དོན་གྲུབ་རྒྱལ་གྱི་མཛད་རྗེས་དང་ཤུགས་རྐྱེན། Posted on 2015-12-092015-12-09 By ཁ་བརྡ 14 Comments on དོན་གྲུབ་རྒྱལ་གྱི་མཛད་རྗེས་དང་ཤུགས་རྐྱེན། བགྲོ་གླེང་།
དོན་གྲུབ་རྒྱལ་གྱི་རྩོམ་ནང་ནས། རིན་ཐང་ཆེ་ཤོས་དེ་ནི། ོབོད་ཀྱི་འབྱུང་འཕེལ་གྱི་ལོ་རྒྱུས་དེ་རེད། འཇུ་བསྟན་སྐྱོང་གིས།
དོན་གྲུབ་རྒྱལ་མ་དགའ་མཁན་ཚོས། ཁོ་ལ་ཆོས་ལ་དད་པ་མེད་པ་དང་། ལྟ་བ་མཁྱེན་མཚར་ཡོད་པ་དང་། སྤྱོད་པ་ཡག་པོ་ཡོད་མ་རེད་ཅེས་ཟེར་བ་རེད་ཅེས་ཟེར།
སྙན་དངགས་ཡིན་ན། རང་མོས་སྙན་དངགས་ཡིན་པས་མ་ཁྱབ་པའི་གཞན་མོས་ཀྱི་སྙན་དངགས་ཞེས་པ་ཞིག་སྲི་མཐར་བཙལད་ཀྱང་མི་རྙེད་དོ།།
དཔལ་དོན་འགྲུབ་རྒྱལ་ལ་རྗེས་དྲན་ནི་བྱ་བ་དགའ་ཞིག་ཡིན་རུང་། རྗེས་དྲན་བྱེད་སྟངས་རེད་འདོད་རྐྱེན་ཞིག་བྱུང་མེད་ན། སུ་ལའང་རྗེས་དྲན་དེས་ཡིད་ཚིམ་པ་ཞིག་འོང་དཀའ་མོ་རེད། དོན་འགྲུབ་རྒྱལ་ལ་རྗེས་དྲན་བྱ་དུས་ངེས་པར་དུ་གནད་འགག་ཁ་ཤས་གཞིར་བཟུང་ནས་གསེད་བཀྲོལ་དགོས་པ་ནི། དང་པོ། དོན་རྒྱལ་གྱི་བློ་འབྱེད་རིག་པའི་སྐོར་རེད། འདི་ལས་འཕྲོས་ཏེ་ཁོང་གི་བསམ་བློའི་སྙིང་སྟོབས་དང་བོད་ཀྱི་ལ་ཞེན་སོགས། དོན་རྒྱལ་གྱི་འཕགས་ཆོས་སྤྱི་བྱེ་བྲག་ཕན་ཚུན་མ་འཕྱུག་པའི་སྟེང་ནས་སོ་སོའི་ངོས་འཛིན་གཏན་ཕེབས་བྱ་ཚུལ་རེད། ཇི་ཙམ་གྱིས་ངོས་འཛིན་གཏན་ཕེབས་འདི་ལེགས་པོ་འཁྱོངས་ན། དེས་ཚོད་ཅིག་བོད་ཀྱི་དེང་རབས་བསམ་བློར་སྨན་པ་འོང་བ་བཤད་ཅི་དགོས། གཉིས་པ། རང་གྲོལ་ཁོང་གི་བོད་ཀྱི་རྩོམ་རིག་ལྟ་བའི་སྐོར་རེད། ཁྱབ་ཁོངས་འདི་ལས་གལ་ཆེ་ཆེ་བྱ་དགོས་ས་ནི། ཁོང་གི་སྙན་ངག སྒྲུང་རྩོམ། ལོ་རྒྱུས་ཕྱོགས་ཀྱི་རྩོམ་རིག་དག་རེད། འདིའི་ཆ་ཆ་ཅན་གྱི་ཁྱད་ཆོས་ངོས་འཛིན་དེ་ཆེས་སྤྱི་བཏང་བ་ཞིག་ཀྱང་སྐད་ཆ་ཐུང་ཐུང་ཞིག་ནས་འཚག་འགྲོ་ག་ལ་ཐུབ་སྟེ། ཡིན་ནའང་། གླེང་གཞི་འདིའི་ངོས་ནས་རང་རེ་མང་པོས་རྩིང་ཞིབ་གང་རུང་བརྒྱུད་དེ། ཁོང་གི་ཁྱད་ནོམ་ལ་ལག་སྙོབ་གང་འཚམ་ཐུབ་ཡོད་སྐད། གསུམ་པ། དོན་རྒྱལ་གྱི་མི་ཚེའི་འཚོ་བ་རེད། འདི་ལས་ཁོང་དང་ཁོང་གི་ཚེ་སྲོག་བར་གྱི་གྱོད་གཞི། ཁོང་དང་ཁོང་གི་སྤྱི་ཚོགས་གཉི་གའི་གདོང་ཐུག ཁོང་དང་སྐབས་དེའི་རྒན་གཞོན་ཤེས་ཡོན་པའི་གཙུབ་རྡར་བཅས་མང་པོ་ཞིག་ལ། རབ་རིབ་མ་ཡིན་པའི་ངོས་འཛིན་གལ་ཆེན་འདོད་དེ། འདིས་འུ་ཚོ་འདས་ཉེས་ལ་བསྐྱར་གོལ་བྱ་མི་འཇུག་པའི་ནུས་པ་གདོན་ཐུབ་ངེས་ན། གང་ལྟར། དམ་པར་རྗེས་དྲན་ནམ་དམ་པ་འཚོལ་བ་ནི། རིག་གནས་ཤིག་གི་རྒྱུད་ཤུགས་དང་། སློབ་སྦྱོང་ཞིག་གི་ངར་བ་ལོས་ཡིན།
བཙན་བྱོལ་གྱི་ཤེས་རིག་བླུན་བསྒྱུར་དང་བྲན་གཡོག་བཟོ་རྒྱུ་དེ་ལས་མེད་རྐྱེན། དུས་རབས་འདིའི་གད་སྙིགས་གྲྭ་ལོག་ཚོ་ལས་བོང་རྫི་ཟེར་བའི་གྲགས་མེད་དྲ་འབུ་ཞིག་དང་སྐལ་བཟང་རྡོ་རྗེ་དང་འོད་ཟེར་བའི་ར་ཤ་ཡའི་སྨན་རྫུན་གཉིས་ཀྱི་མཁས་དབང་ངོ་མ་དོན་གྲུབ་རྒྱལ་གཞི་མེད་མཚད་སྨད་བྱས་པ་དེ་ནི་བོད་ཕྱི་ནང་བར་དུ་འགལ་བ་དང་བོད་མི་རིགས ལ་ངོ་རྒོལ་བྱས་པ་དང་གཅིག་མཚུངས་ཡིན་པ་མ་ཟད། དགྲ་བོ་རྒྱ་ཡི་རྒྱུགས་ཁྱི་གསོན་པོ་ཡིན་པ་ཤེས་དགོས།
འཇུ་བསྟན་སྐྱོང་ལགས་ཀྱིས་བཀའ་མོལ་གསུངས་སྟངས་ལ་གཞིགས་ན་ཟུར་གནས་ཀྱིས་བསམ་ཕྱོགས་འདྲ་མིན་ལ་ཐུགས་བསམ་བཞེས་ནས་ལོ་རྒྱུས་ཞིབ་འཇུག་པ་ཞིག་ལ་ངེས་འཛིན་ཞུ་ན་མ་འགྲིག་པ་མི་འདུག་བསམ་གྱིན། དོན་འགྲུབ་རྒྱལ་ལགས་ནི་སྐད་གྲགས་ཡོང་ས་དེ་ལང་ཚོའི་རྦབ་ཆུ་ཞེས་པའི་སྙན་རྩོམ་དེ་ཡིན་པ་འདྲ། ངས་ལང་ཚོའི་རྦབ་ཆུར་ལྟོས་པ་ཡིན། ཚིག་སྦྱོར་སྤྱོད་སྟངས་སོགས་ཁ་གསལ་གོ་བདེའི་རང་མོས་སྙན་ངག་གམ་སྒྲིག་ལམ་མེད་པའི་སྙན་རྩོམ་ཞིག་དང་མི་རིགས་ཀྱི་ལ་རྒྱའི་སྐོར་གྱི་ཚོར་བ་མངོན་པ་བྱས་པའི་རྩོམ་ཡིག་རེད། འོན་ཀྱང་ང་ནི་སྙན་རྩོམ་རིགས་ལ་དགའ་པོ་མེད་ལ། ཡིད་ཆེས་ཡང་མེད། རྒྱུ་མཚན་ནི་སྙན་རྩོམ་གང་ཞིག་གིས་སྒྲོ་བཏགས་དང་སྐུལ་འདེབས་ཀྱི་མ་རྒྱན་པའི་སྙན་རྩོམ་ཞིག་ཡོད་ནི་མ་རེད། སྙན་ངག་ནི་རྩོམ་པ་པོའི་སེམས་ཚོར་ཙམ་གྱིས་སྟོད་སྟོད་སྨོད་སྨོད་དང་ལེགས་ལེགས་ཉེས་ཉེས་སོགས་ཕྱོགས་ལྷུང་གི་རྩོམ་ཡིག་དག་དག་རེད། གལ་སྲིད་མི་རིགས་ཀྱི་ལ་རྒྱའི་ཆེད་དུ་སྙན་དེབ་ཁ་ཤས་བྲིས་ནས་རང་ཤི་རྒྱབ་པ་ནི་བློ་སྣ་ཐུང་བས་རང་འཕུང་ཅིག་ཡིན་པ་ལས་དཔལ་མཛངས་ལྡན་པའི་བཟང་སྤྱོད་ཅིག་ག་ནས་ཡིན།
༢༠༡༥།༠༩ཉིན་སྤེལ། དཔལ་དོན་གྲུབ་རྒྱལ་སྐུ་གཤེགས་ནས་ལོ་༣༠འཁོར་བའི་རྗེས་དྲན་བགྲོ་གླེང་ཞིག་ས་རཱ་མཐོ་སློབ་ནས་འཚོགས་འདུག རྗེས་དྲན་བགྲོ་གླེང་སྲུང་བརྩིའི་ཚོགས་འདུའི་སྟེང་། ས་རཱ་མཐོ་སློབ་ཀྱི་རྩོམ་རིག་སློབ་དཔོན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་དང་སྙན་ངག་དགེ་རྒན་མེ་འོད་དང་ཨ་འཇམ་གསུམ་ནི་གཏམ་བཤད་གནང་མཁན་དང་། དགེ་སློབ་གཉིས་བཅས་མི་གྲངས་༣༠༠ལྷག་འདུ་འཛོམས་བྱས་ཡོད་འདུག__དྲ་ཐག་་་http://www.shambalapost.com/exile-news/12084-2015-12-09-04-57-36
དོན་གྲུབ་རྒྱལ་ཟེར་ན་སུ་རེད་དམ།
རྨོངས་གཉིད་ལས་སད་པའི་རྟོག་སད་པ་ཞིག་རེད།
ཁིང་གིས། ལང་ཚོའི་རྦབ་ཆུ་བརྩམས། མཐར་རང་ཤི་བརྒྱབས།
རང་བཙན་དང་དབུ་མ་དང་གོང་ས་མཆོག་གི་ཆེད་དུ་རང་ཤི་བརྒྱབས་པ་མང་པོ་ཡོད་རེད།། ལགས་མ་རེད་པས།
དོན་གྲུབ་རྒྱལ་གྱི་རྩོམ་ནང་ནས། རིན་ཐང་ཆེ་ཤོས་དེ་ནི། ོབོད་ཀྱི་འབྱུང་འཕེལ་གྱི་ལོ་རྒྱུས་དེ་རེད། འཇུ་བསྟན་སྐྱོང་གིས།
དོན་གྲུབ་རྒྱལ་མ་དགའ་མཁན་ཚོས།
ཁོ་ལ་ཆོས་ལ་དད་པ་མེད་པ་དང་། ལྟ་བ་མཁྱེན་མཚར་ཡོད་པ་དང་། སྤྱོད་པ་ཡག་པོ་ཡོད་མ་རེད་ཅེས་ཟེར་བ་རེད་ཅེས་ཟེར།
ཁོ་ལ་དགའ་མཁན་ཚོས། ཁ་ཧང་དགའ་བ་དང་། མི་རིགས་ཀྱི་དཔའ་བོ་ཅིག་ལ་བྲཙིས་པར་འདོད། ཟེར།
རང་མོས་སྙན་དངགས་ཟེར་ན་གང་རེད་དམ། ལགས།
སྙན་དངགས་ཡིན་ན། རང་མོས་སྙན་དངགས་ཡིན་པས་མ་ཁྱབ་པའི་གཞན་མོས་ཀྱི་སྙན་དངགས་ཞེས་པ་ཞིག་སྲི་མཐར་བཙལད་ཀྱང་མི་རྙེད་དོ།།
དཔལ་དོན་འགྲུབ་རྒྱལ་ལ་རྗེས་དྲན་ནི་བྱ་བ་དགའ་ཞིག་ཡིན་རུང་། རྗེས་དྲན་བྱེད་སྟངས་རེད་འདོད་རྐྱེན་ཞིག་བྱུང་མེད་ན། སུ་ལའང་རྗེས་དྲན་དེས་ཡིད་ཚིམ་པ་ཞིག་འོང་དཀའ་མོ་རེད། དོན་འགྲུབ་རྒྱལ་ལ་རྗེས་དྲན་བྱ་དུས་ངེས་པར་དུ་གནད་འགག་ཁ་ཤས་གཞིར་བཟུང་ནས་གསེད་བཀྲོལ་དགོས་པ་ནི། དང་པོ། དོན་རྒྱལ་གྱི་བློ་འབྱེད་རིག་པའི་སྐོར་རེད། འདི་ལས་འཕྲོས་ཏེ་ཁོང་གི་བསམ་བློའི་སྙིང་སྟོབས་དང་བོད་ཀྱི་ལ་ཞེན་སོགས། དོན་རྒྱལ་གྱི་འཕགས་ཆོས་སྤྱི་བྱེ་བྲག་ཕན་ཚུན་མ་འཕྱུག་པའི་སྟེང་ནས་སོ་སོའི་ངོས་འཛིན་གཏན་ཕེབས་བྱ་ཚུལ་རེད། ཇི་ཙམ་གྱིས་ངོས་འཛིན་གཏན་ཕེབས་འདི་ལེགས་པོ་འཁྱོངས་ན། དེས་ཚོད་ཅིག་བོད་ཀྱི་དེང་རབས་བསམ་བློར་སྨན་པ་འོང་བ་བཤད་ཅི་དགོས། གཉིས་པ། རང་གྲོལ་ཁོང་གི་བོད་ཀྱི་རྩོམ་རིག་ལྟ་བའི་སྐོར་རེད། ཁྱབ་ཁོངས་འདི་ལས་གལ་ཆེ་ཆེ་བྱ་དགོས་ས་ནི། ཁོང་གི་སྙན་ངག སྒྲུང་རྩོམ། ལོ་རྒྱུས་ཕྱོགས་ཀྱི་རྩོམ་རིག་དག་རེད། འདིའི་ཆ་ཆ་ཅན་གྱི་ཁྱད་ཆོས་ངོས་འཛིན་དེ་ཆེས་སྤྱི་བཏང་བ་ཞིག་ཀྱང་སྐད་ཆ་ཐུང་ཐུང་ཞིག་ནས་འཚག་འགྲོ་ག་ལ་ཐུབ་སྟེ། ཡིན་ནའང་། གླེང་གཞི་འདིའི་ངོས་ནས་རང་རེ་མང་པོས་རྩིང་ཞིབ་གང་རུང་བརྒྱུད་དེ། ཁོང་གི་ཁྱད་ནོམ་ལ་ལག་སྙོབ་གང་འཚམ་ཐུབ་ཡོད་སྐད། གསུམ་པ། དོན་རྒྱལ་གྱི་མི་ཚེའི་འཚོ་བ་རེད། འདི་ལས་ཁོང་དང་ཁོང་གི་ཚེ་སྲོག་བར་གྱི་གྱོད་གཞི། ཁོང་དང་ཁོང་གི་སྤྱི་ཚོགས་གཉི་གའི་གདོང་ཐུག ཁོང་དང་སྐབས་དེའི་རྒན་གཞོན་ཤེས་ཡོན་པའི་གཙུབ་རྡར་བཅས་མང་པོ་ཞིག་ལ། རབ་རིབ་མ་ཡིན་པའི་ངོས་འཛིན་གལ་ཆེན་འདོད་དེ། འདིས་འུ་ཚོ་འདས་ཉེས་ལ་བསྐྱར་གོལ་བྱ་མི་འཇུག་པའི་ནུས་པ་གདོན་ཐུབ་ངེས་ན། གང་ལྟར། དམ་པར་རྗེས་དྲན་ནམ་དམ་པ་འཚོལ་བ་ནི། རིག་གནས་ཤིག་གི་རྒྱུད་ཤུགས་དང་། སློབ་སྦྱོང་ཞིག་གི་ངར་བ་ལོས་ཡིན།
བཙན་བྱོལ་གྱི་ཤེས་རིག་བླུན་བསྒྱུར་དང་བྲན་གཡོག་བཟོ་རྒྱུ་དེ་ལས་མེད་རྐྱེན། དུས་རབས་འདིའི་གད་སྙིགས་གྲྭ་ལོག་ཚོ་ལས་བོང་རྫི་ཟེར་བའི་གྲགས་མེད་དྲ་འབུ་ཞིག་དང་སྐལ་བཟང་རྡོ་རྗེ་དང་འོད་ཟེར་བའི་ར་ཤ་ཡའི་སྨན་རྫུན་གཉིས་ཀྱི་མཁས་དབང་ངོ་མ་དོན་གྲུབ་རྒྱལ་གཞི་མེད་མཚད་སྨད་བྱས་པ་དེ་ནི་བོད་ཕྱི་ནང་བར་དུ་འགལ་བ་དང་བོད་མི་རིགས
ལ་ངོ་རྒོལ་བྱས་པ་དང་གཅིག་མཚུངས་ཡིན་པ་མ་ཟད། དགྲ་བོ་རྒྱ་ཡི་རྒྱུགས་ཁྱི་གསོན་པོ་ཡིན་པ་ཤེས་དགོས།
འཇུ་བསྟན་སྐྱོང་ལགས་ཀྱིས་བཀའ་མོལ་གསུངས་སྟངས་ལ་གཞིགས་ན་ཟུར་གནས་ཀྱིས་བསམ་ཕྱོགས་འདྲ་མིན་ལ་ཐུགས་བསམ་བཞེས་ནས་ལོ་རྒྱུས་ཞིབ་འཇུག་པ་ཞིག་ལ་ངེས་འཛིན་ཞུ་ན་མ་འགྲིག་པ་མི་འདུག་བསམ་གྱིན། དོན་འགྲུབ་རྒྱལ་ལགས་ནི་སྐད་གྲགས་ཡོང་ས་དེ་ལང་ཚོའི་རྦབ་ཆུ་ཞེས་པའི་སྙན་རྩོམ་དེ་ཡིན་པ་འདྲ། ངས་ལང་ཚོའི་རྦབ་ཆུར་ལྟོས་པ་ཡིན། ཚིག་སྦྱོར་སྤྱོད་སྟངས་སོགས་ཁ་གསལ་གོ་བདེའི་རང་མོས་སྙན་ངག་གམ་སྒྲིག་ལམ་མེད་པའི་སྙན་རྩོམ་ཞིག་དང་མི་རིགས་ཀྱི་ལ་རྒྱའི་སྐོར་གྱི་ཚོར་བ་མངོན་པ་བྱས་པའི་རྩོམ་ཡིག་རེད། འོན་ཀྱང་ང་ནི་སྙན་རྩོམ་རིགས་ལ་དགའ་པོ་མེད་ལ། ཡིད་ཆེས་ཡང་མེད། རྒྱུ་མཚན་ནི་སྙན་རྩོམ་གང་ཞིག་གིས་སྒྲོ་བཏགས་དང་སྐུལ་འདེབས་ཀྱི་མ་རྒྱན་པའི་སྙན་རྩོམ་ཞིག་ཡོད་ནི་མ་རེད། སྙན་ངག་ནི་རྩོམ་པ་པོའི་སེམས་ཚོར་ཙམ་གྱིས་སྟོད་སྟོད་སྨོད་སྨོད་དང་ལེགས་ལེགས་ཉེས་ཉེས་སོགས་ཕྱོགས་ལྷུང་གི་རྩོམ་ཡིག་དག་དག་རེད། གལ་སྲིད་མི་རིགས་ཀྱི་ལ་རྒྱའི་ཆེད་དུ་སྙན་དེབ་ཁ་ཤས་བྲིས་ནས་རང་ཤི་རྒྱབ་པ་ནི་བློ་སྣ་ཐུང་བས་རང་འཕུང་ཅིག་ཡིན་པ་ལས་དཔལ་མཛངས་ལྡན་པའི་བཟང་སྤྱོད་ཅིག་ག་ནས་ཡིན།
༢༠༡༥།༠༩ཉིན་སྤེལ། དཔལ་དོན་གྲུབ་རྒྱལ་སྐུ་གཤེགས་ནས་ལོ་༣༠འཁོར་བའི་རྗེས་དྲན་བགྲོ་གླེང་ཞིག་ས་རཱ་མཐོ་སློབ་ནས་འཚོགས་འདུག རྗེས་དྲན་བགྲོ་གླེང་སྲུང་བརྩིའི་ཚོགས་འདུའི་སྟེང་། ས་རཱ་མཐོ་སློབ་ཀྱི་རྩོམ་རིག་སློབ་དཔོན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་དང་སྙན་ངག་དགེ་རྒན་མེ་འོད་དང་ཨ་འཇམ་གསུམ་ནི་གཏམ་བཤད་གནང་མཁན་དང་། དགེ་སློབ་གཉིས་བཅས་མི་གྲངས་༣༠༠ལྷག་འདུ་འཛོམས་བྱས་ཡོད་འདུག__དྲ་ཐག་་་http://www.shambalapost.com/exile-news/12084-2015-12-09-04-57-36
མོའི་སྐད་ཆ་ལ་ཅིག་ཉོན་དང་། ་ཤིན་ཏུ་སྐྱོ་རུ་མི་འཇུག་གམ། ངོ་ཚ་རེད་ཡ་མི་རིགས་འདིའི་ལས་དབང་འདི་་་་