སྤྱན་ཆེན་པོ།
ང་ཚོས་དུས་ཡུན་རིང་བའི་བོད་ཀྱི་ལོ་རྒྱུས་ཁྲོད་བལྟས་ཡོང་ན་བོད་མི་ཚོའི་ནང་ན་འགྱིག་འདེད་མཁན་ཧ་ཅང་མང་བོ་ཡོད་པ་ཤེས་ཐུབ། ཁོང་ཚོས་གནའ་ནས་ད་བར་དུ་འགྱིག་དེད་ནས་ཡོང་བ་ཡིན་ལ། ད་དུང་ཡང་མུ་མཐུད་དུ་འགྱིག་འདེད་བཞིན་ཡོད། འགྱིག་འདེད་ཐེངས་རེར་འགྱིག་རྡེའུ་བརྟན་པོ་རེ་བེད་སྤྱོད་གཏོང་དགོས་པ་དེ་ནི་ཁོང་ཚོ་འགྱིག་འདེད་སའི་གཡུལ་ས་ལ་ཞུགས་པའི་བརྒྱུད་རིམ་ཞིག་ཀྱང་ཡིན་ལ་འགྱིག་འདེད་པའི་དགོས་པ་ཡང་ཡིན། རང་ཉིད་ལ་ལྟ་བ་མཉམ་གནས་ཤིག་མ་ཆགས་ཚེ་ཁོང་ཚོས་ཧོབ་སྟེ་འགྱིག་འདེད་ཀྱི་གཡུལ་བཤམས་ནས་དེའི་འགྲོས་དང་བསྟུན་ནས་རང་ཉིད་ཀྱི་དེ་རིང་དང་སང་ཉིན་གྱི་འཚོ་བ་གཙོ་བོར་བཟུང་ནས་ཕ་རོལ་བོ་ལ་རྒོལ་ཅི་ཐུབ་བྱེད་པ་དེ་ནི་ཁོང་ཚོར་ཁ་བྱང་ལག་བྱང་ལ་སོང་ཡོད།
ཁོང་ཚོའི་ཁྱད་ཆོས་གཙོ་བོ་ནི་འགྱིག་འདེད་ཀྱི་ལས་གང་ཞིག་བྱས་ཀྱང་རང་ཉིད་མི་མངོན་པའི་ཚུལ་དུ་གནས་ནས་འགྱིག་རྡེའུ་ལ་ཁ་ལོ་བསྒྱུར་རྒྱུ་དེ་ཡིན། གལ་ཏེ། འགྱིག་འདེད་སའི་ཡུལ་དེ་ལས་རྒྱལ་མ་ཐུབ་ཚེ་ཁོང་ཚོ་མི་མངོན་པའི་ཚུལ་གྱིས་མི་མངོན་པའི་དབྱིངས་སུ་ག་ལེར་འཐིམ་འགྲོ། ཁོང་ཚོས་ནང་ཁུལ་ལ་འགྱིག་འདེད་ཤེས་པ་མ་གཏོགས་ཕྱི་དགྲ་ལ་འགྱིག་འདེད་མི་ཤེས་ལ་དེད་ཀྱང་མྱོང་མེད། ཁོང་ཚོས་འགྱིག་འདེད་པ་ལ་དགོས་པ་གཉིས་ཀྱི་སྟེང་ནས་གྲུབ་ཡོད་ལ། དང་པོ་ནི་ཁོང་ཚོའི་དམིགས་ས་འགྱིག་རྡེའུ་དེ་ཡིན་པས་གོ་སྐབས་གང་ཡོད་བཙལ་ནས་རྡེའུ་དེ་རྩེད་ཆས་ཡག་ཐག་ཆོད་ཅིག་བྱེད་རྒྱུ་དེ་ཡིན་ལ། གཉིས་པ་ནི་གསང་བ་ལྐོག་གྱུར་གྱི་བསླུ་བྲིད་བཏང་ནས་རང་ཉིད་ལ་འགན་འཁུར་གང་ཡང་མེད་པའི་སྒོ་ནས་འགྱིག་རྡེའུ་དེ་བེད་སྤྱོད་བཏང་ནས་ཕ་རོལ་བོ་ལ་འཐབ་རྩོད་བྱེད་རྒྱུ་དེ་ཡིན། འདི་ནི་ཁོང་ཚོས་འགྱིག་འདེད་སྟངས་ཀྱི་དམིགས་ས་མི་འདྲ་བ་གཉིས་ཡིན་པ་མ་གཏོགས་འགྱིག་རྡེའུ་ནི་སྔར་བཞིན་འགྱིག་རྡེའུ་རུ་གྱུར་ཡོད།
འོ་ན་ད་ཐེངས་ཀྱི་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་ཁྲོད་ནས་ཨ་ཚོགས་ཀླུ་མཁར་བྱམས་ལ་འོས་གྲངས་༢༥༥༧ལས་མ་ཐོབ་པར་བལྟས་ན་ཁོ་ཡང་བོད་ཀྱི་འགྱིག་མཁན་ཁ་ཤས་ཤིག་གི་འགྱིག་རྡེའུ་རུ་གྱུར་ཡོད་པ་ཤེས་ཐུབ་ལ། འོན་ཀྱང་གྲུབ་འབྲས་འདི་ནི་ད་དུང་སྦྱོར་བ་བརྩམས་པ་ཙམ་ཡིན་ས་རེད། ཉེ་སྔོན་དུས་བབ་གསར་འགོད་པས་ཁོར་བཅར་འདྲི་བྱས་པའི་དྲིས་ལན་དག་ལ་བལྟས་ན་ད་ཐེངས་ཀྱི་འགྱིག་འདིའི་དངོས་གཞི་ད་དུང་གྲུབ་མེད་པ་འདྲ་བས་འགྱིག་འདིའི་མཇུག་གང་ཞིག་ནས་བསྡུ་རྒྱུ་ཡིན་པ་དང་མཇུག་འབྲས་ཅི་འདྲ་ཞིག་ཡིན་པ་སོགས་འགྱིག་མཁན་ཚོར་མ་གཏོགས་སུ་ལ་ཡང་གསལ་ཆ་མེད་པ་འདྲ།
སྤྱིར་ན་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་རང་བཙན་གྱི་ལྟ་བ་བཟུང་ནས་སྲིད་སྐྱོང་འོས་མི་རུ་ལངས་པ་ཡིན་པས་རང་བཙན་གྱི་ལྟ་བ་འཛིན་མཁན་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། ད་དུང་ཨ་ཚོགས་ཁོ་རང་སྲིད་སྐྱོང་གི་འོས་མིར་བསྒྲགས་མཁན་བོད་རྒྱལ་ཡོངས་རང་བཙན་ཚོགས་པ་བཅས་ལ་ཁྱོན་ཚོགས་མི་བཞི་ཁྲི་ལས་བརྒལ་ཡོད་པ་མ་ཡིན་ནམ། ཅིའི་ཕྱིར་ཁོ་ལ་འོས་གྲངས་༢༥༥༧ ལས་མ་ཐོབ་པ་རེད། འདིར་བལྟས་ཡོང་ན་ད་ཐེངས་ཨ་ཚོགས་ཀླུ་མཁར་བྱམས་འགྱིག་མཁན་ངར་བ་ཞིག་གི་འགྱིག་རྡེའུ་རུ་གྱུར་བ་མ་གཏོགས་ཁོ་རང་འགྱིག་རྡེའུ་དགའ་ཞིག་མིན་པ་ཡང་གསལ་སྟོན་བྱས་འདུག
༢༠༡༥-༡༢-༡༢
འགྱིག་བ་?ཁམས་པས་འགྱིག་རྡེའུ་♥️ཀླུ་བྷེ་སྤྱད་ནས་འཇུག་ས་??སྤེན་ཚེ་བཀག་ནས་འགྱིག་འབྲས་?བློ་སེང་ཐོབ་པར་བྱས་པ་ལབ་པ་འདྲ?
ཐེངས་འདིའི་འོས་བསྡུ་གྲུབ་འབྲས་ལ་ལྟ་ཚེ་ནམ་རྒྱུན་བོད་རང་བཙན་དགོས་ཟེར་བའི་གཞོན་ལྷན་དང་བོད་རང་དབང་སློབ་ཕྲུག་ཚོགས་པ་སོགས་ཀྱི་ཚོགས་མི་ཚོ་དོན་དངོས་བོད་རང་བཙན་འཐབ་རྩོད་ངོ་མ་ཞིག་མིན་པར་གསལ་འགྲེལ་བྱས་པ་རེད།
ཨ་ཚོགས་ཀླུ་མཁར་བྱམས་ལ་འོས་མང་པོ་མ་ཐོབ་པ་ནི།
བོད་རིགས་ཚོ་རང་བཙན་ལ་མ་དགའ་ནས་མ་རེད། འོ་ན་གང་རེད་ཟེར་ན།
༡༽ འགའ་ཤིག་གིས་ཨ་ཚོགས་ཀྱིས་གཡག་རྐུས་ན་བསད་ཙང་བཙོན་ལ་ཕྱིན་པ་དང་གཅིག
༢༽ དེས་ན་ཆབ་སྲིད་བཙོན་པ་རྫུན་མ་ཡིན་པ་དང་གཉིས།
༣༽ དབུས་ལམ་ལས་ཁུངས་ཀྱི་ཕོགས་བཤས་ནས། རང་བཙན་རྐུ་སྟེགས་ལ་ལངས་པ་དང་གསུམ།
༤༽ ༸གོང་ས་མཆོག་ལ་རྒྱལ་བཙོང་པ་བསྙོན་བཚུགས་བྱས་པ་དང་བཞི་ཡིས།
ཀླུ་བྱམས་འདི་ལོའི་དངོས་གཞི་འོས་མི་ལས་བུད་པ་རེད་གདའ། སྤྱན་ཆན་པོ་ཁོ་རེ། ཁྱོད་ཀྱི་མིག་གཉིས་ཀས་ལྟོས། ཨ་ཆོག་གཉིས་ཀས་ཉོནད་དང་། དེ་ནས་གཞི་ནས་ཤེས་འོངས།། །།ཧཧཧ།། །།
ཨ་ཚོགས་ཀླུ་མཁར་བྱམས་ལ་དབུགས་རྒྱག་མཁན་ཡོད་ཀི་ལབ་པ་ལས་ཁོ་དགའ་ཞིག་རེད་ངས་ནམ་ཡང་ལབ་ཀི་མེད།
༣༽ དབུས་ལམ་ལས་ཁུངས་ཀྱི་ཕོགས་བཤས་ནས། རང་བཙན་རྐུ་སྟེགས་ལ་ལངས་པ་དང་གསུམ།
འདི།
༣༽ དབུས་ལམ་ལས་ཁུངས་ཀྱི་ཕོགས་བཟས་ནས། རང་བཙན་རྐུ་སྟེགས་ལ་ལངས་པ་དང་གསུམ།
ལ་བཅོས།
རྗེས་མ་ལོ་ལྔའི་རྗེས་ལ། རང་བཙན་པས་བསྟན་འཛིན་བརྩོན་འགྲུས་ལགས་ལ། རང་བཙན་ལྟ་བའི་ཐོག་ནས་སྲིད་སྐྱོང་འོས་མིར། ཐང་མ་ཅིག་ཡར་ལངས་བཅུག་དང་། དེ་ནས་གཞི་ནས་ཧ་གོ་འོངས། དྲ་གྲོགས་ཚོ།
ང་དབུས་ལམ་པ་ཅིག་ཡིན་ན་ཡང་། རང་བཙན་པ་ཚོར་མ་དགའ་མཁན་ཅིག་མིན་ནོ།།
ཀརྡོས་གསུངས་པ་བདེན་པ་རེད། ཨ་ཚོགས་ལ་འོས་མང་པོ་མ་ཐོབ་པ་དེ་རང་བཙན་རྩོད་པ་ལ་མ་དགའ་བ་རེད་ཟེར་བ་ནི་རྫུན་མ་རྫུན་རྐྱང་རེད། ཁོ་ལ་འོས་མ་ཐོབ་པའི་རྒྱུ་མཁན་གཙོ་བོ་བོད་མིའི་མགོན་སྐྱབས་གོང་ས་མཆོག་ལ་རྒྱལ་བཙོང་བ་སོགས་གཞི་མེད་སྐུར་འདེབས་བྱས་པའི་རྐྱེན་གྱིས་རེད།
དེང་སང་ཁྱིམ་ལྡོམ་འགས་དྷ་སའི་ཁྲོམ་དུ་ཡར་མར་འགྲོ་མཁན་གང་ཐུག་གང་མཐོང་ལ་ཁྱི་སྐད་རང་རྒྱག་གི་འདུག འདི་དག་ཡག་རྟགས་ཤིག་མིན་པར་ལྟོས་ངན་པ་རེད། སྔོན་མ་ལྷ་སའི་ཁྲོམ་གྱི་ཁྱི་ཚོགས་ཀྱིས་ཀྱང་འདི་ལྟར་སྐད་ངན་བསྒྲོགས་པའི་བཤད་རྒྱུན་ཞིག་སྐབས་དེའི་ལྷ་སར་བཞུགས་པའི་རྨོ་རྨོ་ཚོའི་ཞལ་ནས་དྲོད་མོ་གོ་རྒྱུ་འདུག ཡག་རྟགས་ཤིག་གཏན་ནས་མ་རེད། ལྷ་སའི་ཁྱི་ཚོགས་ཀྱི་སྐད་ངན་རྐྱེན་པས་དེང་སང་བོད་གཞིས་བྱེས་འདུག་བྱུང་བ་རེད།
གང་ལྟར་སྤྱི་ཚོགས་ནང་་་་ཡར་འཐོན་ཅན་མང་པོ་ཡོད་པའི་རྟགས་རེད།