ཨེ་མ་ཧོ།
འཕགས་པ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།། དེ་ཡང་ཆོས་ལུགས་སམ་གྲུབ་མཐའ་འཛིན་པ་ཕལ་མོ་ཆེས་དམར་ཟས་སམ་ཤ་ཟ་བ་འདི་ཉེས་པ་ཅན་དང་མི་དགེ་བ་ཡིན་པར་གསལ་བོ་བཤད་ཡོད། དེས་ན་རིགས་པ་དང་ལུང་གཉིས་ལས། དང་པོ་རིགས་པ་ནི་རང་གིས་ལུས་ལ་དཔེ་ལོངས་ལ་གཞན་ལ་གནོད་པ་མ་བྱེད་ཅེས་པའི་ལུང་ལ་བསྟེན་པའི་མངོན་སུམ་དང་རྗེས་སུ་དཔག་པའི་རིགས་པ་དེ་རེད། གཉིས་པ་ལུང་ལ་དེ་ཡང་བདག་ཅག་གི་འདྲེན་པ་མཚུངས་ཟླ་མ་མཆིས་པ་རྒྱལ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞལ་ནས།
ལང་ཀར་གཤེགས་པ་ལས། ངས་ཤའི་ཟས་ནི་སུ་ལ་ཡང་མ་གནང་། མི་གནང་། གནང་བར་མི་འགྱུར་ཏེ། བློ་གྲོས་ཆེན་པོ། རབ་ཏུ་བྱུང་བ་རྣམས་ལ་ཤའི་ཟས་མི་རུང་བར་བཤད་དོ།། ཞེས་དང་།
གནམ་བདག་ཡེ་ཤུའི་དཀོན་མཆོག་གི་གཞུང་ལས།
ཡེ་ཤུ་མ་ཤི་ཀས། སྲོག་ཆགས་ཀྱི་ཤ་དང་ཁྲག་ཁྱོད་ཚོས་བཟའ་མི་རུང་ཞེས་དང་།
ཁ་ཆེའི་གཞུང་ཀོ་རན་ལས། བཟའ་མི་རུང་བ་ནི་སེམས་ཅན་ཤི་བ་དང་ཤ་དང་ཁྲག་ཡིན་ཞེས་དང་། ཁྱེད་རང་ཚོས་ཕོ་བ་དེ་སྲོག་ཆགས་ཀྱི་དུར་ས་མ་བྱེད་ཅེས་དང་།།
རྒྱ་གར་ཧིན་དྷྰུའི་ཆོས་ལུགས་ཀྱི་བཅའ་ཁྲིམས་ལས། མིས་སེམས་ཅན་ལ་གནོད་པ་མ་བསྐྱལ་ཤ་ཐོབ་ཐབས་མེད། གང་སུ་ཡང་རུང་བས་སྲོག་དང་ལྡན་པའི་སེམས་ཅན་གནོད་པ་བྱས་ན་ནམ་ཡང་ལྷས་མི་སྲུང་། དེས་ན་ཤ་བཟས་རྒྱང་དུ་སྲིངས་ཤིག་ཅེས་དང་།།
རྒྱ་ནག་ཐེག་ཆེན་མྱང་འདས་ཆེན་པོ་ལས། ཤ་བཟའ་བ་ལ་ཐར་བ་ནམ་ཡང་མེད་ཅེས་དང་། ཤ་བཟའ་ཁྲག་འཐུང་ནི་སྲིན་པོ་ལས་ཤི་སྤྱོད་པ་མིན་ཞེས་སོ།།
བོན་དཀར་གཤེན་རབ་སྟོན་པས།
མུ་གཟེར་མདོ་ལས། ཤ་ཞེས་བྱ་བའི་མཚན་ཉིད་འདི།།སེམས་ཅན་སྲོག་གཅོད་རྒྱུ་ལས་བྱུང་།། ཞེས་དང་། ཟས་སུ་ཁ་ཟས་ཤ་མི་བཟའ་བར་གཏན་དུ་སྤངས། ཞེས་སོ།།
ཆོས་གྲོགས་གསུང་རབ་འཐུང་གིས་ངོར་ཤྲྰི་ཨེ་མ་ཧོས་སོ།།
འཇིག་རྟེན་འདིའི་ཐོག་ཏུ་སྡིག་པར་མ་ལྟོས་པས་ཟས་ཅིག་བཟའ་རྒྱུ་ཡོད་དམ། ཡོད་ན་ངོ་སྤྲོད་ཅིག་གྱིས་དང་ང་ཡང་དོན་མེད་སྡིག་པ་བསགས་འདོད་མི་འདུག་ཡ་་་་་་་ཨེ་མ་ཧོ་ལགས་་་་་་ཕལ་ཆེར་དབྱིན་ཡུལ་ལ་མེད་དམ། ཧཧཧཧཧ་་་་་་་་་
འཇིག་རྟེན་འདིར་འཚེ་བ་མེད་པའི་འཚོ་ཐབས་ཞིག་ཡོད་མེད་མི་ཤེས་མོད། འཚེ་བ་ཉུང་ཤོས་ཅན་གྱི་འཚོ་ཐབས་དེ་གཅེར་བུའི་ཆོས་ལུགས་ཉམས་ལེན་པ་ཚོ་ཡིན་ས་རེད།
ནང་པའི་རྗེས་འབྲངས་པ་སྤྱི་དང་ཡང་དགོས་བོད་གངས་གྱི་ནང་པའི་རྗེས་འབྲངས་པ་མང་ཆེ་བ་དམར་ཟས་མཆོད་པར་དམིགས་ཀྱིས་ནུས་པ་དང་མཐུ་སྟོབས་འདྲ་ཞིག་ལྡན་གི ཟ་ཁང་དུ་ཤ་མེད་པ་དང་དེང་སང་དྷ་ས་དང་ལྡི་ལི་བོད་སྒར་སོགས་སུ་གཟའ་ལྷག་པར་ཟ་ཁང་རྣམས་སུ་དམར་ཟས་ཤ་བེད་སྤྱོད་མི་བྱེད་པའི་ལུགས་བཟང་གི་ཉིན་མོ་ཞིག་གཏན་འཁེལ་འདུག་མོད། ཉིན་དེ་ནི་བོད་མི་ང་པོར་གོ་མི་འདོད་པའི་ཉི་མ་(ནག་པོ་)་ཞིག་ཏུ་གྱུར་འདུག
ཧ་ཧ་ཨེ་མ་ཧོ་ལུང་འདྲེན་བྱེད་ན་ལུང་ཚིག་ཅི་བཞིན་དུ་བྲིས་ན་ལེགས།།
སྟོན་པ་གཤེན་རབ་ཀྱིས་འདི་ལྟར་གསུངས་པ་ཞིག་མཇལ།།
རང་གི་གཟུགས་ཀྱི་ཕུང་པོ་ལ།། མཚེར་མ་གཅིག་ཀྱང་མི་བཟོད་པར།། གཞན་དག་སེམས་ཅན་མང་པོ་ཡི།། སྲོག་གཅོད་ཤ་ལ་ཟ་དགོས་ཟེར།།
ག་ལའི་སེམས་ཅན་བདུད་རིགས་ཞིག ཞེས་གསུངས་འདུག
ཧ་ཧ་ཧོ་ཧོ།
ཤ་ནི་བཟའ་བྱ་མ་ཡིན་ཡང་། །
སྤང་བྱ་ཅིག་ནི་མ་ཡིན་ལ། །
གཞན་ལུས་གནོད་པ་མི་བྱ་ཡང་། །
ཤ་ཟས་གནོད་པའི་ཁྱབ་པ་མེད། །
ཀརྡོའི་མདོ་ལས།
ཤ་མ་ཟ་ཟེར་མཁན་བླ་མ་རེད་
ཤ་མཚོན་པོ་ཟ་མཁན་བླ་མ་རེད་།
རྒྱོ་མ་རྒྱག་བླ་མས་ཟེར་ལེ་རེད་།
དམན་མཛེས་མ་བླ་མའི་ནོར་སྐལ་རེད་།
ཡོངས་གྲགས་ལ་བོན་གཤིན་རབ་ཀྱིས་སེམས་ཅན་དམར་མཆོད་བཤད་པ་ཡོངས་གྲགས་རེད། ཨེ་མ་ཧོས་ལུང་རྫུན་བཟོ་བྱས་ན་ཡག་པོ་མ་རེད།