ་མི་རིགས་འདི་གྲང་ཉུང་མི་རིགས་ཡིན་པའི་ཐོག་ཏུ་བཙོན་རྒྱ་དམར་པོའི་མནར་བཅོད་ཀྱི་འོག་ཏུ་ཚེ་སྲོག་འཕོ་བའི་རྣམ་ཤེས་བྱེ་བའི་སྡུག་བསྔལ་དང།
ད་དུང་གང་གི་ཁ་ལ་དོ་ཟེར་བ་བཞིན་འདི་འདྲའི་ས་ཡོམ་ཤུགས་ཆེ་ཞིག
སུ་ལའང་འཛུམ་མོ་བཙུག་ས་མེད་ནས་རང་མི་རིགས་སྟོང་ཚོ་བརྒལ་བ་རྐྱེན་ལམ་དུ་ཤོར་བ་ནི་ངོ་མ་ངུ་ན་ཡིད་མི་ཚིམ་པ་དང་ཤི་ན་དོན་མི་འགྲུབ་པས་ཅི་ཞིག་བྱེད་དགོས་མི་ཤེས།
༢༠༠༨ ལོའི་རྒྱ་དམག་གིས་བོད་མི་ཉེས་མེད་མང་པོ་རྩེད་སྤྱད་དང་དམར་བསོད་བྱས་པ་མཐོང་ནས་སྙིང་མ་བདེར་ཡོད་པའི་ཁར། ད་ལམ་ས་ཡོམ་གྱིས་ང་ཚོའི་རིགས་རྒྱུད་གཅིག་པའི་བོད་རིགས་ཚོའི་ལུས་སྲོག་ལོངས་སྤྱོད་ཡོངས་རྫོགས་འཕྲོག་པའི་གནས་ཚུལ་རྣམས་མཐོང་ནས་སྙིང་ཁ་ནམ་ཡང་བདེ་བོ་མི་འདུག མིག་ཆུ་ལྷོག་ལྷོག་འཕྱུར་ཡོང་གི་འདུག
ཚེ་འདས་ཚོའི་ཆེད་དུ་སྨོན་ལམ་འདེབས་རྒྱུ་དང་། ཤུལ་ལས་དྭ་ཕྲུག་ཚོར་ནུབ་ཕྱོགས་ན་ཡོད་པའི་བོད་རིགས་འཚོ་བ་ཡག་པོ་ཡོད་མཁན་ཚོས་སྦྱིན་བདག་བྱས་ནས། མུ་མཐུད་བོད་ནང་དུ་སློབ་གྲྭར་གཏོང་བ་དང་། ལག་ཤེས་སློབ་སྦྱོང་སོགས་སྤྲད་ནས་གནས་སྐབས་སེམས་ཙམ་དང་སྨོན་ལམ་ཙམ་གྱིས་མི་ཚད། མི་ཚེ་ཧྲིལ་བོའི་མདུན་ལམ་འཚོལ་རོགས་གནང་རོགས་ཞུ་གི་ཡོད། བདག་མེད་དྭ་ཕྲུག་ཏུ་གྱུར་བ་ཚོའི་ལོ་རྒྱུས་དང་པར་སོགས་ལོ་རྒྱུས་གསལ་བོར་བཀོད་པའི་ཐོ་གཞུང་ཅན་གྱི་དྲ་རྒྱ་ཞིག་བསྐྲུན་ཐུབ་ན། རོགས་པ་བྱེད་མཁན་ཚོར་ཡང་སྟབས་བདེ་རུ་ཡོང་གི་རེད། དེ་འདྲ་བཟོ་བར་རྒྱ་གཞུང་གིས་བཀག་འགོག་བཟོ་སྲིད་ཀྱང་། གང་ལྟར་ང་ཚོས་ཤུལ་དྭ་ཕྲུག་ཆུང་ཆུང་ཚོའི་ཕ་ཚབ་མ་ཚབ་ཉན་དགོས་པར་མཐོང་།
གོད་ཆགས་ཐེབས་ཡུལ་གྱི་ཉེ་འགྲམ་ཁག་ལ་བྱེ་འཚུབ་རྒྱག་པ་དང་གནམ་གཤིས་འཁྱག་རུ་ཕྱིན་འདུག་པའི་གནས་ཚུལ་འདུག