ཤྲཱི་སྨྱོན་པ།
༡༽ སྤྲུལ་རྫུན་དང་བདེན་པའི་ཁྱད་པར་ཤེས་དགོས།
༢༽ ནང་བསྟན་དང་ཕྱི་རོལ་བའི་ལྟ་གྲུབ་ཤེས་དགོས།
༣༽ རང་དོན་དང་གཞན་དོན་གྱི་ཕན་འབྲས་ཤེས་དགོས།།
༤༽ ཆོས་པ་དང་འཇིག་རྟེན་པའི་ས་མཚམས་ཤེས་དགོས།
༥༽ རབ་བྱུང་དང་སྔགས་པའི་ས་མཚམས་ཤེས་དགོས།།
༦༽ རང་བཙན་དང་དབུ་མའི་ལོ་རྒྱུས་ཤེས་དགོས།།
༧༽ བླ་མ་དང་སློབ་མའི་མཚན་ཉིད་ཤེས་དགོས།།
༨༽ ཕ་མ་དང་བླ་མའི་བཀའ་དྲིན་ཤེས་དགོས།།
༩༽ གཉེན་བཤེས་དང་དགྲ་བོའི་བཟང་ངན་ཤེས་དགོས།།
༡༠༽ ཐར་བ་དང་འཁོར་བའི་གྲུབ་འབྲས་ཤེས་དགོས།།
རབ་གནས་ཤིང་ལུག་སྨིན་ཟླའི་ཚེས་བཟང་ལ་ཤྲྰིས་སོ།།
སྤྲུལ་རྫུན་ཡོད་ན་སྤྲུལ་སྐུ་ངོས་འཛིན་གནང་མཁན་གྱི་ནོར་བ་རེད་།
རང་བཙན་གྱི་དོན་ངོ་མ་རང་ཉིད་སྐྱེས་པའི་ས་ཆའི་བདག་དབང་ལ་ཟེར་།
དབུ་མའི་ལམ་ནི་བོད་མི་རིགས་དང་རིག་གཞུང་དང་བཅས་པ་སྲུང་སྐྱོབ་
ཐུབ་པའི་གཉིས་སྨན་དབུ་མའི་ལམ་དེ་ལ་ཟེར་།
ཕ་བླ་མ་མེད་པའི་གོང་རོལ་ན་།
སངས་རྒྱས་ཞེས་པའི་མིང་ཡང་མེད་ཟེར་བ་ནས་ཤེས་ཐུབ་།
ཕ་མ་དང་དགེ་རྒན་གྱི་བཀྲིན་རེད་།
ཐར་པ་དང་འཁོར་བའི་སྡུག་བསྔལ་ཤེས་དགོས།
བཙན་བྱོལ་ནང་གི་བླ་མ་ཚོས་ཕྱི་གླིང་པ་ག་ཚད་ཅིག་བླ་མར་ངོས་འཛིན་བྱས་འདུག བོད་ནང་གི་བླ་མ་ཚོས་ཀྱང་དེ་ལྟར་བྱེད་ཆོག་ད་ཆོག བླ་ཆེན་གཅིག་འཁྲུངས་རྗེས། དེའི་སྤུན་ཡ་མང་ཆེ་བ་བླ་མར་འགྱུར་བཞིན་པའི་ཁྲོད་དུའང་རྫུན་མ་མེད་ཅེས་སུས་བཤད་ཐུབ།
ད་ལྟར་མང་པོས་སྔོན་གྱི་མཁས་པས་བྲིས་པ་དག་ལ་ལྟོས་མེད་བྱས་ཤིང་། ཕལ་སྐད་གཙོ་བོར་འཛིན་ཏེ། རོལ་པ་ལ་རོལ་བ་སོགས་འབྲི་བཞིན་ཡོད་པ་ཡང་ཤེས་དགོས་སོ།
བདེན་རྫུན་ཟེར་དུས་མགོ་ཡང་འཐོངས་སུ་བཅུགས།།
གནས་ལུགས་བཤད་དུས་སེམས་ཀྱང་རྨོངས་སུ་བཅུགས།།