སྐྱོ་བྲག་དགའ་དབང་།
རྒྱ་གར་རྡོ་རྗེ་གདན་གྱི་ཉེ་འཁོར་དུ་འགྲོ་བསྐྱོད་བྱེད་པ་ན། སྟབས་བདེའི་གླ་འཁོར་གྱི་རིགས་ནི། ཤིང་རྟ། རི་ཤྭ། ཊེ་བྷོལ། དྷ་བྷང་སོགས་རེད། འདི་དག་གི་ཁ་ལོ་བ་རྣམས་སྐྱེས་པ་ཡིན་ནའང་། ད་ལོར་དྷ་བྷང་གི་ཁ་ལོ་བ་ལ་བུད་མེད་རེ་ཟུང་བསླེབས་གདའ། འདི་ནི་གནས་ཚུལ་བཟང་པོ་ཞིག་ཏུ་མཐོང་བྱུང་། གང་ཡིན་ཞེ་ན། ག་ཡའི་ཉེ་འཁོར་གྱི་ཡུལ་མིའི་དཔལ་འབྱོར་གནས་བབ་ཧ་ཅང་ཞན་པས། རྐུན་ཇག་གི་ལས་ལ་དབང་མེད་དུ་ཞུགས་དགོས་ཐུག་ནས་གནས་སྐོར་བ་རྣམས་འཕྲོག་བཅོམ་བྱས་རབས་ནི་རྒྱུན་གཏན་དུ་གྱུར་ཡོད།
གལ་ཏེ་ཕོ་མོ་གཉི་ག་ཡོང་སྒོ་ཡོད་པའི་ལས་ལ་མཉམ་ཞུགས་ཐུབ་པ་ཡིན་ན། ཡུལ་མིའི་དཔལ་འབྱོར་གྱི་གནས་བབས་གོང་འཕེལ་དུ་སོང་ནས་རྐུན་ཇག་ཉུང་དུ་འགྲོ་ངེས་ཤིང་། བུད་མེད་དག་ནི་ལུས་སྟོབས་ཆུང་ལ་རྒྱུད་འཇམ་པས་གླ་འཁོར་དུ་རྒྱུ་བའི་མགྲོན་པོ་རྣམས་སེམས་པ་བདེ་བོས་མགོ་ཐོན་ལམ་དྲང་ཡོང་བ་དང་། སྐྱེས་པ་ལས་ཀྱང་བུད་མེད་རྣམས་དྲང་བདེན་ཆེ་བ་མངོན་གསལ་ཡིན་པས་ན། མགོ་སྐོར་གྱི་འོག་ཏུའང་ཚུད་ཉེན་ཆུང་བ་ཡིན།
ང་ཚོ་མགྲོན་པོ་དག་གིས། བུད་མེད་ཁ་ལོ་བའི་གླ་འཁོར་བེད་སྤྱོད་མང་དུ་གཏོང་བ་དང་། གླ་ཆ་ཧིན་སྒོར་བཅུ་གྲངས་རེའི་ཐེ་བ་ཙམ་སྤྲད་ཐུབ་པ་ཡིན་ནའང་། ཁོ་ཚོ་ཁ་ལོའི་ལས་སུ་ཞུགས་པ་ནི་སྒོར་མོའི་ཆེད་དུ་ཡིན་ཕྱིར། བུད་མེད་ཀྱི་ཁ་ལོ་བ་མང་དུ་འགྲོ་ངེས་ཤིང་། ཅི་སྟེ་བུད་མེད་ཀྱི་ཁ་ལོ་བ་མང་དུ་སོང་ན། ཡུལ་མིའི་དཔལ་འབྱོར་ཡར་རྒྱས་དང་མགྲོན་པོའི་བདེ་འཇགས་གཉི་ག་ལ་ཕན་པ་མ་ཟད། བུད་མེད་གཉོམ་ཆུང་རྣམས་རང་ཁ་རང་སོས་ཡོང་བས་ན། བུད་མེད་ཀྱི་ནུས་པ་མཐོར་འདེགས་ངོ་མ་ཞིག་ཀྱང་ཡོང་གི་རེད།
ཟུར་ཞུ་ཞིག་ནི། རང་ཉིད་ཡིག་རིགས་གཞན་པར་མཁས་པ་ཞིག་ཡིན་ན། གནས་ཚུལ་འདི་ཉིད་ཁྱབ་སྤེལ་གྱིས་དང་། དཀའ་ཚེགས་མེད་པའི་སྤྱི་ཚོགས་ཀྱི་བདེ་དོན་རེད་ལ། གནས་ཆེན་རྡོ་རྗེ་གདན་གྱི་ཞབས་འདེགས་ཀྱང་ཡོང་གི་རེད།
བུད་མེད་རྐང་འཁོར་དང་སྣུམ་འཁོར་ཁ་པ་ཡོད་པ་ནི་དགའ་བསུ་ཞུ་འོས་དང་
བུད་མེད་ལ་བློ་བཅོལ་ཡིད་ཆེས་ནམ་ཡང་བྱ་མི་རུང་བ་ནི་འཇིག་རྟེན་གཏམ་
དཔེ་ལས་།
ནག་མོའི་བློ་དང་རི་འགོའི་དར་།
བརྟན་ལྷིང་ཆགས་པ་རེ་རེ་ཙམ་།
གཡོ་རྒྱུ་མགོ་སྐོར་བུད་མེད་མཁས་།
རྒན་ཆོས་པའི་བར་ཆད་བུད་མེད་མཁས་།
རྒྱུ་ནོར་བསླུ་ལ་བུད་མེད་མཁས་།
སྤྲུལ་སྐུ་སློག་ལ་བུད་མེད་མཁས་།
ཟེར་བ་ནས་ཟབ་ཟབ་གནང་དགོས་།
སྐྱོ་བྲག་འདི་བུད་མེད་ལ་ཆགས་རབས་གོ་སོང་ཏན་ཏན་ཡིན་ས་རེད།། རེད་རེད་བུད་མེད་ཁ་ལོ་བ་དེ་ཚོར་སྒོར་བཅུ་ཕར་ཟད་བརྒྱ་ཕྲག་ལྷག་ཐོལ་པ་སྤྲོད་རོགས།། མིག་གི་ཡུལ་དུ་ལོངས་སུ་སྤྱོད་པ་ལས་གཞན་ཕན་ཐོགས་ཡོད་པ་མ་རེད།། ད་དུང་ཁྱེད་ཀྱི་འདུག་རོགས་སུ་བུ་མོ་ཡོད་ན་ཁྱེད་ཀྱིས་ཁོང་མོའི་དངུལ་ཚབ་དེ་ཡང་སྤྲོད་རོགས།། རྗེས་མར་ཁྱེད་དང་མཉམ་དུ་འཕྲུལ་འཁོར་ནང་དུ་འདུག་མཁན་མང་དུ་འགྲོ་གི་རེད།།
བུད་མེད་གླ་འཁོར་གཏོང་མཁན་ཡོད་པ་དེ་ཡར་རྒྱས་ཀྱི་རྣམ་པ་ཞིག་རེད། འོནཀྱང་བུད་མེད་རྣམས་ནི་སྐྱེས་པ་ལས་དྲང་བདེན་ཡོད་ཟེར་བ་ལ་བལྟས་ན་ཁོང་གྲྭ་བ་ཆོས་ཀྱི་མཁྱེན་རྒྱ་མེད་མཁན་ཞིག་ཡིན་པ་ཐག་གིས་ཆོད། དེ་མིན་བུད་མེད་ལ་སྐྱེས་པ་ལས་གཡོ་སྒྱུས་ཆེ་བ་ཡོང་གྲགས་རེད། བུད་མེད་དག་ལ་སྐྱེས་པ་ལས་སེམས་ཆུང་བའམ་སྙིང་རྗེ་རང་བཞིན་ཅན་ཅུང་ཡོད་ནའང་བརྟན་པོ་གང་ཡང་ཡོད་པ་མ་རེད། སྟོན་པས་ཀྱང་ཕོ་ལས་མོ་རྣམས་ལ་སྐྱོན་ཆ་མང་བོ་ཡོད་པར་གཟིགས་ནས་བཙུན་མ་རྣམས་ལ་བཙུན་པ་ལས་སྲུང་ཁྲིམས་མང་བར་གསུངས་ཡོད། དེ་ནི་སྐྱོན་དེ་དང་དེ་ལྟ་བུ་ཡོད་པ་བཀག་དགོས་པའི་ཁྲིམས་གསུངས་པ་ལགས། །
རྡོ་རྗེ་གདན་གྱི་ཀུ་ཤ་མ། །
རྡོ་རྗེ་གདན་གྱི་ཚེ་ཐར་མ། །
རྡོ་རྗེ་གདན་གྱི་གླ་འཁོར་མ། །
རྡོ་རྗེ་གདན་གྱི་མཁའ་འགྲོ་མ། །
ཕྱི་ལོ་རྗེས་མར་མཇལ་འཕྲད་འོངས། །