གཞུང་པ་ཚེ་དབང་བསོད་ནམས།
དཀོན་མཆོག་སྤྱི་བོར་བཀུར་བར་ཤོག །
ཁམས་གསུམ་སྐྱེ་འགྲོ་བདེ་བར་ཤོག །
དགའ་སྡུག་ཚོར་བ་མྱོང་བར་ཤོག །
ང་རྒྱལ་རློམ་སེམས་འཇོམས་པར་ཤོག །
ཅ་ནོར་མཁོ་སྒྲུབ་ཉུང་བར་ཤོག །
ཆ་འཇོག་ཡིད་ཆེས་རྙེད་པར་ཤོག །
ཇ་ཆང་ལོངས་སྤྱོད་འཛོམས་པར་ཤོག །
ཉ་སྒོང་ཕག་གསུམ་སྤོང་བར་ཤོག །
ལྟ་སྤྱོད་གཙང་མ་སྤེལ་བར་ཤོག །
ཐབས་དང་ཤེས་རབ་སྤྱོད་པར་ཤོག །
དམ་ཆོས་རིན་ཆེན་དར་བར་ཤོག །
ནམ་ཞིག་ས་ལམ་བགྲོད་པར་ཤོག །
སྤོས་ཆུའི་དྲི་ཞིམ་ཚོར་བར་ཤོག །
ཕ་བླའི་མན་ངག་སྨིན་པར་ཤོག །
བུ་རབས་ཚ་བརྒྱུད་འཕེལ་བར་ཤོག །
མ་རབས་ལྟ་སྤྱོད་ནུབ་པར་ཤོག །
རྩྭ་ཆུས་རྐང་བཞི་འཚོ་བར་ཤོག །
འཚེ་མེད་བདེ་སྐྱིད་ངོམ་པར་ཤོག །
མཛའ་བརྩེའི་དུང་སེམས་ཁྱབ་པར་ཤོག །
ཝ་ནའི་ཆོས་འཁོར་དར་བར་ཤོག །
ཞིང་ཁམས་གྲངས་མེད་བགྲོད་པར་ཤོག །
ཟངས་མདོག་དཔལ་རིར་སྐྱེ་བར་ཤོག །
འོད་ཟེར་བར་སྣང་ཁྱབ་པར་ཤོག །
ཡིད་དམ་ལྷ་རུ་མཇལ་བར་ཤོག །
རང་སེམས་རང་ངོ་འཕྲོད་པར་ཤོག །
ལོག་པའི་ལམ་སྣ་འགག་པར་ཤོག །
ཤེས་རབ་རལ་གྲི་རྙེད་པར་ཤོག །
ས་ལམ་འབྲས་བུ་ཐོབ་པར་ཤོག །
ཧུང་ཆེན་བྲག་ཕུག་མཇལ་བར་ཤོག །
ཨ་ལས་བདུད་རྩི་འཆར་བར་ཤོག །
ཀ་འཕྲེང་བྱིན་རླབས་ཅན་ཞིག་བྲིས་འདུག ལེགས་སོ། ལེགས་སོ། རྩོམ་པ་པོ། དེ་དེ་བཞིན་ནོ།།
བཀའ་དྲིན་བསམ་ཤེས་མེད་པའི། །
ཁ་ནས་ཐོན་ཚད་ཤོད་མཁན། །
ག་ནས་བལྟས་ཀྱང་འདྲེ་འདྲ། །
ང་ནི་མི་དགའ་ཀླུ་བྱམས། །