ཁྲོ་གཏུམ།
—རིག་པ་ཆེས་དྭངས་པའི་ཉིན་དེར་གཏམ་གྱི་ཕུ་ཐག་བལྡད་ཐུབ།
ཉི་འོད་ལ་རེ་བཞག་མེད་པའི་དུས་དེར
སུ་ཞིག་གི་མགོ་བོ་མུན་པས་བལྡད་ཀྱིན་འདུག
ཤོག་ངོས་རེ་ནས་མི་སེམས་ཀློག་ཞོར
གནའ་སྔ་མོ་དང་དུས་ད་ལྟ
ཡིག་འབྲུ་རེའི་རྒྱ་ཚད་དུ་བབས་ཤིང
ཡོད་ཅོག་བསྡུར་ཚད་ཀྱི་ཐག་པས་བཟུང་ན
ཟད་གྱིན་པའི་མི་ཚེ་གཅིག་པུ
གཉེར་ཀོག་ཤུར་མོ་དེའི་སྦུབས་སུ་ཡིབ
དུས་དེ་ནས་བཟུང
ཁྱོད་རང་གི་མི་ཚེ་ལ་གསང་བ་མང་ཞིང
མཐའ་མའི་དབུགས་ནི་གསང་བའི་མཛོད་སྒོ་ཕྱེ་ས་སྟེ
སྐབས་དེར་ཁྱོད་ཀྱི་ངང་རིང་བའི་སྒམ་མདོག་དེར
ཁ་དོག་སྣ་ཚོགས་འཕྱུར་ངེས
དེ་ནི་མི་ཚེ་དང་འཚོ་བའི་མཐའ་སྟེ
ཆེས་དྲང་བའི་ཡིད་ཀྱིས་སྙིང་ཤ་གཙབ་ཞོར
སྐྱ་མདོག་ལྡན་པའི་ངོ་གདོང་གི་འགྱུར་བ་ཟད་འགྲོ
༢༠༡༥།༡༢།༡༩ ཉིན་ཁྲིམས་ཁང་ནས།