བོད ཤ་ཁྲག་རུས་གསུམ།
་་་་་་ས་ཡོམ་ཁྲོད་འདས་ཤུལ་དུ་ལུས་པའི་སྤུན་ཟླ་ཚོར།
མིག་ཀོང་མཆི་མ་ཆུ་བོ་བཞུར་བཞུར་རེད།།
རང་གི་གཉེན་ཚད་གྲོངས་པའི་ཤུལ་ལས་པ།།
རྗེས་སུ་ལུས་པའི་ཉམ་ཐག་སྐྱེ་བོ་ཚོ།།
ཡུལ་གྱར་སྤུན་ཟླའི་གདུང་སེམས་མཉམ་བསྐྱེད་ཡོད།།
སེམས་དང་བསམ་པ་ང་ཚོ་འདྲིས་ནས་ཡོད།།
རིགས་དང་རུས་པ་ང་ཚོ་གཅིག་པ་ཡིན།།
ཕྱི་ནང་གང་སར་གནས་པའི་སྤུན་ཟླ་ཚོས།།
སེམས་ཀྱི་ཆུ་མའི་ཞལ་འདེབས་ཤག་ཤག་རེད།།
༧རྩ་བའི་བླ་མའི་ཐུགས་སྨོན་གནང་གི་འདུག།
སྐྱེ་ཆེན་མང་བོའི་བསྔོ་སྨོན་མཛད་ཀྱི་འདུག།
བོད་རིགས་ཡོངས་ཀྱིས་མ་ཎི་འདོན་བཞིན་འདུག།
ཤུལ་ལུས་སྐྱེ་བོ་རྣམ་པ་སེམས་མ་སྐྱོ།།
འབྱུང་བཞིའི་གནོད་པ་འགོག་མེད་གཡང་གཟར་རྡོ།།
རྐྱེན་ངན་གྲོགས་ཤར་ཟེར་བ་དང་ལེན་གནོང་།།
མི་རྟག་དྲན་སྐུལ་ཟབ་མོ་ཡིད་ལ་བཟུང་།།
ང་ཚོས་ནམ་ཡང་ཁྱེད་ཅག་བརྗེད་མི་སྲིད།།
གཞས་ཚིག་འདི། བྱེས་ཀྱི་གཞས་པ་སུ་ཞིག་གིས་དང་ལེན་སྒོས་ལེན་མཁན་སུ་ཞིག་བྱུང་ན་དེ་ལ་ཕུལ་བ་ཡིན།