ཀོ་ལི་གྷལ་གཞུང་པ་ཚེ་དབང་བསོད་ནམས།
བསྐལ་བཟང་སྟོང་གི་སངས་རྒྱས་བྱང་སེམས་ཚོགས།།
ཁ་བའི་ལྗོངས་འདིར་ཐུགས་སྲས་སྤྱན་རས་གཟིགས།།
གང་གིས་སྐྱོང་ཡུལ་བོད་འབངས་སྐྱེ་འགྲོ་རྣམས།།
ངོ་མཚར་རྨད་བྱུང་བདེ་སྐྱིད་འཚོ་བས་བསྐྱངས།།
ཅ་ཅོ་དབེན་ཞིང་ཆོས་སྦྱིན་འབངས་རྣམས་བདེ།།
ཆོས་སྲིད་མངའ་ཐང་ལྷ་ཡུལ་ས་ལ་འཕོས།།
བརྗོད་པར་དཀའ་བའི་བོད་མིའི་ལས་དབང་ལ།།
ཉོན་མོངས་སྡུག་བསྔལ་བར་ཆད་རྐྱེན་ངན་གྲོགས།།
ལྟ་གྲུབ་ཀུན་བཏུས་གསེར་སྦྱངས་བཙོ་མའི་བསྟན།།
ཐོས་བསམ་སྒོམ་གསུམ་བསླབ་གསུམ་ནོར་བུའི་རྒྱན།།
དམ་ཆོས་བདུད་རྩི་སྟོན་པའི་བསྟན་པ་འདི།།
ནག་ནོག་མེད་པར་ནོར་བུ་ཆུ་ཤེལ་འདྲ།།
པཎ་གྲུབ་བཅུ་བདུན་སྟོན་པའི་བསྟན་པ་སྲུང་།།
འཕགས་ནོར་རིན་ཆེན་བདུན་གྱིས་མངོན་པར་བསྟོད།།
བུ་རབས་ཚ་བརྒྱུད་རང་གི་ཕ་མའི་ཆོས།།
མ་ནོར་མ་འཕྱུག་བདག་ཏུ་འཛིན་ལ་རེམས།།
རྩ་བ་རང་སེམས་རང་ངོ་མ་འཕྲོད་ན།།
ཚ་གྲང་དཀའ་སྡུག་མྱོང་བ་ངལ་བའི་རྒྱུ།།
ཛ་དྲག་མེད་ནས་སྐྱིད་ཉལ་མང་དྲག་ན།།
ཝ་སྤྱང་དམར་པོའི་ལུས་ལ་སྐྱེས་ཡོང་ངོ་།།
གཞན་ཕན་བྱ་བ་བྱང་ཆུབ་སེམས་ཀྱིས་སྦྱིན།།
ཟབ་དང་རྒྱ་ཆེ་བསླབ་གསུམ་སྡེ་སྣོད་སོགས།།
འོད་གསལ་ཆོས་སྐུའི་ལམ་སྣ་སྟོན་པའི་ལམ།།
ཡོད་དང་མེད་ཀྱི་གནས་ལུགས་རིག་པས་འཚོལ།།
རིག་པའི་གནས་ལུགས་རང་སེམས་བརྒྱུད་ནས་ཤར།།
ལུང་རྟོགས་སྡེ་སྣོད་བསླབ་གསུམ་འཆད་ཉན་ལ།།
ཤེས་རབ་རྩལ་གྱི་བརྩོན་འགྲུས་བཅུན་ན་བཟང་།།
ས་ལམ་འབྲས་བུ་བསྐལ་ཆེན་ཚོགས་ཀྱིས་སྦྱིན།།
ཧམ་སེམས་ཁུངས་མེད་རྫུན་གཏམ་མིང་རྫུན་འོག །
ཨེ་མ་དཀར་མིན་ལས་ངན་བསོག་མཁན་མང་།།
གཞན་ཕན་ཆོས་དང་མ་འབྲེལ་སློབ་སྟོན་གྱིས། །
ཟབ་དང་རྒྱ་ཆེ་བསླབ་གསུམ་སྡེ་སྣོད་སྦྱོངས། །
འོད་གསལ་ཆོས་སྐུའི་ལམ་སྣ་ཟིན་ལ་བརྩོནད། །
ཡོད་མེད་གནས་ལུགས་དཔྱད་གསུམ་རིགས་པས་འཚོལ། །
” ཧམ་སེམས་ཁུངས་མེད་རྫུན་གཏམ་མིང་རྫུན་འོག །
ཨེ་མ་དཀར་མིན་ལས་ངན་བསོག་མཁན་མང་།།” མཐའ་མཇུག་གི་ཟུར་ཟ་འདིས་ལྷག་བསམ་དྲང་བདེན་ཚུལ་དུ་བྲིས་པ་ཡིན་ཚུལ་གྱི་དོན་སྙིང་དེ་མེད་པ་བཟོས་འདུག་ ངའི་གོ་བར་དེ་འདྲ་ཞིག་འཚོར་
ང་ནི་བླ་མ་ང་ནི་ཡིད་དམ་ང་ནི་མཁའ་འགྲོ་ཆོས་སྐྱོང་སྟེ།
གཞན་རྣམས་ཧམ་སེམས་གཞན་རྣམས་ཁུངས་མེད་གཞན་རྣམས་རྫུན་གཏམ་སྤེལ་མཁན་ནོ།
གཞན་རྣམས་གང་ཡོད་ལས་ངན་བསོག་མཁན་དང་
ང་ནི་ཐར་ལམ་འདྲེན་མཁན་གཅིག་པོ་འོ་
ང་ལས་ལྷག་པ་གཞན་ཞིག་ཡོད་མ་ཡིན།
ཡིན་མིན་གནས་ལུགས་ཉིད་ནས་དཔྱོད་རྒྱུ་བརྗེད།