ང་ལ་བཙན་གཡེམ་བྱས་པའི་དངོས་བྱུང་གཏམ་རྒྱུད།
(བོད་རིགས་གཞོན་ནུ་མ་ཞིག་གི་ཉམས་མྱོང་དངོས་གླེང་བ།)
མིང་དངོས་སུ་བཤད་མི་ཕོད་པའི་བོད་རིགས་བུ་མོ་ཞིག་གིས།
རང་ཉིད་ཀྱིས་མྱངས་ཟིན་པའི་འདས་སོང་གི་གཏམ་རྒྱུད་བཤད་རྒྱུ་དེ་ང་ལ་མཚོན་ན་ལས་སླ་བོ་ཞིག་གཏན་ནས་མ་རེད། འོན་ཀྱང་། བདག་གིས་བོད་རིགས་བུད་མེད་ཚོའི་ན་ཟུག་དང་མིག་ཆུའི་ཉམས་མྱོང་གཏམ་རྒྱུད་འདི་དང་འདི་ལྟ་བུ་དག་བོད་མི་གང་མང་མང་ཞིག་གིས་ཤེས་རྟོགས་དང་བསམ་ཤེས་དགོས་པའི་ཡིད་ཆེས་དང་རེ་བ་ཆེན་པོ་བྱེད་བཞིན་ཡོད། བོད་མི་མང་བོ་ཞིག་གིས་བོད་ཀྱི་སྤྱི་ཚོགས་ལ་སྐྱེས་མའི་རིང་ལུགས་ཀྱི་ལུས་འགུལ་འདི་དག་དགོས་མཁོ་མེད་པར་འདོད་བཞིན་ཡོད་ལ། ད་དུང་བོད་མི་མང་བོ་ཞིག་གིས་སྐྱེས་མའི་རིང་ལུགས་ཀྱི་ལས་འགུལ་འདི་དག་ནི་དོན་ངོ་མར་བུད་མེད་ཀྱི་དཀའ་ངལ་དང་བདེ་སྡུག་ཁག་ལ་རྒྱབ་སྐྱོར་དང་གདོང་ལེན་བྱེད་ཆེད་དུ་མ་ཡིན་པར་བོད་རིགས་སྐྱེས་པ་ཚོར་ཁ་གཏད་གཅོག་བྱེད་ཅིག་རེད་བསམ་བཞིན་ཡོད་པ་རེད།
མི་མང་བོ་ཞིག་གིས་ནམ་རྒྱུན་ང་ལ་ཁྱེད་ཀྱིས་བོད་ཀྱི་སྤྱི་ཚོགས་ལ་རྒྱུས་ལོན་ཡག་པོ་བྱས་མི་འདུག་ཟེར། གང་ཡིན་ཟེར་ན། ངས་བོད་ཀྱི་སྤྱི་ཚོགས་ལ་ལྟ་སྟངས་དེ་ནུབ་ཕྱོགས་པའི་ཤེས་ཡོན་དང་དེང་རབས་ཀྱི་བསམ་བློ་བརྒྱུད་ནས་ལྟ་བཞིན་འདུག་ཟེར། གང་ལྟར། ངས་དེ་རིང་འདིར་བཤད་བཞིན་པའི་གཏམ་རྒྱུད་འདི་ནི་བུ་མོ་ང་རང་ཉིད་ཀྱིས་དངོས་སུ་མྱངས་ཤིང་བུ་མོ་ང་རང་ཉིད་ན་ཟུག་གི་གཏམ་རྒྱུད་འདི་དང་མཉམ་དུ་འཚར་ལོངས་བྱུང་བ་ཞིག་ཡིན། གཏམ་རྒྱུད་འདི་ང་སྒེར་གྱི་མི་ཚེའི་ཆ་ཤས་ཞིག་ཡིན་ལ་ང་སྒེར་གྱི་མི་ཚེ་དང་འབྲེལ་ནས་ཡོད། གཏམ་རྒྱུད་འདི་ལ་བརྟེན་ནས་ང་ལ་བོད་ཀྱི་སྤྱི་ཚོགས་ལ་སྐྱེས་མའི་རིང་ལུགས་ཀྱི་ལས་འགུལ་ཁག་ནི་མེད་ཐབས་མེད་པ་ཞིག་ཡིན་པ་མ་ཟད། ང་ཚོའི་མཐར་ཐུག་གི་མི་རིགས་སྤྱིའི་ཕུགས་རྒྱང་རིང་བོའི་འཐབ་རྩོད་ལ་ཡང་སྐྱེས་མའི་རིང་ལུགས་ཀྱི་ལས་འགུལ་འདི་དག་གཏན་ནས་མེད་ཐབས་མེད་པ་ཞིག་ཡིན་པའི་ངེས་ཤེས་རྙེད་སོང་།
བུ་མོ་ང་ནི་ཆུང་བྱིས་པའི་སྐབས་ནས་བཟུང་གཞན་གྱི་བཙན་གཡེམ་དང་བརྙས་བཅོས་ཁོ་ནའི་ཁྲོད་དུ་འཚར་ལོངས་བྱུང་བ་ཞིག་ཡིན། ངས་ད་ལྟ་ཐོག་མའི་དུས་ཚོད་དེ་གསལ་བོ་ཞིག་མི་དྲན་མོད་ཕལ་ཆེར་ང་ལོ་ན་དྲུག་ཡར་མར་ཞིག་ལོན་པ་ནས་བཟུང་། ངའི་ནང་མི་ལ་འབྲེལ་བ་ཟབ་པའི་སྐྱེས་པ་ཁ་ཤས་ཀྱིས་ང་ལ་འོས་འཚམས་མིན་པའི་ཁ་སྐྱེལ་བ་དང་རྐུབ་དང་མོ་མཚན་ལ་རེག་པ་སོགས་གསལ་བོར་དྲན་གྱིན་འདུག དམིགས་བསལ་སྐྱེས་པ་ཞིག་གིས་ང་ལོ་ན་བཅུ་ནས་བཅུ་གཉིས་མ་ཟིན་བར་དུ་ཡང་ནས་བསྐྱར་དུ་ང་ལ་བརྙས་བཅོས་ཐེངས་མང་བྱས་པ་མ་ཟད། ཐ་ན་བཙན་གཡེམ་བྱེད་པའི་ཐབས་ཤེས་ཀྱང་གང་མང་བྱས་སོང་།
བྱིས་དུས་ཀྱི་ལོ་ཟླའི་ཁྲོད་དུ་མྱོང་བཞིན་པའི་ན་ཟུག་འདི་དག་དང་ཁྱེལ་མེད་ཀྱི་བརྙས་བཅོས་འདི་དག་མི་གཞན་སུ་ལའང་བཤད་མ་ཕོད་པར་རང་ཉིད་གཅིག་བུས་གདོང་ལེན་བྱས་ནས་འོངས་པ་ཡིན། འཇིགས་སྐྲག་གི་མཚན་མོ་རེ་རེ་འདས་རྗེས་ངས་སླར་ཡང་གནད་དོན་ཅི་ཡང་བྱུང་མེད་པ་ལྟ་བུའི་སྦམ་རྫུ་བྱེད་བཞིན་འཚོ་བ་བསྐྱལ་བ་ཡིན། སྨག་ནག་པའི་མཚན་མོ་དེར་ངའི་ནང་མིའི་ཁྲོད་ཀྱི་སྐྱེས་པ་ཞིག་ངའི་ཉལ་ཁྲིའི་ཐོག་ཏུ་ག་ལེར་འགོས་ནས་སླེབས་བྱུང་ལ། ཁོས་བཙན་གྱིས་ངའི་ལུས་པོ་གང་སར་འཕུར་མཉེད་དང་ཕོ་མཚན་གྱིས་རེག་བྱུང་བས་ང་སྐབས་དེར་སྐྲག་སྣང་དང་དངས་འཚབ་ངང་དུ་འགུལ་ཙམ་ཡང་བྱེད་མི་ཐུབ་པར་ལུས་དགོས་བྱུང་མྱོང་། མཚམས་རེར་ངས་རང་ཉིད་ཀྱི་ན་ཟུག་དང་བརྙས་བཅོས་འདི་དག་ཅིའི་ཕྱིར་ཁྱིམ་མི་ཚང་མའི་མདུན་དུ་བཤད་མ་ཐུབ་པ་དང་མ་ཕོད་པ་ཡིན་ནམ་བསམ་བཞིན་འདུག
ཁོ་ངའི་འགྲམ་དུ་སླེབས་ཐེངས་རེ་རེར་ང་གློ་བུར་དུ་ཞེད་སྣང་དང་ན་ཟུག་ཁྲོད་ནས་གཉིད་སད་འགྲོ་ལ། ངས་རང་ཉིད་ཀྱི་མིག་ཟུང་བཙན་གྱིས་བཙུམས་ན་ཡང་ཁོ་ག་ལེར་ངའི་མལ་ཆས་ཀྱི་འདབས་ནས་ཡར་ནང་དུ་འཛུལ་ཡོང་བ་དང་། ཁོས་རྒྱབ་ཕྱོགས་ནས་ལག་པ་བསྲིང་ནས་ངས་ནུ་མ་དང་མཚན་མ་སོགས་ལ་བཙན་གྱིས་འཕུར་མཉེད་བྱེད་བཞིན་པ་བཟོད་བསྲན་མི་ཐུབ་པ་དང་སྐྱུག་མེར་ལངས་བ་ཞིག་རེད། འོན་ཀྱང་། ངས་ཁོ་ལ་ཅི་ལྟར་འགོག་རྒོལ་བྱེད་དགོས་སམ། སྐད་བརྒྱབས་ནས་ཁྱིམ་མི་གང་བོའི་གཉིད་དཀྲོགས་དགོས་སམ། གང་ལྟར། ང་ལ་ལྷག་པའི་བདམས་ཁ་ནི་རྗེས་སུ་ཁྲུས་ཁང་དུ་སོང་ནས་མགོ་བོ་རྩིག་པར་བསྙེས་དེ་ཡིད་ཚིམ་པ་ཞིག་ངུ་རྒྱུ་དེ་ལས་གཞན་ཅི་ཡོད།
ད་དུང་དེ་ལས་ཀྱང་ན་ཟུག་ཆེ་བ་ཞིག་ནི། ཞོགས་པ་རེ་རེ་བཞིན་ཡར་ལངས་སྐབས་ངས་ནམ་རྒྱུན་བཞིན་བདག་ལ་ཁྱིམ་ཚང་འདིར་བརྙས་བཅོས་ཅི་ཡང་འབྱུང་བཞིན་མེད་པའི་རྣམ་འགྱུར་རྫུན་མ་ཞིག་སྟོན་དགོས་པ་དེ་རེད། འོན་ཀྱང་། དེ་ནས་བཟུང་ངས་ཁོ་ལ་ཐད་ཀར་སྐད་ཆ་བཤད་མི་ཐུབ་པ་མ་ཟད། ད་དུང་ཐད་ཀར་ཁོའི་མིག་ནང་དུ་ལྟ་བར་ཡང་ཞེད་སྣང་སྐྱེ་བཞིན་ཡོད།
ངས་རང་ཉིད་ཀྱི་བརྙས་བཅོས་དང་ན་ཟུག་གི་འཚོ་བ་འདི་ཐེངས་དང་བོར་ཨ་མ་ལགས་ལ་བཤད་པ་ཡིན། ཁོ་མོ་ཐོག་མར་ཁྲེལ་མེད་ཀྱི་ལས་ཀ་འདི་ལ་ཧ་ལས་སོང་ལ་དེ་ནས་སྡུག་བསྔལ་ཆེན་པོས་སྒོ་ནས་ཁོ་ལ་རྩོད་པ་བརྒྱབས་སོང་། སྐབས་དེའི་ངའི་ཨ་མ་ལགས་ཀྱི་མིག་མདངས་ཁྲོད་ཀྱི་ན་ཟུག་དང་སྐྱོ་གདུང་ནི་བཟོད་ཐབས་བྲལ་བ་ཞིག་རེད། གང་ལྟར། ཁོས་ཉིན་དེར་སྔར་བྱས་ཀྱི་ལས་ཀར་འགྱོད་བཤགས་དང་རྗེས་དུ་ཁྲེལ་མེད་ཀྱི་བརྙས་བཅོས་དེ་འདྲ་མི་བྱེད་ཅེས་ཁས་ལེན་བྱས་སོང་། འོན་ཀྱང་། ཁོས་ཁས་ལེན་དང་དམ་བཅའ་ཚང་མ་རྒྱབ་ཏུ་གཡུགས་ནས་བསྐྱར་དུ་ང་ལ་བཙན་གཡེམ་བྱེད་འགོ་བརྩམས་བྱུང་།
གང་ཡིན་ཟེར་ན། ཁོས་ངའི་ཨ་མ་ལགས་དང་ངེད་གཉིས་ཀྱིས་ཧ་ཅང་ངོ་ཚ་དགོས་པའི་ནང་ཁུལ་གྱི་གནད་དོན་དེ་གཞན་ལ་བཤད་མི་ཐུབ་པའི་གདེང་ཚོད་རྙེད་འདུག་ལ། ངའི་ཨ་མ་ལགས་དང་ང་ལ་མཚོན་ན་ཡང་། གནད་དོན་འདི་ལ་བརྟེན་ནས་ཁྱིམ་ཆེན་པོ་འདི་ཁ་འཐོར་དགུ་འཐོར་དུ་གཏོང་རྒྱུ་ནི་ངོ་མ་དཀའ་མོ་ཞིག་རེད། བཟང་ངན་གང་ལྟར་ཡང་ང་ཚོ་མི་ཚེ་གང་བོར་གཅིག་ལ་གཅིག་བརྟེན་གྱིས་ཁྱིམ་ཚང་འདིར་འཚོ་བ་རོལ་དགོས་པ་མ་ཡིན་ནམ། དེ་ལས་ཀྱང་གལ་ཆེ་བ་ནི། ང་ཚོའི་ཁྱིམ་དུ་བྱུང་དང་འབྱུང་བཞིན་པའི་ཁྲེལ་མེད་ཀྱི་གནས་ཚུལ་འདི་དག་གལ་སྲིད་སྤྱི་ཚོགས་ཁྲོད་དུ་ཁྱབ་ཚེ། ངའི་བརྩེ་བའི་ཨ་མ་ལགས་དང་ནང་མི་ཚོས་མི་ཚེ་གང་བོར་བཟོད་ཐབས་བྲལ་བའི་མི་ཁ་དང་ངོ་ཚ་ཆེན་པོ་དེ་ཁུར་ནས་སྤྱི་ཚོགས་ཀྱི་རྐང་འོག་ཏུ་འཚོ་བ་སྐྱེལ་དགོས་པ་མ་ཡིན་ནམ།
མཚམས་རེར་ཁོ་དང་ངེད་གཉིས་གཅིག་བུར་ལྷག་པའི་སྐབས་སུ། ངས་ལུས་ཤུགས་ཡོད་ཚད་བཀོལ་ནས་ཁོ་ལ་འགོག་རྒོལ་དང་ཁ་གཏད་གཅོག་བཞིན་ཡོད། འོན་ཀྱང་། ང་ལས་གཟུགས་བོངས་དང་ནུས་ཤུགས་ལྡབ་འགྱུར་གྱིས་ཆེ་བའི་ཁོའི་འགྲམ་དུ་ང་ནི་ཅི་འདྲའི་ཅི་བྱ་གཏོལ་མེད་ཀྱི་ནུས་མེད་ཉམ་ཆུང་ཞིག་རེད་ཨང་། ཁོས་ཁྲེལ་དགོད་དང་བཅས་ང་མར་མནན་ནས་ཁོ་རང་ཉིད་ཀྱི་འདོད་པ་མ་ཚིམས་བར་དུ་བཙན་གཡེམ་བྱེད་ལ། ད་དུང་ང་ལ་ཁྱོད་བོད་པའི་སྤྱི་ཚོགས་ཀྱི་ངོ་ཚར་མི་སྐྲག་ན་ཁྱོད་ཀྱིས་ངེད་གཉིས་སྐོར་གྱི་སྐད་ཆ་འདི་སུ་ལ་བཤད་ན་ཤོད་ཤོག་ཅེས་འཇིགས་སྣང་བསྐུལ་བའང་ཐེངས་གཅིག་ག་ལ་ཡིན།
གལ་སྲིད། ཁྱེད་ཀྱིས་ད་དུང་གནད་དོན་འདི་རང་ཉིད་གཅིག་བུའི་སེམས་སུ་ཉར་བ་ལས་སྤྱི་ཚོགས་མདུན་དུ་དངོས་སུ་ཐོན་ནས་བཤད་མི་ཕོད་དོན་ཅི་ཡིན་ཟེར་ན། ད་ལྟ་ང་ཡང་སྡུག་བསྔལ་དེ་དག་ཁྲོད་ནས་བུད་མེད་གཞོན་ནུ་མ་ཞིག་ཏུ་ཆགས་ཟིན་པས་གནད་དོན་འདི་ལ་བརྟེན་ནས་ངས་རང་ཉིད་ཀྱི་ཁྱིམ་ཚང་གང་བོ་སྤྱི་ཚོགས་ཀྱི་ཁྲེལ་དགོད་དང་མཐོང་ཆུང་བྱ་ཡུལ་ཞིག་ཏུ་བསྒྱུར་མ་ཐུབ་པས་ཡིན་ལ། ང་རང་ཉིད་ཀྱང་སྤྱི་ཚོགས་ཀྱི་མིག་ལམ་དུ་བཟའ་ཚང་ནང་ཁུལ་དུ་བཙན་གཡེམ་བྱས་ཟིན་པའི་བུད་མེད་ལས་ངན་སྐྱོ་བོ་ཞིག་ཏུ་བཟོ་མ་འདོད་པས་ཡིན།
ངའི་ཨ་མ་ལགས་སུ་བསྐྱར་དུ་ཁོས་བཙན་གཡེམ་བྱེད་བཞིན་པའི་སྐོར་དེ་ཐེངས་ཁ་ཤས་ལ་བཤད་པ་ཡིན་མོད། ཁོ་མོས་རེ་ཐག་ཆད་པའི་སྡུག་བསྔལ་གྱི་མིག་ཆུ་ཤམ་ཤམ་དུ་གཏོང་བཞིིན་པ་ལས་གཞན་ཅི་ཞིག་བྱེད་ནུས། དེ་ནས་བཟུང་ངས་གནད་དོན་འདི་སུ་གཅིག་ལའང་མ་བཤད་པར་ཁུ་སིམ་མེར་རང་ཉིད་གཅིག་བུས་མིག་ཆུ་དང་མཉམ་དུ་མི་ལོ་ཁ་ཤས་ལ་གདོང་ལེན་དང་བཟོད་སྒོམ་བྱས་པ་ཡིན། ངས་ཨ་མ་ལགས་ཀྱི་ཚེ་མཇུག་འདི་སྡུག་བསྔལ་གྱི་དོང་ཞབས་སུ་འཕེན་མི་ཐུབ་ལ་ངས་སྤྱི་ཚོགས་ཀྱི་འཕྱ་སྨོད་དང་ངོ་ཚ་དེ་ཡང་འཁུར་ཐུབ་པ་མི་འདུག
ང་ལ་མཚོན་ན། བྱིས་པའི་དུས་སྐབས་ནི་དགོད་སྒྲ་མེད་པར་མིག་ཆུ་ཁོ་ནའི་ཁྲོད་དུ་བསྐྱལ་བ་ཡིན། ལོ་བཅུ་ཡས་མས་ཀྱི་བྱིས་པ་ཞིག་ལ་མཚོན་ན། སང་ཉིན་གྱི་རྩེད་ཆས་ཅི་ཞིག་ཉོ་རྒྱུ་ཡིན་པ་དང་འགུལ་རིས་བརྙན་འཕྲིན་གང་ཞིག་སློབ་གྲྭའི་དུས་ཚོད་ལ་ཁེལ་ནས་བལྟ་འཕྲོར་ལུས་པ་སོགས་ལ་སེམས་གཡེང་ནས་ཡོད་པ་ལས། སྐྱེས་པ་ཁྲེལ་མེད་ཅིག་གི་འོག་ནས་བཙན་གཡེམ་གྱི་ལོ་ཟླ་སྐྱུར་མོ་ཞིག་མྱོང་བཞིན་པ་དེ་ཡིན་མི་འོས་ལ་ཡིན་ཡང་མི་སྲིད།
ཐེངས་མང་བོར་རང་ཉིད་གཅིག་བུར་ཁྱིམ་དུ་ལྷག་ཐེངས་རེ་རེར། ངས་ང་ཚོའི་མཆོད་ཁྲིའི་སྟེང་དུ་མཆོད་རྐོང་གི་གཟི་འོད་ཁྲོད་དུ་ལྷིང་འཇགས་ཀྱིས་བཞུགས་པའི་སངས་རྒྱས་ཀྱི་སྐུ་འདྲ་དག་གི་ཞི་བདེས་ཁེངས་པའི་སྤྱན་རས་ལ་གྱེར་ནས་སྡུག་བསྔལ་ཆེན་པོས་ཡང་ཡང་ངུས་མྱོང་ཡོད་ལ། བྱིན་རླབས་འབར་བའི་སང་རྒྱས་ཀྱི་སྣང་བརྙན་དེ་དག་ལ་ཅིའི་ཕྱིར་བུ་མོ་ང་འདི་ལྟ་བུའི་སྡུག་བསྔལ་ཆེ་བའི་མི་ཚེ་ཞིག་ཏུ་སྐྱེས་པ་རེད་ཅེས་དང་སྐད་ཆ་ཡང་ཡང་དྲིས་མྱོང་ཡོད། ཡང་ཚེ་རབས་སྔོན་མར་ངས་ལས་ངན་ཅི་ཞིག་བསགས་ནས་ད་ལྟ་བྱིས་པའི་དུས་སྐབས་ནས་བཟུང་སྡུག་བསྔལ་འདི་འདྲ་ཞིག་ལ་གདོང་ལེན་བྱེད་དགོས་བྱུང་པ་རེད་ཅེས་ཡང་ཡང་འཁང་ར་ཡང་བྱེད་མྱོང་ཡོད། ད་དུང་མཚམས་རེར་ངས་བྱིས་པ་གཞན་དང་བུད་མེད་གཞན་དག་ལ་སྡུག་བསྔལ་དང་ངོ་ཚ་དགོས་པའི་གནད་དོན་འདི་འདྲ་ཞིག་དང་མི་འཕྲད་པར་ཤོག་ཅེས་སྨོན་ལམ་ཡང་བཏབས་མྱོང་ཡོད།
ཡང་སྐབས་ཤིག་ལ། ངའི་ཁྱིམ་ཚང་གི་ཉེ་འབྲེལ་དང་ཁོ་ཚོའི་ཚ་བོ་ཡང་ཚ་ཡིན་ཟེར་མཁན་གྱི་སྐྱེས་པ་ཁ་ཤས་ཀྱིས་ཀྱང་མུན་ནག་གི་ནང་དུ་ང་ལ་ཁ་སྐྱེལ་ཞིང་བཙན་གྱིས་འཕུར་མཉེད་བྱས་མྱོང་ཡོད། ཁོ་ཚོས་རྩེད་མོ་རྩེ་ཁུལ་གྱིས་ང་པང་དུ་བཟུང་ནས་མཁྲེགས་ཤིང་བཀན་པའི་ཕོ་མཚན་གྱིས་ངའི་རྒྱབ་དང་རྐུབ་སོགས་ལ་རེག་མྱོང་ཡོད། སྐྱེས་པ་དེ་དག་གི་ཆགས་པས་ཁེངས་པའི་མིག་མདངས་དང་དབུགས་ཀྱི་འབྱིན་རྔུབ་དེ་དག་སེམས་སུ་ཤར་ཐེངས་རེ་རེར། ད་ལྟའང་སེམས་གཏིང་ནས་སྐྱུག་མེར་ལངས་ཤིང་རང་ཉིད་ཀྱི་ཤ་གསེང་དུ་སེན་མོ་བཏབས་པ་ལྟ་བུའི་ན་ཟུག་བཟོད་གླགས་མེད་པ་སྐྱེ་བཞིན་འདུག
ཁྱེད་ཀྱིས་སོམས་དང་། ངས་ཅིའི་ཕྱིར་འདི་འདྲའི་སྐྱི་གཡའ་བའི་མི་ཚེ་ཞིག་བསྐྱལ་དགོས་བྱུང་བ་ཡིན་ནམ་། ང་ལ་མིག་ཆུ་དང་ན་ཟུག་ཁོ་ན་ལས་མི་དབང་བའི་ནོར་འཁྲུལ་གང་ཞིག་ངས་བྱས་པ་རེད། ལོ་ཟླ་རིམ་བཞིིན་འགོར་རྗེས། ངའི་ཁོར་ཡུག་གི་སྐྱེས་པ་དག་གི་བརྙས་བཅོས་དང་བཙན་གཡེམ་དེ་དག་ངའི་མི་ཚེའི་འགྲོ་ལུགས་ལྟ་བུ་ཞིག་ཏུ་ཆགས། ཁྱིམ་ཚང་གི་ནང་མི་དང་ཡང་ན་ནང་མིའི་ཚ་བོ་དང་ཡང་ཚ་སོགས་སུ་འབོད་པའི་བཙན་གཡེམ་མཁན་ད་ེདག་ལ། ངས་སྤྱི་ཚོགས་དང་མི་གཞན་གྱི་མདུན་དུ་གནད་དོན་ཅི་ཡང་བྱུང་མེད་པ་ལྟར་དུ་འབྲེལ་བ་བྱེད་དགོས་ལ། ཁོ་ཚོ་ནི་ངའི་ནུ་མ་བཙན་གྱིས་འཕུར་མཁན་དང་ངའི་ལྕེ་དང་མཆུ་བཙན་གྱིས་ལྡག་མཁན། ད་དུང་མཁྲེགས་ལ་སྦོམ་པའི་ཕོ་མཚན་དག་བཙན་གྱིས་ངའི་ནང་དུ་འཇུག་མཁན་མ་ཡིན་པ་བཞིན་ཁོ་ཚོར་ནང་མི་དང་ཕུ་ནུ་ལྟ་བུའི་སྐད་ཆ་རྫུན་མ་ཤོད་དགོས།
ང་ལོ་བཅུ་ཕྲུག་ཐོག་བསྐྱར་དུ་ང་ཚོའི་ནང་མིའི་འབྲེལ་ཡོད་ཀྱི་སྐྱེས་པ་ཞིག་གིས་ང་ལ་བཙན་གཡེམ་བྱས་མོད་སྐབས་དེར་ངས་མིག་ཆུའི་སྡུག་བསྔལ་ཁོག་ཏུ་སྦས་ནས་བཞག་ཡིན། བསམ་ཤེས་དང་ངོ་ཚ་མེད་པའི་མི་དེས་རྗེས་སུ་ཡང་བསྐྱར་སྐད་ཆ་འཇམ་རྩུབ་གཉིས་ལ་བརྟེན་ནས་ཐེངས་ཁ་ཤས་སུ་ང་ལ་བཙན་གཡེམ་བྱས་སོང་། དེ་རྗེས་སུ་ང་ལོ་བཅོ་བརྒྱད་ལ་སླེབས་དུས་ཡང་བསྐྱར་སྐྱེས་པ་གཞན་ཞིག་གིས་བཙན་གཡེམ་བྱས་མྱོང་། ཁོ་དེ་ནས་བཟུང་ངས་གཏན་ནས་མཐོང་མ་མྱོང་མོད། གོ་ཐོས་ལྟར་ན། ཁོས་གྲོགས་པོ་གྲོགས་མོ་ཚོར་ང་ནི་བུད་མེད་རང་ཚུགས་མེད་མཁན་ཞིག་ཡིན་ཚུལ་དང་ཁོ་དང་མཉམ་དུ་རང་འགུལ་ངང་དུ་ཉལ་མྱོང་ཡོད་ཚུལ་སོགས་བཤད་བཞིན་འདུག་ཟེར། འོན་ཀྱང་། ངས་གནད་དོན་ཁ་ཤས་ལ་བརྟེན་ནས་དཀྲོགས་གཏམ་དེ་དག་སྣང་མེད་དུ་བཏང་བ་ལས་ཁོས་ང་ལ་བཙན་གཡེམ་བྱས་ཚུལ་སུ་གཅིག་ལ་ཡང་བཤད་མྱོང་མེད།
དོན་ངོ་མར། ང་ཚོའི་སྤྱི་ཚོགས་ཁྲོད་དུ་བུ་མོ་ངའི་སྐད་ཆར་སུ་ཞིག་གིས་ཡིད་ཆེས་བྱེད་སྲིད་དམ། སྤྱི་ཚོགས་ཁྲོད་ཀྱི་མི་དག་གིས་ད་དུང་ཇི་ལྟར་བཙན་གཡེམ་བྱས་སོང་དང་། ཅིའི་ཕྱིར་བཙན་གཡེམ་བྱས་སོང་། བཙན་གཡེམ་བྱས་རྗེས་ཚོར་བ་ག་འདྲ་འདུག ཁྱོད་རང་ཉིད་ཀྱིས་ཅིའི་ཕྱིར་གཟབ་གཟབ་མ་བྱས་ནས་གནས་བབ་དེ་འདྲ་ཞིག་ཏུ་བསྐྱལ་བ་ཡིན་སོགས་འབྲེལ་མེད་དོན་གཞན་གྱི་དྲི་བ་རྫོགས་མེད་ཅིག་འདྲི་ངེས་ཡིན་པས། ངས་སྙིང་རྗེ་དང་མཐོང་ཆུང་གིས་ཁེངས་པའི་སྤྱི་ཚོགས་ཀྱི་བཤད་ཡམས་འཁུར་མི་འདོད་ལ་མི་གཞན་པའི་སྐྱུག་མེར་བའི་མིག་མདངས་དག་དེ་བས་ཀྱང་མཐོང་ན་མ་འདོད་པས་ཡིན།
ཉེ་ཆར་ང་སེམས་ཁམས་སྨན་པ་ཞིག་གི་མདུན་དུ་བཅར་བ་ཡིན་ལ། ཁོ་མོས་ངའི་སྔ་ཕྱིའི་གནས་ཚུལ་ཡོངས་རྫོགས་ལ་ཉན་རྗེས་ཧ་ལས་པའི་ངང་དུ་ཁྱེད་ཀྱིས་སྡུག་བསྔལ་དང་ན་ཟུག་འདི་འདྲ་མང་བོ་ཞིག་ཅི་ལྟར་བཟོད་བསྲན་བྱས་ནས་བརྒལ་ཐུབ་པ་བྱུང་བ་རེད་ཟེར། དྲང་མོར་བཤད་ན་ང་ད་དུང་ན་ཟུག་དང་སྡུག་བསྔལ་འདི་དག་ལས་གཏན་ནས་ཐར་མེད། ཕལ་ཆེར་ངའི་མི་ཚེ་གང་བོར་ཡང་སེམས་ནད་འདི་ལས་ཐར་རྒྱུ་མ་རེད། ང་ངོ་ཚ་ཁྲེལ་མེད་དང་གདོན་འདྲེ་ལྟ་བུའི་མི་དེ་དག་དང་མཉམ་དུ་ང་འཚར་ལོངས་བྱུང་ཞིང་། ཁོ་ཚོས་ངའི་ལུས་ངག་ཡིད་གསུམ་ལ་སྡུག་བསྔལ་གྱི་ས་བོན་བཏབས་ཟིན་པས། ཐ་ན་ངས་འུ་ཐུག་ནས་ཐེངས་གཉིས་ལྷག་ལ་རང་སྲོག་ཀྱང་གཅོད་རྩིས་བྱས་མྱོང་ཡོད།
དེར་བརྟེན། དུས་ཡུན་ཧ་ཅང་རིང་བོ་ཞིག་ལ་ང་སྤྱིར་བཏང་གི་སྐྱེས་པ་དག་དང་འགྲོགས་འདྲིས་བྱེད་རྒྱུར་ཧ་ཅང་ཁག་པོ་བྱུང་ཞིང་། ཁོ་ཚོ་དང་མཉམ་དུ་གྲོགས་པོ་བསྒྲིག་རྒྱུར་ཡང་ཧ་ཅང་འཚེར་སྣང་བྱུང་། བྱིས་དུས་ཀྱི་ལོ་ཟླ་སྐྱུར་མོ་དེའི་དབང་གིས་ངའི་སྐྱེས་པ་ཚོར་བཟུང་བའི་ལྟ་ཚུལ་ནི་དུས་ཡུན་རིང་བོར་ཁོ་ཚོའི་འདོད་ཆགས་དང་ངའི་མོ་མཚན་བར་གྱི་འབྲེལ་བ་ལྟ་བུ་ཞིག་ཡིན། དེར་བརྟེན། སྤྱིར་བཏང་གི་བུ་མོ་གཞན་དག་བཞིན་སོ་སོ་དང་ལོ་ཚོད་མཉམ་པའི་སྐྱེས་པ་དག་དང་གྲོགས་འབྲེལ་བྱེད་རྒྱུར་ང་ལ་དཀའ་ངལ་ཆེན་པོ་བྱུང་བས་ངས་ནམ་རྒྱུན་མི་རྒན་ལོ་ལོན་ཚོར་ཁ་བརྡ་མང་བ་བྱེད་བཞིན་ཡོད།
སྐབས་ཞིག་ནས་བཟུང་། ངས་རང་ཉིད་ཀྱི་འདས་ཟིན་པ་ཡོད་ཚད་བརྗེད་ཆེད་དང་རང་ཉིད་ཀྱང་བུད་མེད་གཞན་དག་དང་འདྲ་བར་ལྷད་མེད་བརྩེ་དུང་གི་རིན་ཐང་ཡོད་མཁན་ཞིག་ཡིན་པ་སྟོན་ཆེད། ད་དུང་ངས་རང་ཉིད་ལ་དྲི་མས་གོས་ཟིན་པའི་གཟུགས་པོ་འདི་ལས་ལྷག་པར་དྭངས་གཙང་གི་སེམས་པ་ལྷད་མེད་ཅིག་ཡོད་པ་སྟོན་ཆེད་དུ་རང་ཉིད་དགའ་སའི་སྐྱེས་པ་ཁ་ཤས་ལ་དགའ་རོགས་བསྒྲིགས་མྱོང་ཡོད། རང་ཉིད་དགའ་སའི་སྐྱེས་པ་ཞིག་གི་བརྩེ་དུང་འཐོབ་རྒྱུ་ནི་དེ་འདྲ་ལས་སླ་བོ་མིན་པ་ངས་གསལ་བོར་ཤེས་ཡོད། དེར་བརྟེན་ངས་དགའ་རོགས་ཀྱི་བརྩེ་བ་ཐོབ་ཆེད་དུ་རང་འགུལ་གྱིས་ཁོས་ཅི་འདོད་པ་དེ་བྱེད་དུ་བཅུག་པ་ཡིན་ལ་ཁོ་ལ་ཅི་དགོས་པ་དེ་སྤྲད་པ་ཡིན། བུད་མེད་ཅིག་ལ་མཚོན་ན་རང་ཉིད་ཀྱི་གཟུགས་པོ་ལས་རིན་ཐང་ཆེ་བ་ཞིག་གང་ན་ཡོད། འོན་ཀྱང་། ང་དགའ་སའི་སྐྱེས་པ་མང་ཆེ་བས་ང་ལ་ན་ཟུག་དང་རྨ་ཁ། ད་དུང་འགྱོད་གདུང་དང་སྡུག་བསྔལ་རུམ་གང་རེ་བཞག་ནས་ཕེབས་སོང་།
ངས་གྲོགས་མོ་ཞིག་གིས་ང་ལ་ལམ་སྟོན་བྱེད་རྒྱུར། ཁྱེད་རང་དགའ་སའི་སྐྱེས་པ་ཞིག་དང་ཐུག་མ་ཐག་ནས་ལམ་སངས་ལུས་འབྲེལ་བྱེད་རྒྱུ་ཡོད་པ་མ་རེད་ཟེར། འོན་ཀྱང་། ང་ལ་འདི་ལས་གཞན་པའི་སྐྱེས་པའི་བརྩེ་བ་འཐོབ་བྱེད་ཀྱི་ཐབས་ཤེས་ཤིག་མེད། ངས་བརྩེ་བ་ལྷད་མེད་ཅིག་གི་ཕྱིར་དུ་ལྷག་བསམ་རྣམ་དག་ཅིག་བྱེད་ན་འདོད་པ་དེ་ཡིན། ངས་འདི་ལྟར། ཅིའི་ཕྱིར་བརྩེ་དུང་ལྷད་མེད་ཅིག་ལ་སྐོམ་པ་ཆུ་འདོད་ལྟར་ནམ་རྒྱུན་སྒུག་ནས་ཡོད་པའི་རྒྱུ་མཚན་ལྟེ་བ་དེ་ངའི་མཐའ་འཁོར་གྱི་མི་མང་ཆེ་བས་ཤེས་མི་སྲིད་ལ། ཐ་ན་མཚམས་ལན་རེར་ང་རང་ཉིད་ཀྱིས་ཀྱང་ཅིའི་ཕྱིར་ང་རང་ཉིད་ཀྱི་གྲོགས་མོ་ཚོ་དང་མ་འདྲ་བ་ཡིན་ནམ་ཞེས་དོགས་འདྲི་བྱེད་དགོས་བྱུང་བ་ཉུང་ཉུང་མིན།
ངས་བསམ་བློ་བཏང་ན། ན་ཟུག་གིས་ཁེངས་པའི་ངའི་བྱིས་དུས་ཀྱི་འཚོ་བ་དང་དེའི་ཁྲོད་ཀྱི་སྐྱུག་བྲོ་བའི་གནད་དོན་འདི་དག་ངས་ད་ལྟའི་གནས་བབ་དང་འབྲེལ་བ་ཆེན་པོ་ཡོད་པར་མངོན། ངས་རང་ཉིད་ཀྱི་རིན་ཐང་ཆེ་བའི་ལུས་པོ་འདི་བེད་སྤྱད་ནས་སྐྱེས་པ་སུ་ཞིག་གི་ལྷད་མེད་ཀྱི་བརྩེ་བ་ཞིག་འགུག་ན་འདོད། གང་ཡིན་ཟེར་ན། ངའི་ལུས་པོར་བཙན་པོས་དབང་ཡོད་དང་བརྙས་བཅོས་ཐེངས་མང་བྱས་ཟིན་ནའང་བུ་མོ་ངའི་སེམས་པ་ད་དུང་ལྷད་མེད་དྭངས་གཙང་ཉག་ཅིག་ཡིན།
ངའི་སེམས་སུ་འཛམ་གླིང་འདིར་ང་དང་མཉམ་དུ་སྐྱིད་སྡུག་གི་མི་ཚེ་མཉམ་དུ་སྐྱེལ་མཁན་གྱི་རང་ཉིད་དགའ་སའི་སྐྱེས་པ་ཞིག་ཡོད་རྒྱུ་རེད་བསམ་མོད། གཅིག་བྱས་ན་བསམ་བློ་དེ་ནོར་འཁྲུལ་ཡིན་པ་འདྲ། ཐ་ན་ང་དང་ཧ་ཅང་ཐག་ཉེ་བའི་སྐྱེས་པ་དེས་ཀྱང་ཐ་མར་ང་བསྐྱུར་ནས་བུད་སོང་། ཁོས་ངའི་དཀའ་སྡུག་དང་མིག་ཆུའི་ལོ་ཟླ་དང་དེའི་ནང་གི་སྐྱུག་མེར་བ་ཡོད་ཚད་ཤེས་ཡོད་ན་ཡང་། ཁོས་ད་དུང་གནད་དོན་འདི་ང་ལ་མཚོན་ན་ཅི་འདྲའི་གལ་ཆེན་ཞིག་ཡིན་པ་ཤེས་མེད་པ་འདྲ། ཁོས་ད་དུང་ངའི་སེམས་ཀྱི་གཏིང་ན་བརྗོད་མི་ཐུབ་པའི་སྐྲག་སྣང་དང་ན་ཟུག་གིས་ཁེངས་ཡོད་པ་ཚོར་མི་འདུག ངས་སྤྱི་ཚོགས་དང་མི་གཞན་གྱི་མདུན་སར་མཁྲེགས་པོ་དང་གདེང་ཚོད་ཅན་ཞིག་ཡིན་ཁུལ་སྟོན་བཞིན་ཡོད་མོད། དོན་ངོ་མར་ང་ནི་ནམ་ཡང་གཞན་གྱི་བརྩེ་བ་དང་བྱམས་སྐྱོང་ཐོབ་པར་སྒུག་ནས་ཡོད་པའི་བུད་མེད་ཅིག་ཡིན།
གཅིག་བྱས་ན། ན་ཟུག་གི་མི་ཚེ་འདི་ལྟ་བུ་ཞིག་བསྐྱལ་མ་མྱོང་མཁན་ཞིག་ལ་མཚོན་ན། ངའི་ད་ལྟའི་གནས་སྟངས་དེར་བསམ་ཤེས་དང་གོ་བ་ལོན་ཐུབ་རྒྱུ་ཁག་པོ་ཡིན་ཡང་སྲིད། རང་གིས་རང་ཉིད་ལ་བྱམས་སྐྱོང་དང་བརྩེ་དུང་སྤྲོད་དགོས་ཟེར་བ་དེ་ནི་ཁ་གཡང་ཙམ་ལས། དོན་ངོ་མར་དཀའ་ངལ་གང་མང་བརྒྱུད་ནས་ཡོང་མཁན་གྱི་བུ་མོ་ང་ལྟ་བུ་ཞིག་ལ་མཚོན་ན་མི་གཞན་གྱི་ལྷད་མེད་བརྩེ་དུང་གི་བྱམས་སྐྱོང་ནི་གང་ལས་ཀྱང་རིན་ཐང་དང་དགོས་མཁོ་ཆེན་པོ་འདུག བྱིས་དུས་གཞན་གྱི་བཙན་གཡེམ་གྱིས་འཚར་ལོངས་བྱུང་མཁན་ཞིག་ལ་མཚོན་ན་སུ་ཞིག་གི་བརྩེ་བའི་བྱམས་སྐྱོང་གིས་ད་གཟོད་སེམས་ལ་ལྷིང་འཇགས་དང་བདེ་བ་སྟེར་ཐུབ།
འདི་ནི་ངའི་འཐབ་རྩོད་ཀྱི་བརྒྱུད་རིམ་དང་གཏམ་རྒྱུད་གྱི་གོ་རིམ་ཡིན་ལ། འདི་ནི་གཅིག་བྱས་ན་ང་གཅིག་པོ་ཙམ་མ་ཡིན་པར་བོད་རིགས་གཞོན་ནུ་མ་གང་མང་ཞིག་གིས་དངོས་སུ་མྱངས་དང་མྱོང་བཞིན་པའི་མིག་ཆུ་དང་ན་ཟུག་གི་གཏམ་རྒྱུད་ཀྱང་ཡིན་སྲིད། ཁྱེད་ཀྱིས་སོམས་དང་། དྭངས་གཙང་ལྷད་མེད་ཀྱི་བྱིས་པ་ཞིག་ལ་འདི་ལྟར་ངོ་ཚ་ཁྲེལ་མེད་བྱེད་ཕོད་མཁན་གྱི་མི་ཞིག་ལ་མཚོན་ན་ཁོས་ཏན་ཏན་ད་དུང་བྱིས་པ་གཞན་དང་གཞན་ལ་ཡང་གོ་སྐབས་ནམ་བྱུང་ལ་བརྙས་བཅོས་དང་ཁྲེལ་མེད་བྱེད་པར་ཐེ་ཚོམ་མི་དགོས་པ་ཞིག་རེད།
དཔེར་ན། ང་ལ་བཙན་གཡེམ་བྱེད་མཁན་གྱི་སྐྱེས་པ་དག་གིས་གལ་སྲིད་བུ་མོ་གཞན་གཅིག་གཉིས་ཞིག་ལ་དེ་འདྲའི་བརྙས་བཅོས་བྱས་ཡོད་ཚེ། གྲངས་ཀ་འདི་ཁོ་ན་ཉི་ཤུ་ལྷག་བརྒལ་ཟིན་པས་བསམ་བློ་ཞིག་བཏང་ཚེ་སྤྱི་ཚོགས་ཀྱི་གཏིང་དུ་ཁུ་སིམ་མེར་འགྲོ་བཞིན་པའི་བརྙས་བཅོས་ནི་དངོས་གནས་འཇིགས་ཡེར་བ་ཞིག་མ་རེད་དམ།
ཁྱེད་ཀྱིས་སོམས་དང་། ང་ཚོའི་སྤྱི་ཚོགས་སུ་ད་དུང་ཁོ་ཚོ་དང་ཁོ་ཚོ་འདྲ་བའི་སྐྱེས་པ་ཁྲེལ་མེད་ག་ཚོད་ཅིག་ཡོད་དམ། ང་ལ་བཙན་གཡེམ་དང་བརྙས་བཅོས་བྱེད་མཁན་ཚང་མ་བོད་རིགས་ཡིན་པ་མ་ཟད། ཁོ་ཚོ་ནམ་རྒྱུན་ང་ཚོའི་སྤྱི་ཚོགས་སུ་ང་ཚོ་དང་མཉམ་འགྲོ་མཉམ་འདུག་བྱེད་མཁན་ཤ་སྟག་ཡིན། གཅིག་བྱས་ན་ཕལ་ཆེར་ཁོ་ཚོའི་རིགས་ཀྱིས་བུད་མེད་ན་ཆུང་མ་ཞིག་གི་བྱིས་པའི་ལང་ཚོ་འཕྲོ་བརླག་ཏུ་བཏང་ཞིང་གཞོན་ནུའི་རྨི་ལམ་རྩ་མེད་དུ་བཏང་བར་ངོ་ཚ་ཁྲེལ་མེད་ཅིག་ཏུ་བརྩི་བཞིན་མེད་པ་མ་ཟད། ཁ་ཤས་ཀྱིས་ད་དུང་དེ་ནི་རང་རང་གི་འཇོན་ཐང་ཞིག་ཏུ་ཡང་མཐོང་བཞིན་ཡོད་སྲིད།
དེར་བརྟེན། ང་དང་ང་ལྟ་བུའི་བུ་མོ་མང་བོ་ཞིག་གི་ལྷད་མེད་པའི་ལང་ཚོ་ད་དུང་ཡང་སྔར་བཞིན་རང་གི་ཁྱིམ་དང་རང་གི་སློབ་གྲྭ་སོགས་ནས་འཕྲོ་བརླག་ཏུ་བཏང་དང་གཏོང་བཞིན་ཡོད་ངེས་ཡིན། ནུས་མེད་ཉམ་ཆུང་བུ་མོ་མང་བོ་ཞིག་མི་འདོད་བཞིན་དུ་ལུགས་སྲོལ་འདིའི་འོག་ཏུ་བཙན་གཡེམ་མྱོང་བཞིན་འདུག་དགོས་བྱུང་བ་ནི་བློས་མི་བཟོད་པ་ཞིག་རེད། དོན་ངོ་མར་ང་ཚོར་བརྩི་བཀུར་དང་འདྲ་མཉམ་གྱིས་འཚོ་ཐུབ་པའི་ཁོར་ཡུག་ཅིག་ནམ་ཞིག་ཆགས་ཐུབ་བམ།
ང་ཚོས་ཅིའི་ཕྱིར་ཁུ་སིམ་མེར་ན་ཟུག་འདི་མི་ཚེ་གང་བོར་རང་གིས་ཁུར་ནས་འགྲོ་དགོས་བྱུང་བ་རེད། ང་ཚོས་ཅིའི་ཕྱིར་མི་ཚེ་གང་བོར་རང་ཉིད་ཀྱི་མི་ཚེའི་ཁྲོད་ཀྱི་གཞན་གྱི་བརྙས་བཅོས་འདི་ཁུར་ནས་མི་ཚེ་འདི་བསྐྱལ་དགོས་པ་རེད། ང་ཚོས་ཅིའི་ཕྱིར་ངོ་ཚ་ཁྲེལ་མེད་ཀྱི་མི་འདི་དག་སྤྱི་ཚོགས་ལ་བསྒྲགས་ཤིང་ཁྲིམས་ལ་དངོས་སུ་སྦྱོར་མ་ཐུབ་པ་རེད། ང་ཚོས་སྤྱི་ཚོགས་ཀྱིས་ཅིའི་ཕྱིར་ཐུན་མོང་གི་ཐོག་ནས་གནད་དོན་འདི་ལ་གདོང་ལེན་དང་ཁ་གཏད་བྱེད་མ་ཐུབ་པ་རེད། ཁྱེད་ཀྱིས་བསམ་བློ་བཏང་ཨེ་མྱོང་། ཁྱེད་ཀྱི་མཐའ་སྐོར་ན་ཡོད་པའི་རང་གི་བུ་དང་ཕུ་བོ། ཡང་ན་ཨ་ཁུ་དང་ཨ་ཞང་། ད་དུང་ཁྱེད་རང་གི་ཁྱོ་གར་འབོད་པ་འདི་དག་གང་རུང་གི་བུ་མོ་གཞན་དང་གཞན་གང་མང་གི་མི་ཚེ་འདི་ལྟར་འཕྲོ་བརླག་ཏུ་བཏང་ཡོད་སྲིད་པ་མ་ཟད་ད་དུང་གཏོང་བཞིན་པའང་ཡོད་སྲིད།
ཁྱེད་ཚོས་ཀློག་བཞིིན་པའི་གཏམ་རྒྱུད་འདི་བུ་མོ་ང་རང་ཉིད་ཀྱིས་དངོས་སུ་མྱངས་ཟིན་པའི་མི་ཚེའི་ཉམས་མྱོང་དངོས་ཀྱི་ན་ཟུག་འབའ་ཞིག་ཡིན། འོན་ཀྱང་། ངས་ད་ལྟ་དེ་རིང་ཡང་སྤྱི་ཚོགས་ཁྲོད་དུ་དངོས་སུ་ཕྱིར་ཐོན་ནས་ཕྱི་གསལ་ནང་གསལ་གྱིས་གཏམ་རྒྱུད་འདི་བཤད་ཐུབ་བཞིན་མེད། ང་ད་ལྟ་ཡང་ད་དུང་མིང་རྫུན་མ་ཞིག་གི་འོག་ཏུ་བཀབ་ནས་རང་ཉིད་ཀྱི་ཉམས་མྱོང་དང་ན་ཟུག་གི་གཏམ་རྒྱུད་འདི་ཁྱེད་ཅག་ལ་བཤད་བཞིན་ཡོད། ཁྱེད་ཀྱིས་སྐབས་འདིར་ཡང་དང་བསྐྱར་དུ། ང་ལ་ཁྱོད་ཀྱིས་ཅིའི་ཕྱིར་ཁྲེལ་མེད་ཀྱི་མི་འདི་དག་ཁྲིམས་ལ་སྦྱར་ཞིང་སྤྱི་ཚོགས་ཁྲོད་དུ་ཁ་གསལ་གཏིང་གསལ་གྱིས་བསྒྲགས་མ་ཐུབ་རེད་ཅེས་འདྲི་སྲིད། འོན་ཀྱང་། གལ་སྲིད་ཁྱེད་རང་ཡང་ངའི་ད་ལྟའི་གནས་བབ་འདིར་ཡོད་ཚེ་དོན་དངོས་ནི་འདི་འདྲའི་ལས་སླ་བོ་ཞིག་དང་སྟབས་བདེ་བོ་ཞིག་མིན་པ་ཁྱེད་ཀྱིས་ཡོངས་སུ་ཤེས་ངེས་ཡིན།
དྲང་མོར་བཤད་ན། གནས་ཚུལ་འདི་ལ་བརྟེན་ནས་ལོ་ནས་ཁུར་གྱིས་གནོན་བཞིིན་པའི་ངའི་བརྩེ་བའི་ཨ་མ་ལགས་བསྐྱར་དུ་སྡུག་བསྔལ་དང་འགྱོད་གདུང་། ན་ཟུག་བཅས་ཀྱི་བརྒྱུད་རིམ་ག་ཚོད་ཅིག་བརྒྱུད་དགོས་པ་སེམས་ལ་བསམ་མི་ཕོད་པ་ཞིག་རེད། གཅིག་བྱས་ན་གནས་ཚུལ་འདི་ལ་རྐྱེན་བྱས་ནས་ཨ་མ་ལགས་ཀྱིས་རང་ཀྱི་བུ་མོས་བརྒྱུད་ཟིན་པའི་སེམས་ཀྱི་ན་ཟུག་དང་དཀའ་ངལ་ཡོད་ཚད་དང་ད་དུང་སྤྱི་ཚོགས་ཀྱི་མི་ཁ་དང་འཕྱ་སྨོད་ཀྱི་ཁུར་བོ་ལྗིད་ཆེ་བ་ཞིག་ཁུར་ནས་མི་ཚེའི་ལྷག་མ་དེ་བསྐྱལ་དགོས་སྲིད། དེར་བརྟེན། ངས་འདི་ལྟ་བུའི་ལམ་ཁ་ཞིག་གཏན་ནས་བདམས་མི་ཕོད་ལ་འདེམས་པའི་སྙིང་སྟོབས་ཀྱང་མི་འདུག ཨ་མ་ལགས་ནི་ང་ལ་མཚོན་ན་མི་ཚེ་འདིའི་ཡོད་ཚད་ཀྱི་ཡོད་ཚད་ཡིན།
ཡང་གཅིག་བསམ་བློ་བཏང་ན། འདི་ནི་བུ་མོ་ང་གཅིག་བུའི་གཏམ་རྒྱུད་ཙམ་མ་ཡིན་པར་ང་ཚོ་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་མི་ཚེའི་བརྒྱུད་རིམ་འདི་ལྟ་བུ་མྱངས་དང་མྱོང་བཞིན་པ་མང་བོ་ཞིག་ཡོད་པ་ངས་ག་ལེར་ཤེས་རྟོགས་བྱུང་། གལ་སྲིད། ང་ཚོའི་སྤྱི་ཚོགས་འདི་ཕྱོགས་ཡོངས་ནས་གནད་དོན་འདིའི་སྐོར་ལ་བསམ་ཤེས་དང་གུ་ཡངས་པོ་ཞིག་ཡིན་ན། ཏན་ཏན་མིག་ཆུ་དང་ན་ཟུག་ཁོག་ཏུ་བཙན་གྱིས་སྦས་པའི་བོད་རིགས་གཞོན་ནུ་མ་སྐོར་ཞིག་གིས་ཀྱང་རང་རང་གི་གཏམ་རྒྱུད་འདི་དང་འདི་ལྟ་བུར་བཤད་རྒྱུ་ཡིན་པ་མ་ཟད། ལུས་སེམས་གཉིས་ཡོངས་སུ་རྨས་ཟིན་པའི་བོད་རིགས་བུ་མོ་སྐོར་ཞིག་སྤྱི་ཚོགས་ཀྱི་མདུན་དུ་ཐོན་རྒྱུ་ཡིན་པར་ཐེ་ཚོམ་མེད།
ངས་བསམ་ན། སྐྱེས་མའི་རིང་ལུགས་ལས་འགུལ་གྱིས་ག་ལེར་གནད་དོན་འདི་དག་ཡར་རྒྱས་སུ་འགྲོ་བར་ཏན་ཏན་ཕན་ཐོགས་འབྱུང་ངེས་ཡིན་ལ། ལས་འགུལ་འདི་དང་འདི་ལྟ་བུའི་ཁྱེད་ཀྱི་སྙིང་རྗེ་བའི་བུ་མོ་དང་ཚ་མོ། ཡང་ན་སྲིང་མོ་སོགས་ལ་བདེ་འཇགས་དང་ལྷད་མེད་ཀྱི་བྱིས་པའི་དུས་སྐབས་ཞིག་རོལ་མྱོང་བྱེད་དུ་འཇུག་རྒྱུར་ཕན་ཐོགས་འབྱུང་ངེས་ཡིན། ཁྱེད་ཀྱིས་ཀྱང་གཅིག་བྱས་ན་ང་ལ་བུད་མེད་སྐོར་ཀྱི་གནད་དོན་འདི་བོད་ཀྱི་ད་ལྟའི་ཛ་དྲག་གི་གནད་དོན་ཞིག་མ་རེད་ཅེས་བཤད་སྲིད་ལ། ད་དུང་ཁྱེད་ཀྱིས་ད་ལྟ་ང་ཚོར་མི་རིགས་ཀྱི་སྡུག་བསྔལ་ལ་གདོང་ལེན་དང་འཐབ་རྩོད་བྱེད་དགོས་པས་གནས་ཚུལ་ཆུང་ཆུང་དེ་དག་ལ་ཁ་ཡ་བྱེད་ཁོམ་མེད་ཅེས་ཀྱང་བཤད་སྲིད། འོན་ཀྱང་། ཁྱེད་ཀྱིས་ང་ཚོ་རང་གི་སྤྱི་ཚོགས་ཀྱི་གྲུ་ཟུར་གང་རུང་ནས་སྙིང་རྗེ་བའི་བོད་རིགས་བུད་མེད་གཞོན་ནུ་མ་གང་ཞིག་གི་མི་ཚེ་ཉི་མ་རེ་བཞིན་དུ་སྡུག་བསྔལ་དང་མིག་ཆུས་སྐྱེལ་བཞིན་པ་ཤེས་སམ།
ངའི་ཉམས་མྱོང་གཏམ་རྒྱུད་འདི་ཀློག་མཁན་གྱི་ན་ཆུང་ཕོ་མོ་གང་མང་ཞིག་ལ་མཚོན་ན་སྐྱོ་སྡུག་དང་ན་ཟུག་གི་མི་ཚེ་འདི་འདྲ་གང་ཡང་མྱངས་ཡོད་མི་སྲིད། འོན་ཀྱང་། ཁྱེད་ཀྱིས་ངེས་པར་དུ་ང་ཚོའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནད་དོན་འདི་ལ་བསམ་བློ་རྣལ་མ་ཞིག་གཏོར་རྒྱུར་ངས་རེ་སྐུལ་ཆེན་པོ་བྱེད་བཞིན་ཡོད། སྐྱེས་མའི་རིང་ལུགས་ཀྱི་ལས་འགུལ་ཁོ་ན་ཙམ་འདི་འདྲའི་གལ་ཆེན་རེད་ཅེས་ངས་ནམ་ཡང་བཤད་བཞིན་མེད། ངས་དྲང་བདེན་གྱི་ཆེད་དུ་འཐབ་རྩོད་བྱེད་མཁན་ཞིག་ལ་མཚོན་ན། དྲང་བདེན་མིན་པའི་གནད་དོན་གང་ལ་ཡང་ང་ཚོས་མཉམ་དུ་གདོང་ལེན་བྱེད་དགོས་པ་རེད་ཅེས་གསལ་འདེབས་བྱེད་བཞིན་ཡོད། ཁྱེད་ཀྱིས་ད་དུང་སྐྱེས་མའི་རིང་ལུགས་ཀྱི་ལས་འགུལ་འདི་དག་དོན་མེད་རེད་འདོད་བཞིན་ཡོད་ན། ངས་བསྐྱར་དུ་རང་ཉིད་ཀྱི་ཉམས་མྱོང་དང་སྦྱར་ནས་ལས་འགུལ་འདི་ནི་ང་ཚོའི་སྤྱི་ཚོགས་ལ་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད་ཅེས་བསྐྱར་དུ་བཤད་འདོད་བྱུང་།
རྩོམ་ཡིག་དངོས་དང་འགྱུར་རྩོམ་གྱི་མ་ཡིག་དྲ་འབྲེལ།
http://www.tibetanfeministcollective.org/2015/12/07/the-story-of-my-rape/
འོ་བྱས་ན་ཁྱོད་ཀྱི་ཕ་ཡག་དེ་ཡིན་པ་འདྲ་དཔེ་རེད་
འདི་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་གསུངས་པ་ཞིག་རེད་ཡག་བྱས་ནས་གཟིགས་དང་་་་་
༧༽ དྲི་བ། དེང་སང་བོད་ཀྱི་སྤྱི་ཚོགས་ཁྲོད་ནས་ཕོ་མོ་འདྲ་མཉམ་ཡོད་དང་མེད་ཟེར་བ། ཡང་ལ་ལས་བུད་མེད་ལ་དམིགས་བསལ་ཐོབ་ཐང་སྤྲོད་དགོས་ཚུལ་སོགས་འདྲ་མིན་བཤད་བཞིན་ཡོད་པས། ཁྱེད་རང་ཉིད་ལ་འདིའི་ཐོག་ལ་བསམ་ཚུལ་ཅི་ཞིག་ཡོད་དམ།
ལན། སྤྱིར་མི་སུམ་ཅུ་ལ་བསམ་པ་སུམ་ཅུ་དང་མཛོ་སུམ་ཅུར་ལ་རཱ་ཅོ་དྲུག་བཅུ་ཞེས་པ་ལྟར་དེའི་སྐོར་ལ་མི་སོ་སོའི་ལྟ་ཚུལ་སྣ་ཚོགས་ཤིག་བརྗོད་ཀྱི་ཡོད་པ་རེད། དེ་ཡང་འདྲ་མཉམ་ཡོད་མེད་ཀྱི་རྩོད་པ་དེང་རབས་སྤྱི་ཚོགས་ཁྲོད་ན་ཇེ་མང་ནས་ཇེ་མང་དུ་འགྲོ་བ་ཕྱོགས་གཅིག་ནས་ཡག་པོ་རེད། ཕྱོགས་གཞན་ནས་ལག་ལེན་སྣ་གཅིག་མེད་པར་ཁ་བཤད་ཁོག་སྟོང་ངང་ད་བར་ལྷག་པ་ངོ་མ་ཡ་མཚན་རེད། དལ་འབྱོར་མི་ལུས་ཐོབ་པ་གཅིག་འདྲ་རེད། ཨ་མའི་མངལ་ཐོན་ས་གཅིག་མཚུངས་ཡིན། བདེ་བ་འདོད་ཀྱང་སྡུག་བསྔལ་མི་འདོད་པ་ཡང་འདྲ་འདྲ་རེད། རང་དབང་འདོད་ཀྱང་བཙན་ནོན་མི་འདོད་པ་ཡང་ཆ་རེད། འོན་ཀྱང་། ང་ཚོས་བུད་མེད་དག་ལ་རང་གི་འདོད་པ་བཞིན་དགའ་མི་ཆོག་པ་དང་། རང་གི་བསམ་ཚུལ་བཞིན་བཤད་མི་ཆོག་པ། རང་གི་ནུས་པ་ལྟར་སྒྲུབ་མི་ཆོག་སོགས་མི་ཆོག་པ་དགུ་བརྩིགས་བཞིན་མནན་ནས་སྨྲ་བརྗོད་རང་དབང་ཡང་མེད་པ་ཞིག་ཏུ་འགྱུར་ཡོད་པས།གངས་རིའི་བུད་མེད་དག་ནི་ཞུམ་མེད་སྙིང་སྟོབས་སྐྱེས་ནས། རང་གི་འདོད་པ་ལྟར་གྲུབ་འདོད་དག་ལས་དགོས་ལ། གཞན་གྱི་རྐང་འོག་ནས་ནམ་ཡང་ལངས་དགོས། དེ་བས་ཀྱང་མི་རིགས་ཤིག་གི་ལོ་རྒྱུས་དང་བདེན་དཔང་མཚོན་ཐབས་སུ། ང་ཚོས་བུ་མེད་དག་གི་འགན་འཁྲི་ཅི་ཞིག་ཡིན་པ་དང་། ཕྲག་ཏུ་འགན་ཅི་ཞིག་འཁུར་ཡོད་པ། ང་ཚོས་ངེས་པར་དུ་བསྲུང་དགོས་པ་གང་ཞིག་ཡིན་པ་སོགས་ལ་དོ་སྣང་བྱེད་དགོས།
ཁྱད་པར་དུ་དུས་རབས་ཉེར་གཅིག་པ་ནི་རང་བཞིན་གྱི་འགྲན་རྩོད་ཀྱི་དུས་རབས་ཡིན་ལ། འགྲན་རྩོད་དེ་ཡང་མཐར་གཏུགས་ན། ཤེས་ཡོན་གྱི་འགྲན་རྩོད། འཇོན་ཐང་མི་སྣའི་འགྲན་རྩོད་སོགས་ཀྱི་རྒྱལ་ཁབ་ཅིག་ཡིན་ན་འདྲ། མི་རིགས་ཤིག་ཡིན་ནའང་འདྲ། གང་ཟག་སྒེར་ཞིག་ཡིན་ན་འདྲ་འཕེལ་རྒྱས་ཀྱི་གཞི་རྩ་ཆགས་ཡོད། དེ་དང་ཕྱོགས་མཚུངས་གངས་རིའི་བུད་མེད་དག་ལ་གསར་གཏོད་དང་རྣམ་དཔྱོད་དགོས་ཏེ། རང་དབང་གི་བསམ་བློའི་རྨང་གཞི་དང་། རང་འཛིན་གྱི་སྤྱོད་ལམ་ངོམས་ས། རང་རྟོགས་ཀྱི་འགན་ལེན། རང་ཚུགས་ཀྱི་ལྟ་ཚུལ་གླེང་བའི་ཐོག་མའི་གར་སྟེགས་འདི་ང་ཚོས་བུད་མེད་ཀྱི་གོ་སྐབས་ཡག་ཤོས་ཞིག་ཆགས་པ་ཚང་མས་ཤེས་དགོས།
དངོས་བྱུང་མྱོང་བྲིས་རྩོམ་ཡིག་བོད་སྒྱུར་གནང་མཁན་ལ་ཐུགས་རྗེ་ཆེ་ཞུ། ཁ སྔོན་ངོས་དེབ་ལས་དྲ་གྲོགས་ཤིག་གིས་བཀོད་འདུག་པ་བཀླགས་མྱོང་མོད། བོད་ཡིག་བཀླགས་པ་འདྲ་ཞིག་མ་བྱུང་བར་འདིར་བོད་སྒྱུར་གནང་མཁན་ལོ་ཙཱ་བ་མཆོག་ལ་བཀའ་དྲིན་ཆེ་ཞུ།
དངོས་ཡོད་ཡིན་ན་་་་ཧ་ཅང་སྐྱོ་ཞིང་ན་ཟུག་འགོག་ཐབ་བཀྲལ་་་་
ངོ་མ་ཆུང་དུས་ནས་གཞན་གྱི་བརྙས་བཅོས་ཁུར་དགོས་བྱུང་བ་བློ་ཕམ་གྱི་གནས་སུ་མཆིས་ཤིང་། རྗེས་ཕྱོགས་དེ་འདྲའི་རིགས་མི་ཡོང་བའི་རེ་བ་ཡོད་ད།
ཕྱོགས་རིས། ཆོས་ལུགས་ཀྱི་ཕྱོགས་རིས། མི་རིགས་ཀྱི་ལ་རྒྱ། དབྱིན་སྐད་ཀྱི་ཚིག་གང་རེད། ཤེས་མཁན་ཡོད་ན་གསུངས་རོགས་ཞུ། །
དངོས་བྱུང་ལོ་རྒྱུས་ཡིན་ན་ངོ་མ་བུ་མོ་ཁྱེད་ལ་སེམས་གཏིང་ནས་གདུང་སེམས་མཉམ་བསྐྱེད་ཡོད།། མ་གཞི་ནས་ཁྱེད་ལ་བཙན་གཡེམ་གཏོང་མཁན་དེ་ཁྱེད་ཀྱི་བུ་སྤུན་ཡིན་ནམ་ཡང་ན་ཕ་རྒན་ཡིན་ནམ། ཡང་ན་ཕ་ཡར་ཡིན། དེ་ལས་གཞན་འགྲོ་ས་མི་འདུག་བསམ།། ཁྱེད་རང་གི་ཕ་རྒན་ཡིན་ན་དཔེ་རེད།། གང་ཡིན་ཟེར་ན་ཁྱེད་ཀྱིས་མ་རྒན་བཀའ་དྲིན་ཆེ་རབས་ལ་ཕ་རྒན་སྐོར་རྩ་བ་ཉིད་ནས་བཤད་མི་འདུག་མ་ཟད། ཁྱེད་ལ་འདི་འདྲའི་སྡུག་བསྔལ་བྱུང་དུས་སྐྱིད་སྡུག་ཞུ་ས་གཙོ་བོ་ཕ་རྒན་རེད། ཡང་མིན་ན་ཕ་རྒན་མེད་ནས་ཕ་ཡར་ཅིག་ཡོད་བཟོ་འདུག དེས་ཁྱེད་ལ་བཙན་གཡེམ་བྱས་པ་འདྲ།།
ཡིད་ཆེས་དཀའ་སོང་། གཏམ་རྒྱུད་དེའི་རྒྱུད་རིམ་དང་བཤད་ཚུལ་སོགས་གང་མང་ཞིག་གི་དངོས་ནས།
ཁ་བདེ་བོ་ཞིག་གིས་བྲིས་འདུག ཡིད་ཆེས་དཀའ་བ་ཞིག་རེད། བོད་ས་ཡ་དྲུག་གི་ནང་ནས་གནས་ཚུལ་འདི་འདྲ་ཡོད་ངེས་འོན་ཀྱང་ཁྱེད་ཀྱི་བཤད་པའི་རྒྱུ་རིམ་ཁྲོད་ནས་ངས་དངོས་བྱུང་ཀྱི་གཏམ་རྒྱུད་ཞིག་ཡིན་པ་རྙེད་མ་སོང་། གླད་པ་འགྲིག་མེད་པའི་ཕ་རྒན་ཞིག་འདུག་ཧ་ཧ་་་་་་་་ཧ་་་་
་་་་་་་་་ ནུས་མེད་ཉམ་ཆུང་བུ་མོ་མང་བོ་ཞིག་མི་འདོད་བཞིན་དུ་ལུགས་སྲོལ་འདིའི་འོག་ཏུ་བཙན་གཡེམ་མྱོང་བཞིན་འདུག་དགོས་བྱུང་བ་ནི་བློས་མི་བཟོད་པ་ཞིག་རེད། དོན་ངོ་མར་ང་ཚོར་བརྩི་བཀུར་དང་འདྲ་མཉམ་གྱིས་འཚོ་ཐུབ་པའི་ཁོར་ཡུག་ཅིག་ནམ་ཞིག་ཆགས་ཐུབ་བམ། ་་་་་་་་་
དངོས་བྱུང་དང་བཙན་གཡེམ་ཞེས་པའི་མིང་ཚིག་གཉིས་ཀའི་ཤུགས་རྐྱེན་གྱིས་འགོ་ནས་མཇུག་བར་གཙང་མ་ཞིག་བཀླགས་ཡིན་ཏེ། ད་རུང་ཡིད་ལ་ཅི་ཞིག་མ་འཐོན་པ་འདྲ་བའི་སྣང་བ་འོང་རྐྱེན་ནི། ཏག་ཏག མཆན་འདེབས་པ་རེ་འགའི་དོགས་པ་བཞིན་གནས་ཚུལ་འདིའི་གནད་འགག་གང་ཞིག་ཡོངས་སུ་གསལ་ཁ་མ་འཐོན་པས་རེད་ཨང་། འོན་ཀྱང་། གནས་ཚུལ་འདི་ངོ་མ་ཡིན་སྲིད་རྒྱུ་རེད་བསམས་ན་སྙིང་ཡང་རྗེ་ནི་ཞིག་རེད་ལ། ཡང་། ཆེད་དུ་གླེང་གཞི་ཞིག་ནས་འགོ་བརྩམས་ཏེ་སྒྲུང་བསྒྲུགས་པ་མིན་འགྲོ་བསམས་ན་དགོད་ཀྱང་འོང་ནི་ཞིག་རེད། གང་ལྟར། དོན་དག་གལ་ཆེན་ཞིག་གི་སླད་དུ་ལས་འགུལ་ཛ་དྲག་ཅིག་སྤེལ་འདོད་ན། སྙིང་སྟོབས་ནི་མ་རྩ་རེད།
ཡིན་སྲིད། ཡིན་ཡང་ངས་ནམ་ཡང་ཁོང་ཁྲོ་ཟ་ཤོད་དེ་གཞན་གྱི་འོག་ལ་མགོ་འགུལ་ནས་སྡད་པ་ཡིན། ང་བོུ་ཁྱེད་ཡིན་ན་ངས་སོ་སོའི་གཏམ་རྒྱུད་དེ་གཞན་ལ་བཤད་ན་ངོ་མི་ཚ་ལ་དེ་ལས་རྡོག་ཏེ་ངས་སོ་སོ་ལ་བཙན་གཡེམ་བྱེད་མཁན་དག་ཡང་ན་སོ་སོ་ལ་བསྙས་བཅོད་བྱེད་མཁན་དག་རེ་རེ་བཞིན་མ་ཤི་བར་དུ་སྐྱིད་རུ་མི་འཇུག ང་ནི་བོུ་ཁོང་ཁྲོ་ཚ་བོ་ཡོད་མཁན་ཞིག་ཡིན་ ཡིན་ཡང་ནམ་རྒྱུན་འཚོ་བའི་ཁྲོད་སེམས་བག་ཀྲབ་བཞིན་སེམས་པ་བཟང་ཆོས་བྱེད་ཡག་ལ་དགའ་ ཡིན་ཡང་ང་ལ་ཕོག་ཐུག་འགྲོ་ས་མེད་ བརྡོར་བསྡུས་ན་ངས་ནམ་ཡང་གཞན་གྱི་བསྙས་བཅོད་ལ་དང་ཕར་བཞག་ཁ་བདེ་པོ་བཤད་མཁན་རིགས་ལ་ཡང་ལན་ན་ཟ་གཏང་དགོས་པ་ཞིག་མ་རྒྱབ་ན་མཚན་མོ་རྙིད་མ་ཁུག་གི་འགྲལ་ཞིག་ཡིན་ བྱས་ཙང་བོུ་རང་གི་གནས་ཚུལ་ང་ལ་ཐུགས་ན་ངས་ང་སྤྱི་ཚོགས་དཀྱིལ་ངོ་སྣོང་དགོས་ཆགས་སོང་ཡང་ན་སོ་སོ་ལ་བཙན་གཡེམ་བྱེད་མཁན་དག་ངོ་སྣོང་དགོས་ཆགས་སོང་འགྲན་བརྩོད་ཞིག་བྱེད་ས་རེད། ངོ་མ་བཤད་ན་བཙན་གཡེམ་ལ་ཧང་སང་ཡག་མེད་བཙན་མཡེམ་མིན་ཡང་བྱེད་ནི་བྱེད་དགོས་ངོ་སྣོང་ཡག་མེད་ དེ་ལས་བསྙས་བཅོས་བྱེད་མཁན་དེ་སོ་སོའི་པ་པ་ཡིན་ཡང་མི་ངན་རེད་ལངས་རྒྱུ་མེད་པ་ཞིག་བཟོ་དགོས།
སྤྱིར་བཙན་གཡབ་ཟེར་བའི་གནས་ཚུལ་འདི་ནི། ལོ་ཟླ་ཞག་གསུམ་གྱི་ནང་ན་ག་བ་གང་སར་གང་བསྡད་ཡོད་རེད་ལ། བོད་མིའི་སྡོད་གནས་དག་ནའང་དེང་སང་སྔར་དང་མི་འདྲ་བར་གོ་རྒྱུ་མང་པོ་རེད། འོན་ཀྱང་། བདེན་ན། ཐེངས་འདིའི་གནས་ཚུལ་ནི་ཡོད་ཚད་ལས་ཅུང་དམིགས་བསལ་བ་ཞིག་སྟེ། བོད་མོ་ཞིག་ཆུང་བྱིས་དུས་ནས་རང་མགོ་འཐོན་ཚེ་རིང་། ཁོ་མོའི་གནས་ཁྱིམ་གྱི་ལྟེ་བ་བྱས་ཏེ་ཉེ་འགྲམ་གྱི་ཁྱིམ་མཚེས་ཚུན་ནས། རང་དང་མི་རིགས་གཅིག་པ། གྲོང་བ་གཅིག་པ། ཐ་ན་ཁྱིམ་མི་གཅིག་པའི་མིང་ཡོད་སའི་ལག་ནས་ཀྱང་བཙན་གཡབ་རག་པ་དེ་རེད། དངོས་གནས་བསམ་བློ་རེ་བཏང་དུས། དཀའ་ངལ་གྱི་སྐབས་སུ་ལྷ་སྲུང་མའང་ཞ་ར་ཞིག་ཡིན་འདུག་ལ། དེ་ལས་ཀྱང་། བོད་མིའི་ཡ་རབས་བཟང་སྤྱོད་ནི་ནག་ཁུང་རང་རེད་འདུག ད་ནི་རང་སྟེང་ན་སྐྱོན་མེད་སའི་བོད་མོ་ཚོས་ནམ་ཡིན་རུང་། རང་དབང་སྒོས་རང་སྲུང་། བསམ་རྣོ་བཏང་སྟེ་རང་སྲུང་། ཐབས་སྤྱད་ནས་རང་སྲུང་། སོགས་ལ་སློབ་སྦྱོང་བྱ་དགོས་པ་རེད་མ་གཏོགས། གཞན་སྙིང་ཤོར་ནས་རང་སྡུག་རང་གིས་འཁུར་བ་ནི། སྡུག་གྱོང་ཟེར་བ་དེ་རེད།
བཙན་གཡེམ་གཏོང་མཁན་ཕ་ཡིན་ནམ་ཡང་ན་ཕ་ཚབ། དེ་བཞིན་དུ་གཞན་པ་གང་རུང་གི་མིང་དང་བོད་ཀྱི་ས་གནས་གང་ཞིག་ཡིན་པའི་ཁ་ཕྱོགས་ཤིག་མ་བྲིས་ན་ཁ་བདེ་བོ་ཞིག་གིས་བཙན་གཡེམ་སྐོར་གྱི་སྒྲུང་གཏམ་དང་གཏམ་རྒྱུད་ལ་རྒྱུས་ལོན་བྱུང་རྗེས་གང་བྱུང་དུ་བྲིས་པ་མིན་ནམ་སྙམ། མ་གཞི་འབྲི་མཁན་གསལ་བོ་མི་འདུག་པར་བལྟས་ན་བུད་མེད་ཅིག་ཨེ་ཡིན་ན་བསམ། དེ་ན་ཕྲན་གྱིས་ཡིག་འཁྱམས་ཤིག་ལ་ངོས་འཛིན་ལས་གཞན་གང་ཡང་མེད།
འདོད་པའི་མི་ལ་འདོད་པ་སྦྱིན་པ་དེ་།
དགེ་བ་མེད་ནའང་སྡིག་པ་གང་ནས་ཡོད་།
རྒྱ་མཚོའི་ཆུ་ཡང་སྐམ་ལ་རྒྱུར་བ་དེ་།
འདོད་སྲེད་ཆགས་པས་ཉི་འོད་ཟེར་གྱི་འཕྲོག་།
རྩོམ་ཡིག་འདི་ལ་རིན་ཐང་གང་ཡང་མེད་པ་མ་ཟད་བོད་མི་རིགས་ཀྱི་ཞབས་འདྲེན་ཞིག་ཏུ་གྱུར་འདུག གལ་སྲིད་དོན་དངོས་འདི་ལྟ་བུ་བྱུང་ཡོད་ན་བོད་མི་རིགས་ཀྱི་ཡ་རབས་སྤྱོད་བཟང་མི་ཉམས་གོང་འཕེལ་དང་བོད་ཀྱི་བུད་མེད་དེ་དག་གི་ཆེད་དུ་གསལ་བོར་བྱས་ནས་བཤད་དགོས་པ་རེད། ན་ཟུག་དང་ངོ་ཚ་བརྗེ་ཕོད་དུས་རང་ཉིད་ལ་ཡང་སྐྱོན་ཞིག་ཡོད་པ་ཤུགས་ཀྱིས་རྟོགས་ཐུབ་ལ། རང་ཉིད་ཀྱིས་འཁྲིག་སྤྱོད་གང་བྱས་པ་བཙན་གཡབ་ལ་བསྒྲག་མི་རུང་། ལྷག་པར་བོད་ཀྱི་ལུགས་སྲོལ་ལ་བུ་མོ་ཚོ་ལ་ཕར་ཨུ་ཚུགས་མ་བྱས་ན་ཚུར་དགའ་ཡང་བྱ་བ་དེའི་རིགས་མི་སྒྲུབ་ཟེར།
རང་འདོད་གསེལ་མཛད་སྐྱིད་པོ་བཏང་བ་དེ་།
ཁྱོ་གི་བཙན་གཡེམ་ངོས་འཛིན་སུ་ཡིའི་བྱེད་།
འདོད་ཆགས་ཁ་ནས་གླེང་མཁན་ཉུང་ན་ཡང་།
འདོད་ཆགས་སེམས་སུ་ཉར་གྲངས་ལས་འགལ་།
དགེ་མཐོང་ཁྱོད་ལ་ཉམས་མྱོང་ཡོད། ཧུ་ཧུ་
འདོད་པའི་བདེ་བ་ཇི་ལྟར་མཆོག་ཡིན་རུང་།། རྒྱུ་འབྲས་རྒྱ་མ་འདྲ་བོའི་མཚམས་བརྒལ་ནས།། བུད་མེད་ཞིག་ལ་བདག་གི་ཁ་དང་ལག། སྦྱོར་དང་འཐམ་པའི་མིང་ཡང་མི་སྐྱེ་ཤོག།
སྦྱིན་པའི་མཆོག་ནི་འདོད་པའི་བདེ་བ་ཞེས།། དགེ་ཆོས་དམ་པས་མདོ་ལུང་དང་བཅས་ཏེ།། འདོད་བསྟན་ནང་ལ་ཟུར་ཙམ་གསུངས་པ་འདི།། སྤྱོད་ངན་ཕོ་མོའི་དམིགས་ཡུལ་རེད་མ་འདོད།།
འོན་ཀྱང་གང་གི་ལུང་པའི་གོམས་གཤིས་ལས།། བུ་མོར་འདོད་པ་ཡོད་མེད་ཇི་འདྲ་ཡང་།། འགྲུལ་བར་ཉལ་རོགས་བཟང་སར་མནའ་མ་སོགས།། ཕ་མས་གང་བྱས་ཡིན་ལུགས་སྔོན་ཆད་མང་།།
ད་དུང་མཚན་མྱུག་(ཧོ་ཉུག་ཀྱང་ཟེར)ཟེར་བའི་བྱ་བ་ཞིག། འབྲོག་པའི་རྒད་པོ་ཚོར་ཡང་ཡོད་པ་དེ།། སྲོལ་ལ་བརྩི་དང་གཞན་པ་ཅི་ཞིག་ཡིན།། རྒྱུས་མེད་ང་འདྲས་ཤེས་བྱ་རེད་མི་འདུག།
བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ཧེ་ཧེ།
ཨ་ཅེའི་མག་པ་རེད་་་
ཡིད་སྡུག་ཅིང་སེམས་སྐྱོ་བའི་གནས་ཚུལ་ཞིག་རེད་འདུ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་སུམ་ཅུའི་ནང་གི་དོན་ཚན་དང་བོ་”འགྲོ་བ་མི་ཚང་མ་སྐྱེས་མ་ཐག་ནས་རང་དབང་དང་འདྲ་མཉམ་གཅིག་པ་ཡིན་”ཟེར་བ་དེར་འགལ་འདུག་ག བོད་མི་རེ་འགས་ཉེས་སྐྱོན་འདི་འདྲ་བྱས་དང་བྱེད་མུས་རེད། སྐྱོ་བ་ལ། སྡིག་ག་ལ། སྙིང་རྗེ་བ་ལ། མོ་ལ་སྡུག་གྱོང་མང་པོ་ཞིག་རག་འདུག་ག
ཨ་ཅེའི་མག་པ་ཡིན་དང་ཨ་མའི་སྐྱེས་པ་ཡིན་ཡིག་ཐོག་ན་གསལ་གྱི་མི་འདུག ཁྱོད་ལ་ཨ་ཅེའི་མག་པ་རེད་ཅེས་སུས་ནང་བཤད་བྱས་སོང་། ཧ་ཧ། བཀའ་འགྱུར་ཀུ་རེ་མིན་ན། དགོངས་དག ཆུ་ཐིགས་སྔོན་མོ་ལགས།
་་་་་་་་ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་སུམ་ཅུའི་ནང་གི་དོན་ཚན་དང་བོ་”འགྲོ་བ་མི་ཚང་མ་སྐྱེས་མ་ཐག་ནས་རང་དབང་དང་འདྲ་མཉམ་གཅིག་པ་ཡིན་”ཟེར་བ་དེར་འགལ་འདུག་ག ་་་་་་་་་
སྒྲུང་འདི་དངོས་ཡོད་ཡིན་ཚེ། བཙན་གཡེམ་བྱེད་མཁན་ཕ་ཚབ་ཡིན་པ་དང་། མོ་རང་ནི་གཞུག་ཁྲིད་མ་ཞིག་ཡིན་པ་འདྲ། དེ་ལྟར་ཡིན་ཚེ། དངོས་གནས་སྙིང་རྗེ་ཡ་རང་རེད་འདུག
རང་ལ་ཁམས་མོས་མེད་ཀྱང་བཙན་པོ་རུ།།
ཕོ་མོ་ཁྱད་མེད་གང་ལ་གང་གིས་གཡབ།།
དེ་འདྲ་ཞིག་ལ་བཙན་གཡབ་ཅེས་མིན་ན།།
ཆོས་དང་རྒྱལ་ཁྲིམས་འགའ་ལ་འགལ་ཉེན་འདུག།
ཡིན་ཡང་ས་ཆ་སོ་སོའི་ལུགས་དང་སྲོལ།།
དོན་ལ་དབང་བཙན་བྱས་ན་སྣ་ཚོགས་གང་།།
ཡུལ་དུས་སྦྱར་ནས་ཞིབ་ཆ་བྱ་དགོས་དང་།།
གང་ལ་གང་འགྲིག་བརྩི་བ་དཔྱད་གཞིར་སྣང་།།
གང་ལྟར་རིགས་པའི་ལམ་དང་དྲང་པོ་ལ།།
ཁེ་སྦྱིན་འདོད་ན་དགག་བྱ་གནོད་འཚེ་དང་།།
བསྒྲུབ་བྱ་ཕན་བདེ་གཉི་གའི་བླང་དོར་ནི།།
ཤེས་རབ་ཅན་ལ་སུ་ཡིས་གདམ་མི་དགོས།།
ཨེ་མ་སྐད་ཅིག་ན་རེའི་འཁྲིག་བདེ་འདི།།
བདེ་བ་གཞན་གྱིས་འགྲན་དུ་མེད་ལོ་ཡང་།།
འགྱུར་བའི་སྡུག་བསྔལ་ཞེས་པའི་ངོ་གདོང་ན།།
སྐྱོ་བའི་མིག་ཆུ་ཞིག་གི་རང་གཟུགས་ཟེར།།
ད་ཅི་ཡིན་ན་ཡིན། ཁོམ་ལོང་ཡོད་ན་རྩོམ་རེ་རྒྱོབ། ཧ་ཧ།
སྤྱིའི་ཁོག་གི་བརྗོད་བྱ་ལྟ་བུ་ཡོང་སྲིད། ཡིན་ནའང་མི་འཚམས་པའི་ཚིག་སྦྱོར་འགས་རྩོམ་གྱི་རིན་ཐང་བརླགས་འདུག བཙན་གཡེབ་རྗེས་སུ་ཁྲུས་ཁང་གི་གྱང་ངོས་སུ་མགོ་སྦྱར་ནས་ངུས་པའི་སྣང་བརྙན་ལྟ་བུ་ལངས་ཤོར་དུ་བྲིས་པས་རྒྱ་རྩོམ་གྱི་ཤན་ནམ། དངོས་བྱུང་གི་རྣམ་པ་བོར་འདུག་པས་ཡི་གེ་བ་ཞིབ་དཔྱོད་ཀྱི་རྩལ་མ་རྫོགས་པའི་རྟགས་རེད།