ཤར་ཕྱོགས་ཁུག་རྟ།
རྒྱ་ནག་གཞུང་གིས་ཉིན་འགའི་སྔོན་ནས་པཎ་ཆེན་རྒྱལ་མཚན་ནོར་བུ་གསེར་ཁྲིར་བཀོད་དེ་ལོ་ ༢༠ འཁོར་བའི་རྟེན་འབྲེལ་ཟེར་བའི་མིང་བྱང་འོག ༧པཎ་ཆེན་སྐུ་གོང་མ་དག་གི་ལམ་སྲོལ་དང་འགལ་བའི་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་པའི་ནང་དགོད་བྲོ་བའི་གནད་དོན་གསུམ་འདུག་ཅིང་། དེ་དག་ནི་རྒྱལ་མཚན་ནོར་བུ་ཡང་སྲིད་འཁྲུལ་བྲལ་ཡིན་ཚུལ་ལ་སྒྲུང་གསར་པ་ཞིག་བརྩམས་པ་དང་། རྒྱལ་མཚན་ནོར་བུ་གདན་ས་བཀྲ་ཤིས་ལྷུན་པོའི་གཙོ་འཛིན་དུ་བསྐོ་བཞག་བྱས་ཚུལ། གཞན་ཡང་བཀུར་འོས་སྐུ་ཞབས་ཞིས་ཀྲུང་ཞུན་དང་༧ཀུན་གཟིགས་བཅུ་བ་ཆེན་པོའི་མཛའ་འབྲེལ་གླེང་ཞོར། ༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེས་མཐའ་མཇུག་པེ་ཅིང་ནས་བོད་དུ་ཕེབས་སྐབས་དགོངས་པ་རྫོགས་རྒྱུའི་ཐུགས་འདུན་ཡོད་ཚུལ་ལྟ་བུའི་ཚིག་སྙན་མོ་དང་དོན་རྫུན་མའི་གོམ་སྟབས་འདི་རིགས་བོད་མི་སྤྱི་དང་། ནང་པ་ཡོངས་ཀྱིས་ཁས་ལེན་ཞུ་ཐབས་བྲལ་བ་སྨྱུག་འཛིན་པས་བསྐྱར་ནན་ཞུ་ག་ལ་དགོས།
ངས་དེ་རིང་འདིར་བྱུང་རབས་ཡིག་ཚགས་ནང་རྫུན་མ་གསལ་བཤད་ཀྱི་དངོས་དོན་གནས་ཆེད། གོང་དྲངས་དགོད་བྲོ་བའི་གནད་དོན་གསུམ་ནི་ཁུངས་ལུང་ཅི་ཡང་མེད་པ་ཞིག་ཡིན་པ་གསལ་བཤད་ཞུ་འདོད་ལས། རང་དབང་སྤུ་ཙམ་མེད་ལ། གདོང་གི་སྣབས་ལུད་ལ་བདག་པོ་མི་ཐུབ་དུས་ནས་རྒྱ་གཞུང་གི་ཆབ་སྲིད་དགོས་མཁོའི་ཆེད་སྤྲུལ་སྐུར་བཏགས་པའི་དགེ་འདུན་པ་རྒྱལ་མཚན་ནོར་བུར་ཟུར་ཟ་དང་མ་གུས་པ་སོགས་བྱེད་འདོད་རྩ་ནས་མིན།
༧ཀུན་གཟིགས་བཅུ་བ་ཆེན་པོའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་ཐོག་མ་ནས་༧གོང་ས་སྐྱབས་མགོན་ཆེན་པོས། ཆབ་སྲིད་ཀྱི་གནད་དོན་དང་མ་འདྲེས་པའི་ལམ་ནས་ཀྲུང་དབྱང་སྲིད་གཞུང་ལ་སྔ་ཕྱི་བར་གསུམ་དུ་ཡང་སྲིད་འཁྲུལ་མེད་ཅིག་ཡོང་ཐབས་ལ་འབོད་སྐུལ་ཅི་ཙམ་ཞུས་ཀྱང་ལན་གསལ་ཡོང་མེད་ཁར། མགོ་བསྐོར་ཨེ་ཐོངས་དང་༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་ཚུལ་རྣམས་ནུས་མེད་བཟོ་ཨེ་ཐབས་ཁོ་ནའི་ལན་འདེབས་བྱས་ཡོད། ༧གོང་ས་མཆོག་གི་ཕྱོགས་ནས་ཐ་ན་ཡང་སྲིད་འཁྲུལ་མེད་ཅིག་བྱུང་ན་མཐའ་མའི་འོས་སྤྲུལ་གསུམ་དུ་༧གོང་ས་མཆོག་གིས་ཐུན་མིན་ཡེ་ཤེས་ཀྱིས་གཟིགས་ཏེ་ཐུགས་ཐག་བཅད་པའི་༧མཆོག་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མའི་མཚན་བཅུགས་ནས། ཕྱི་ལྟར་དུ་རྒྱ་ཕྱོགས་ནས་གསེར་བུམ་དཀྲུགས་འདོན་ལྟ་བུས་ངོས་འཛིན་གནང་ཆོག་པའི་རྣམ་འགྱུར་བསྟན་ཡང་། དེ་ལ་རྒྱ་ནག་གཞུང་གིས་’’ཀྲུང་དབྱང་གིས་གསེར་བུམ་དཀྲུག་རྒྱུའི་ནང་འདེམས་སྒྲུག་བྱས་པའི་བྱིས་པ་གསུམ་གྱི་མིང་ཐོ་གོང་ལ་འབུལ་རྒྱུའི་སྐུལ་འདེད་གཏོང་བའི་སྐབས་དེར་ཏཱ་ལས་སླར་ཡང་མི་གཞན་རྒྱུད་གསེར་བུམ་དཀྲུགས་འདོན་མི་དགོས་པར་ཁོ་པས་བཅུག་པའི་བྱིས་པ་དེ་ཡང་སྲིད་འབའ་ཞིག་ཡིན་ཞེས་བཤད་པ་རེད། ལྐོག་གཡོ་དེ་ཀྲུང་དབྱང་གིས་མཚང་བརྟོལ་བྱས་པ་དང་འབྲེལ་བཀག་འགོག་མཐའ་གཅིག་ཏུ་བྱས་རྗེས་ཏཱ་ལས་ངང་སྒུག་བྱེད་ལོངས་མེད་པར་མདུན་དུ་འཆོང་ནས་ཕྱི་རྒྱལ་དུ་རང་དགར་ཁོ་པས་གཏན་འཁེལ་བྱས་པའི་བྱིས་པ་དེ་༧པཎ་ཆེན་གྱི་ཡང་སྲིད་ངོ་མར་ཁྱབ་བསྒྲགས་བྱས་པ་རེད་’’ ༡ ཅེས་བཤད་ཡོད།
སྐུ་ཞབས་ཞིས་ཅིན་ཕིན་གྱི་ལྐོག་ཟ་རུལ་སུངས་མཐའ་འདེད་ཀྱི་རྒྱལ་གཅེས་བྱེད་ཕྱོགས་༧པཎ་ཆེན་བཅུ་བ་ཆེན་པོའི་ཡང་སྲིད་ངོས་འཛིན་ཞུས་རིམ་ལ་གཏད་པ་ཡིན་ན། ཏན་ཏན་རྒྱལ་ཁབ་དང་མི་མང་ལ་ཤ་མི་ཚ་བ། མི་རིགས་ཁག་གི་མཐུན་འབྲེལ་ལ་གཏོར་བཤིག སྤྱི་ཚོགས་བདེ་འཇགས་ལ་གནོད་པའི་ཆབ་སྲིད་རུལ་སུངས་ཀྱི་རྫུན་རྐུབ་མང་དག་ཅིག་བརྡོལ་གྱི་ཡིན་པ་ཚིག་ཐག་ཆོད་ནའང་། དབུ་མའི་ལམ་གྱི་ཆོད་སེམས་རི་བོ་བཞིན་བརྟན་པའི་བོད་མི་ཚོས་དེ་ལ་བསྐྱར་ཞིབ་གང་མགྱོགས་གནང་རོགས་ཞེས་ཞུ་ཡི་མེད་ལ། ལོ་རབས་བདུན་ཅུ་དང་བརྒྱད་ཅུའི་ནང་༧གོང་ས་མཆོག་གིས་རྒྱ་ནག་གཞུང་ལ་༧ཀུན་གཟིགས་བཅུ་བ་ཆེན་པོ་མཆོག་དང་། ང་ཕོད། འབའ་བ་ཕུན་ཚོགས་དབང་རྒྱལ་བཅས་རྒྱ་གར་དུ་ཡོང་ནས་ཁོང་དང་ཐུག་འཕྲད་ཆོག་པའི་འབོད་སྐུལ་གནང་ནའང་། ནར་འགྱངས་ཡུན་ནར་གྱིས་ཀུན་གཟིགས་མཆོག་གློ་བུར་སྐུ་མ་བཞུགས་པ་དང་ང་ཕོད་འགྲོ་མ་ཆོག་པ། མཐར་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་༧གོང་ས་མཆོག་ལ་མཇལ་བཅར་དུ་བསྐྱོད་ཆོག་པའི་གནས་ཚུལ་ཐོན་སྐབས་༧ཀུན་གཟིགས་མཆོག་གི་ཡང་སྲིད་ཀྱི་ནང་མོལ་ཡང་འགྲོ་བཞིན་པར་འཁེལ་བས། སྐབས་དེར་བཀུར་འོས་སྐུ་ཞབས་ཞིས་ཀྲུང་ཞུན་གྱིས་’’བློ་མཐུན་ཕུན་དབང་རྒྱ་གར་དུ་ཏཱ་ལའི་བླ་མར་ཐུག་འཕྲད་དུ་འགྲོ་བའི་དོན་དག་དེ་ད་ནི་ཕྱིར་འགྱང་མ་བྱེད། དེ་ལས་ལྡོག་ཚེ་གཞན་དག་ཕར་ཞོག་པཎ་ཆེན་གྱི་ཡང་སྲིད་ཁོ་ནའི་ཆ་ནས་བཤད་ནའང་། རྒྱལ་ནང་དང་རྒྱལ་ཕྱིར་པཎ་ཆེན་གཉིས་འབྱུང་སྲིད་’’ ༢ ཅེས་གསུང་བ་ལྟར། སྡོམ་རྒྱབ་སྟེ་ཞུས་ན། ༧ཀུན་གཟིགས་མཆོག་གི་ཡང་སྲིད་ངོས་འཛིན་ཐད་༧གོང་ས་མཆོག་གིས་དབུ་མའི་ལམ་གྱི་དགོངས་དོན་ལྟར་ལྷག་བསམ་དང་གུ་ཡངས། དྲང་བདེན། དངོས་ཐོག་བདེན་འཚོལ་བཅས་ཀྱི་གནང་སྟངས་ལ་ཀྲུང་དབྱང་གི་གཡོན་ཐལ་ཤོག་ཁས་བདག་སྤྲོད་མ་བྱས་པ་གསལ་བོ་རེད་འདུག་པས། ང་ཚོ་བོད་ཀྱི་མི་རབས་གསར་པ་རྣམས་དང་ལྷག་པར་དབུ་མའི་ལམ་གྱི་རིགས་པའི་གཞུང་ལུགས་ལ་བརྟེན་ཏེ་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཚོར་གནད་དོན་འདིའི་ཐད་ངོ་ནོངས་མི་དགོས་པའི་ངོས་འཛིན་ཐོབ་ཡོད།
གོང་བརྗོད་ཆབ་སྲིད་བྱུང་རབས་ཀྱི་རྒྱབ་ལྗོངས་འདི་དག་ལ་གཞིགས་ན། དེ་རིང་གི་རྒྱལ་མཚན་ནོར་བུ་ཁྲི་འདོན་བྱས་ཏེ་ལོ་ངོ་ ༢༠ འཁོར་སྐབས་ཀྱི་རྟེན་འབྲེལ་ཟེར་བའི་ཟློས་གར་རྣམས་ནི་མ་གཞི་ནས་རྒྱུ་རྫུན་མས་འབྲས་བུ་རྫུན་མ་སྐྱེད་པ་ལས་གཞན་ཅི་ཡང་མིན་ནའང་། ཐབས་སྐྱོ་བ་ཞིག་ནི་ཀྲུང་གུང་སྲིད་གཞུང་གིས་གསེར་བུམ་དཀྲུག་འདོན་ཞེས་སྔར་སྲོལ་ཨུ་ནན་གྱིས་སྤེལ་ཅིང་སྒྲོག་པའི་ཡིག་ཚགས་ཀུན་ཏུ། གསེར་བུམ་དཀྲུག་འདོན་གྱིས་ཁུངས་འཁྱོལ་ལ་མ་འཁྱོལ་གྱི་མཚམས་སུ་ཡང་སྲིད་དུ་མིང་བཏགས་པའི་བྱིས་པ་གང་དེའི་ཕ་མའི་རྨི་ལམ་དང་། ཆུང་དུས་བྱིས་པ་ཚོའི་མཉམ་དུ་རྩེད་མོ་རྩེ་སྟངས། ལྷ་བ་དང་མོ་བ། མཚོ་གཟིགས་སོགས་ལ་ཅི་བྱུང་བྲིས་ཏེ་ཀྲུང་དབྱང་གི་དམིགས་དོན་སྒྲུབ་ཐུབ་བྱས་པ་གཅིག་ཀྱང་ད་བར་བྱུང་མེད་ནའང་། ཀྲུང་དབྱང་འུ་ཐུག་སྟེ་གསེར་བུམ་དཀྲུག་འདོན་དང་། ༧ཇོ་བོ་ཤཱ་ཀྱ་མུ་ནེའི་སྐུ་མདུན་དུ་ངོས་འཛིན་གནང་བ་ཟེར་རྒྱུ་ལས། བོད་ལ་ཐུན་མིན་དུ་ཡོད་པའི་སྤྲུལ་སྐུའི་རིག་གནས་ཁྲོད་ཀྱི་སྒྲུང་དེ་འདྲ་རྒྱལ་མཚན་ནོར་བུ་༧པཎ་ཆེན་ངོ་མ་ཡིན་པའི་སྒྲུབ་བྱེད་དུ་བྲིས་པ་ནི་དགོད་བྲོ་བ་ཞིག་ཅི་ལ་མིན།
ད་བར་ཀྲུང་དབྱང་གི་ཡིག་ངག་གང་ནས་ཀྱང་མ་ཐོན་པའི་སྒྲུང་དེ་དག་ད་ནི་སྦས་གསང་མི་གནང་དོན་ཅི་ཡིན་ནམ། ཡང་ན་སྒྲུང་དེའི་ནང་གི་མཚོ་མཇལ་དུ་བསྐྱོད་པའི་མི་སྣ་སུ་དང་སུ་ཡིན་སོགས་ཁ་གསལ་མི་བཀོད་དོན་ཅི་ཞིག་ཡིན་ནམ། བདེན་པ་མིན་པའི་རྟགས་མཚན་གང་སར་བརྡོལ་བའི་སྒྲུང་འདི་འདྲ་ཞིག་གིས་གཙོ་འཛིན་མའོ་ལ་ཡང་སྤྲུལ་སྐུ་ཅིག་བཙལ་ན་ཀྲུང་དབྱང་གིས་ཡིད་ཆེས་གནང་ཐུབ་བམ། དེའི་ཆ་ནས་ཀྲུང་དབྱང་གིས་”ཧྥ་བང་པདྨ་འོད་ཟེར་དང་ཀྲང་ཐའེ་ལིན་གྱི་བྱིས་སྒྲུང་བསྐྱར་འཁྲབ་གནང་བ་མ་རེད་དམ”།
སྨྱུག་འཛིན་པས་ཤེས་རྟོགས་བྱུང་བ་ལྟར་ན། ཁ་སང་ཕྱི་ཚེས་ ༨ ཉིན་ཁྲིན་ཆོན་གོས་རྒྱལ་མཚན་ནོར་བུ་ལགས་ལ་”གཙང་བཀྲ་ཤིས་ལྷུན་པོ་དགོན་དོ་དམ་ཨུ་ལྷན་གྱི་མཚན་འཛིན་ཀྲུའུ་རེན་གྱི་དཔང་རྟགས་གནང་བ་དང་། ཡང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་གཙང་བཀྲ་ཤིས་ལྷུན་པོ་དགོན་གྱི་དོ་དམ་ཨུ་ལྷན་མཚན་འཛིན་ཀྲུའུ་རེན་གྱི་འགན་བཞེས་ཆོད་ཡིག་ཡོངས་བསྒྲགས་བྱས’’ ༣ ཟེར་བའི་གནས་ཚུལ་ཀྱང་སྤེལ་ཡོད། རྒྱུད་ལམ་གཞན་དུ་༧གོང་ས་མཆོག་གི་ངོས་འཛིན་གནང་བའི་༧མཆོག་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་སྤྲུལ་སྐུ་ངོ་མ་མིན་སྐོར་བཤད་ཅེས་ཀྱང་གསལ་བར་ཧ་ལས་དགོས་དོན་མེད་ཀྱང་། ༧ཀུན་གཟིགས་མཆོག་གི་ཡང་སྲིད་ངོ་མ་ཡིན་ན་གདན་ས་བཀྲ་ཤིས་ལྷུན་པོའི་དགོན་བདག་ཡིན་ཚུལ་དེང་སྐབས་བསྐྱར་དུ་འགན་བཞེས་ཆོད་ཡིག་ཅིག་སྤེལ་དགོས་དོན། ལོ་རྒྱུས་དང་དངོས་དོན། ཆོས་ཕྱོགས་གང་ཐད་ནས་དགོས་དོན་ཕྲན་བུ་ཙམ་ཡང་མེད་པའི་ཁྲིན་ཆོན་གོའི་གནང་སྟངས་ནི་ལས་མེད་ཀྱི་ལས་ཀར་ངོས་འཛིན་མི་ཞུ་མཁན་གཅིག་ཀྱང་མེད་ངེས་པས་ཀྲུང་དབྱང་ནས་བསྐྱར་ཞིབ་ཅིག་མ་གནང་ན་དམངས་སེམས་འཁྲུག་འགྲོ་ཡི་མ་རེད་དམ།
དེ་བཞིན། ངས་ཐོག་མར་བཤད་པ་བཞིན། ཡང་སྲིད་ངོས་འཛིན་ཟེར་བ་གླེང་བརྗོད་ནང་”པཎ་ཆེན་རིན་པོ་ཆེ་མཆོག་གིས་པེ་ཅིང་དུ་ཐུགས་སེམས་དགྱེས་པའི་ངང་དགུང་གྲངས་ ༥༠ ཡི་སྐུའི་འཁྲུངས་སྐར་ལ་རོལ་པ་ཡིན་ལ། ཕྱིས་སུ་ཀུན་གྱིས་ཕྱིར་དྲན་བྱས་པ་ལྟར་ན། སྐབས་དེའི་འཁྲུངས་སྐར་གྱི་དགྱེས་སྟོན་ཐོག་ཁོང་རིན་པོ་ཆེ་ནས་དྲིན་བཟོའི་ཤིས་ཚིག་ཕུལ་སྐབས། ཐེངས་མང་རིང་"ང་རང་ཕྱིར་བོད་དུ་ལོག་འདོད"ཅེས་དང་། གཞན་ཡང་ཁོང་གིས་ཐེངས་འགར་གཞན་གྱིས་སྐྱེས་སུ་ཕུལ་བའི་མེ་ཏོག་གི་ཚོམ་བུར་"འདས་མཆོད་མེ་ཏོག"ཅེས་གསུང་ནོར་ཐེབས་པ་སོགས་བཀྲ་མི་ཤིས་པའི་སྔ་ལྟས་བསྟན་ཡོད་པ་རེད།‘’ ༤ ཅེས་ཧམ་རྫུན་ཚད་ལས་འདས་པ་བཤད་འདུག སྐབས་དེར་༧ཀུན་གཟིགས་མཆོག་གིས་བཀྲ་མི་ཤིས་པའི་བཀའ་མོལ་གསུང་ནོར་ཤོར་བ་འདྲ་བྱུང་ཡོད་ན། ཁོང་གི་སྐུ་འཁོར་སུ་གང་གིས་ཐོས་མེད་དོན་ཅི་རེད།
གལ་སྲིད་དོན་དངོས་རང་དེ་ལྟར་གསུང་བ་གསང་ཡུམ་སོགས་ཀྱིས་གསན་ཡོད་ན། གསང་ཡུམ་སོགས་ལ་དངོས་སུ་གསུང་མི་འཇུག་དོན་ག་རེ་ཡིན་ནམ། ད་བར་རྣམ་རྟོག་ལངས་པའི་སྐད་ཆ་དེ་རིགས་སྦྲང་སྐད་ཙམ་མ་གྲགས་དོན་ཅི་རེད། དེ་ནི་སྨྱུག་འཛིན་པས་འདི་ལྟར་བསམས་ཏེ། ༧ཀུན་གཟིགས་བཅུ་བ་ཆེན་པོ་གློ་བུར་རང་གི་གདན་སར་དགོངས་པ་རྫོགས་དོན་ལ་བོད་མི་ཙམ་མ་ཟད། ནང་པ་ཡོངས་ལ་དོགས་གཞི་ཆགས་ཡོད་པ་སེལ་འདོད་ལོས་ཡིན་ཀྱང་། དེ་ལས་ལྡོག་སྟེ་༧ཀུན་གཟིགས་མཆོག་གི་སྐུ་སྲུང་ཨ་མདོ་བ་ཚེ་རིང་མཁར་མཆོག་སྐུ་གཤེགས་སྟངས་ཁོ་ནས་ཀྱང་། ༧ཀུན་གཟིགས་མཆོག་སྐུ་གཤེགས་སྟངས་ཀྱི་ན་ཟུག་བོད་མི་ཚོའི་སེམས་ནས་སུས་ཀྱང་སེལ་མི་ཐུབ་ལ། གཞན་གང་གིས་ཚབ་བྱེད་མི་ཐུབ་པའི་བློ་འགྱོད་ཅིག་ཡིན་པར་འགྱུར་བ་ག་ནས་འབྱུང་།
མཇུག་ཏུ། བདག་གི་འདྲེན་མཆོག ས་ཆེན་ཡངས་པའི་རིས་མེད་མཁས་མཆོག་ཡོངས་ཀྱི་གཙུག་རྒྱན། ༧སྟོན་མཆོག་ཐུབ་པའི་དབང་བོའི་རྒྱལ་ཚབ། བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད། ༧གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པ་བཅུ་བཞི་བ་ཆེན་པོས་ཡང་སྲིད་བྱོན་པའི་དགོས་དོན་ནི་སྐུ་གོང་མའི་ཕྱག་ལས་ཀྱི་འཕྲོ་མཐུད་མཁན་ཞིག་ཡོང་དགོས་པ་ལས་གཏོར་བཤིག་གཏོང་མཁན་ཞིག་ཡོང་ན་མི་འགྲིག་ཅེས་བཀའ་བསྩལ་བ་ལྟར་དང་། ལྷག་པར་༧གོང་ས་མཆོག་གིས་རྒྱལ་མཚན་ནོར་བུའི་སྐོར་དགོངས་ཚུལ་ཅི་ཡོད་བཀའ་འདྲི་ཞུས་པའི་བཀའ་ལན་ཞིག་ཏུ་”ངས་ཤེས་པ་ལྟར་ན་ཁོ་ནི་བློ་རིག་བཀྲ་བ་ཞིག་ཡིན་པ་དང་། ནང་ཆོས་ལའང་འབད་བརྩོན་ཆེན་པོ་བྱེད་བཞིན་འདུག འོན་ཀྱང་མང་ཚོགས་ཀྱིས་ཁོང་ལ་དོགས་པ་སྐྱེ་བའི་རྣམ་འགྱུར་བཟུང་འདུག ངས་བལྟས་ན་འདི་ཉིད་གཙོ་བོ་རང་ཉིད་ལ་བརྟེན་དགོས། ནང་ཆོས་བཤད་སྒྲུབ་ཀྱི་ཐད་ལ་བྱས་རྗེས་ཡོད་པའི་མི་ཞིག་བྱེད་ཐུབ་མིན་དེ་ཧ་ཅང་གལ་ཆེ། དེ་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་དགོས།’’ ༥ ཞེས་བསྩལ་བ་ལྟར། དུས་རབས་མང་པོར་བོད་ས་ཁུལ་གྱི་བླ་དཔོན་མང་པོར་ཕྱི་ལྟར་གོ་མིང་བདག་རྐྱེན་སྣ་ཚོགས་སྤྲད་ཅིང་། ནང་ལྟར་ཆབ་སྲིད་དབང་བསྒྱུར་གྱི་ལག་ཆ་ཁོ་ནར་བེད་ལོག་ཏུ་སྤྱད་པའི་ངན་ཇུས་རྙིང་དྲི་བ་ཁ་བ་དག་ད་ནི་ཡོངས་སུ་ཅམ་འཇོག་གིས། ཆེ་ས་བོད་རིགས་ཡོངས་ལ་འཛིན་སྐྱོང་གཅིག་གི་མིང་དོན་མཚུངས་པའི་རང་སྐྱོང་དང་། ཆུང་ས་གནད་དོན་བྱེ་བྲག་གང་ཅིར་དངོས་ཡོད་དང་མཐུན་པའི་ཡ་ལན་ཚད་ལྡན་ཞིག་གནང་གལ་ཆེ་རེ་བཅས། །
རྒྱ་གར་ངྷ་རམ་ཤཱ་ལའི་རང་ཤག་ནས། ༢༠༡༥། ༡༢། ༩། ཉིན་བྲིས་ཤིང་ཚེས་ ༡༠ ཉིན་ནོ་ཝེ་ཞི་བདེའི་གཟེངས་རྟགས་བཞེས་པའི་དུས་དྲན་ཉིན་མོར་སྤེལ།
མཆན།
༡༽ ༡༩༩༥། ༡༡། ༡༠། ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།
༢༽ ཕུན་དབང་མཆོག་གི་དེབ་༼ རང་རྒྱལ་གྱི་མི་རིགས་གནད་དོན་དང་མི་རིགས་ལས་དོན་སྐོར་གྱི་ཕྱིར་རྟོག་༽ཅེས་པའི་ཤོག་ངོས ༡༡༦ ལས་དྲངས །
༣༽ http://tb.tibet.cn/2010news/gnxw/201512/t20151208_3989870.html དྲྭ་སྐུད་འདི་ནས་གཟིགས།
༤༽ http://tb.tibet.cn/zt2015/bczc20zn/lsrw/201512/t20151207_3988796.html དྲྭ་སྐུད་འདི་ནས་གཟིགས།
༥༽ ༢༠༡༠། ༥། ༢༡། ཉིན་རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོང་གིས་གཙོ་སྐྱོང་འོག་༧གོང་ས་མཆོག་གིས་དྲྭ་ལམ་ནས་རྒྱ་རིགས་ཤེས་ལྡན་པ་ཁ་ཤས་ལ་བཀའ་ལན་བསྩལ།
དེང་སང་སྤྲུལ་སྐུའི་བཟོ་གྲྭ་ཆེ་ཤོས་ཀྱི་བར་དུ་སྤྲུལ་སྐུ་བཟོ་རྒྱུར་གཉིས་མོས་དང་གཉིས་ཕན་ཟེར་བའི་སྐད་གྲགས་ཅན་གྱི་ཚིག་དོན་དེ་དག་བེད་མེད་དུ་གྱུར་པར་འདྲ། ཁྱོད་ཤི་ང་གསོན་ཡིན་ཟོལ་འདུག་ག བཀྲ་ཤིས་བདེ་ལེགས།
བོད་མི་དམངས་ཀྱི་ཁེ་ཕན་དང་ཐོབ་ཐང་ལ་གཞིར་བཟུང་ནས་བཤད་ན་སྤྲུལ་སྐུ་བཟོ་གྲྭ་གཉིས་སྒོ་རྒྱབ་ན་ཏག་ཏག་རེད། ཆོས་དང་མི་མཐུན་པ། སྲིད་དང་མི་མཐུན་པ། དེང་རབས་དང་མི་མཐུན་པའི་བཟོ་གྲྭ་དེ་གཉིས་སྒོ་རྒྱབ་ན་ཡག་ཤོས་རེད་ལ་བོད་མི་དམངས་མགོ་སྐོར་གཏོང་གྱི་མཚམས་འཇོག་རན་རེད་ད།
པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་གཤེགས་སྟངས་ཐད་ལ་དྭོགས་གཞི་ཡོད་མེད་རྒྱ་ལོ་དོན་འགྲུབ་ལ་དྲིས་དང་ལན་གསལ་པོ་རྒྱག་ཀི་འདུག་སྙམ། རྒྱལ་མཚན་ནོར་བུ་གང་ཟག་ཡག་ངན་རང་གིས་ཚོད་མི་ཐིགས་པས་ཁ་ཁར་བཞུགས་ན་ཡག་རེད་གདའ།
རྩོམ་དང་རྩོམ་གཞི་གཉིས་ཀ་ཆོ་མིན་འདུག་ལ་ ནང་དོན་ཡང་གསལ་པོ་མིན་འདུག་ སྤྲུལ་སྐུའི་ལམ་ལུགས་དེ་ང་ཚོ་བོད་པ་རྗེས་ལུས་ཐེབས་པའི་གཞི་རྩ་རེད། སྤྲུལ་སྐུའི་ལམ་ལུགས་དེ་སྲིད་དང་ཚོང་ཞིག་ཡིན་པ་ལས་ ཤཱ་ཀྱ་མུ་ནེའི་ཆོས་མ་ཡིན།
ཐོག་མར་པཎ་ཆེན་ནོར་བུ་རྒྱལ་མཚན་ལ་འཚམས་འདྲི་ཞུ། ཁུག་རྟའི་པན་ཆེན་བདེན་རྫུན་བཤད་ན་བཙན་བྱོལ་ཚང་ཚར་སོང་བ་རེད། བཀའ་བློན་ཟམ་དོང་གིས་པན་རྫུན་ཟེར་མི་ཆོག་པ་བཀའ་བཅད་ཟིན་པ་རེད། གངས་ཅན་བླ་མས་པཎ་ཆེན་ཆོས་ཀྱི་རྒྱལ་པོ་གསོལ་ཟིན་པ་རེད། ཡིད་ཕམ་པ་ཞིག་ལ་ནག་ཆུའི་བྱིས་པ་བསམ་མེད་དེ་རྒྱ་ལག་བཞག་དགོས་དོན་གང་ཡིན་ནམ། བྱ་བྲལ་རིན་པོ་ཆེ་དཀྲུངས་དགོས་དོན་གང་ལ་ཐུག་ཡོད་དམ།
ཇོ་བོ་རིན་པོ། དྲ་འབུ་འདི་ཚོས་ཅི་གང་ཤེས་རྒྱུ་མི་འདུག སྤྲུལ་སྐུ་ཟེར་བ་འདི་སངས་རྒྱས་ཆོས་ལུགས་ཀྱི་ཡོད་ན་མེད་ན་ཞིག་རེད། གཞི་ལམ་འབྲས་གསུམ་ཟེར་བའི་འབྲས་བུ་སྐབས་ཀྱི་གལ་འགང་ཆེ་ཤོས་ཞིག་ནི་སྤྲུལ་སྐུ་ཟེར་བ་དེ་རེད། ནང་བསྟན་ཡོད་ཕྱིན་ཆད་སྤྲུལ་སྐུ་ཡོད་ཡོད་རེད། སྤྲུལ་སྐུ་ཟེར་རྒྱུ་ཞིག་མེད་ནས་བཟུང་། སངས་རྒྱས་བསྟན་པ་ཡུན་རིང་གནས་སྟངས་ཡོད་ནི་མ་རེད། ཧ་ཧ། འདི་ཡང་བོད་ལུགས་ཀྱི་ནང་བསྟན་གནས་སྟངས་ལ་གོ་དགོས། སུ་མ་དགའ་རུང་། ང་ཚོའི་ནང་བསྟན་གནས་སྟངས་སྤྲུལ་སྐུ་རག་ལས་པ་དེ། ང་ཚོའི་ཐུན་མིན་གྱི་ཁྱད་ཆོས་རེད། ཡང་། ཆོས་ར་བ་འགའ་རེས། དེས་ན། རྗེ་ཙོང་ཁ་བ་སོགས་ཆོས་ཅན་མང་པོ་ཞིག་བཟུང་བའི་འཕྲོར་ཐལ་དང་ཕྱིར་ཟེར་ནས་བཤད་མོད། དེར་ལན་སྟབས་བདེ་ཞིག་བརྒྱབ་འདོད་ན། ཤེས་བྱ་ཐམས་ཅད་རྡོག་རྡོག་མ་ཡིན་ཟེར་བ་འདིས་འཐུས།
་་་་་་་་་་ ༧ཀུན་གཟིགས་མཆོག་གི་སྐུ་སྲུང་ཨ་མདོ་བ་ཚེ་རིང་མཁར་མཆོག་སྐུ་གཤེགས་སྟངས་ཁོ་ནས་ཀྱང་། ༧ཀུན་གཟིགས་མཆོག་སྐུ་གཤེགས་སྟངས་ཀྱི་ན་ཟུག་བོད་མི་ཚོའི་སེམས་ནས་སུས་ཀྱང་སེལ་མི་ཐུབ་ལ། གཞན་གང་གིས་ཚབ་བྱེད་མི་ཐུབ་པའི་བློ་འགྱོད་ཅིག་ཡིན་པར་འགྱུར་བ་ག་ནས་འབྱུང་། ་་་་་་་་་་་
པཎ་རྫུན་རྒྱལ་མཚན་ནོར་བུ་ནི། དོལ་རྒྱལ་རིང་ལུགས་པ་ཅིག་ཡིན་པ་ར་འཕྲོད་བྱུང་བ་ཙམ་མ་ཟད། རང་ལོ་བཅྭ་བརྒྱད་འརྒལ་ཟིན་ནས། མིའི་མགོ་སྐོར་འོག་ཏུ་ཚུད་ན་རང་ལ་ནག་ཉེས་ཡོད་པ། རྩིས་སྟངས་འདི་དུས་རབས་ཉེར་གཅིག་འགྲོ་སྟངས་རེད་གདའ།
རྒྱལ་མཚན་ནོར་བུ་པཎ་ཆེན་རྫུན་མ་ཡིན་པ་དངོས་ཡོད་གནས་ཚུལ་རེད། ཡིན་ན་ཡང་གང་ཟག་ཡག་ཉེས་གང་ཡིན་རིམ་པར་ལྟ་རྒྱུ་རེད། པཎ་ཆེན་ངོ་མ་རྒྱ་ནག་གཞུང་གིས་བཟང་བཙོན་ལ།བཅུག་ཡོད་པས་བུ་ཡིན་ན་རྒ་ནག་གཞུང་ལ་རྒོལ་ཤོགས། དེ་མི་ནུས་ན་ཁ་བཙུམས་ན་ཡག་གི་རེད།
ཆབ་བྲག་ལྷ་མོ་སྐྱབས་དང་ཤར་ཕྱོགས་ཁུག་རྟས་སྔོན་མ་ནས་པཎ་ཆེན་རྫུན་མ་ཅིག་ཡིན་རབས་བཤད་རེད། དེ་ལས་ཡན་གྱི་གོང་ས་མཆོག་ལ་མཚད་སྨད་མེད། ད་དུང་མདོ་སྨད་གྲྭ་རྒན་ཚོས་ཁོ་ཚོ་སྤྱི་འཐུས་ལ་བདམ་གི་ཡོད་རེད།
པཎ་ཆེན་དངོས་རྫུས་ཡིན་མིན་ནི་སྐྱེས་ཙམ་ནས་ཀ་ངོ་ར་ངོ་ཤེས་མཁན་ཞིག་མ་ཐར་དགོས་པ་རེད་དེ་མིན་ཅིག་ཅིག་ཉིག་ཉིག་གི་སྤྲུལ་སྐུ་རེད་ཟེར་ནས་འཇིག་རྟེན་ཐ་མལ་པ་དང་ཁྱེད་མེད་པར་ཀ་ཁ་གཞི་ནས་སློབ་དགོས་པ་དཀོན་མཆོག་གསུམ་གཞི་ནས་ངོ་སྤྲོད་དགོས་པ་དེ་ཚོ་ལ་སྤྲུལ་སྐུ་ཡིན་པའི་འདུ་ཤེས་དང་ཡིད་ཆེས་གང་ཡང་མེད།།
བོད་པ་ཚོས་ཆུ་མགོ་ནས་རྙོག་ན་གཞུག་ནས་དྭངས་ཀྱི་རེད་དམ། དང་པོ་སྤྲུལ་སྐུ་ཟེར་བ་དེ་རྒྱ་གར་འཕགས་ཡུལ་ཚུན་ལ་མེད་པ་སྔར་མེད་གསར་སྤྲོས་བྱེད་མཁན་བོད་པ་ཚོ་རེད། གཉིས་པ་སྤྲུལ་སྐུ་གང་བྱུང་བཙལ་ཏེ་རྒྱུ་འབྱོར་བ་འཚོལ་ཐབས་དང་དབང་ཆ་སྒེར་འཛིན་གྱིས་མི་མང་ལ་བཤུ་གཞོག་བྱེད་པ། རྒྱ་སོག་གི་སྦྱིན་བདག་སུས་བརྙེད་འགྲན་བསྡུར་སོགས་ཚང་མ་བོད་པས་བྱས་རེད། གསུམ་ནས་ཕ་རིང་བུ་རྒྱུད་དང་ནང་མི་བཟའ་ཟླ་ཚུན་ཚང་མ་སྤྲུལ་སྐུ་བཟོས་ཏེ་རང་གི་ཁེ་ཕན་ཆེད་ལོག་ཆོས་སྣ་ཚོགས་སྤེལ་མཁན་ཀྱང་བོད་པ་ཚོ་རེད་ད།
ད་ཡང་བོད་པ་ཚོས་མགོ་སེར་གློག་བརྙན་འཁྲབ་སྟོན་པ་དང་ཆབ་སྲིད་པ། འབྱོར་ལྡན་སོགས་གཞན་ངོ་འཛིན་པ་དང་ལོངས་སྤྱོད་ཐོབ་ཆེད་སྤྲུལ་སྐུ་ཡ་མ་གཟུགས་འདྲ་མིན་ལ་ངོས་འཛིན་གྱིས། རང་ཉིད་ལོག་འཚོས་འཚོ་བ་ཙམ་མ་ཟད། འཛམ་གླིང་འདིར་བློ་གཟུ་བོར་གནས་པ་ཚོས་མཐོང་ན་ངོ་ཚ་དགོས་པ། སངས་རྒྱས་ཀྱི་བསྟན་པ་ལ་རྨ་ཆེན་པོ་འབྱིན་བཞིན་ཡོད་ཅིང་། ལྷག་པར་སྤྱོད་ངན་དེ་ཚོ་རྒྱ་རྒན་རྒྱ་མོ་ཚོའི་ཁྲོད་ཆུ་ངན་ལམ་ཤོར་གྱིས་ད་ཆ་བོད་ཀྱི་ནང་ཆོས་ཟེར་དུས། སྐྱག་རྫུན་མགོ་བསྐོར་དང་སྤྱོད་ལམ་ངན་པ། དངུལ་དངོས་དང་བུད་མེད་ཐོབ་ཐབས་ཀྱི་ཇུས་ཙམ་མི་ཚོས་འཛེམ་ཟོན་བྱེད་དགོས་པའི་ལོག་ཆོས་ཤིག་ཏུ་བརྩིས་ཀྱིན་གདའ། ཡིད་མི་ཆེས་ན། ཡར་ཐོན་རྒྱལ་ཁབ་ཚོའི་ནང་ལྟོས་དང་། ནང་ཆོས་པ་མང་ཤོས་སེམས་ཁམས་ཐང་ཐང་མེད་པ་དེ་འདྲ་རེད་མ་གཏོགས། མི་ཚད་ལྡན་དེ་འདྲ་ཧ་ཅང་ཉུང་ཉུང་རེད།
དེ་ལས་ཀྱང་ཡ་མཚན་པོ་ཅིག་ནི་བོད་པའི་བླ་མ་ཚོར་དངུལ་དངོས་དང་བུད་མེད་རག་སོང་ན། འཛམ་གླིང་ནང་ལོག་ཆོས་ར་མ་ལུག་སྤེལ་ཏེ་མི་གསོད་ཁྲག་སྦྱོར་བྱེད་མཁན་ཚུན་ལའང་སྒྲོ་ལོར་ས་ཡ་དང་དབང་ལུང་མན་ངག་ཏུ་བསྙད་པ་བརྗེས་ཏེ། ཐ་མ་སྡུག་ཅག་ཐམས་ཅད་ཀྱི་རྩ་བ་བོད་ཀྱི་ནང་ཆོས་ལ་ཐུག་འགྲོ་བ་དེ་འདྲ་ཡང་བྱུང་མྱོང་ཡོད་པ་རེད། ད་བོད་པ་ཚོས་རང་གིས་བཟོས་པའི་རྫོབ་དོང་ལས་དྲི་ངན་ཁྱབ་ཡོང་དུས། རང་སྟེང་དུ་མཛུབ་མོ་བཙུགས་ཏེ་ནོར་འཁྲུལ་བཅོས་བསྒྱུར་ཡོ་བསྲང་གི་བསམ་བློ་འཁོར་རྒྱུའི་ཚབ་ལ། ང་ཚོའི་ཆོས་དང་རིག་གཞུང་ཙོག་པ་བཟོས་སོང་མདོག་མདོག་གིས་གཞན་ལ་འཁོན་འཁོན་དོག་དོག་བྱེད་པ་ཡ་ཆ། དོན་གྱིས་སྦྲུལ་གསོད་དགོས་ན་སྦྲུལ་མགོ་བཅོམ་དགོས་པ་ལྟར། གལ་ཏེ་འབྱུང་འགྱུར་འཛམ་གླིང་འདིར་ཕན་བདེའི་རྩ་ལག་སངས་རྒྱས་ཀྱི་བསྟན་པ་དཀར་འཇམ་ཡུག་གཅིག་ཏུ་ཁྱབ་པ་ཅིག་དར་འདུན་ཡོད་ཚེ། ངེས་པར་རྒྱལ་ཁྲིམས་དང་ཆོས་ཁྲིམས་གཉིས་ཀ་བེད་སྤྱོད་ཀྱིས་བོད་པའི་ལོག་ཆོས་པ་རྣམས་ཚར་གཅོད་བྱེད་དགོས་པ་རེད། དེ་མ་བྱུང་བར་ཆུ་མགོ་ནས་རྙོག་ན་གཞུག་ནས་དྭངས་མི་སྲིད་དོ།།།།
པད་མ་ཟེར་བའི་བླུན་རྒན་ཚོར་སྤྲུལ་སྐུའི་ལམ་ལུགས་ཞེས་པའི་དགོས་པ། རྒྱུ་མཚན། དམིགས་ཡུལ་སོགས་དོན་དག་ཆེ་ཆུང་གང་གི་ཐད་ནས་ཤེས་བྱ་ས་རྡུལ་ཙམ་ཡང་ལྷག་མི་འདུག ཁྱོད་ཚོའི་སྐལ་ངོ་མ་དེ་ད་ལྟའི་བོད་ཀྱི་སྐྱེས་ཆེན་གང་ལ་ཁ་རྡུང་གཏང་ཨེ་ཐུབ་དང་། བོད་མི་ཤེས་འཇོན་ལྡན་པ་ཚོར་སྒྲོ་སྐུར་སྣ་ཚོགས་བཤད་ནས་བོད་ཀྱི་སྤྱི་ཚོགས་དཀྲུག་ཨེ་ཐུབ་བལྟ་རྒྱུ་གཉིས་རེད། མ་རེད་དམ། མི་ཤེས་ཟེར་ན། ད་བར་ཁ་བརྡ་དྲ་བར་འོངས་ནས་མཆན་ལོག་བརྒྱབ་ཚད་པོ་ཕྱིར་ཕྱུང་དང་། མངོན་སུམ་ལ་མ་སྙོན་ན་ར་འཕྲོད་ཐུབ་ངེས། ད་ཐེངས་ཀྱང་ངོ་མ་ཚ་ནས་ཡིད་ལ་གང་འཆར་ཡི་གེ་དག་མ་དག་མཚམས་ནས་བྲིས་པར་ལྟོས་ད། ཁྱོད་ཚོ་འདྲ་བོར་གནས་ལུགས་ཤིག་གསལ་བཤད་བྱ་རྒྱུ་ནི། འཆད་པ་པོར་དཀའ་ངལ་རང་རེད། ཧ་ཧ། དངོས་གནས་ཉན་ས་ཞིག་མི་འདུག བདུད་རྒན་སུའི་སྐྱེས་པ་ཡིན་སུས་ཤེས།
སྐྱེ་བ་སྔ་ཕྱི་ཕར་ཞོག་ལོ་རྗེས་མའི་གནས་ཚུལ་ཙམ་ཡང་སྔོན་ཤེས་མི་ཐུབ་མཁན་དག་གིས་སྤྲུལ་སྐུ་ཇི་ལྟར་ངོས་འཛིན་བྱེད་ནུས་སམ། བླ་མ་ག་གེ་མོའི་ཡང་སྤྲུལ་ངོས་འཛིན་ཆེད། རྡ་སའི་རོང་ཕྲུག་ཁ་ཤས་ཀྱི་མིང་བསྡུས་ཏེ་བུམ་པའི་ནང་བཅུག་སྟེ། བུམ་པ་དཀྲུགས་ན་གཅིག་གི་མིང་འཐོན་ངེས་རེད། ཧཧཧ། གསེར་བུམ་དཀྲུག་སྟངས་འདི་འདྲ་མ་རེད་དམ།
ཨ་་་ལགས། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་ལུགས་སྲོལ་འདི་ཤཀྱའི་རྒྱལ་པོའི་ཆོས་ལུགས་དང་མཐུན་པའི་ལུགས་སྲོལ་ཡིན་སྟངས་བཀའ་བསྟན་གང་གི་ནང་དུ་གསལ་འདུག་གམ། གཅིག་སྟོན་རོགས་བྱོས།
ཤཀྱའི་རྒྱལ་པོའི་ཡང་སྲིད་ངོས་འཛིན་བྱས་མེད་པ། འཛམ་གླིང་གི་ཤཀྱའི་ཆོས་ལུགས་པའི་འབྲངས་རྣམས་ཀྱི་ནང་ནས་བོད་པ་མ་གཏོགས་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་རེད་ཟེར་ནས་ངོས་འཛིན་བྱས་པའི་ལུགས་སྲོལ་སུ་ལ་འདུག་གམ། ཀུན་དང་མི་མཐུན་པའི་ལོག་ཆོས་ཤིག་བོད་པས་བྱེད་བཞིན་ཡོད་པ་མིན་ནམ།
དུས་ནམ་མཁའ་ནམ་གནས་བར་དུ་སངས་རྒྱས་ཀྱི་སྤྲུལ་པ་རྒྱུན་མི་ཆད་ཕེབས་པར་ངེས་པ་རེད། སྤྲུལ་སྐུར་ངོོ་འ།ིན་དགོས་ཡོད་མེད་དེ། སྐད་ཆ་གཞན་པ་ཅིག་རེད་དོ།།
http://news.cntv.cn/2015/12/08/VIDE1449583917818320.shtml?url_type=1&object_type&pos=1&from=groupmessage&isappinstalled=0
པདྨ་ལགས་དེ་འདྲའི་སྤྲུལ་སྐུ་ཆོས་ལུགས གང་གི་རེད་དམ
ཡ་ཅོ་རི། སངས་རྒྱས་ཀྱི་དགོངས་པ་དང་མཐུན་ཞིང་། ནང་བསྟན་གཞུང་ལུགས་ཀྱི་བསྟན་དོན་དང་མ་འགལ་བ་ཞིག་ཡིན་ན། ཅི་རེད། བཀའ་བསྟན་གྱི་པོ་ཏིའི་ནང་ན་ཤར་ཤར་ཡོད་དགོས་པ་ཨེ་རེད། ཧ་ཧ། དགོད་སློང་རྐྱེན། རྗེ་བཙུན་བྱམས་པའི་སྦས་དོན་མངོན་རྟོགས་ཀྱི་རིམ་པའང་། ཁྱོའི་བསམ་པ་བཞིན་སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་འམ་ཡུམ་མདོ་ན་ཡོད་ཚོད་མི་འདུག་སྟེ། རྒྱ་བོད་མཁས་པ་སུས་ཀྱང་ཆོག་ལོག་རེད་ཟེར་རྒྱུ་བསྐྱུར་འདུག་ཨ། རིགས་ལམ་ཅུང་སྦྱང་ཡོད་ན། ད་བསམ་བློ་ཐོངས་ད་མི་ཤེས་རྒྱུ་མི་འདུག ཧ་ཧ། གཞན་ལ་མེད་ཚེ་བོད་པར་ཡོད་མི་ཉན་ན། བོད་རང་བཙན་འདིའང་མི་དགོས་པ་གྱིས།
ཉོན་ཨ། ཉན་ནས་ཉག་ཉོག་མ་ཡིན་པའི་ལན་ཡོད་ན་ཕྲིས། བོད་ལ་སྤྲུལ་སྐུའི་ལམ་ལུགས་ཡོད་པ་ནས་བཟུང་། སྤྲུལ་སྐུ་རིམ་བྱོན་ཚོས་བོད་ཡུལ་གཙོས་ཆེན་པོ་རྒྱ་ཧོར་གྱི་ཐ་གྲུ་ཀུན་ཏུ་ལེགས་པའི་མཛད་འཕྲིན་ཅི་བསྐྱངས། ཁྱོས་རྒྱལ་རབས་ཆོས་འབྱུང་གི་གཞུང་ལུགས་དག་ནས་ག་ཚོད་ཅིག་རིག་མྱོང་། མ་མཐའ་ཡང་མཚན་གཞི་ཙམ་ཞིག་ངོས་བཟུང་ནས་འདིར་དྲོངས། གནའ་ནས་ད་བར་བོད་དང་བོད་མི་འདྲ་བའི་ཡུལ་ཡུལ་མི་དག་ལ། ཤི་བོའི་སྙེ་མགོ་དང་གསོན་པོའི་རང་ཁྱིམ་ནས་དད་འདུན་བསྐངས་ཏེ་ཆོས་སྦྱིན་པ་དྲགས་ཤོས་ཀྱི་རིགས་དེ་སུ་ཡིན་ཨེ་ཤེས། གྲོང་བ་དབུལ་སྐྱོབ། དགོན་པ་ཞིག་གསོ། ཤེས་ཡོན་དར་སྤེལ། ཉམ་ཐག་རོགས་འདེགས་སོགས་གཟེང་འཐོན་གྱི་བྱ་བ་སྒྲུབ་མཁན་ལ་སྤྲུལ་སྐུས་བརྒྱ་ཆ་ག་ཚོད་ཟིན་འདུག དེས་མི་ཚད་ནའང་དེ་ཚོ་ཤེས་པས་ཆོག ཅི་ཞིག་གི་རིགས་སུ་གཏོགས་པ་ལ་སྐྱོན་ཞིག་ཡོད་པ་དེས། ཅི་དེ་མེད་ཀྱང་ཆོག་ན། འཇིག་རྟེན་འདིའི་སྣོད་བཅུད་ཀྱི་རིགས་ཡོད་དོ་མེད་ན་ཆོག་པ་ཁས་ལོངས་ད། རྒྱང་འཕེན་པ་གསར་བ་ཞིག་ཆགས་ངེས། ཧ་ཧ།
འགྲོ་བ་མིའི་རིགས་ཀྱི་ནང་ནས་ཤཀྱའི་དགེ་སློང་ཚོས་རྫུན་མི་བཤད། རྐུ་མི་བྱ། མི་མི་གསོད། བུད་མེད་མི་བརྟེན། ཆང་མི་འཐུང་། སྲུང་བྱ་དེ་དག་སྲུང་ཐུབ་པའི་རྒྱུ་མཚན་གྱིས་མི་རྣམས་ཀྱིས་ཤཀྱའི་དགེ་སློང་ལ་གུས་བཀུར་བྱས། དད་པ་བྱས།
སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་མཁན་ཚོས་རྫུན་བཤད། ཅིག་ཅིག་གི་ཡང་སྲིད་འདི་དང་དེ་རེད་ཟེར་ནས་མཁྱེན་མདོག་བྱས། གསེར་འབུམ་དཀྲུགས་མདོག་བྱས། ལྷ་བབ་མདོག་བྱས། མངོན་ཤེས་ཡོད་མདོག་བྱས་ནས་ཡང་སྲིད་ངོས་འཛིན་བྱས།
བྱས་སྟངས་དེ་དག་རྫུན་རེད། རྫུན་ཡིན་པའི་མ་ཚོད་མི་ཆོས་བླ་མའི་རྫུན་རེད། ༧རྒྱལ་བ་ཐམས་ཅན་མཁྱེན་པ་ཡིན་མདོག་བྱས། པན་ཆེན་ཐམས་ཅད་མཁྱེན་པ་ཡིན་མདོག་བཤད། ཀརྨ་པ་དུས་གསུམ་མཁྱེན་པ་ཡིན་མདོག་སྟོན། བོད་ཀྱི་བླ་མ་ཆེ་རེ་ཆེ་ཚོད་ཚང་མས་མངོན་ཤེས་ཡོད་མདོག་དང་རྟོགས་པ་མཐོ་མདོག་བྱས་ནས་ཡང་སྲིད་ངོས་འཛིན་བྱས།
མགོ་ཏྭ་ལའི་བླ་མ་ནས་མཐའ་སྤྲུལ་སྐུ་ཆུང་ཆུང་ཞིག་ཡན་ཆན་སུ་ཡང་ཐམས་ཅད་མཁྱེན་པ་མ་རེད། ལྷ་བབ་མདོག་བྱས་ནས་དངོས་མེད་ལྷ་འདྲེ་དང་དངོས་ཡོད་མིའི་བར་དུ་སྐད་ཆའི་གོ་བརྡ་འཕྲད་ཀྱི་ཡོད་མདོག་མདོག་བྱས་བསྡད་པ་དག་རྫུན་རེད། གསེར་འབུམ་དཀྲུགས་ན་དེ་ནང་བཞིན་རྫུན་རེད།
རྫུན་གྱི་འཁོར་ལོ་བསྐོར་ནས་དད་ལྡན་མི་དམངས་མགོ་བཏང་བསྡད་པ་འདི་ཤཀྱའི་རྒྱལ་པོའི་དམ་པའི་ལྷ་ཆོས་དང་རྩ་བ་ནས་རྒྱབ་འགལ་ཡིན། ངས་དེ་རིང་འདི་ནས་ཐག་བཅད་ནས་བཤད་ཕོག་པ་ནི་སྐུ་བདག་རྒྱབ་མཁན་གྱི་བླ་མ་སྤྲུལ་སྐུ་དེ་དག་མི་ཆོས་བླ་མའི་རྫུན་བཤད་མཁན་རེད་ཅེས་ལབ་ཀྱི་ཡིན། ཁོང་ཚོའི་རྒྱུད་ལ་དགེ་སློང་གི་སྡོམ་པ་ལྷག་ཐབས་ཡོད་མ་རེད་ཞུ་རྒྱུ་ཡིན།
དེ་ནས་སྤྲུལ་སྐུ་ལུགས་སྲོལ་འདི་དར་ནས་སྤྲུལ་སྐུ་ཚོས་ཆོས་སྲིད་ཟུང་འབྲེལ་ལག་ལེན་བྱས། ཤཀྱའི་རྒྱལ་པོའི་བསྟན་པ་འོ་མའི་རྒྱ་མཚོ་ལྟ་བུ་འདིའི་ནང་དུ་ཁྲག་གི་ཐིགས་པ་བཏབ་ཡོད། ཆོས་ཡང་དག་ཞིག་ཀྱང་བྱས་ཐུབ་མེད། སྲིད་ཡག་པོ་ཞིག་ཀྱང་བྱས་ཐུབ་མེད། ཆོས་མིན་སྲིད་མིན་གྱི་ལུགས་སྲོལ་བཙུགས་ནས་སྐྱ་མིན་སེར་མིན་ཚོས་བོད་མི་དམངས་ལ་དབང་སྒྱུར་བྱས། དེའི་མཇུག་འབྲས་ད་ལྟ་མྱོང་བཞིན་པ་རེད།
་་་་་་་་་་་ མགོ་ཏྭ་ལའི་བླ་མ་ནས་མཐའ་སྤྲུལ་སྐུ་ཆུང་ཆུང་ཞིག་ཡན་ཆན་སུ་ཡང་ཐམས་ཅད་མཁྱེན་པ་མ་རེད། ལྷ་བབ་མདོག་བྱས་ནས་དངོས་མེད་ལྷ་འདྲེ་དང་དངོས་ཡོད་མིའི་བར་དུ་སྐད་ཆའི་གོ་བརྡ་འཕྲད་ཀྱི་ཡོད་མདོག་མདོག་བྱས་བསྡད་པ་དག་རྫུན་རེད། གསེར་འབུམ་དཀྲུགས་ན་དེ་ནང་བཞིན་རྫུན་རེད། ་་་་་་ཟེར།
ཤར་ཕྱོགས་ཁ་ཏའི་ཁ་ན་སྙན་པོ་མེད།། རྒྱ་མིའི་པཎ་ཆེན་ཐུགས་ན་དག་སྣང་མེད།།
ཅོ་ཉི་གླེན་པ། ངོར་སྤུ་མ་སྐྱེས་པའི་དོན་དག་ཀྱང་མི་ཤེས་མཁན་ངོ་ཚ་མེད་པ་ཁྱོས། སྤྱིར་བཏང་གི་རྒྱུན་ཤེས་ཡང་སྲིད་ཅན་གྱི་སྤྲུལ་སྐུ་ཟེར་བ་དེ་ཅི་ཡིན། དེ་ངོས་འཛིན་ལུགས་མི་འདྲ་བ་ག་ཚོད་ཡོད་མེད། དེ་ལྟར་ངོས་བཟུང་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་སོགས། བོད་ཆོས་ལྡན་ཞིང་གི་བྱིས་པ་ལོ་བརྒྱད་ཚོའི་ཤེས་ཚོད་ཀྱང་ཤེས་རྒྱུ་འདུག་ཨ། གླེན་རྒན་ཁྱོད། དེ་འདྲའི་ཆེས་ཕལ་བའི་རྒྱུན་ཤེས་ཙམ་ལ་རྨོངས་འདུག་པ་ཞིག་གིས། སུ་ཞིག་ཐམས་ཅད་མཁྱེན་པ་ཡིན་མིན་གང་འདྲ་བྱས་ནས་ཤེས་དགོས་པ་རེད། སོ་སོས་ཅི་གང་མི་ཤེས་བཞིན་དུ། ད་དུང་སུ་ཞིག་གིས་ཐམས་ཅད་མཁྱེན་མིན་དང་། དུས་གསུམ་ཤེས་མིན་སོགས་བཤད་ལ་དགའ་བ་ཁྱོད་སྨྱོན་པ་རང་རེད། ཅི་ཞིག་ཕམ་རྫུན་ཡིན་མིན་དེ། ཁྱོད་འདྲ་མོ། དམ་ཆོས་འདུལ་བའི་གླེགས་བྱང་ཙམ་ཡང་མཐོང་མ་མྱོང་མཁན་ཞིག་ལ། ཐག་གཅོད་འདི་བབས་པ་ཞིག་ཡིན་ནི་མ་རེད། བསྟན་བཤིག་ཁྱོད། བདེ་མོ་བྱོས། ད་མི་ཁོམ། ཁོམ་དུས་བཤད་རེས་བརྒྱབ་ཆོག སྐྱག་གཟན།
དབུ་ལམ་པ་ཚོས་རྒྱའི་པཎ་ཆེན་ལ་ལྐོག་ལབ་རྒྱབ་དང་མ་རྒྱབ་ཡོད་རྒྱུ་མ་རེད། ནམ་ཞིག་ཁྱེད་ཚོ་རྒྱ་ལ་ལོག་ཆོག་པ་བྱུང་ཚེ་རྒྱ་པཎ་གྱིས་བཀའ་བཀོད་འོག་ཏུ་བསྡོད་རྒྱུ་ལས་འགྲོ་ས་གཞན་ཡོད་ནི་མ་རེད།
རྒྱལ་ནོར་བཅོ་བརྒྱད་བར་དུ་གཞན་རྟོན་རེད། །
བཅོ་བརྒྱད་ཡོལ་ནས་བཤད་ཚད་རང་འདོད་རེད། །
དོལ་བསྟེན་རྒྱ་ཁྱི་བྱས་ཀྱང་རང་དབང་རེད། །
པཎ་་རྫུན་རང་མདོག་བསྟནད་ཀྱང་རང་དབང་རེད། །
རྒྱལ་ནོར་བཅོ་བརྒྱད་བར་དུ་གཞན་དབང་རེད། །
བཅོ་བརྒྱད་ཡོལ་ནས་བཤད་ཚད་རང་འདོད་རེད། །
དོལ་བསྟེན་རྒྱ་ཁྱི་བྱས་ཀྱང་རང་དབང་རེད། །
པཎ་་རྫུན་རང་མདོག་བསྟནད་ཀྱང་རང་དབང་རེད། །
ལམ་དབུ་མའི་བསྒྲུབ་བྱ་གྲུབ་ནས་དབུ་ལམ་པ་ཚོ་བོད་ལ་ལོགས་དུས་པན་ཆེན་རྒྱལ་མཚན་ནོར་བུའི་རྩ་ནས་དུས་འཁོར་དབང་ཞུས་ངེས་རེད་ད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ངོས་ལེན་ཡོད་པའི་པན་ཆེན་ཁོ་རེད།་་་་ཧཧཧ
དགེ་ལུགས་དང་རྙིང་མ་གཉིས་ཀས་བོད་མི་རིགས་ཀྱི་ཆོས་དད་པའི་སུམ་ཆ་གཉིས་ལོན་ཡོད། ༡༽དགེ་ལུགས་པའི་དབུ་འདིན་མཐོ་གྲས་ཡ་གྱལ་པཎ་ཆེན་རིན་པོ་ཆེ་རྫུན་མར་གྱུར་བ་ནས་བཟུང་དགེ་ལྡན་པའི་རླུང་རྟ་ཉམས་པའི་ལྟས་བྱུང་བ་རེད། ད་ལྟ་དགེ་ལུགས་སྤྱིའི་འདྲེན་པ་སུ་ཞིག་ཡོད། དགའ་ལྡན་གསེར་ཁྲི་ནི་རྒས་འདུག གཞོན་པའི་ཁྲོད་དུ་ཡོངས་འཛིན་གླིང་། ལྕང་སྐྱ་གཉིས་ཙམ་ཀུན་གྱིས་བཀུར་རམ། དེ་གཉིས་རེ་བ་བྱེད་ས་ཡིན་སྙམ། པཎ་ཆེན་རྫུན་མ་ཟེར་མི་རུང་། ཇོ་བོ་རིན་པོ་ཆེའི་བྱིན་རླབས་གསེར་བུམ་ལས་བྱུང་བ་རེད། ད་བར་ཞབས་འདྲེན་ཞུས་པ་ཆེར་མི་འདུག དཀྲོག་གཏམ་སྤེལ་བ་ཡང་མི་འདུག ནང་འཁྲུགས་བསླང་བ་ཡང་མི་འདུག དོལ་རྒྱལ་གྱི་ཚོགས་པར་འབྲེལ་བ་ཡོད་པ་བདེན་པ་རེད། བརྟེན་མཁན་རེད་ཟེར་ན་གཞན་རྒྱུད་མི་ཤེས་པས་བཤད་དཀའ། དཔེ་ཆ་ནི་བོད་ཀྱི་སྤྲུལ་སྐུ་གཞོན་པ་ཚོའི་ནང་གི་རྩེ་གྲས་ཡིན་ཚོད་རེད། ༢༽རྙིང་མ་ལ་སྔོན་དབུ་འཛིན་མེད། དབུ་འཛིན་མེད་སྐབས་དར་རྒྱས་ཆེ་ཞིང་། བླ་སྤྲུལ་གྱི་རྩོད་པ་ཟེར་བ་བྱུང་མེད། དབུ་འཛིན་བྱུང་ནས་མི་རབས་ལྔ་ཙམ་རེད། མ་སྐྱོན་ཙམ་བྱུང་ཡོད། ད་འོངས་པར་ཡང་དབུ་འཛིན་ལ་བརྟེན་དགོས་པ་མེད། གུ་རུ་རིན་པོ་ཆེས། སྐབས་སྐབས་ཉམས་ཀྱང་ལས་ཅན་རིམ་བཞིན་འོངས༔ ཡུལ་ཁམས་རེ་ལ་སྤྲུལ་བའི་གཏེར་སྟོན་རེ༔ བསྟན་ཞབས་གཏེར་སྐྱོང་ང་ཡི་འཕྲིན་ལས་འཇུག༔ ཁོ་བོས་སྤྲུལ་བས་རང་གི་བསྟན་པ་འཛིན༔ ཟེར་བ་ཡིན་པས་སྤྲུལ་སྐུ་མེད་ཀྱང་རུང་བ་ལྟ་བུ་ཞིག་རེད། ༣༽ས་སྐྱ་པ་གདུང་བརྒྱུད་ཀྱིས་འཛིན་པས་དཀའ་ངལ་མེད། བཀའ་བརྒྱུད་ལ་སྤྲུལ་སྐུ་མེད་མི་རུང་བ་ལྟ་བུ་ཞིག་རེད། རྒྱལ་བ་༧འབྲི་གུང་པས་སྒྲུབ་བརྒྱུད་ཟིན་འདུག དཔལ་ལྡན་༧འབྲུག་པ་ལ་སློབ་མ་མང་འདུག རྒྱལ་བ་༧ཀརྨ་པ་མངའ་ཐང་རྒྱས་འདུག འབའ་རོམ། སྟག་ལུང་གཉིས་རང་ལུགས་ཟིན་འདུག དཔལ་ལྡན་ཤངས་པ་ཚང་ཀུན་ལ་འདྲེས་འདུག རྒྱལ་བ་་ཇོ་ནང་པར་རང་བཙན་མི་འདུག །ཨ་ཁ་སུ་ལ་རེ། །
ཀརྨ་གཉེར་ཕྱག་ལེགས།
པཎ་ཆེན་བླ་མ་བོད་ཀྱི་འདྲེན་པ་རེད། །
སྐུ་སྐྱེ་གོང་མ་ཡིན་པ་བདེན་དཀའ་ཡང་། །
རྫུན་མ་མ་གསུང་ཇོ་བོས་བསྐོས་པ་རེད། །
མདོ་སྔགས་གཞུང་ལ་མཁས་པ་བདེན་པ་རེད། །
རང་ཚུགས་བརྟན་པོ་ཡོད་པ་དངོས་མ་རེད། །
ཡོངས་འཛིན་ཚུལ་བཞིན་བསྟེན་པ་ཡོངས་གྲགས་རེད། །
བཀྲ་ཤིས་ལྷུན་པོ་སྐྱོང་བ་མངོན་གསལ་རེད། །
བོད་ལ་ཤ་ཞེན་ཡོད་པ་གོ་ཐོས་ཡིན། །
#27 དྲི་མེད་ལྷག་བསམ། ་ལགས་ཀྱིས་སྤེལ་དོན།:
མཁང་དབང་དྲི་མེད་ལགས།། དེ་ལས་ལྷག་པའི་བོད་ལ་ཆོས་མེད་དམ།
དྲི་མེད་ལྷག་བསམ་གྱིས་བོན་པོ་དེ་བོད་ཀྱི་ཆོས་གྲལ་ནས་ཕུད་འདུག རྒྱ་མིའི་པཎ་ཆེན་པཎ་ཆེན་ཡང་སྲིད་ངོ་མ་ཡིན་པའི་ངོས་འཛིན་གནང་འདུག མཁས་དབང་རང་རེད།
ཇོ་བོས་ཨེ། རྒྱ་གཞུང་གིས་མིན་ནམ།
྆྆པཎ་ཆེན་བསྟན་འཛིན་དགེ་འདུན་ཆོས་ཀྱི་ཉི་མ་དཔལ་བཟང་པོ་ལས་གཞན་ལ་པན་ཆེན་གྱི་རེ་བ་མི་བྱེད།
ཁྱུང་སེ་ལེགས། དགོངས་དག་ཞུ། ངའི་ཤཱཀྱའི་ཆོས་ལུགས་རྣམས་ཞུ་བ་ལགས། བོན་པོ་ལ་གུས་པ་ཡོད། བོན་པོ་རྣམས་རྩ་བ་ཚུགས། ཡལ་ཀ་རྒྱས། བོད་གཞོན་ནུའི་ནང་དུ་འབྲས་བུ་ཡང་མི་ཉུང་པ་སྨིན་བཞིན་འདུག་པས་དེ་ལ་དགའ་བསུ་མ་ཞུ་བ་སུ་ཞིག །
ལུང་རྟོགས་ལེགས། པཎ་ཆེན་ངོ་མ་ཡིན་པའི་ངོས་འཛིན་ག་ལ་ནུས། གླེང་ཡང་མི་ཕོད། འོན་ཀྱང་བསོད་ནམས་ཅན་ཞིག་རེད། པཎ་ཆེན་གྱི་གདན་ཚབ་དོན་གྱིས་འགྱུར་ཟིན་པ་རེད། ལྷ་སའི་ཇོ་བོའི་མདུན་ནས་གསེར་བུམ་དཀྲུགས་ནས་བབ་པ་དང་། ང་རང་ཤིན་ཏུ་ཡིད་ཆེས་པའི་རྒན་ཁྲོ་རུ་མཁན་ཚེ་རྣམ་ཀྱི་རྩིས་འབྲས་ཤིན་ཏུ་ལེགས་པོ་འདུག་ཅེས་སྤྱི་དང་སྒེར་རང་གིས་ཡང་གིས་ཡང་གོ་མྱོང་། རྩེད་མཚར་བྱས་ཏེ་ཕྲན་རང་གིས་ཡང་དབྱངས་འཆར་སྐོར་མྱོང་བས་ལོག་ལྟ་ནི་མེད། མ་འོངས་པ་ལ་བོད་སྤྱི་དང་། བྱེ་བྲག་དགེ་ལུགས་པར་ཕྱར་བ་གྲུ་འདེགས་བྱེད་མཁན་དུ་འགྱུར་བའི་རེ་བ་བྱེད་ལོས་ཆོག དབུ་མ་པས་རྒྱ་ནག་གུང་ཁྲན་ལ་རེ་བ་བྱེད་ན། བོད་རིགས་པཎ་ཆེན་འོས་སྤྲུལ་ལ་རེ་བ་བྱེད་ཆོག་དང་ཆོག ། ད་ལྟ་དབང་ལུང་གིས་ཆར་འབེབ་གནང་གི་ཡོད་པས་སློབ་མར་གྱུར་བ་ཡང་མང་པོ་ཡོད་པ་སྨོས་མེད་རེད། དེ་དག་གིས་གཙོ་བོའི་ལྟར་བཀའ་སྩལ་པ་་་་་ཞུས་ཚར་བས་ད་ཅི་བྱ། བོད་བཀྲས་ལྷུན་དཔེ་མཛོད་ཁང་གི་གནད་ཡོད་མི་སྣ་ཞིག་གིས་པཎ་ཆེན་དངོས་དང་མཇལ་བའི་བསོད་ནམས་མི་འདུག ད་ཆ་ཁོང་པཎ་ཆེན་འོས་སྤྲུལ་དེའི་ཐོས་བསམ་གྱི་མཛད་སྤྱོད་གང་ལ་དཔག་ཀྱང་སྐྱེས་བུ་དམ་ཞིག་ནི་ཡིན་པར་ངེས། བཀྲ་ཤིས་ལྷུན་པོ་ལའང་ཁོང་གི་སློབ་མ་མ་གྱུར་བ་མེད། ཕན་ཡང་ཐོག་གི་ཡོད་པས། ད་ཟུར་ཞིག་ཏུ་འཇོག་ཐབས་མེད། གདན་ཚབ་ལྟ་བུར་དག་སྣང་སྦྱང་རྒྱུ་དེ་ཡིན་ཞེས་བཤད་པ་གོ། ཁ་ཞེ་གཉིས་མེད་ཡིན་པ་འདྲ། ང་ལ་ནི་འབྲེལ་བ་མེད། ཁྱོད་ཅག་ཅི་དགའ་གྱིས།
མཁས་དབང་དྲི་མེད་ལགས་བཀའ་དྲིན་ཆེ་ཁྱེད་ལ་ངས་གུས་འདུད་ཆེན་པོ་ཡོད།། དྲ་བ་འདིར་ཕེབས་པའི་ནང་ནས། ༡༽རྣམ་དཔྱོད་དང་ལྡན་པ།། ༢༽རིས་སུ་མ་ཕྱེ་བའི་ལོ་རྒྱུས་ལ་རྒྱུས་མངའ་ཡོད་པ།། ༣༽ ཆོས་རྒྱུད་ཆོས་ལུགས་ཀུན་ལ་དག་སྣང་གི་རིས་མེད་དོན་དང་ལྡན་པ།། ༤༽ རྒྱ་བོད་ཀྱི་སྐད་ཡིག་ལ་བྱང་ཆུབ་པའི་ལོ་ཙྭ་བའི་མཁྱེན་པ་དང་ལྡན་པ།། གང་ལྟར་ཡོན་ཏན་བཞི་དང་ལྡན་པའི་མི་བུ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པས།། མ་འོངས་པ་ལའང་དེ་ལྟར་གནས་ཐུབ་པའི་རེ་བ་དང་ཡིད་ཆེས་ཞུ་བ་མ་ཟད་བྱུང་ན་ངོས་མཇལ་གྱིས་བགྲོ་གླེང་སོགས་ཞུ་འདོད་ཡོད།།
ཕྲག་དོག་མིག་ལ་མཛེར་མ་ཟུག་སོང
ཀརྨ་ནག་རིལ་དང་ནག་རིལ་ཟེར་ནས་དམོད་བཟློག་ཇི་ལྟར་བྱས་ཀྱང་བཀའ་རྒྱུད་ནང་ཁུལ་ལ་སྨོད་པས་ཁྱི་རྒན་ནང་འཁྲུགས་དང་བཀའ་བརྒྱུད་དང་ར་གཉིས་ནང་ཁུལ་ལ་སྡང། རང་བསྟན་རང་གིས་བཤིག་པའི་བྱ་སྤྱོད་་་་་བསྟན་པ་བཤིག་པ་ལ་སྟ་རེ་མི་དགོས་ཟེར་བ་དེ་རེད།། ཕྱི་རུ་ཞབས་བྲོ་བརྒྱབ་འདོད་ན། ནང་དུ་རྡོག་གྲྭ་སྒྲིགས་རོགས་དེ་ནས་གདོན་གཟུགས་གདོན་གཟུགས་ལབ་ན་བདེ་མོ་རེད།། ནང་བཀྲ་མ་ཤེས་མཁན་ཞིག་གིས་ཕྱི་ལ་ཞབས་བྲོ་འཁྲབ་འདོད་ལྟས་ངན་རེད།།
དོན་ངོ་མ་ལ་བདེན་རྫུན་གྱི་མཆན་བཏབ་པའི་བློ་ཁོག་ཡོད་ན་མིང་ཁ་གསལ་དང་སྡོད་གནས་པར་བཅས་མཉམ་སྦྲགས་གནང་དང་ཁུངས་སྐྱེལ་ལ་ཕན་འདོགས་ལས་དེ་མིན་མུན་ནག་ལྐོག་མདའ་འཕེན་པར་ལན་འདེབས་ངལ་བའི་རྒྱུའོ།།
ཁྱུང་སེ་ལེགས། ཕྲན་་ཡོན་ཏན་མེད་པའི་སྐྱེ་བོ་ལ་འབྱུང་རུངགིས་བསྐུལ་སློང་དང་གཟིགས་རྒྱ་གནང་བར་ཐུགས་རྗེ་ཆེ་ཞུ། ཕྲན་གྱི་ངོས་ནས་རང་གི་མེས་པོ་གོང་མ་རྣམས་ཀྱིས་དད་པའི་ཡུལ། མཆོད་པའི་ཞིང་། རིག་གཞུང་གི་མ་ཡུམ་བོན་པོ་ཚང་ལ་ནམ་ཡང་རྒྱབ་སྐྱོར་དང་གུས་པ་ཡོད། །དེང་དུས་ས་གནས་གང་ཡིན་ཡང་གདོད་མའི་ཆོས་ལུགས་ལ་ཕ་ཆོས་སུ་བཞེད་ཅིང་གཙིག་པོ་ཆེ་གནང་བ་བཞིན། བོད་ཀྱིས་ཀྱང་སོ་སོ་རང་ཉིད་གང་ལ་དད་པའི་ཆོས་ལུགས་གཙོ་བོར་བཟུང་གཞན་མྱེས་པོའི་ཆོས་ལུགས་ལ་གུས་པ་བྱས་ཤིང་དེ་ལ་རྒྱུས་ལོན་དང་། དེའི་ཁུངས་ཅི་ཙམ་རིང་པོར་གྱུར་བ་དེས་མི་རིགས་ཀྱི་རིགས་གཞུང་གི་ལོ་རྒྱུས་རྒྱུན་བསྲིང་བ་ཡིན་པས་འབད་པས་བཙལ། ཞིབ་འཇུག་གནང་དགོས་པ་གལ་ཆེན་དུ་སྣང་། །
དྲི་མེད་ལྷག་བསམ་ལགས། དེང་སང་བཙན་བྱོལ་ནང་གི་བོད་པ་ཁག་གཅིག་ནི་རྒྱ་གར་སྐད་ལྟར་ན་ཨུ་བཀྲ་རྐྱང་རྐྱང་བཤད་རྒྱུར་ཧ་ཅང་དག་པོ་འདུག་འདི་ཅི་མ་འགྲིག་པ་ཡིན་ནམ། རང་ལ་ཡོད་པའི་མཁས་གྲུབ་གཉིས་ལྡན་གྱི་སངས་རྒྱས་དངོས་ལྟ་བུའི་སྐྱེས་བུ་དམ་པ་ཚོར་གནང་སྟངས་གསུང་སྟངས་ཅིག་འགྲིག་གི་མི་འདུག་མདོག་མདོག་གི་ཟུར་ཟ་རྒྱུན་དུ་བྱེད་ཅིང་། རྒྱ་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོ་ཆེད་དུ་གསེར་བུམ་དཀྲུག་མདོག་གིས་བཀོས་བཞག་པའི་པཎ་ཆེན་རྫུན་མ་ལ་ཧ་ལམ་རྩ་ཆེན་པོ་ཞིག་རེད་མདོག་མདོག་བཤད་ཡོང་བ་འདི་ཁྱད་མཚར་པོ་ཞིག་མ་རེད་དམ། ལྷ་སའི་ཇོ་བོའི་མདུན་ནས་གསེར་བུམ་དཀྲུག་པ་ནི་ཕྱི་ཚུལ་ཙམ་ལས་དོན་ངོ་མ་རྒྱ་གཞུང་གིས་སྔར་ནས་གཏན་ཁེལ་ཟིན་པ་རེད་ལ། རྒན་ཁྲོ་རུ་ཚེ་རྣམ་ལྷ་སར་བཞུགས་ཡོད་པས་རྩིས་འབྲས་ལེགས་པོ་མི་འདུག་གསུང་ག་ལ་ནུས། དབང་ལུང་གི་ཆེ་འབེབ་གནང་གི་ཡོད་ཀྱང་རྒྱ་གཞུང་གིས་བཙན་བཀའི་འོག་ནས་དབང་ཞུ་མ་འགྲོ་ཀ་མེད་ལས་དངོས་གནས་དད་པ་བྱས་ནས་དབང་ཞུ་འགྲོ་མཁན་ཇི་ཙམ་ཡོད། བཀྲས་ལྷུན་སོགས་དགོན་པ་གང་དུ་ཡིན་ཡང་རྒྱ་ནག་གཞུང་གི་དགོས་མཁོ་ལྟར་སྐད་ཆ་བཤད་རེ་གཉིས་ཡོད་ཡོད་པ་རེད། དེས་ན་སྐད་ཆ་དེ་ཙམ་ལ་ཧང་སང་རྒྱུ་ཅི་ཡང་མེད། ཁྱེད་ལ་འབྲེལ་བ་མེད་ན་བཏང་སྙོམས་སུ་བཞག་ན་ཡག་གི་རེད། འདི་མི་ཅིག་བཟང་མི་བཟང་གི་གནད་དོན་ཙམ་མ་རེད། རྒྱ་བོད་བར་གྱི་ཆབ་སྲིད་ཀྱི་འགལ་ཟླ་ཞིག་རེད། བོད་པ་ཞིག་གིས་རྒྱ་གཞུང་གི་དགོས་མཁོ་དང་མཐུན་པའི་སྐད་ཆ་བཤད་དགོས་དོན་ཅང་མེད་པ་རེད།
ཧ་ཅང་དག་པོ་ཞེས་པ་དེ་་་་ཧ་ཅང་དགའ་པོ་ལ་བཅོས། དབང་ལུང་གི་ཆེར་འབེབ་ཞེས་པ་དེ་་་ཆར་འབེབ་ལ་བཅོས། སྐད་ཆ་བཤད་རེ་གཉིས་ཞེས་པ་དེ་་་བཤད་མཁན་རེ་གཉིས་ལ་བཅོས།
ལུང་རྟོགས་ལགས། དངོས་དོན་ལ་གཞིག་པའི་སྐད་ཆ་གསུང་དང་། བོད་རྒྱ་ཞི་མོལ་ཡོང་སྲིད་པ་ཡིན་ན་དེ་དུས་པཎ་ཆེན་ཡང་སྲིད་བཙོན་ལས་གྲོལ། འོས་སྤྲུལ་དེ་ཡང་ལྷན་དུ་འཇོག་དགོས་སམ། ཡངན་འོས་སྤྲུལ་བཙོན་དུ་འཇུག་དགོས། བོད་གཞུང་གིས་པཎ་ཆེན་སྤྲུལ་སྐུའི་ཐད་ནོར་འཁྲུལ་མང་པོ་བྱུང་ཡོད། དེ་བཞིན་༧གོང་ས་མཆོག་རི་བོ་རྩེ་ལྔར་གནས་མཇལ་ཐད་རྒྱ་ནག་གིས་ཆོག་མཆན་ལན་གཅིག་སྤྲོད་རྒྱུ་བྱས་ཡོད་ཀྱང་བོད་གཞུང་གི་ནོར་འཁྲུལ་བཟོས་ཡོད། ཁྱོད་ཀྱིས་ཕལ་ཆེར་དགོངས་རྒྱུ་མ་རེད། བོད་གཞུང་། ཨ་རུའི་གཞུང་། རྒྱ་ནག་གཞུང་གསུམ་གྱི་གཡོ་སྒྱུའི་བར་ན་ལྒང་ལི་བཞིན་རི་ལི་ལི་འགྲོ་བ་དེ་དག་གིས་གནས་ཚུལ་མི་ཤེས་པའི་རྩོད་པ་བྱེད་ས་མེད། །གང་ཤེས་པ་དེ་གསར་འགྱུར་བརྒྱུད་ལམ་ལས་བྱུང་བ་རེད། ། པཎ་ཆེན་འོས་སྤྲུལ་བོད་པ་ཡིན་པ། དེ་བོད་ཀྱི་བླ་མས་གསོ་སྐྱོང་བྱས་པ་ཡིན་པ། ད་བར་གོང་ས་མཆོག་དང་བོད་རིགས་སྤྱི་ལ་གནོད་པའི་ལས་བརྩམས་མེད་པ་དགོངས་དགོས། མ་འོངས་པར་བོད་ཀྱི་ཆོས་རྒྱུན་ཆེ་ཤོས་དགེ་ལུགས་པ་དབུ་འཛིན་མེད་པར་སིལ་བུར་འཐོར་སྲིད་པས་དེ་ལ་སྔ་མོ་ནས་མཁས་བཙུན་བཟང་གསུམ་གྱིས་ཕྱུག་པའི་དབུ་འཛིན་ཀུན་གྱིས་བཀུར་བ་ཞིག་དགོས་པའང་སྨོས་མེད་རེད། དེ་ལ་སྟོབས་ཀྱི་མངའ་དབང་ཆེ་བའི་པཎ་ཆེན་འོས་སྤྲུལ་ལྟ་བུ་རྒྱབ་རྩ་ཅན་ཞིག་གིས་ཕྱར་བ་གྲུ་འདེགས་བྱེད་དགོས་པའང་དགེ་ལུགས་པའི་ལོ་རྒྱུས་ལ་བཞུགས༎ མདོར་ན་ཐམས་ཅད་མི་རྟག་པ་རེད། བསམ་པ་ཐོག་དུ་མི་ཁེལ། འཆར་གཞི་སྟེང་དུ་མི་འགྲོ། བདེན་རྫུན་གོ་ལོག་པ་ཡང་ཡོད་པས་རྩོད་པ་བྱ་བར་དགོས་པ་མི་འདུག་མོད། བསམ་འཆར་ཆུང་ངུ་རེ་འབུལ་བ་དམངས་གཙོའི་ལམ་ལུགས་ལེགས། །
དྲི་མེད་ལྷག་བསམ་ལགས། བླ་མའི་ཡང་སྲིད་ངོས་འཛིན་ཟེར་བ་དེ་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་རེད་ལ། ལོ་བརྒྱ་ཕྲག་མོ་པོ་བརྒྱུད་ནས་ཡོང་བའི་བླ་མའི་ཡང་སྲིད་བླ་མས་ངོས་འཛིན་གནང་བའི་ལམ་ལུགས་ཤིག་ཆགས་ནས་ཡོད་པ་རེད། དེ་ལ་ཆབ་སྲིད་པས་ཆབ་སྲིད་ཀྱི་ཁེ་ཕན་ཆེད་དུ་རང་འདོད་ལྟར་འོས་སྤྲུལ་བཀོ་བཞག་བྱེད་རྒྱུ་མེད་པ་རེད་ལ་དེ་ལྟར་བྱས་ན་དེ་ནི་རྫུན་མ་ལས་ངོ་མ་ནམ་ཡང་ཆགས་མི་སྲིད། བོད་རྒྱ་ཞི་མོལ་བྱུང་ན་པཎ་ཆེན་རྫུན་མ་བཙོན་དུ་འཇུག་དགོས་དོན་མེད་པ་རེད་ལ་ལྷན་དུ་ཡང་འཇོག་དགོས་དོན་མེད་པ་རེད། ཁོ་རང་མི་དཀྱུས་མ་དཀྱུས་མའི་གྲལ་ལ་སྡད་ན་འགྲིག་གི་རེད། བོད་གཞུང་གིས་པཎ་ཆེན་སྤྲུལ་སྐུའི་ཐད་ནོར་འཕྲུལ་ཅི་ཞིག་བྱུང་ཡོད་པ་རེད། གོང་ས་མཆོག་གིས་ཕན་ཆེན་ཡང་སྲིད་ངོས་འཛིན་ཁྱབ་བསྒྲགས་གནང་ནས་ཉིན་ཁ་ཤས་ནང་རྒྱ་གཞུང་གིས་ཡབ་ཡུམ་སྲས་དང་བཅས་པ་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་གྱུར་ཡོད་པས་དེ་ནི་རྒྱ་གཞུང་གི་བྱེད་བབ་ལས་བོད་གཞུང་གིས་ནོར་འཁྲུལ་ཤོར་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། གོང་ས་མཆོག་རི་བོ་རྩེ་ལྔར་གནས་འཇལ་ཕེབས་མི་ཕེབས་དེ་ཡང་མི་གཅིག་རྒྱ་ནག་ལ་ཐར་མ་ཐར་ཙམ་གྱི་གནས་ཚུལ་མ་རེད། བོད་རྒྱའི་ཆབ་སྲིད་དང་འབྲེལ་ནས་ཡོད་པ་ཚང་མས་ཤེས་གསལ་རེད། དེས་ན་དེ་ལམ་སང་ཐག་གཅོད་རྒྱུ་ལས་སླ་པོ་ཞིག་ག་ལ་ཡིན། འོན་ཀྱང་ཁྱེད་ཀྱིས་བོད་གཞུང་གིས་ནོར་འཁྲུལ་ཚང་མ་གསལ་ཐིང་ངེར་མཁྱེན་གྱི་ཡོད་པའི་བཟོ་ལྟ་འདུག་པས་འདིར་གསལ་པོ་ཞིག་གསུང་ན་ཉན་འདོད་ཡོད། ངས་གང་ཤེས་པ་ནི་གསར་འགྱུར་རྒྱུད་ལམ་ནས་ཤེས་པ་ཙམ་ཡིན་པ་བདེན་པ་རེད། འོན་ཀྱང་ཁྱེད་ཀྱིས་ཨ་རྒྱ་བོད་གསུམ་གྱི་གསང་བ་ཡོད་ཚད་ཤེས་ཀྱི་ཡོད་པ་ལྟ་བུའི་སྐད་ཆ་འདི་ལ་ཡང་ཡིད་ཆེས་ཐུབ་རྒྱུ་ཁག་པོ་རེད། པཎ་ཆེན་འོས་སྤྲུལ་བོད་པ་མ་རེད་ཟེར་གྱི་མེད་ལ་ཕྱག་ལས་སྡུག་པོ་གནང་སོང་ཟེར་གྱི་མེད། འོན་ཀྱང་ཁོང་པཎ་ཆེན་རྫུན་མ་ལས་ངོ་མ་ཡིན་པའི་ངོས་ལེན་ནམ་ཡང་མེད་ཟེར་བ་ཡིན། དེ་བཞིན་ཁོང་གིས་བོད་མི་རིགས་ལ་ཕན་པའི་ཕྱག་ལས་གནང་ན་གུས་བཀུར་ཡོད་དང་ཡོད། འོན་ཀྱང་དེང་སང་རྒྱ་གཞུང་གིས་ཁོང་བེད་སྤྱོད་ཀྱིས་སོ་སོའི་ཆབ་སྲིད་ཀྱི་དགོས་མཁོ་སྒྲུབ་ཐབས་བྱེད་བཞིན་པའི་དུས་འདིར་རྒྱ་དངུལ་གྱི་ཁེ་ཕན་ཟ་མཁན་མིན་ན་ཁོ་ཚོའི་དགོས་མཁོ་དང་མཐུན་པའི་སྐད་ཆ་བཤད་དགོས་དོན་མེད་པ་རེད། བོད་ཀྱི་ཆོས་རྒྱུད་ཆེ་ཤོས་དགེ་ལུགས་པ་དབུ་འཛིན་མེད་སིལ་བུར་མཐོར་སྲིད་པའི་སེམས་ཁྲལ་དེ་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་རེད། དགེ་ལུགས་པ་ལ་པཎ་ཆེན་རྫུན་མ་མིན་ཡང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་གསེར་རིའི་ཕྲེང་བ་ལྟར་སྒྲིག་ནས་ཡོད་པ་རེད། ཕན་ཆེན་རྫུན་མ་ཀུན་གྱིས་བཀུར་བའི་དབུ་འཛིན་ཞིག་ནམ་ཡང་ཆགས་མི་སྲིད་པ་རེད། མི་རྟག་པ་སྒོམ་མཁན་ཡིན་ན་མི་མེད་དབན་པའི་ནག་ཁྲོད་ལ་སྒོམ་དགོས་པ་ལས་རྟག་པར་དྲ་རྒྱའི་ནང་ལ་མཐོ་བཤད་དམའ་བཤད་བྱེད་ནས་མི་རྟག་པ་སྒོམ་སྟངས་ཤིག་མེད་པ་རེད།
ལུང་རྟོགས་ལགས།། བོད་གཞུང་ནས་བོད་དུ་པཎ་ཆེན་སྤྲུལ་སྐུ་ངོས་འཛིན་གྱིས་ཁྱབ་བསྒྲགས་བྱས་ན་རྒྱ་ནག་གིས་རྙོག་ཁྲ་ཡོང་རྒྱུ་ཤེས་ཡོད་དམ་མེད།དེ་ལྟར་འབྱུང་འབྲས་ཡོང་རྒྱུ་ཤེས་བཞིན་དུ་ངོས་འཛིན་གྱིས་ཁྱབ་བསྒྲགས་བྱས་པ་དེ་ལ་དགོས་པ་རྒྱུ་མཚན་དང་རྒྱབ་ལྗོངས་ག་རེ་ཡོད་པ་ཡིན་ནམ།། དེ་ལ་མི་ཚོས་དོགས་པ་ཆེན་པོ་ཅིའི་ཕྱིར་སྐྱེ་མི་སྲིད་པ་ཡིན་ནམ།། ད་ལྟ་རྒྱ་ནག་གིས་ངོས་འཛིན་བྱས་པ་དེ་ལ་རྫུན་མ་དང་ཆབ་སྲིད་ཀྱིས་རེད་ཅེས་ཤོད་པ་ནི་ཚན་རིག་དང་མཐུན་པའི་གནས་ལུགས་འགྲེལ་བཤད་ཇི་ལྟར་བཤད་དགོས་སམ།། བུམ་དཀྲུགས་ནི་སྔར་གྱི་ལམ་ལུགས་ལྟར་ཇོ་བོའི་མདུན་དུ་རེད། དེའི་ནང་དུ་དགེ་ལུགས་ཀྱི་བླ་སྤྲུལ་ཆེན་པོ་ཇི་སྙེད་ཅིག་ཡོད་ས་རེད།། གལ་ཏེ་རྒྱ་ནག་གིས་བྱས་པ་ཐམས་ཅད་ཆབ་སྲིད་རེད་ཅེས་སུས་ཤོད་ནུས་སམ། འོན་ཀྱང་རང་ཕྱོགས་ནས་དེ་ལྟར་བཤད་ཀྱང་ཐམས་ཅད་ཀྱིས་དེ་ལྟར་ཁས་ལེན་ནུས་སམ།། ཆབ་སྲིད་ནི་བོད་གཞུང་དང་རྒྱ་ནག་གཉིས་ཀར་ཆབ་སྲིད་པ་རེད།། མ་གཞི་ནས་ཏ་ལི་བླ་མ་སྔར་བྱོན་རྣམས་རྒྱ་ནག་གོང་མས་གསེར་ཐམ་སྤྲད་ནས་བསྒྲགས་པ་ཤ་སྟག་རེད་འདུག དེ་ཚོའི་ཡི་གེ་དང་པར་རིས་དང་བཅས་པ་ལོ་རྒྱུས་ཀྱི་དེབ་ནང་གསལ་འདུག དེ་ཚོ་ཐམས་ཅད་དགེ་ལུགས་ཀྱིས་བོད་ས་དབང་བསྒྱུར་བྱེད་པར་ཕྱི་རོལ་རྒྱ་ནག་གིས་རྒྱབ་ངོམ་བྱས་པ་ཤ་སྟག་རེད།། དེ་དུས་ན་འཆུགས་ཟིན་པ་རེད།། ཡིད་མ་ཆེས་ན་ལོ་རྒྱུས་ལ་གཟིགས་རོགས་གནང།། བོད་འདི་ཕུང་མཁན་ནི་ཆོས་རྒྱུད་རང་རང་སོ་སོས་ཕྱི་ཡི་རྒྱབ་དཔུང་ངོམ་སྟེ་བོད་ལ་དབང་བསྒྱུར་བྱེད་རྩིས་ཀྱིས་ཕུང་པ་ཤ་སྟག་རེད།། རྒྱ་ནག་དམག་མི་བོད་ལ་གདན་འདྲེན་དང།། གོར་དམག་བོད་ལ་སྣ་འདྲེན།། སོག་དམག་བོད་ལ་མགྲོན་འབོད།། རྒྱ་གར་རིག་གཞུང་བོད་ལ་སྤྱན་འདྲེན་བྱས་པ་ལ་བརྟེན་ནས་བོད་འདི་ཕུང་ཡོད།།
ལུང་རྟོགས་ལེགས། ༧གོང་ས་རྒྱལ་བ་རིན་པོ་ཆེའི་གང་གསུང་པ་དག་གང་ལ་གང་འདུལ་དེ་ལ་དེར་སྟོན་པ་ཡིན་པས་དད་པ་དང་དག་སྣང་གཙང་མ་ཁོ་ན་ཡིན། ཞབས་གྲས་དང་ཕྱོགས་གཏོགས་མང་པོས་རང་གི་ཉེས་པ་གོང་ས་མཆོག་ལ་བགོ་བ་དེ་ཡང་བོད་ཀྱི་ལས་དབང་ཡིན་པས་བྱ་ཐབས་དབེན། ངས་གང་ཤེས་པ་དེ་ཁྱོད་ལ་བཤད་ན་བོད་གཞུང་འདར་སིག་བྱེད་རྒྱུ་རེད། རྩེད་མོ་ཡིན། ༡༽པཎ་ཆེན་འོས་སྤྲུལ་ཇི་ལྟར་ངོས་བཟུང་བ་ངོ་རྒོལ་གནང་མཁན་གཙོ་བོ་དེ་༧གུང་ཐང་ཚང་རེད། དེ་ལ་དད་གུས་གཉིས་ཀ་ཡོད་ཁོང་གིས་གང་གསུང་ཤེས་མཁན་མང་པོ་མེད། གཞན་པ་དེ་ཨ་ཀྱ་ཚང་རེད། ཁོང་གིས་ཡིད་ཆེས་སྐྱེ་ཆོག་པའི་གནས་ལུགས་ཚད་ལྡན་རེ་བཤད་པའི་རེ་བ་ཡོད། ཁོའི་རང་རྣམ་དུ་བཤད་པ་ལ་ཁ་གསལ་མི་འདུག ༢༽ངོ་རྒོལ་ཡོང་བའི་རྒྱུ་རྐྱེན། གུང་ཐང་ཚང་དང་ཨ་ཀྱ་རིན་པོ་ཆེ་སོགས་ལྷ་སར་ཕེབས་ཟིན་དུས། གཅིག་རྒྱལ་བ་རིན་པོ་ཆེས་ངོས་འཛིན་བྱས་པར་ངོ་རྒོལ་བྱ་དགོས་ཟེར་བ་ལས་བྱུང་། གཉིས་གསེར་བུམ་དཀྲུགས་པ་ལ་ཐོག་མ་ཉིད་ནས་རྟགས་བཀོད་འདུག་ཟེར་བ་ལས་བྱུང་། རྒྱུ་མཚན་གཉིས་པ་ལས་བྱུང་བ་ཡིན་པའི་ཁ་གསལ་ཡོད་ན་རྫུན་དུ་གྲུབ། དེ་མིན་ན་ཇོ་བོ་རིན་པོ་ཆེས་ཐག་བཅད་པ་ཡིན་པས་རྫུན་ཟེར་མི་རུང་། དེའི་སྒྲ་ཐག་གཟུགས་བརྙན་བཅས་བཞུགས་པས་ཞིབ་འཇུག་བྱ་འོས། ༣༽མི་རྟག་པ་སྒོམས་པ་ལ་རི་ལ་འབྲོ་དགོས་མི་འདུག ལུང་རྟོགས་དང་ཅོ་རིའི་རྩོད་པ་རེར་བལྟས་དུས་སྐད་ཅིག་མི་རྟག་པའི་རང་བཞིན་རྗེན་པར་མཐོང་ཡོང་གི་འདུག ༤༽བོད་གཞུང་གིས་པཎ་ཆེན་ཁྱབ་སྒྲགས་གཏོང་ལ་ཉེ་དུས་བཙན་བྱོལ་གཞུང་རང་ནས་གསང་བ་དགོས་ཟེར་མཁན་མང་པོ་བྱུང་མོད། མཐར་གནས་ཆུང་གིས་ལུང་བསྟན་ལ་ཁ་གཡར་དེ་བཙོན་དུ་བཅུག་པ་རེད། ཨེ་བདེན་སྐབས་དེར་བོད་གཞུང་གིས་བཏོན་པའི་པཎ་ཆེན་ངོས་འཛིན་སྐོར་གྱི་དེབ་སེར་པོ་དེར་གཟིགས། །༤༽རྒྱུ་མཚན་ལྡན་ན་རྒྱ་བོད་སུས་བཤད་ཀྱང་གུས་པ་ལས་ཕྱོགས་འཛིན་ཁོ་ནས་ཨུ་ཚུགས་མི་བྱེད་པ་དང་། སྐྱོན་དུ་ངེས་ན་རང་གིས་ད་ལྟ་བཤད་པའི་སྐད་ཆ་ལའང་ཨུ་ཚུགས་མེད་པར། སྐྱོན་ཆ་ངོས་ལེན་དང་ཁ་ཕྱོགས་འགྱུར་བ་གཏོང་པ་ཕྲན་གྱི་མ་བཅོས་པའི་གཤིས་ལུགས་ཡིན་པ་རྒྱུས་ཡོད་ཀུན་ལ་གསལ། ༥༽ཉིད་ཀྱིས། ༼བོད་ཀྱི་ཆོས་རྒྱུད་ཆེ་ཤོས་དགེ་ལུགས་པ་དབུ་འཛིན་མེད་སིལ་བུར་མཐོར་སྲིད་པའི་སེམས་ཁྲལ་དེ་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་རེད། དགེ་ལུགས་པ་ལ་པཎ་ཆེན་རྫུན་མ་མིན་ཡང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་གསེར་རིའི་ཕྲེང་བ་ལྟར་སྒྲིག་ནས་ཡོད་པ་རེད།༽དགའ་ཞིང་གུས། ཡི་རང་ངོ་། ཡང་ ༼ཕན་ཆེན་རྫུན་མ་ཀུན་གྱིས་བཀུར་བའི་དབུ་འཛིན་ཞིག་ནམ་ཡང་ཆགས་མི་སྲིད་པ་རེད།༽བདེན་པ་རེད། འོན་ཀྱང་མདོ་ཁམས་ཕྱོགས་ནས་རིམ་བཞིན་གུས་པ་བྱེད་གནང་གི་འདུག །
་་་་་་་་་་ བོད་འདི་ཕུང་མཁན་ནི་ཆོས་རྒྱུད་རང་རང་སོ་སོས་ཕྱི་ཡི་རྒྱབ་དཔུང་ངོམ་སྟེ་བོད་ལ་དབང་བསྒྱུར་བྱེད་རྩིས་ཀྱིས་ཕུང་པ་ཤ་སྟག་རེད།། རྒྱ་ནག་དམག་མི་བོད་ལ་གདན་འདྲེན་དང།། གོར་དམག་བོད་ལ་སྣ་འདྲེན།། སོག་དམག་བོད་ལ་མགྲོན་འབོད།། རྒྱ་གར་རིག་གཞུང་བོད་ལ་སྤྱན་འདྲེན་བྱས་པ་ལ་བརྟེན་ནས་བོད་འདི་ཕུང་ཡོད།། ་་་་་་་་་་ཟེར།
#28 དྲི་མེད་ལྷག་བསམ། ་ལགས་ཀྱིས་སྤེལ་དོན།:
December 11th, 2015 at 5:50 am
ཀརྨ་གཉེར་ཕྱག་ལེགས།
པཎ་ཆེན་བླ་མ་བོད་ཀྱི་འདྲེན་པ་རེད། །
སྐུ་སྐྱེ་གོང་མ་ཡིན་པ་བདེན་དཀའ་ཡང་། །
རྫུན་མ་མ་གསུང་ཇོ་བོས་བསྐོས་པ་རེད། །
མདོ་སྔགས་གཞུང་ལ་མཁས་པ་བདེན་པ་རེད། །
རང་ཚུགས་བརྟན་པོ་ཡོད་པ་དངོས་མ་རེད། །
ཡོངས་འཛིན་ཚུལ་བཞིན་བསྟེན་པ་ཡོངས་གྲགས་རེད། །
བཀྲ་ཤིས་ལྷུན་པོ་སྐྱོང་བ་མངོན་གསལ་རེད། །
བོད་ལ་ཤ་ཞེན་ཡོད་པ་གོ་ཐོས་ཡིན། །
འདིའི་ལན་དུ། ཀརྡོ་རིགས་པ་སྨྲ་བས།
དྲིམེད་ལྷག་བསམ་རྨོངས་དད་སེལ་བའི་ལན། །
་
པཎ་ཆེན་བླ་མ་བོད་ཀྱི་འདྲེན་པ་རེད། །
སྐུ་སྐྱེ་གོང་མ་མིན་པར་བདེན་པ་འདོད། །
རྫུན་མ་ཡིན་པ་གོང་སྤྲུལ་མིན་པས་གྲུབ། །
མདོ་སྔགས་གཞུང་ལ་མཁས་པ་ངས་མི་ཤེས། །
རང་ཚུགས་བརྟན་པོ་མེད་ཙང་ཁྱུག་ཁྱི་ཆགས། །
ཡོངས་འཛིན་ཚུལ་བཞིན་མེད་པ་ཡོངས་གྲགས་རེད། །
བཀྲ་ཤིས་ལྷུན་པོ་ཟ་བ་མངོན་གསལ་རེད། །
བོད་ལ་ཤ་ཞེན་ཡོད་མདོག་མ་བསྟན་ཅིག །
་
རྒྱལ་ནོར་སྤྲུལ་རྫུན་དོལ་ཕྲུག་སྡུག་ཤི་རྒྱོབས། །
ཀ་རྡོ་རིགས་པ་སྨྲ་བ་ལ། །
དྲི་མེད་བླུན་པོས་འདི་ལྟར་སྨྲ། །
སྐུ་གསུམ་སྐུ་ལྔ་ཁས་ལེན་བཞིན། །
སྐུ་གཞན་མེད་པའི་རིགས་པ་གཅིག། །
འཕྲིན་ལས་ཚད་མེད་ཁས་ལེན་བཞིན། །
ཕྱོགས་རེ་བྱེད་པའི་རིགས་པ་གཉིས། །
གཞན་ཕན་སྙིང་རྗེ་ཁས་ལེན་བཞིན། །
པཎ་ཆེན་གསོད་པའི་རིགས་པ་གསུམ། །
འཛམ་གླིང་ཞི་བདེ་བསྒྲགས་བཞིན་དུ། །
ནང་དཀྲུགས་སློང་བའི་རིགས་པ་བཞི། །།
རྒང་བ་བོད་ལ་བརྩེ་ཟེར་བཞིན། །
བོད་རིགས་བརྙས་པའི་རིགས་པ་ལྔ། །
རྒྱུ་འབྲས་བླང་དོར་དགོས་ཟེར་བཞིན། །
གླེང་ལོག་རྫུན་འདེབས་རིགས་པ་དྲུག །
གསང་སྔགས་དམ་ཚིག་སྲུང་ཟེར་བཞིན། །
མཆེད་གྲོགས་བཀྲོང་བའི་རིགས་པ་བདུན། །
ཆོས་ལུགས་མཐུན་སྒྲིལ་དགོས་ཟེར་བཞིན། །
ཆོས་རྗེ་རྩོད་པའི་རིགས་པ་བརྒྱད། །
བདེན་པ་སྒྲུབ་པའི་མཐུ་མེད་པར། །
རྫུན་པར་ཐག་གཅོད་རིགས་པ་དགུ། །
དགུ་ཚན་དགུ་ཡི་ཁུར་འཛིན་ཚོར། །
བློ་ལྡན་ཀུན་གྱིས་གཟིགས་པར་འཚལ། །
དཔལ་ལྡན་རིགས་པའི་དབང་ཕྱུག་གིས། །
སྨྲ་བ་ངན་འཇོམས་སེངྒེའི་སྒྲས། །
རང་བཞིན་ཤེས་བྱེད་མི་ཤེས་ལ། །
རིག་པ་འདི་ནི་བརྗོད་པ་ཡིན། །་་་ཅེས་པའི་ཚིག་ཀྱང་རྩེད་མོའི་ཚུལ་དུ་ཐོལ་བྱུང་དུ་སྨྲས་པའོ། །ཀ་རྡོ་གཅིག་པུ་མིན་པར་ནང་འགལ་སྨྲ་བའི་ཚོགས་ཐ་དག་ལའོ། །རྩེད་མོ་འདི་ཡིས་ཐུགས་འཁྲུགས་པའི་རྒྱུ་རུ་མ་གྱུར་ཅིག །
དྲི་མེད་ལགས་ཀྱིས་རྣག་ཐོག་ཏུ་གཙག་དགུ་ཚན་ཅིག་བསྣུན་འདུག་པས་བཀའ་དྲིན་ཆེ་ཞུ།། དེང་སང་རིས་མེད་དང་ཞི་བདེ་འཚེ་མེད་ཅེས་མ་ཎི་འདོན་འདོན་བྱེད་མཁན་ཚོས་ཁོག་ལ་དེ་ལས་ལྡོག་པའི་བྱ་སྤྱོད་སྤེལ་མཁན་ཤ་སྟག་རེད་འདུག་པས།། ཁྱེད་ཀྱིས་བྲིས་པའི་དགུ་ཚན་དེ་དུས་ཐོག་གི་ཆར་བ་དང་རྣག་ཐོག་ལ་གཙག་བུར་གྱུར་བར་བཀའ་དྲིན་ཆེ་ཞུ།།
ཁྱུང་སེ་ལགས། བོད་གཞུང་གིས་རྙོག་འདྲ་ཡོང་བ་མ་ཤེས་ནས་གནས་ཚུལ་འདི་ལྷག་པ་རེད། བོད་གཞུང་ག་ཚོད་སྡུག་པའི་དབང་དུ་བཏང་ཡང་པཎ་ཆེན་ཡང་སྲིད་རྒྱ་ལག་ལ་བཞག་མི་སྲིད་པ་སུས་ཀྱང་ཚོད་དཔག་ཐུབ་པ་ཞིག་རེད། རྒྱ་ནག་གཞུང་ལ་དོག་པ་མ་བྱུང་བའི་རྒྱུ་མཚན་ཡང་དེའི་སྔོན་ནས་ཀརྨ་པ་གོང་ས་མཆོག་གིས་ངོས་འཛིན་གནང་བ་ཡོངས་གྲགས་ཆགས་ཟིན་པ་རེད་ལ། དེའི་སྐོར་གྱི་གོང་ས་མཆོག་གི་སྐུ་པར་ཡོད་པའི་དུས་དེབ་ཞིག་ཀྱང་བོད་ནང་ལ་བཀྲམ་སོང་། དེ་ལ་རྒྱ་གཞུང་གིས་རྙོག་འདྲ་སློངས་ཡོད་པ་མ་རེད། དེས་རྐྱེན་པས་པཎ་ཆེན་ཡང་སྲིད་ཡང་དེ་བཞིན་ཡོང་བའི་རེ་བ་གནང་ནས་ཡོངས་གྲགས་གནང་བ་རེད། འོན་ཀྱང་རྒྱ་གཞུང་གིས་ཁོང་ཡབ་ཡུམ་འཁོར་བཅས་བཙན་ཁྲིད་བྱས་སོང་བ་རེད། རྒྱ་ནག་དམར་པོའི་གཞུང་ཆོས་ལ་དུག་དུ་ལྟ་མཁན་ཞིག་གིས་བོད་ཀྱི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་ཀྱི་ཡོད་ཟེར་ན་གད་མོ་ཤོར་སྐྱེད་མ་རེད་དམ། དེ་ཆབ་སྲིད་ཀྱི་དགོས་མཁོ་ཆེད་དུ་ཡིན་པ་ཀླད་པ་ཐང་ཐང་ཡོད་མཁན་སུས་ལྟས་ཀྱང་ཤེས་སླ་པོ་རེད། བླ་མའི་ཡང་སྲིད་ངོས་འཛིན་བྱེད་པ་ནི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག།ཡིན་པས་དེ་ཚན་རིག་དང་ཨེ་མཐུན་ལྟ་དགོས་དོན་ཅང་མེད་པ་རེད། གསེར་བུམ་དཀྲུག་སར་དགེ་ལུགས་བླ་སྤྲུལ་ཁག་གཅིག་ཡོད་པ་བདེན་པ་ཡིན་ཡང་དེ་དག་ནི་གཞུང་གི་བཙན་བཀའི་འོག་ནས་མ་ཡོང་རང་ཡོང་ཐུག་པ་ལས་བསམ་བཞིན་ཡོང་བ་ཞིག་མེད་པ་རེད། དེང་སང་མི་ལ་ལས་ཡང་སྲིད་ཚད་ལྡན་ངོས་འཛིན་བྱས་པ་དེ་ཚོ་ཡང་ཡང་དག་མིན་རབས་བཤད་བཞིན་དུ་ཡང་སྐབས་ལ་རེར་ཡང་སྲིད་རྫུན་མ་ཡིན་པ་ས་རིས་ཐང་གསལ་དེ་ཚོ་ཡང་ཁས་ལེན་མདོག་བྱེད་པ་འདི་ཅི་ཡིན་པའི་སྐད་ཆ་རེད་དམ། རྒྱ་གཞུང་ལྟ་བུ་ཆོས་ལ་དུག་ཏུ་ལྟ་མཁན་ཞིག་གིས་ཡང་སྲིད་ངོས་འཛིན་བྱེད་ཀྱི་ཡོད་ཟེར་ན་རྫུན་མ་ཡིན་པ་དེ་ག་རང་གིས་གྲུབ་སོང་བ་རེད་ལ། ནང་ཆོས་ཀྱི་འགྲོ་སྟངས་ཅུང་ཟད་ཤེས་མཁན་ཚོས་དེ་རྫུན་མ་ཡིན་པ་ཁས་ལེན་གྱི་རེད། དེས་ན་རྒྱ་གཞུང་ལྟ་བུ་དང་དེའི་རྗེས་འབྲང་པ་རེ་ཟུང་གིས་ཁས་མ་བླང་ཀྱང་ཅི་སྡུག བོད་གཞུང་ཆབ་སྲིད་པ་ཡིན་ཡང་ཡང་སྲིད་ངོས་འཛིན་གནང་མཁན་ནི་གོང་ས་མཆོག་ལྟ་བུའི་བླ་མ་ཚད་ལྡན་གྱིས། གཞན་གྱི་བཙན་དབང་མིན་པར་རང་དབང་གི་སྒོ་ནས་ཆོས་ཕྱོགས་ཀྱི་རྟགས་དཔྱད་འཐིལ་ཕྱིན་གནང་ནས་བྱས་པ་ཡིན་དུས་དམར་པོའི་བཙན་དབང་འོག་ནས་བྱས་པ་དང་སྡུར་ཐབས་མེད་པ་རེད། ཏ་ལིའི་བླ་མ་སྔར་བྱོན་རྣམས་རྒྱ་ནག་གོང་མས་གསེར་ཐམ་སྤྲད་ནས་བསྒྲགས་པ་ཟེར་བ་དེ་ཧམ་བཤད་ཙམ་ལས་དོན་དངོས་མ་རེད། སྐུ་འཕྲེང་རེ་ཟུང་ལ་གསེར་ཐམ་སྤྲད་ཡོད་སྲིད་ཀྱང་དེ་ནི་ཆོ་ལོ་གནང་བ་ཙམ་ལས་ཡང་སྲིད་ངོས་འཛིན་དང་འབྲེལ་བ་མེད། རྒྱ་དམག་དང་སོག་དམག་སོགས་ནི་གདན་འདྲེན་མཁན་ཅི་ཡང་མི་དགོས་པར་བོད་ལ་ཡོང་ས་མ་རག་ནས་ཡོད་པ་རེད་ལ། བོད་ཀྱི་མགོ་དཔོན་ཚོ་རྒྱ་སོགས་ཀྱི་མགོ་སྐོར་འོག་ལ་ཐེང་མང་ཚུད་མྱོང་བ་ཡང་དངོས་ཡོད་གནས་ཚུལ་རེད། དེ་ནི་བོད་སྤྱི་པས་མ་འཇོན་པ་ལས་གང་ཟག་རེ་ཟུང་དང་ཆོས་རྒྱུད་རེ་ཟུང་གི་མགོ་ལ་གཡུག་ས་ཅི་ཡང་ཡོད་མ་རེད། རྒྱ་གར་གྱི་རིག་གཞུང་བོད་ལ་དྲངས་ནས་བོད་ཕུང་བ་རེད་ཟེར་བ་ནི་བོན་པོ་ཚོའི་བཤད་སྟངས་ཤིག་རེད། ཁྱེད་ལ་ཡང་ཁག་ཡོད་རྒྱུ་མ་རེད། ཧཧཧ
ངས་འདི་ནས་ཀུན་གཟིགས་ཞྭ་དམར་རིན་པོ་ཆེས་གསུང་ཞིག་དྲན་ཐལ། ༧རྒྱལ་དབང་ཀརྨ་པ་སྐུ་ལྔའི་རྣམ་པ་སྤྲུལ་རུང་ཡོད་ཆོག་མོད། ང་ཚོས་ཀརྨ་པ་ཨོ་རྒྱན་མཐའ་ཡས་རྡོ་རྗེ་མཐའ་འདི་ནི་ཆོས་འབྱུང་ལོ་རྒྱུས་དང་མཐུན་པར་རང་མྱི་རང་གིས་བདག་བྱས་པ་ལས་གྲུབ་མཐའ་གཞན་ལ་ཐེ་ཏོག་གང་ཡང་བྱས་མེད། ཁྱད་པར་རྒྱལ་དབང་ཉིད་ཀྱི་ཞལ་གསུངས་དང་།རང་ཐག་རང་གིས་བཅད་ནས་མི་ལོ་དགུ་བརྒྱའི་ལོ་རྒྱུས་ལྡན་པའི་ཆོས་སྐྱོང་མ་ཧྰ་ཀ་ལའི་གསེར་ཐང་ལས་ཐུགས་ཐག་བཅད་པ་ཡིན་པས་ཁྱོད་ཚོས་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཡིན་པར་ཡིད་ཆེས་རྒྱ་ཆ་བརྒྱ་བྱེད་ཆོག་ཅེས་གསུངས་སོང་།།
དྲི་མེད་ལྷག་བསམ་ལགས། ཁྱེད་ཀྱི་ལན་ཡང་ཁྱུང་སེའི།ལན་དེས་མ་འཐུས་ཆེར་མི་འདུག་ལ་ཡི་གེ་མང་འབྲི་བར་དཀའ་ངལ་ཡད་འདུག་པས་ཟུར་དུ་མི་དགོས་པ་བྱེད། པཎ་ཆེན་ཡང་སྲིད་རྫུན་མ་ཡིན་པ་ནི་གཅིག་ནས་ཆོས་དུག་ཏུ་ལྟ་མཁན་རྒྱ་ནག་དམར་པོའི་གཞུང་གིས་ཡང་སྲིད་ངོས་འཛིན་བྱེད་ཀྱི་ཡིན་ཟེར་དུས་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་དུ་ཡིན་པ་ཤེས་སླ་བ་རེད་ལ། ངོས་འཛིན་སྐབས་ཀྱི་བླ་མ་རྣམས་པ་ཡང་རྒྱ་གཞུང་གི་བཙན་བཀའི་འོག་ནས་མ་ཡོང་ཐུ་མེད་བྱུང་བ་གསལ་པོ་རེད། གཉིས་ནས་ཁྱེད་ཀྱིས་གོང་དུ་གསུངས་ཡོད་པ་ལྟར་ཨ་ཀྱ་རིན་པོ་ཆེས་ཨ་རའི་རླུང་འཕྲིན་ཁང་གི་དྲི་བ་དྲི་ལན་ཞིག་གི་སྐབས་སུ་། གསེར་བུམ་ནང་ལ་མིང་བྱང་གསུམ་ཙམ་ཡོད་ཀྱང་དེའི་ནང་ནས་གཅིག་ལ་རྟགས་བཀོད་ཡོད་པ་དང་གཞན་གཉིས་ལས་ཅུང་ཟད་རིང་བ་ཡོད་པ་གསུངས་སོང་བས་དེའི་སྟེང་ནས་གསལ་པོ་མ་རེད་དམ། ཅོ་རི་ངེད་གཉིས་ཀྱི་རྩོད་པས་ཁྱེད་ལ་མི་རྟག་པ་སྐྱེ་བའི་རྐྱེན་བྱེད་ཀྱི་ཡོད་ན་དེ་ནི་དགེ་བའི་སྐུལ་མ་ཆགས་སོང་བ་ཡིན་པས་དགའ་ནས་ཡོད། ཁྱེད་དྲང་པོ་ཞིག་ཡིན་པ་གསུངས་ཀྱི་འདུག་ཀྱང་ང་ལས་ངན་པས་ཡིན་ནམ་ད་དུང་ཡང་ལྟ་ཚུལ་དེ་འདྲ་ཞིག་རྒྱུད་ལ་སྐྱེ་ཐུབ་ཀྱི་མི་འདུག
ད་དང་སྐུ་རྩེད་ཅིག་ཞུས་ན། རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཡེ་ཤེས་ཀྱི་གཟིགས་པ་མངའ་བའི་ཐུབ་པའི་རྒྱལ་ཚབ་ལྟ་བུ་ཞིག་གིས་རྟགས་དཔྱད་མཐིལ་ཕྱིན་གནང་ནས་ཐག་བཅད་པ་དེ་པཎ་ཆེན་ངོ་མ་ཡིན་པ་ལས། ཇོ་བོ་ཡིད་བཞིན་ནོར་བུ་གསུངས་འབྱོན་རྒྱུ་མེད་པའི་གསེར་ཟང་གི་སྐུ་ཞིག་གི་མདུན་ལ། ཆོས་དུག་ཏུ་ལྟ་བའི་ཆབ་སྲིད་པ་འགའ་རེས་ཟློས་གར་ཐེང་གཅིག་འཁྲབ་ནས་བཀོས་བཞག་པ་དེ་ཇོ་བོས་ཐག་བཅད་པ་རེད་ཟེར་ན་ཁྱེད་ལྟ་བུའི་མཁས་དབང་ཞིག་གིས་གསུང་ཐུབ་ཀྱང་ང་ལྟ་བུའི་བླུན་པོ་ཚོས་ངོས་ལེན་ཐུབ་ས་མ་རེད།
ལུང་རྟོགས་ལེགས། ༧གོང་ས་ཐམས་ཅད་མཁྱེན་པའི་ངོས་འཛིན་ལ་གུས་པ་དང་རྒྱབ་སྐྱོར་རྒྱུན་དུ་བྱེད་དང་བྱེད་བཞིན་པ་ཡིན། འོས་སྤྲུལ་གཞན་པ་དེ་ལ་སྨོད་པ་བྱེད་དོན་མེད། ཨ་ཀྱ་རིན་པོ་ཆེར་ཨ་རའི་རླུང་འཕྲིན་ཁང་གི་དྲི་བ་ཕྲན་གྱིས་མ་གོ་བས་དགོངས་དག་ཞུ། །མིང་བྱང་དུ་༧གོང་ས་མཆོག་གི་ངོས་འཛིན་བྱས་པ་དེ་ཡོད་ཚོད་མི་འདུག །བསམ་བློ་བཏང་ན་འོས་སྤྲུལ་གསུམ་པོས་གང་ལྷུང་ཡང་རྒྱ་ནག་གི་དབང་བསྒྱུར་ལ་ཁྱད་པར་ཅི་ཡོད། དབང་ཆ་ནི་ཁོ་ཚོས་འཛིན་བཞིན་པ་རེད། མགོ་འཐོམ་པའི་གཏམ་ཞིག་རེད། ཉིན་གཅིག་ཕྲན་སྒྲིབ་པ་ཅུང་ཟད་དག་ནས་ཧ་གོ་དུས་ཞིག་བྱུང་ན་དེ་དུས་ཁྱོད་ལ་བདེན་ཁ་སྟེར། ཁྱོད་ནམ་ཡིན་ཡང་༧གོང་ས་མཆོག་དང་བོད་གཞུང་རྒྱབ་ཏུ་ལང་ཡོད་པར་བློས་ཐུབ་སྙིང་ཉེ་ཚུགས་ཐུབ་ཡིན་པས་དགའ་བྱུང་། སྐབས་རེར་རང་ཉིད་ལས་སུ་ལ་ཡང་དག་མི་སྟེར་བས་ཨུ་ཚུགས་ཅན་ཞིག་ཡིན་པའང་གོ། །བོད་རིགས་ལོ་གཞོན་བླ་མའི་ཁྲོད་ཕྲན་གུས་པ་དང་རེ་བ་བྱེད་ས་གཙོ་བོ་ནི་ཚུལ་ཁྲིམས་བློ་གྲོས་ཡིན། དེ་ནས་ཀརྨ་པ་ཡིན། འོན་ཀྱང་ཁོང་གཉིས་ལ་སྐྱོན་ཡོད་ན་བཤད་རྐྱང་ཡིན། ཡོན་ཏན་བརྗོད་མཁན་མང་པས་དགོས་པ་མི་འདུག དེ་རང་ཉིད་ཀྱིས་ཤ་ཚ་བ་དང་བློ་དཀར་བ། འབུལ་བ་དང་། ཞབས་ཞུའི་ཚུལ་དུ་བྱེད། མཐོན་པོ་རྣམས་ལ་སྤྲེལ་ལད་འཁྲབ་ནས་སྐྱོན་མེད་པར་བསྒྲུབ་ཏེ་གཡང་སར་སྐྱེལ་བ་ནི་བླུན་པོའི་རྟགས་སུ་གོ། ། །ཁྱོད་ཀྱི་བཤད་པ་རྒྱུ་མཚན་ལྡན་པ་རྣམས་སེམས་ལ་ཉར་ངེས། མི་ཕམ་པས། ཀྱེ་མ་ཁྲོན་པའི་ཆུ་ལ་རུས་སྦལ་བཞིན། །གཞན་གཞུང་ཆོས་ཀྱི་རྒྱ་མཚོ་ཆེན་པོའི་འཇིངས། །མ་མཐོང་རང་བཞེད་ཁྲོན་པའི་དྲེགས་པའི་རོ། །མྱོང་ལྡན་བདག་ཅག་ཁེངས་པ་གཏམ་འདིས་བསྙིལ། །ཅེས་ཀྱང་ཞུ། ཕྱོགས་ཀུན་ལ་གཟིགས་པ་མི་ཆུང་བར་ཞུ། །
ཀ་རྡོ་ལེགས། པཎ་ཆེན་འོས་སྤྲུལ་དེའི་ཡོངས་འཛིན་ནི། ཀུན་མཁྱེན་འཇམ་དབྱངས་བཞད་པ་དྲུག་པས་བསྐོས་པ་རེད། དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་ཡོངས་ཀྱི་འདྲེན་པ་དགེ་བཤེས་འཇམ་དབྱངས་རྒྱ་མཚོ་རེད། དགོན་མ་ལག་བརྒྱ་དང་བརྒྱད་ལ་ཕལ་ཆེར་ཁོང་གི་སློབ་མ་གྱུར་པ་མེད་པ་རེད། བཀྲ་ཤིས་འཁྱིལ་གྱི་དགོན་ལག་ཚོ་ཀརྨ་བཀའ་བརྒྱུད་ཀྱི་དགོན་སྡེ་ཚོ་ལྟ་བུའི་ཆུང་མིན། གྲྭ་སྟོང་ཕྲག་ལོན་པ་དུ་མ་དང་། ཉུང་མཐར་ཡང་བརྒྱ་ཕྲག་ཡོད་པ་རེད། ད་ལོ་ཨ་མདོ་ལ་དུས་འཁོར་དབང་ཆེན་གནང་སྐབས་མི་འབུམ་གསུམ་ཡོད་པའི་སྐད་ཆ་འདུག །པཎ་ཆེན་འོས་སྤྲུལ་གྱི་དབང་ལུང་ཁྲིད་གསུམ་གནང་མཁན་ཁོང་རེད། དཔེ་ཆ་ཡག་པོ་རེད་ཟེར་མཁན་ཁོང་གི་མཚན་ཞབས་ཚོ་རེད། ད་ཁྱོད་ཀྱིས་ཤི་བར་སྨོན་པ་དང་། གསོད་པར་སྨོན་པ་སོགས་གནང་རུང་མིན་དགོངས་ཤིག །
པདྨ་ལགས་མནོ་བསམ་ཡག་པོ་བཏང་ན་སྐད་ཆ་ཤོད་རོགས་ད་ལྟ་ཞྭ་དམར་པ་ལ་དགའ་ཞེན་གུས་བཀུར་ཅུང་ཙམ་ཡོད་པ་དེའང་མེད་པར་བཟོ་འདོད་ན་ཁྱོད་རང་ཤེས།། སྔོན་ལོར་ཞྭ་དམར་རིན་པོ་ཆེ་སྐུ་ཕུང་བལ་ཡུལ་དུ་གདན་འདྲེན་ཞུ་སྐབས་བལ་ཡུལ་བོན་དགོན་ནས་དགེ་འདུན་མང་ཚོགས་ནས་སེར་འཕྲེང་གིས་གུས་འདུད་དང་ཤར་མི་ནུབ་གླིང་ལ་གྲྭ་སྒྲིག་བྱེད་དུས་བལ་ཡུལ་བོན་དགོན་གྱི་བླ་གྲྭ་རྣམས་ནས་ཉིན་མ་མང་པོར་གླ་མེད་ལྟོ་མེད་ཀྱིས་ཞབས་ཞུ་གནང་བ་ཁྱོད་ཀྱི་གོ་ཐོས་མེད་ཅིང་་་་བཀའ་དྲིན་ལོག་འཇལ་་་་ཇ་ལན་ཆུ་འཇལ་བྱེད་རྒྱུ་ཡིན་ནམ།། ཡིན་ནའང་ང་བོན་པོ་མིན་ཅིང་བོན་པོའི་ཚབ་བྱེད་པའི་དབང་ཆ་མེད་ཀྱང་ཅོ་རི་དང་ང་ལྟ་བུས་ག་དུས་ཡིན་ནའང་ཉམས་ཆུང་ལ་བརྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པས་དེ་ལ་ལན་འདེབས་གདོང་ལེན་བྱེད་ངེས་རེད།། ཀརྨ་པ་ནག་རིལ་ཟེར་ཀྱང་ཁྱོད་བཀའ་བརྒྱུད་པ་ཡིན་ན་ཁྱེད་རྣམས་རྡོ་རྗེ་སྤུན་གྲོགས་མིན་ནམ།། གསང་སྔགས་ཀྱི་དམ་ཚིག་རྡོག་རོལ་གཏོང་འདོད་ན་ཁྱོང་རང་གི་ཤེས།།
དྲི་མེད་ལྷག་བསམ་ལགས། པཎ་ཆེན་འོས་སྤྲུལ་དེ་ཕན་ཆེན་ཡང་སྲིད་ཡིན་པ་ནམ་ཡང་ངོས་ལེན་མི་ཐུབ་ཀྱང་སྨོད་པ་བྱེད་དགོས་པ་རེད་ནམ་ཡང་ཟེར་གྱི་མེད། འོན་ཀྱང་དེང་སྐབས་རྒྱ་ནག་གཞུང་གིས་ཁོང་བེད་སྤྱོད་ཀྱིས་བོད་མི་མང་ཁོ་རང་གི་འོག་ལ་འདུ་ཐབས་དང་། ཁོང་རྒྱ་ནག་གི་འོག་ལ་སྒུར་ཐབས་བྱེད་བཞིན་ཡོད་པ་གསལ་པོ་ཡིན་དུས། ང་ཚོ་བོད་པ་ཞིག་གིས་ཁོང་ལ་ངོས་ལེན་ཡོད་མདོག་དང་ཁོང་པཎ་ཆེན་ཡང་སྲིད་ལ་བཞག་ན་འགྲིག་པ་ལྟ་བུ་བཤད་སྡད་ན་རྒྱ་གཞུང་གི་འདོད་པ་ལ་རྒྱབ་སྐྱོར་ལྟ་བུ་ཆགས་འགྲོ་ཡི་ཡོད་པ་དེ་མཁྱེན་དགོས་པ་རེད། འོས་སྤྲུལ་གསུམ་པོ་གང་ལྷུང་ཡང་རྒྱ་ནག་གི་དབང་བསྒྱུར་ལ་ཁྱད་པར་མེད་པ་བདེན་ཡང་། ཁོང་ཚོའི་བྱེད་བབ་དེའི་སྟེངས་ནས་མཐོང་ཐུབ་པ་ནི་ཆབ་སྲིད་ཀྱི་དགོས་མཁོ་སྒྲུབ་པའི་འཁྲབ་སྟོན་ཙམ་ལས་ཚད་ལྡན་གྱི་ངོས་འཛིན་བྱས་མེད་པ་གསལ་པོ་མཐོང་ཐུབ་པ་ཞིག་རེད་ལ། དེའི་སྟེང་ནས་ཇོ་བོས་ཐག་གཅད་པའི་ཡང་སྲིད་ངོ་མ་ཞིག་མིན་པ་ཡང་གསལ་པོ་ཆགས་སོང་བ་རེད། ང་ལ་མཚོན་ན་རྒྱལ་བ་བསྟན་འཛིན་རྒྱ་མཚོའི་སྐུ་གསུངས་ཐུགས་ཀྱི་ཡོན་ཏན་མཐོང་ཞིང་བོད་མི་རིགས་ལ་གནང་བའི་བཀའ་དྲིན་ལ་མི་ཕྱེད་པའི་དད་པ་དང་ཡིད་ཆེས་ཐོབ་པ་ཞིག་ལས། ཁོང་རྒྱལ་བ་རིན་པོ་ཆེ་ཡིན་པ་དང་བོད་ཀྱི་དབུ་ཁྲིད་ཡིན་པའི་རྒྱུ་མཚན་གྱིས་ཁོང་ལ་རྒྱབ་སྐྱོར་བྱེད་ཀྱི་མེད། དེ་བཞིན་བོད་གཞུང་ཡང་མི་རིགས་རང་ཉིད་ཀྱི་ངོ་ཚབ་མཚོན་པའི་གཞུང་ཞིག་ཡིན་པ་མ་ཟད་ལྷག་ཏུ་དེང་སྐབས་མི་མང་གིས་འོས་འདེམས་བྱས་པའི་དམངས་གཙོའི་གཞུང་ཞིག་ཆགས་ཡོད་པ་འདི་ལ་སྤོབས་པ་སྐྱེ་ཡི་ཡོད། ང་ཨུ་ཚུགས་ཅན་ཞིག་ཡིན་པར་གསུངས་པ་དེ་ཡང་བདེན་པ་རེད། སྐབས་རེ་རང་ཉིད་ཨུ་ཚུགས་ཆེ་དྲག་གི་མེད་དམ་སྙམ་པ་ང་རང་ལ་ཡང་ཡོང་གི་འདུག འོན་ཀྱང་ངས་གནས་ལུགས་དང་རྒྱུ་མཚན་བཤད་ནས་ཨུ་ཚུགས་རྒྱག་པ་ལས་ལྐུགས་པ་ཨུ་ཚུགས་བྱེད་ཀྱི་མེད་བསམ་གྱི་ཡོད། ངས་བདེན་པ་པ་རྒྱབ་སྐྱོར་བྱས་པ་ལས་མཐོན་པོ་ལ་སྤྲེལ་ལད་འཁྲབ་ཡོད་བསམ་པ་ནི་རྨི་ལམ་དུ་ཡང་མེད།
པདྨ་ལགས། ཁྱེད་ཀྱི་གྲོགས་པོས་དེ་ལྟད་བཤད་ཡོད་ན་ཁྱོད་ཀྱི་གྲོགས་པོ་ལ་ཡག་རྟགས་མི་འདུག སྐུ་འབུམ་དགོན་པའི་དགོན་བདག་ཨ་ཀྱ་རིན་པོ་ཆེ་ཁོ་རང་རང་གིས་པཎ་ཆེན་ཡང་སྲིད་ངོས་འཛིན་གྱི་རྒྱུད་རིམ་ཆ་ཚང་རྒྱ་གཞུང་གི་བཀོད་བྱུས་འོག་ལ་བྱས་པ་ཨ་རིའི་རླུང་འཕྲིན་ཁང་གི་དྲི་བ་དྲི་ལན་སྐབས་སུ་གསལ་པོ་གསུངས་སོང་ལ། བོད་ནང་གི་བོད་མི་ཕམ་ཆེ་བས་པཎ་ཆེན་རྫུན་མའམ་རྒྱ་མིའི་པཎ་ཆེན་ཞེས་འབོད་ཀྱི་ཡོད་པ་མ་ཟད། བོད་ཁུལ་ལ་ཕེབས་ན་ཡང་འཇལ་ཁ་ལ་ཡོང་དགོས་ཤེས་རྒྱ་གཞུང་གིས་མི་མང་ལ་བཙན་བཀའ་གཏོང་དགོས་ཀྱི་འདུག་པས་གྲོགས་པོའི་སྐད་ཆ་དེ་ཁྱད་མཚར་པོ་རེད།
ཨ་རོ་ཇོ་རྫོགས་ཁྱུང་སེ། སྐད་ཆ་དྲིས་ན་མི་བཤད་སྒུག་ན་བཤད་ཟེར་བ་ཅི་མ་བདེན། ཁྱོད་ཚོ་སྟོད་འགག་ལྗང་གུ་དང་སྔོན་པོ་གྱོན་པའི་སྐྱ་མིན་སེར་མིན་དེ་ཚོ་ལ་ངེད་ཚོས་ལྟོ་ཆས་དང་སྐུ་འགྱེད་སྤྲད་པ་འགྲོ་བ་མི་ཡིན་ཆ་ནས་སྦྱིན་པ་ལས་བོན་ཡག་པོ་བཀའ་གདམས་གསར་མ་དེ་ཚོ་བཟང་ཆ་ཡོད་པའི་ཆ་ནས་མིན་པར་ཤེས་དགོས་རེད།
ཁྱོད་བརྗེད་ལྐུགས་སོང་བ་མིན་ན་ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་འདས་མཆོད་སྐབས་སུ་ཁ་བརྡ་དྲ་ཐོག་ལ་བོན་མིང་ཅན་ཁྱོད་ཚོས་ག་རེ་བཤད་ཡོད། ཧ ཧ xx
བོན་པོས་ཞྭ་དམར་རིན་པོ་ཆེར་ཅི་ཞིག་བཤད་འདུག་འདི་ན་བཀོད་རོགས་དེ་མིན་འཆལ་མོའི་འཆལ་གཏམ་རང་རེད་མོ་མཚན་ནི་མོ་མཚན་རང་རེད་གདང་ན་ཕྲུ་གུ་ཐར་ས།། བཙུམ་ན་གཅིན་པ་ཡང་མི་ཤོང་ས་ཧཧཧཧཧ
ཨ་ཀྱ་ཟེར་བ་དེ་ངོ་མ་བཤད་ན་མགོ་དང་ལྕེ་གཉིས་བདག་པོ་རེད། དེས་ཚིག་ལ་ཡིད་ཆེས་གཏན་ནས་མེད། བོད་ནང་ནས་རྒྱལ་བ་རིན་པོ་ཆེ་ལ་དགག་པ་རྒྱག་མཁན་རེད། བཙན་བྱོལ་ལ་ཐོན་ནས་རྒྱལ་བ་ཚང་ལ་དབུ་སྐོར་ག་ཚོད་བཤད་པ་མངོན་སུམ་ཡིན། ང་ནི་བོད་ནང་ནས་ཚར་ལོངས་བྱུང་ཞིང་ཕྱི་རྒྱལ་ལ་མི་ཚེ་སྐྱེལ་འཁན་ཞིག་ཡིན་པའི་ཆ་ནས་བོད་ནང་ནས་གངས་ཅན་བླ་མ་དང་ཨ་ཀྱ་ཟེར་བ་ལ་ཁྱི་རྔ་རྒྱ་མ་བཀྱགས་ཀྱི་ཡང་ལྕི་མེད་པར་རེད།མནོ་བསམ་ཡག་པོ་བཏང་ན་བདེན་ཆ་དེ་གངས་ཅན་བླ་མ་མང་ཤོས་རེད། ཁོས་ངོ་ལྐོག་མཚུངས་པའི་སྐད་ཆ་བཤད་པ་རེད།
xxxx
xxཨ་ཀྱ་རིན་པོ་ཆེར་ཁྱེད་རང་ཡིད་མ་ཆེས་ན་ཁོང་གིས་གསུངས་པ་དེ་དག་བདེན་པ་མིན་པ་གང་ཡང་སྒྲུབ་ཐུབ་ཀྱི་མ་རེད། ཁྱོད་རང་ཡང་དྲ་ཐོག་གི་དྲ་འབུ་ཞིག་ཡིན་དུས་ཁྱོའི་སྐད་ཆ་ལ་དེ་བས་ཀྱང་ཡིད་ཆེས་སུས་བྱེད། ཨ་ཀྱ་རིན་པོ་ཆེས་བོད་ནང་ལ་བཞུགས་སྐབས་གོང་ས་མཆོག་ལ་ཁ་གཏོང་སྟངས་དང་བཙན་བྱོལ་ལ་ཕེབས་ནས་དབུ་སྐོར་ཚུལ་ཁུང་ལུང་ཡོད་པ་ཞིག་བཤད་རྒྱུ་ཡོད་ན་ཤོད་ཤོགས། དེ་མིན་མི་ལ་མ་ཉེས་ཁ་གཡོག་མ་བྱས་ན་ཡག་གི་རེད། ཁྱོད་ཀྱང་དྲ་འབུ་ཨུ་བཀྲ་བཤད་མཁན་ཞིག་ཡིན་དུས་གངས་ཅན་བླ་མ་དང་རྒྱ་ནག་གཞུང་ལ་བདེན་ཁ་སྟེར་ཞིང་གོང་ས་མཆོག་དང་བོད་གཞུང་ལ་བདེན་ཁ་མི་སྟེར་མཁན་ཞིག་ཡིན་པ་སྔར་ནས་ཤེས་ཡོད། ངས་མཁན་པོ་འཇིགས་མེད་ཕུན་ཚོགས་ལ་ཡང་སྤྲུལ་ཟེར་བ་ཞིག་ཡོད་པ་དེ་རིང་མ་གཏོགས་གོ་ཡང་མ་མྱོང་བས་རྒྱལ་བ་རིན་པོ་ཆེས་ངོས་འཛིན་ཟེར་བ་ཇི་ལྟར་བཤད།
་་་་་་་་་་ །པཎ་ཆེན་འོས་སྤྲུལ་གྱི་དབང་ལུང་ཁྲིད་གསུམ་གནང་མཁན་ཁོང་རེད། དཔེ་ཆ་ཡག་པོ་རེད་ཟེར་མཁན་ཁོང་གི་མཚན་ཞབས་ཚོ་རེད། ད་ཁྱོད་ཀྱིས་ཤི་བར་སྨོན་པ་དང་། གསོད་པར་སྨོན་པ་སོགས་གནང་རུང་མིན་དགོངས་ཤིག ། ་་་་་་་་་་་ཟེར།
ཇོ་བོའི་མདུན་གྱི་གསེར་བུམ་ནང་ཁྱི་ཕྲུག་གགསུམ་གྱི་མིང་བཞག་ན། པཎ་ཆེན་འོས་སྤྲུལ་ལམ། ཁྱི་ཕྲུག་གསུམ་ཕྲུག་གསུམ་ནས་གཅིག་ལ་པཎ་ཆེན་གྱི་ཡང་སྲིད་ཀྱི་མིང་ཐོབ་བགྱིད་རེད། དེ་ཡང་ཧ་མི་གོ་བའི་རིགས་པ་སྨྲ་བ་དྲི་མེད་ལྷག་བསམ་ལགས། ཁྱེད་ང་དང་ཇི་ལྟར་རྩོད་དམ། ལགས། ཧ་ཧ།། །།
ལུང་རྟོགས་ལ་སྐྱག་རྫུན་བཤད་ན་ཡག་པོ་མ་རེད་གདའ།xxངོས་ནས་གསལ་བཤད་ཅུང་ཙམ་ཞུ། མཁན་ཆེན་རྣམ་གྲོལ་སོགས་ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་དངོས་སློབ་ཚང་མས་བླ་མའི་གསུང་རྩ་ཆེན་དུ་རྩིས་ནས་ཆོས་རྗེ་བླ་མ་ཡང་སྲིད་མི་འདོད་པས་རྗེས་དྲན་གསོལ་འདེབས་ལས་མྱུར་བྱོན་གསོལ་འདེབས་རྩོམ་མི་དགོས་ཞུས་པ་བཞིན་༢༠༠༤ ལ རྒྱལ་བ་རིན་པོ་ཆེས་རྗེས་དྲན་བྲིས་པ་རེད། སྤྲུལ་སྐུ་མེད་པར་གཞིར་བཞག་རེད། xxxxxxxx
ལུང་རྟོགས་ལགས། ཉིད་ཀྱིས། ༼པཎ་ཆེན་འོས་སྤྲུལ་དེ་ཕན་ཆེན་ཡང་སྲིད་ཡིན་པ་ནམ་ཡང་ངོས་ལེན་མི་ཐུབ་ཀྱང་སྨོད་པ་བྱེད་དགོས་པ་རེད་ནམ་ཡང་ཟེར་གྱི་མེད།༽ ཕལ་ཆེར་ང་ཡང་དེ་ལ་འཐད། ངའི་ཁོང་འོས་སྤྲུལ་དང་ཇོ་བོ་རིན་པོའི་མདུན་ནས་ཐག་བཅད་པས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གི་ཁྲི་ཁར་འཁོད་པས་བསོད་ནམས་ཅན་ཞིག་དང་། བརྙས་པ་དང་། སྨོད་པ་མི་བྱེད་ཞུ་བ་ལས། ཡང་སྤྲུལ་འཁྲུལ་མེད་རེད་ནམ་ཡང་བྱས་མེད། །
དྲི་མེད་ལྷག་བསམ་ལགས་ཀྱི་མཆན་ལ་དོ་སྣང་ཆེན་པོ་ཡོད། དེ་མིན་ཁ་ཤས་ཤིག་གི་མཆན་ལ་ཀློག་འདོད་མེད་ཀི་ཡ། དྲི་མེད་ལྷག་བསམ་ལྟ་བུ་སྟོང་ཡོད་ཀྱང་ཉུང་འདུག སྤོབས་པ་མཐའ་ཡས་ལྟ་བུ་གཅིག་ཡོད་ཀྱང་མང་འདུག ཁྱེད་ཚོ་ཚང་མས་དྲི་མེད་ལྷག་བསམ་ནང་བཞིན་བྱེད་ན་རྗེས་སོར་བསྟོད་པ་བྱེད་ངེས་ཡིན། དེ་མིན་ཆོལ་ཁ་དང་ཆོས་ལུགས་ཀྱིས་བཟི་ན་དེང་དུས་ཀྱི་རྩོམ་པ་པོའི་མིང་མི་ཐོབ། །
ཀ་རྡོ་ལགས་ཀྱིས། བོད་པ། སྟོན་པའི་རྗེས་འཇུག ཆོས་སྨྲ་བའི་དགེ་སློང་གསུམ་ལ་༼ཁྱི་ཕྲུག་༽ཅེས་སྨོད་པ་འདིས་ཕྱག་མཛོད་ཆེན་མོའི་སེམས་ཀྱི་གསང་བ་ཕྱི་ལ་བསྟན་པ་ཁོ་ནའོ། ། རང་ཉིད་རིགས་སྨྲ་བ་ཁས་ལེན་པ་ཁྱོད་ཀྱིས། རིགས་པའི་དབང་ཕྱུག་གིས།
དགག་པ་ཉིད་ནི་ཐམས་ཅད་དུ། །
མི་དམིགས་པ་ལས་གྲུབ་པ་ཡིན། །
ཚད་མས་གྲུབ་པར་སྨྲ་རྣམས་ཀྱིས། །
དོན་གྱི་བཟློག་པ་ཉིད་ལས་ཡིན། །ཅེས་པའི་དོན་ལ་དཔྱོད་ཅིག ། བོད་ཀྱི་དགེ་སློང་གསུམ་ཁྱི་ཕྲུག་དང་རྫུ་མར་ཐག་གཅོད་པའི་སྤོབས་པ་ཅན་ཁྱོད་ཀྱིས།
ལྐོག་གྱུར་དག་ལ་བསྟན་བཅོས་ནི། །
མི་འདོད་དཔྱོད་པ་ཉིད་མི་འཇུག །ཅེས་པའི་དོན་ལ་གོ་བ་ཅུང་ཟད་རྙེད་ན་གཞི་ནས་བགྲོ་གླེང་བྱའོ། །དེ་ལྟར་མ་ཡིན་པར་རང་ཉིད་ཕྱོགས་ལས་གཞན་ལ་དག་མི་སྟེར་ན་བགྲོ་བའི་སྐབས་མེད་དོ། །
ཧ་ཧ་མཁས་དབང་དྲི་མེད་ལྷག་བསམ་ལགས། ཀརྡོ་སོགས་བླུན་པོ་ལུག་འདྲ་བོ་ཚོ་ལ་ཡ་བྱས་ན་ཆོ་ཡོད་ནི་མ་རེད་ཀོ། མཁས་པ་བརྒྱ་ལས་བླུན་པོ་གཅིག་སྡུག་ཅེས་པ་འཇམ་མགོན་ས་པན་གྱི་གསུངས་དེ་དྲན་པ་བརྟས་སོ།།
#71 དྲི་མེད་ལྷག་བསམ། ་ལགས་ཀྱིས་སྤེལ་དོན།:
December 14th, 2015 at 4:02 am
ཀ་རྡོ་ལགས་ཀྱིས། བོད་པ། སྟོན་པའི་རྗེས་འཇུག ཆོས་སྨྲ་བའི་དགེ་སློང་གསུམ་ལ་༼ཁྱི་ཕྲུག་༽ཅེས་སྨོད་པ་འདིས་ཕྱག་མཛོད་ཆེན་མོའི་སེམས་ཀྱི་གསང་བ་ཕྱི་ལ་བསྟན་པ་ཁོ་ནའོ། ། ་་་་་་་་ཟེར།
#72 པདྨ ་ལགས་ཀྱིས་སྤེལ་དོན།:
December 14th, 2015 at 6:09 am
ཧ་ཧ་མཁས་དབང་དྲི་མེད་ལྷག་བསམ་ལགས། ཀརྡོ་སོགས་བླུན་པོ་ལུག་འདྲ་བོ་ཚོ་ལ་ཡ་བྱས་ན་ཆོ་ཡོད་ནི་མ་རེད་ཀོ། མཁས་པ་བརྒྱ་ལས་བླུན་པོ་གཅིག་སྡུག་ཅེས་པ་འཇམ་མགོན་ས་པན་གྱི་གསུངས་དེ་དྲན་པ་བརྟས་སོ།།་་་་་་་ཧཧཧ།
པདྨ། ང་མགོ་ལོག་ཡིན་པའི་ཁུང་སྐྱེལ་གང་ཡོད། ཧམ་བཤད་ལ་དགའ་བའི་མི་ཁྱོད་ལྟ་བུ་དག་གིས་ནམ་ཡིན་ཡང་ཧམ་བཤད་དང་ཚོད་དཔག་ཁོ་ནས་མི་ལ་ཞྭ་མོ་གཡོག་བཞིན་པ་འདི་སྐྱུག་བྲོ་བའི་བྱ་སྤྱོད་ཅིག་རེད། དམ་ཆོས་དཔལ་བཟང་སོགས་ཀྱིས་སྐུ་སྒེར་ལ་རྒྱུ་ནོར་སྤྲད་མས་རྟགས་ཡིག་བླངས་པའི་ཁུང་ལུང་དང་དཔང་རྟགས་གང་ཡོད། དོན་མེད་མི་ལ་ཉེས་ཞྭ་མ་གཡོག་ན་ལེགས། ཁྱོད་རང་གིས་ང་མགོ་ལོག་རེད་ཟེར་བའི་ཧམ་བཤད་འདིའི་སྟེང་ནས་ཁྱོད་རང་ནི་ཧམ་བཤད་ཚོད་མེད་བྱེད་མཁན་ཞིག་ཡིན་པ་གསལ་པོ་ཆགས་སོང་བས་ཁྱོད་ཀྱི་སྐད་ཆ་ལ་ཡིད་ཆེས་ནམ་ཡང་མེད། ངོ་ཚ་མེད་པའི་མི་ནི་ཁྱོད་ལྟ་བུ་ཧམ་པ་དང་སྐྱག་རྫུན་བཤད་པར་ཐེ་ཚོམ་གང་ཡང་མེད་པར་མི་ལ་ཉེས་ཞྭ་གཡོག་མཁན་གྱི་རྒྱུ་འབྲས་མི་རྩི་མཁན་ཁྱོད་ཚོ་རེད།
རི་བོ་དགེ་ལྡན་པའི་ཆོས་ལ་དད་པ་དང་ཤ་ཚ་མེད་ན། པཎ་ཆེན་དངོས་རྫུན་ག་རེ་ཡིན་ན་ཡང་འགྲིགས་འགྲོ་བ་རེད། ཀམ་ཚང་བཀའ་བརྒྱུད་ལ་དད་པ་དང་ཤ་ཚ་མེད་ན་ཀརྨ་པ་དངོས་རྫུན་ག་རེ་ཡིན་ན་ཡང་འགྲིགའ་འགྲོ་བར་འདོད་བགྱིད་རེད།
དེ་བཞིན་བོད་སྤྱི་ལ་རྒྱ་དང་། བོད་མིའི་སྒྲིག་འཛུགས་ལ་ཤ་ཞེན་མེད་ན། སྲིད་སྐྱོང་ཡག་ཉེས་སུ་བྱུང་ན་ཡང་འགྲིགས་འགྲོ་བར་མཐོང་བགྱིད་རེད།
ཡིན་ན་ཡང་། དད་པ་མེད་པ་དང་། ལ་རྒྱ་མེད་པ་དེ་གཉིས་འོག་ལ། རང་ཉིད་བོད་སྤྱི་ལ་ཕན་མ་ཐོགས་པ་མ་ཟད། བོད་རིགས་རང་ཉིད་དོ་བདག་སོ་སོ་རང་ཉིད་ལ་ཡང་རང་བཞིན་གྱིས་གནོད་འགྲོ་ཅིག་ཡོད་རེད། ད་ེཤེས་པར་བྱས་ནས་ལས་རྒྱུ་འབྲས་སྲུང་ན། རང་གཞན་གཉིས་ཕན་རེད།
ཀརྡོ་ལྟ་བུས་དགེ་ལུགས་བསྟན་པ་དུམ་བུར་གཏོར། ཀཾ་ཚང་ནང་འགལ་དང་དམ་རལ་བཟོས།བོད་བཙན་པོའི་ལོ་རྒྱུས་རྒྱལ་རབས་ནག་བསུབས་བཏངས་ན་ལ་རྒྱ་དང་བདེན་ཡིན་ཟེར་ན་་་་ཧཧཧཧཧཧཧཧཧ ལས་གཞན་གང་ཡང་མེད་དོ།
ཀ་རྡོ་ལེགས། ། ༡༽དགེ་ལྡན་པ་ལ་དད་པ་དང་ཤ་ཞེན་ཡོད་ན། པཎ་ཆེན་འོས་སྤྲུལ་སྨོད་པའི་བྱ་བ་ཟུར་དུ་བཞག་ནས། སྤྲུལ་མིང་འཛིན་པ་མི་གཅིག་ལ་རེ་བ་ཡོད་ཚད་མི་བཅོལ་བར། །གུང་ཐང་བསྟན་པའི་སྒྲོན་མེས། ཕྱི་རུ་ཉན་ཐོས་སྤྱོད་པའི་ཞི་ཞིང་དུལ། །ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན། །མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་ཁྱེར། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་གསུང་པ་ལྟར་དགེ་འདུན་སྡེའི་ལུང་ཆོས་གཡར་མཚོ་ལྟར་འཕེལ་བའི་ཐབས་ལ་འབད་དགོས། །༢༽བཀའ་བརྒྱུད་བསྟན་པ་ལ་ཤ་ཞེན་དང་དད་པ་ཡོད་ན། ཀརྨ་པ་རྩོད་པའི་གཡུལ་འཐབ་བཞག་ནས། རྗེ་སྒམ་པོ་པའི་ལམ་མཆོག་རིན་པོ་ཆེའི་ཕྲེང་བར། སྐྱེས་བུ་དམ་པའི་རྟགས་བཅུ་གཅིག་གསུང་པའི་ནང་གི། གཞན་གྱིས་སྡིག་གསོག་པ་ལ་ཁོང་མི་ཁྲོ་ཞིང་བཟོད་པ་སྐྱེས་བུ་དམ་པའི་རྟགས། རྒྱལ་ཁ་ཐམས་ཅད་མི་ལ་སྟེར་ཞིང་ཕམ་ཁ་རང་ལ་ལེན་པ་སྐྱེས་བུ་དམ་པའི་རྟགས། ཅེས་དང་ཡང་སྒམ་པོ་པས། ལམ་མཆོག་རིན་པོ་ཆེའི་ཕྲེང་བ་དང་། ཐར་རྒྱན་སོགས་ལ་གཟིགས་པར་བསྐུལ་ཏེ། ང་དང་མངོན་སུམ་དུ་འཕྲད་པ་དག་ཁྱད་པར་མེད་གསུངས་པའི་དོན་ལ་བསམ་དགོས། ༣༽བོད་སྤྱིར་ལ་རྒྱ་དང་ཤ་ཞེན་ཡོད་ན། བཀའ་བློན་ཁྲི་བ་མི་གཅིག་གི་གོ་ས་དང་ཡོ་བཟུར་ལ་མི་ལྟ་བར། བོད་མི་ཡོངས་རྫོགས་ཤེས་ཡོན་ཅན་དང་། ལ་རྒྱ་ཅན་དུ་འགྱུར་བའི་ཐབས་ལ་འབད་ཅིང་བསྐུལ་མ་དགོས་ཏེ། བཀའ་ཆེམས་ཀ་ཁོལ་མ་ལས། དེ་ལྟར་ཡོན་ཏན་ལྡན་པ་ཁ་བ་ཅན་གྱི་ཡུལ། །དེ་དབུས་སྐྱེས་བའི་མི་ལུས་དལ་འབྱོར་རྣམས། །ཡོན་ཏན་སློབ་ལ་རྩོལ་བ་མ་ཞན་ཅིག །ཅེས་སྲོང་བཙན་སྒམ་པོས་ཞལ་ཆེམས་བཞག་པ་སྙིང་ལ་ཆོངས་ཤིག །༤༽ཡང་དགོན་པས། རང་ཉིད་ཀྱིས་ལས་རྒྱུ་འབྲས་ཚུལ་བཞིན་བརྩིས་ན་ས་སྟེང་དགྲ་རུ་ལྡང་ཡང་སྒྲིབ་པ་དག་པའི་རྟགས་ཡིན། །ཚུགས་ཐུབ་དང་དྲང་པོར་བསྲོང་ན་མི་གྲལ་ནས་ཐོན་ཏེ་ཁྱི་གྲལ་དུ་ལྷུང་ཡང་དངོས་གྲུབ་ཡིན། །བློ་དཀོན་མཆོག་ལ་གཏད་ན་འཚོ་བ་དབུལ་ཞིང་འཆི་ཁ་ལུས་དུམ་བུ་སྟོང་དུ་སོང་ཡང་ལས་ཀྱི་ཐ་མ་ཡིན་པས་། རེ་དོགས་ཆོད། སྤྲོ་བར་མཛོད། དེས་ཕ་མས་དྲིན་ལོན། དཀོན་མཆོག་ལ་མཆོད་པར་འགྱུར། མི་ལུས་དོན་དང་ལྡན། ཚེ་འདིའི་གདོས་ཐག་ཆོད། བྱང་ཆུབ་ལ་ཤར་རེ་འགྲོ་བ་ཡིན་ནོ། །ཅེས་པ་འདི་བཀའ་བརྒྱུད་པའི་མི་ཚེ་དོན་ལྡན་སྒྲུབ་ཚུལ་ལོ། །
#76 དྲི་མེད་ལྷག་བསམ། ་ལགས་ཀྱིས་སྤེལ་དོན།:
December 15th, 2015 at 9:42 am
ཀ་རྡོ་ལེགས། ། ༡༽དགེ་ལྡན་པ་ལ་དད་པ་དང་ཤ་ཞེན་ཡོད་ན། པཎ་ཆེན་འོས་སྤྲུལ་སྨོད་པའི་བྱ་བ་ཟུར་དུ་བཞག་ནས། སྤྲུལ་མིང་འཛིན་པ་མི་གཅིག་ལ་རེ་བ་ཡོད་ཚད་མི་བཅོལ་བར། །གུང་ཐང་བསྟན་པའི་སྒྲོན་མེས། ཕྱི་རུ་ཉན་ཐོས་སྤྱོད་པའི་ཞི་ཞིང་དུལ། །ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན། །མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་ཁྱེར། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་གསུང་པ་ལྟར་དགེ་འདུན་སྡེའི་ལུང་ཆོས་གཡར་མཚོ་ལྟར་འཕེལ་བའི་ཐབས་ལ་འབད་དགོས། །༢༽
མཆན།74་པའི་ལན། བཅོས། ཀ་རྡོ་ལེགས། །
༡༽དགེ་ལྡན་པ་ལ་དད་པ་དང་ཤ་ཞེན་ཡོད་ན། པཎ་ཆེན་འོས་སྤྲུལ་སྨོད་པའི་བྱ་བ་ཟུར་དུ་བཞག་ནས། སྤྲུལ་མིང་འཛིན་པ་མི་གཅིག་ལ་རེ་བ་ཡོད་ཚད་མི་བཅོལ་བར། །གུང་ཐང་བསྟན་པའི་སྒྲོན་མེས། ཕྱི་རུ་ཉན་ཐོས་སྤྱོད་པའི་ཞི་ཞིང་དུལ། །ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན། །མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་ཁྱེར། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་གསུང་པ་ལྟར་དགེ་འདུན་སྡེའི་ལུང་ཆོས་དབྱར་མཚོ་ལྟར་འཕེལ་བའི་ཐབས་ལ་འབད་པ་དང་བསྐུལ་མ་དང་ཞབས་འདེགས་གནང་དགོས། །
༢༽བཀའ་བརྒྱུད་བསྟན་པ་ལ་ཤ་ཞེན་དང་དད་པ་ཡོད་ན། ཀརྨ་པ་རྩོད་པའི་གཡུལ་འཐབ་བཞག་ནས། རྗེ་སྒམ་པོ་པའི་ལམ་མཆོག་རིན་པོ་ཆེའི་ཕྲེང་བར། སྐྱེས་བུ་དམ་པའི་རྟགས་བཅུ་གཅིག་གསུང་པའི་ནང་གི། གཞན་གྱིས་སྡིག་གསོག་པ་ལ་ཁོང་མི་ཁྲོ་ཞིང་བཟོད་པ་སྐྱེས་བུ་དམ་པའི་རྟགས། རྒྱལ་ཁ་ཐམས་ཅད་མི་ལ་སྟེར་ཞིང་ཕམ་ཁ་རང་ལ་ལེན་པ་སྐྱེས་བུ་དམ་པའི་རྟགས། ཅེས་དང་ཡང་སྒམ་པོ་པས། ལམ་མཆོག་རིན་པོ་ཆེའི་ཕྲེང་བ་དང་། ཐར་རྒྱན་སོགས་ལ་གཟིགས་པར་བསྐུལ་ཏེ། ང་དང་མངོན་སུམ་དུ་འཕྲད་པ་དང་ཁྱད་པར་མེད་གསུངས་པའི་དོན་ལ་བསམ་དགོས། མར་མི་དྭགས་གསུམ་གྱི་སྒྲུབ་ཚུགས་འཛིན་ནུས་ན་ཀརྨ་པའི་བསྟན་པ་ལའང་བྱ་བ་བྱས་པ་ཡིན།
༣༽བོད་སྤྱིར་ལ་རྒྱ་དང་ཤ་ཞེན་ཡོད་ན། བཀའ་བློན་ཁྲི་བ་མི་གཅིག་གི་གོ་ས་དང་ཡོ་བཟུར་ལ་མི་ལྟ་བར། བོད་མི་ཡོངས་རྫོགས་ཤེས་ཡོན་ཅན་དང་། ལ་རྒྱ་ཅན། འགན་ཁུར་ནུས་པའི་ཤེས་རབ་ཅན་དུ་འགྱུར་བའི་ཐབས་ལ་འབད་ཅིང་བསྐུལ་མ་དགོས་ཏེ། བཀའ་ཆེམས་ཀ་ཁོལ་མ་ལས། དེ་ལྟར་ཡོན་ཏན་ལྡན་པ་ཁ་བ་ཅན་གྱི་ཡུལ། །དེ་དབུས་སྐྱེས་བའི་མི་ལུས་དལ་འབྱོར་རྣམས། །ཡོན་ཏན་སློབ་ལ་རྩོལ་བ་མ་ཞན་ཅིག །ཅེས་སྲོང་བཙན་སྒམ་པོས་ཞལ་ཆེམས་བཞག་པ་སྙིང་ལ་ཆོངས་ཤིག །དེ་ལས་ལྡོག་སྟེ་མི་མང་བླུན་པོར་བཟོས། དཀྲོག་གཏམ་སྣ་ཚོགས་བསྒྲགས། བོད་རིགས་དུམ་བུར་གཏོར། གཅིག་སྡུད་རང་ལུགས་རྒྱ་བསྐྱེད་པ་ནི་བོད་སྤྱི་ལ་གནོད་པས་སྤང་བླང་གོ་ལོགས་པ་མ་བྱེད་ཅིག །
༤༽རང་ཉིད་ལ་ཕན་པའི་བྱ་བ་སྒྲུབ་འདོད་ན། ཡང་དགོན་པས། རང་ཉིད་ཀྱིས་ལས་རྒྱུ་འབྲས་ཚུལ་བཞིན་བརྩིས་ན་ས་སྟེང་དགྲ་རུ་ལྡང་ཡང་སྒྲིབ་པ་དག་པའི་རྟགས་ཡིན། །ཚུགས་ཐུབ་དང་དྲང་པོར་བསྲོང་ན་མི་གྲལ་ནས་ཐོན་ཏེ་ཁྱི་གྲལ་དུ་ལྷུང་ཡང་དངོས་གྲུབ་ཡིན། །བློ་དཀོན་མཆོག་ལ་གཏད་ན་འཚོ་བ་དབུལ་ཞིང་འཆི་ཁ་ལུས་དུམ་བུ་སྟོང་དུ་སོང་ཡང་ལས་ཀྱི་ཐ་མ་ཡིན་པས་། རེ་དོགས་ཆོད། སྤྲོ་བར་མཛོད། དེས་ཕ་མས་དྲིན་ལོན། དཀོན་མཆོག་ལ་མཆོད་པར་འགྱུར། མི་ལུས་དོན་དང་ལྡན། ཚེ་འདིའི་གདོས་ཐག་ཆོད། བྱང་ཆུབ་ལ་ཤར་རེ་འགྲོ་བ་ཡིན་ནོ། །ཅེས་པ་འདི་བཀའ་བརྒྱུད་པའི་མི་ཚེ་དོན་ལྡན་སྒྲུབ་ཚུལ་ལོ། །
བཀའ་བརྒྱུད་པ་ཚད་ལྡན་ཞིག་འདོད་ན། གྲུབ་བརྙེས་རྒྱལ་བ་གོང་མའི་བཀའ་ལྷུར་ལེན་པ་དང་། དེ་དག་གི་གསུང་གཅེས་ཤིང་འཕང་བའི་སྒོ་ནས་སྲུང་སྤེལ་གནང་ན་བསྟན་པ་ལ་རྒྱ་དང་། ཤ་ཞེན་ཡོད་པའི་རྟགས་ཡིན། དེ་ལས་ལྡོག་ཏེ་སྒོམ་ཆེན་རི་ནས་ཕབས། སྒྲུབ་བརྒྱུད་ཚོང་ལས་ལ་བསྒྱུར། ལྷོད་ཤིག་གེར་ཡོད་པའི་ཆོས་པ་རྣམས་བྲེལ་ལིང་ངེར་བསྒྱུར། ལྷུན་ཆགས་ཤིང་བྱིན་རླབས་ཐི་ལེ་ཡོད་པའི་སྒྲུབ་ཆེན་རྣམས་འཇིག་རྟེན་གྱི་ཁ་འཛིན་དུ་བསྐོས། བཀའ་བརྒྱུད་གོང་མའི་བསླབ་བྱ་དང་འགལ་བའི་གསར་བཟོའི་ཆོས་ལོག་དྲི་མ་ཅན་གྱིས་རྒྱལ་ཁམས་གང་བར་མི་གནང་བར་གསོལ་བ་འདེབས་སོ། །
་་་་་་་་་་་ ཤ་ཞེན་ཡོད་པའི་རྟགས་ཡིན། དེ་ལས་ལྡོག་ཏེ་སྒོམ་ཆེན་རི་ནས་ཕབས། སྒྲུབ་བརྒྱུད་ཚོང་ལས་ལ་བསྒྱུར། ལྷོད་ཤིག་གེར་ཡོད་པའི་ཆོས་པ་རྣམས་བྲེལ་ལིང་ངེར་བསྒྱུར། ལྷུན་ཆགས་ཤིང་བྱིན་རླབས་ཐི་ལེ་ཡོད་པའི་སྒྲུབ་ཆེན་རྣམས་འཇིག་རྟེན་གྱི་ཁ་འཛིན་དུ་བསྐོས། བཀའ་བརྒྱུད་གོང་མའི་བསླབ་བྱ་དང་འགལ་བའི་གསར་བཟོའི་ཆོས་ལོག་དྲི་མ་ཅན་གྱིས་རྒྱལ་ཁམས་གང་བར་མི་གནང་བར་གསོལ་བ་འདེབས་སོ། །་་་་་་་་་་་་་་
ཞེས་གསུངས་པ་ལ་མོས་མཐུན་དང་། དྲན་གསོ་གནང་བར་བཀའ་དྲིན་ཆེ། དུས་བབ་བཏབ་རྒྱུ་བཞག་ནས་ལོ་ངོ་འགྲོ་བཞིན་འདུག་ན་ཡང་། དུས་བབ་ཀློག་མཚམས་དང་། ཁ་བརྡ་མཆན་འབུ་བྱ་རྒྱུ་དེ་ལས་ད་དུང་ཡང་ཐར་མ་སོང་། ངའི་སྤྱི་སེམས་ཡོད་མདོག་གི་ལ་རྒྱ་འདིས། ཁ་བརྡའི་འཁོར་བ་ལས་ངེས་པར་འབྱུང་མ་ཐུབ་པར་ལུས་ནས་བསྡད་ཡོད་པས་་་་་་་་་
རྙིང་མའི་བསྟན་པ་དར་དུས། །
རྒྱ་གར་རང་དུ་བསྡད་ཡོད། །
བཀའ་བརྒྱུད་བསྟན་དར་དུས། །
བོད་ལ་ཚར་གཅིག་འོངས་ཡིན། །
འོནད་ཀྱང་བོད་རིགས་བོན་ཀོག །
མི་ཚེ་བསྐྱལ་སར་གནོད་བྱུང་། །
ད་ནི་འཕགས་བོད་བརྒལ་ནས། །
ཡོ་རོབ་བསྟན་པ་བཙུགས་ཡོད། །
དུས་བབ་སྔར་ནས་གཡུག་ཟིན། །
ཁ་བརྡ་བྲལ་འདོད་ཡོད་ཀྱང་། །
རྒྱུ་མཚན་དགོས་པའི་དབང་གིས། །
བློས་ཐོང་ཐུབ་པ་མི་འདུག །
ང་ལྔ་བརྒལ་ནས་ཐལ་སོང་། །
དྲུག་ཅུ་སོན་ལ་ཉེ་སོང་། །
ད་ནས་འཆི་བ་དྲན་ནས། །
མཚམས་ཁང་ནང་ལ་འཛུལ་འདོད། །
འཁོར་བ་བཟའ་ཟླ་བུ་ཕྲུག །
བློས་ཐོང་ཐུབ་པ་བྱུང་ན། །
ཁ་བརྡ་དུས་བབ་གཉིས་ཀྱང་། །
ཁ་བྲལ་དཀའ་མོ་མིན་འགྲོ །
ངོས་ནས་བཤད་ན་པཎ་ཆེན་བདེན་རྫུན་ཟེར་བ་གཉིས་ཀ་རྫུན་པ་རེད། གཅིག་རྒྱ་མིས་བཟོས་པ་རེད། གཅིག་པཎ་ཆེན་རིན་པོ་ཆེ་མ་འདས་གོང་ནས་བོད་མིས་བཟོས་པ་རེད།
་་་་་་་་་་ #85 པདྨ ་ལགས་ཀྱིས་སྤེལ་དོན།:
December 16th, 2015 at 9:25 am
ངོས་ནས་བཤད་ན་པཎ་ཆེན་བདེན་རྫུན་ཟེར་བ་གཉིས་ཀ་རྫུན་པ་རེད། གཅིག་རྒྱ་མིས་བཟོས་པ་རེད། གཅིག་པཎ་ཆེན་རིན་པོ་ཆེ་མ་འདས་གོང་ནས་བོད་མིས་བཟོས་པ་རེད། ་་་་་་་་་་་་་་ ཟེར།
མཁྱེན་ནོ།
ཀརྨ་པ་མཁྱེན་ནོ།
ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཁྱེན་ནོ།
ཀརྨ་པ་ནི་དེ་དང་མི་འདྲ་བར་ཀུན་གཟིགས་ཞྭ་དམར་རིན་པོ་ཆེས་༧རྒྱལ་བ་ཀརྨ་པ་མཐའ་ཡས་རྡོ་རྗེ་ཡིན་པར་ཐུགས་ཐག་བཅད་ཟིན་ཀྱང་སི་ཏུས་རྒྱ་བོད་ཁྱབ་སྲིད་པ་ཚོ་གྲོགས་སུ་བཀུགས་ནས་ཨོ་རྒྱན་རྡོ་རྗེ་བཟོས་པ་ཞིག་རེད། རྒྱ་ནག་གཞུང་གིས་བཟོས་པའི་པན་ཆེན་བཅུ་གཅིག་པ་པཎ་ཆེན་ཆོས་ཀྱི་རྒྱལ་པོ་དང་གཅིག་པ་རེད།
ཁ་བརྡ་དྲ་བ་དེ་རྒྱ་དམར་གྱི་དྲ་བ་ཞིག་རེད་འདུག་ངའི་མཆན་ཚང་མ་བཀག་སོང་དམིགས་བསལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་ཁ་གཏོང་མཁན་མཆན་ཚང་མ་བཀོད་ཀྱི་འདུག་ངས་དེར་དྲང་བདེན་གྱི་ལན་འདེབས་ཚང་མ་བཀག་སོང་དེ་རིང་ནས་ངས་ཁ་བརྡ་དྲ་བ་རྒྱ་དམར་གྱི་དྲ་རྒྱ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
མཁྱེན་ནོ།
ཐམས་ཅད་མཁྱེན་པ་མཁྱེན་ནོ།
པཎ་ཆེན་ཐམས་ཅད་མཁྱེན་པ་་མཁྱེན་ནོ།
པཎ་ཆེན་བསྟན་འཛིན་དགེ་འདུན་དཔལ་བཟང་པོ་མཁྱེན་ནོ།།
http://tibettimes.net/%E0%BD%A2%E0%BE%92%E0%BE%B1%E0%BC%8B%E0%BD%93%E0%BD%82%E0%BC%8B%E0%BD%82%E0%BD%B2%E0%BC%8B%E0%BD%98%E0%BD%90%E0%BD%A0%E0%BC%8B%E0%BD%A6%E0%BE%B2%E0%BD%B4%E0%BD%84%E0%BC%8B%E0%BD%91%E0%BD%98%E0%BD%82/
་་་་་་་་་་ རྒྱ་ནག་གི་མཐའ་སྲུང་དམག་མི་ལས་བོད་པ་ནང་ཁུལ་གྱི་གསང་ཉུལ་བ་འཇོན་པོ་འདུག
བོད་ཀྱི་དུས་བབ། ༢༠༡༥/༡༢/༡༨ རིག་པ། (༡)
དེང་སྐབས་བོད་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་མཁན་ཇེ་ཉུང་དུ་ཕྱིན་པའི་རྒྱུ་མཚན་གཅིག་ས་མཚམས་ཁག་དམ་དྲག་བྱས་པ་དང་ས་མཚམས་ཀྱི་བོད་པའི་གྲོང་ཚོ་ཁག་ལ་གསང་ཉུལ་བ་མང་པོ་འགྲེམས་འཇོག་བྱས་པའི་རྐྱེན་གྱིས་ཐར་གྱི་ཡོད་པ་མ་རེད་ཟེར། ་་་་་་་་་་
་་་་་་་་་ དེང་སྐབས་དིང་རི་ས་ཁུལ་གྱི་གྲོང་ཚོ་རེ་རེའི་ནང་རྒྱ་ནག་གཞུང་གི་གསང་ཉུལ་བ་མི་ ༥ རེ་བཞག་ཡོད་པ་རེད། དེ་ཧ་ལམ་དིང་རི་རྫོང་འོག་གི་གྲོང་ཚོ་ཚང་མའི་ནང་ཡོད་པ་རེད། རྒྱ་གར་ལ་འགྲོ་མཁན་ཚོ་ཐར་ཐུབ་པ་ཁག་པོ་ཞེ་དྲགས་རེད། མཐའ་མཚམས་སྲུང་མཁན་གྱི་དམག་མི་ལས་གྲོང་ཚོ་ཁག་གི་གསང་ཉུལ་བ་དེ་ཚོ་འཇོན་པ་ཡོད་པ་རེད། གལ་སྲིད་ཁོ་ཚོས་མི་གཅིག་བཟུང་པ་ཡིན་ན་རྒྱ་ནག་གིས་དངུལ་གྱི་བྱ་དགའ་སྤྲོད་ཀྱི་ཡོད་པ་རེད། ་་་་་་་་་་་་་་
་་་་་་་་ གཞིས་ཀ་རྩེ་ཁུལ་བཅས་ལ་དངུལ་ཧ་ཅང་ཕོན་ཆེན་པོ་ལྐོག་རྔན་སྤྲད་དེ། ང་རང་ནག་པོ་ནག་རྐྱང་བཟོས་པ་མ་ཟད་མི་ཚེ་གང་བོར་གཉེན་སྒྲིག་ཀྱང་བྱས་མི་ཆོག་པ་བཟོས་པ་རེད། མཐའ་ན་ད་ལོའི་ཕྱི་ཟླ་ ༩ བའི་ཚེས་ ༡༥ ཉིན་མི་གཞན་ལ་དངུལ་སྤྲད་ནས་ང་གསོད་རྩིས་བྱས་པ་སོགས་ངས་ཤེས་ཀྱི་ཡོད། དཀའ་ངལ་དེ་འདྲ་ཞིག་གི་འོག་ནས་ང་རྒྱ་གར་ལ་ཡོང་དགོས་བྱུང་སོང་། གནས་ཚུལ་དེ་ཆ་ཚང་ངས་བདེ་སྲུང་ལས་ཁུངས་ལའང་ཞུས་ཡོད། ་་་་་་་་་
་་་་་་་་ ཁ་ཤས་ཀྱིས་སྒྲུང་རྫུན་མ་བཟོས་ཏེ་དངུལ་ཕོན་ཆེན་པོ་སྤྲད་དེ་རྒྱ་གར་ལ་གནས་མཇལ་དུ་ཡོང་ཐབས་བྱེད་ཀྱི་ཡོད་་་་་་་་་་་
http://tibettimes.net/%E0%BD%85%E0%BD%84%E0%BC%8B%E0%BD%99%E0%BD%B2%E0%BC%8B%E0%BD%98%E0%BD%BA%E0%BD%93%E0%BC%8B%E0%BD%91%E0%BD%84%E0%BC%8B%E0%BD%A3%E0%BD%BC%E0%BD%A0%E0%BD%B4%E0%BC%8B%E0%BD%A1%E0%BD%BA%E0%BD%93%E0%BC%8B/
ཅང་ཙི་མེན་དང་ལུའུ་ཡེན་ཧྲན་རྒོལ་རྡུང་གི་གཟེབ་ཏུ་ཚུད་ཟིན་པ་རེད་ཟེར།
ཧྲིན་ཧཱོ་ལ་ལོ་བཞི་ཡི་ཁྲིམས་ཐག་བཅད་འདུག
བོད་ཀྱི་དུས་བབ། ༡༧:༢༨ རིག་པ། (༠)
རྒྱ་ནག་གི་དུས་རབས་ཉེར་གཅིག་བརྒྱུད་ལམ་གྱི་སྤྱི་ཁྱབ་འགན་འཛིན་ཧྲིན་ཧཱོ་ལ་ལོ་བཞི་ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག
http://tibettimes.net/%E0%BD%A7%E0%BE%B2%E0%BD%B2%E0%BD%93%E0%BC%8B%E0%BD%A7%E0%BD%B1%E0%BD%BC%E0%BC%8B%E0%BD%A3%E0%BC%8B%E0%BD%A3%E0%BD%BC%E0%BC%8B%E0%BD%96%E0%BD%9E%E0%BD%B2%E0%BC%8B%E0%BD%A1%E0%BD%B2%E0%BC%8B%E0%BD%81/