—–ཨེ་མ་ཧོ།
༧སྐྱབས་རྗེ་དམ་པ་བྱ་བྲལ་སངས་རྒྱས་རྡོ་རྗེའི་འདས་མཆོད་རིན་ཆེན་དང་པོའི་རང་གཤིས་ཞེས་བྱ་བ་བཞུགས་སོ།།
ན་མོ་མ་ཧཱ་གུ་རུ་བུདྡྷ་ཛྙཱ་ན་བཛྲ་ཡེ།
བདེན་པའི་འདུ་བྱེད་ཕྲག་ལ་བཞེས་ནས་རྫུན་གྱི་ཨུ་ཁུང་རྩད་གནས་གཏོེར།།
དྲང་པོའི་འདུ་ཤེས་རྒྱུད་ལ་འབྱོར་ནས་གཡོ་སྒྱུའི་སྡེ་འབངས་ཟིན་གྱིས་གནན།།
ཕན་བདེའི་ཕྲིན་ལས་རོལ་རྩལ་ངོམས་ནས་གྱོང་རྒུད་ཉམ་ཐག་འཇིགས་པ་སེལ།།
བསྟན་དང་འགྲོ་བའི་དེད་དཔོན་དམ་པ་སྙིང་གི་གྲོགས་ཀུན་རྒྱལ་གྱུར་ཅིག།
འདིར་སྣང་ཞེན་པའི་འཕྲི་བ་ཆོད་ནས་ཡང་གསང་གནས་ལ་མཉམ་པར་བཞག།
ལུང་དང་རིགས་པའི་གནད་ལ་མཁས་ནས་བདེན་ཚིག་དམ་པའི་ཆོས་སྒྲ་སྒྲོག།
ཐབས་ཤེས་ཟབ་མོའི་དེ་ཉིད་རྟོགས་པའི་རྫོགས་པ་ཆེན་པོའི་རྣལ་འབྱོར་པ།།
བྱ་བྲལ་དམ་པ་སངས་རྒྱས་རྡོ་རྗེའི་རྣམ་ཐར་རྒྱ་མཚོར་གསོལ་བ་འདེབས།།
རྣམ་སྨིན་རིག་འཛིན་སྒྲིབ་པ་ཀུན་སེལ་མི་རྟོགས་རྡོ་རྗེའི་རང་གཟུགས་མཆོག།
ཚེ་དབང་རིག་འཛིན་གྲུབ་པའི་དབང་ཕྱུག་ཚེ་མཐའ་ཡས་པའི་སྐུ་བཞེངས་པ།།
ཕྱག་རྒྱ་རིག་འཛིན་བདེ་ཆེན་མཆོག་བརྙེས་དོན་ཡོད་གྲུབ་པའི་རྒྱལ་བ་ཉིད།།
ལྷུན་གྲུབ་རིག་འཛིན་སྨིན་གྲོལ་མཐར་ཕྱིན་སངས་རྒྱས་རྡོ་རྗེ་རྒྱལ་གྱུར་ཅིག།
འཇིག་རྟེན་ཆོས་བརྒྱད་བྱ་བ་ཡོངས་བྲལ་དམ་ཆོས་རྒྱ་མཚོའི་སྙིང་པོ་འཛིན།།
བརྒྱུད་གསུམ་བླ་མའི་དགོངས་པ་ཇི་བཞིན་སྐལ་བཟང་སློབ་མ་རྗེས་སུ་སྐྱོང་།།
བཀའ་གཏེར་མན་ངག་ཟོང་ལ་མ་བརྗེས་ཚུལ་ལྡན་ལུང་རྟོགས་བཤད་སྒྲུབ་སྤེལ།།
མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་དམ་པ་དགོངས་པ་ཆོས་ཀྱི་དབྱིངས་སུ་རྫོགས།།
ཀྱེ་མ་འཇིག་རྟེན་མུན་ནག་བསལ་བའི་འོད་གསལ་ཉི་མ་གང་དུ་གཤེགས།།
སྤངས་རྟོགས་ནུས་པའི་ཆ་ཤས་ཀུན་རྫོགས་མཁྱེན་བརྩེའི་དུང་ཟླ་གང་དུ་ཕེབས།།
བསྟན་འགྲོར་སྨན་པའི་བདུད་རྩིའི་རྒྱལ་པོ་ལྷག་བསམ་སྐར་ཆེན་གང་དུ་ཟིམ།།
འཛམ་གླིང་སྤྱི་དང་གངས་ཅན་ལྗོངས་སུ་ཕན་བདེའི་བླ་མ་མ་དབང་ཐལ།།
ནོར་འཛིན་དབང་མོས་མྱ་ངན་མ་བཟོད་འཁུན་སྒྲ་ཤོར་ནས་གཡོ་འགུལ་བྱས།།
གྲངས་མེད་གདུལ་བྱ་སྡུག་གིས་ཁེངས་ནས་མཆི་མའི་ཆར་རྒྱུན་དྲག་ཏུ་བབས།།
སྣོད་བཅུད་སྐྱོབ་པའི་བསོད་ནམས་རིན་ཆེན་འགྲོ་བའི་མགོན་པོ་མྱ་ངན་འདས།།
རྒྱལ་བསྟན་སྤྱི་དང་སྔ་འགྱུར་རྙིང་མའི་དྲང་སྲོང་ཆེན་པོ་མ་དབང་ཐལ།།
ཀ་དག་སྤྲོས་བྲལ་ལྟ་བའི་གནས་ལུགས་ཇི་བཞིན་གཟིགས་པའི་སངས་རྒྱལ་ཉིད།།
ལྷུན་གྲུབ་ཐོད་རྒལ་ཐུགས་རྗེའི་འཇའ་འོད་ཀུན་བཟང་ཡེ་ཤེས་རྡོ་རྗེ་ཉིད།།
དབྱིངས་རིག་དབྱེར་མེད་བླ་མ་དམ་པའི་ཐུགས་དམ་ཡོངས་སུ་རྫོགས་པ་ཉིད།།
བསྟན་དང་འགྲོ་བར་ཕྲིན་ལས་རྒྱ་མཚོ་ནམ་མཁའི་མཁའ་ཀུན་ཁྱབ་གྱུར་ཅིག།
ཅེས་པ་འདི་ཡང་རབ་གནས་ཤིང་ལུག་རྒྱལ་ཟླའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ལ་༧སྐྱབས་རྗེ་དམ་པ་བྱ་བྲལ་སངས་རྒྱས་རྡོ་རྗེ་དགོངས་པ་ཆོས་དབྱིངས་སུ་རྫོགས་པར་ཐོས་ཕྲལ་ཡང་གསང་ཆོས་ཀྱི་ཁྲིད་ལུང་གི་བཀའ་དྲིན་ཐོབ་པའི་སློབ་བུ་ཤྲཱི་ཨ་ནནྟ་བཛྲས་དབྱིན་ཡུལ་ཀུན་བཟང་ཆོས་གླིང་གི་མགོན་ཁང་དུ་སྙིང་ནས་གསོལ་བ་འདེབས་པར་དགེའོ།། །།
བྱ་མེད་མེད་མིན་སྙིང་རྗེས་བྱ་བ་རྒྱས། །
བྱ་བྲལ་བྲལ་ཞིང་འཇིག་རྟེན་ཆོས་བརྒྱད་པོ། །
ནང་སངས་སངས་རྒྱས་ནང་པའི་ཁྱད་ཆོས་ཉིད། །
སངས་རྒྱས་རྒྱས་ཕྱིར་ཁྱོད་ཀྱི་རྣམ་ཐར་ནི། །
རྙིང་ཆོས་ཆོས་བཞིན་བསྐྱངས་པའི་སྙིགས་དུས་མགོན། །
ཞི་བར་གཤེགས་པས་རྟག་འཛིན་ཆོས་ལ་བཀོད། །
སྙིགས་དུས་འདུལ་ཕྱིར་ཉི་གཞོན་མྱུར་བྱོན་ཤོག །
རྡོ་རྗེ་འཆང་དངོས་མང་པོའི་ནང་། །
བྱ་བྲལ་སངས་རྒྱས་རྡོ་རྗེ་མཆོག །
མཁའ་འགྲོ་མ་ཡང་མང་མོད་ཀྱང་། །
ཀ་མ་ལ་ཁྱོད་ཀུན་གཙོ་མ། །
རྡོ་རྗེ་འཆང་བ་པདྨ་འབྱུང་གནས་ཀྱང་། །
འཆི་མེད་ཚེ་དབང་ཐོབ་ཅེས་ཀུན་གྲགས་ནས། །
ད་ལྟ་ལྷོ་ནུབ་སྲིན་པོའི་ཁ་བསྣོན་བསྒྲགས། །
ད་ལོ་དགུང་ལོ་བརྒྱ་དང་གསུམ་བཞུགས་མཁན། །
་
ང་ཡི་མིག་དབང་རགས་པའི་སྤྱོད་ཡུལ་དུ། །
གྱུར་པ་ཅིག་ནི་ཁྱོད་ཀྱི་སྐུ་ཚེ་ཙམ། །
དེས་ན་ད་དུང་གདུལ་བྱ་འདུལ་བའི་ཕྱིར། །
ཁྱོད་ཀྱི་ཡང་སྲིད་ཉི་གཞོན་མྱུར་འཆར་ཤོག །
མྱ་ངན་གུས་འདུད་ཞུ
བྱ་བྲལ་སངས་རྒྱས་རྡོ་རྗེའི་རྣམ་མཐར་ཆ་ཚང་ངོ་སྤྲོད་གནང་མཁན་ཡོད་ན་དགའ་བསུ་ཡོད་དེ་མིན་སྟོད་བསྔགས་ཇི་ཙམ་བྲིས་ཀྱང་
ཁོང་སངས་རྒྱས་ལ་དགའ་སྡུག་གི་ཚོར་བ་
སྤུ་ཙམ་མེད་ན་དེ་བས་ཁོང་དང་འབྲེལ་ཡོད་ཚོའི་ཁོང་གི་རྣམ་མཐར་ལོ་བསྒྱུས་མི་མང་ལ་ངོ་སྤྲོད་ཐུབ་ན་མི་མང་པོ་ལ་ཕན་ཐོག་ཡོང་ངེས་བཅས་།
བྱ་བྲལ་རིན་པོ་ཆེ་མཆོག་དགོངས་པ་རྫོཊ།
བོད་ཀྱི་དུས་བབ།
ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་ྋསྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་སངས་རྒྱས་རྡོ་རྗེ་མཆོག་བལ་ཡུལ་གྱི་ཡང་ལེ་ཤོད་གཟིམ་ཤག་ནས་དགོངས་པ་ཆོས་དབྱིངས་སུ་འཐིམས་ཡོད་པ་དང་། དེ་རིང་ཐུགས་དམ་གྲོལ་ནས་དད་ལྡན་གདུལ་བྱ་ཡོངས་ལ་ཐུགས་ཕམ་ཆེན་པོས་ཡོངས་བསྒྲགས་གནང་ཡོད་འདུག
དེ་རིང་འདི་གའི་གསར་འགོད་པར་འབྲེལ་ཡོད་ཅིག་གིས་འགྲེལ་བརྗོད་གནང་བ་ལྟར་ན། བྱ་བྲལ་རིན་པོ་ཆེ་མཆོག་ལ་དམིགས་བསལ་གྱི་སྙུང་གཞི་གང་ཡང་མེད་པར་སྐུ་ཞི་བར་གཤེགས་ཡོད་པ་མ་ཟད། ཐུགས་དམ་དུ་བཞུགས་ཡོད་སྟབས་བདུན་ཕྲག་གཅིག་རིང་གསང་བ་བྱས་ནས་ཕྱིར་བསྒྲགས་གནང་མེད་སྐོར་བརྗོད་བྱུང་།
ྋསྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་མཆོག་ནི་ཕྱི་ལོ་ ༡༩༡༣ ཟླ་ ༦ ཚེས་ ༡༨ ཉིན་དཀར་མཛེས་ཁུལ་ཉག་རོང་དུ་ཡབ་པདྨ་དོན་གྲུབ་དང། ཡུམ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ད་ལོ་བོད་ལུགས་ལྟར་དགུང་གྲངས་ ༡༠༤ ལ་ཕེབས་ཡོད་འདུག རྗེ་འདི་ཉིད་ཀྱིས་རིས་སུ་མ་ཆད་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་བཞི་བཅུ་ལྷག་གི་ཞབས་ལ་གཏུགས་ནས་གདམས་ངག་མང་པོར་གསན་བསམ་མཛད་ཡོད་པ་མ་ཟད། བོད་ཀྱི་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེའི་དབུ་བླ་མཛད་པ་སོགས་གདུལ་བྱ་དྲག་ཞན་ཕོ་མོ་མང་པོའི་རྒྱུད་ལ་རྣམ་དཀར་དགེ་བའི་ལས་ཀྱི་ས་བོན་བཏབ་ཡོད་འདུག བོད་ས་ཡོངས་སུ་དུས་འགྱུར་བྱུང་རྗེས་ཁོང་རྒྱ་གར་ནང་ཕེབས་ཏེ་མུ་མཐུད་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་མཛད་པ་རྒྱ་ཆེན་པོ་བསྐྱངས་ཡོད་པ་མ་ཟད། ཉ་དང་ར་ལུག་སོགས་ཉམ་ཆུང་སེམས་ཅན་ཁྲི་ཕྲག་མང་པོ་སྲོག་བླུ་ཚེ་ཐར་མཛད་པ་དང་འབྲེལ། སེམས་ཅན་གྱི་སྲོག་བཅད་པ་དང་དམར་ཟས་བསྟེན་པའི་ཉེས་དམིགས་སོགས་ཀྱི་སྐོར་ལ་བཀའ་སློབ་ལྗགས་རྩོམ་མཛད་པ་སོགས་སྐུ་ཚེ་ཧྲིལ་པོར་འདོད་ཆུང་ཆོག་ཤེས་དང་རྣལ་འབྱོར་གྱི་སྤྱོད་པ་ཁོ་ནས་འགྲོ་དོན་མཛད་ཡོད་འདུག
ཕྱི་ལོ་ ༢༠༠༥ ཟླ་ ༥ ཚེས་ ༢༩ ཉིན་དུད་འགྲོའི་རང་དབང་ཚོགས་ཆུང་གིས་རིན་པོ་ཆེ་མཆོག་ལ་བཅར་འདྲི་ཞུ་སྐབས། ཁོང་གི་བཀའ་སློབ་ལམ་སྟོན་འོག་རྙིང་མའི་སྨོན་ལམ་ཆེན་མོའི་སྐབས་སུ་དམར་ཟས་སྤངས་དུ་བཅུག་པ་དང་འབྲེལ་བའི་བཀའ་སློབ་གནང་དོན། ང་ཚོ་རྒྱ་གར་ལ་ཡོང་ནས་ཤ་སྤོང་མཁན་དང་པོ་དེ་ང་ཡིན། རྒྱ་གར་རྡོ་རྗེ་གདན་ལ་རྙིང་མའི་སྨོན་ལམ་ཆེན་མོ་དང་པོ་བཙུགས་པའི་ལོ་དེར་ཤ་བཟས་པ་རེད། གཉིས་པའི་ལོ་དེར་ང་སླེབས་ནས་དེ་ནས་ཡོངས་སུ་རྫོགས་པ་ཚོགས་འདུའི་ནང་ལ་རྙིང་མ་བའི་བླ་ཆེན་ཐམས་ཅད་ཡོད་ས་འདིའི་ནང་ལ་ཤ་མ་སྤང་ན། རྒྱ་གར་རྡོ་རྗེ་གདན་སྟོན་པ་སངས་རྒྱས་པའི་གནས་ནང་པ་སངས་རྒྱས་པ་ཡོད་ཚད་ཀྱི་ཡོངས་གྲགས་ཀྱི་གནས་ཁྱད་པར་ཅན་རེད། དེའི་ནང་ལ་སྔ་འགྱུར་སྨོན་ལམ་ཆེན་མོ་ཚོགས་ཀྱི་ཡིན་ཟེར་ནས་ཤ་བཟས་ན་ནི་དེ་ལས་ཞབས་འདྲེན་ཆེ་བ་གཅིག སངས་རྒྱས་བསྟན་པ་ལ་དེ་ལས་ཐབས་སྡུག་པ་ཞིག་མེད་པ་རེད། ཁྱེད་རང་ཚོ་ཡོངས་སུ་རྫོགས་པ་ད་ནས་བཟུང་སྟེ་ཇི་སྲིད་སྨོན་ལམ་ཚོགས་རྒྱུན་རིང་ཤ་ཡི་ལས་ཀ་རྩ་བ་ནས་མ་བྱེད། བོད་ཀྱི་གྲྭ་པ་ཚོས་ཤ་བཟས། བླ་མ་ཚོས་སྤང་མ་ཐུབ་ན་ད་རུང་དེ་ལས་ཐབས་སྡུག་གི་རེད། དང་པོ་བླ་མ་ཚོའི་སྐུ་མདུན་དུ་འགྲོ་ནས་ཁྱེད་རང་ཚོ་འདི་ཡི་ཚེ་ལ་ཤ་དྲངས་ཀྱི་མིན། ཁྱེད་རང་ཚོ་ཡང་ཤ་མ་བཞེས་རོགས་ཞུ། ད་དུང་བཞེས་ན་མི་མང་ལ་སྐད་ཆ་ཤོད་ས་མི་འདུག གྲྭ་མང་ལ་ཡང་བཤད་ས་མི་འདུག་ཟེར་ནས་གསུང་རོགས་ཞུས་མ་གཏོགས། ཤེས་མཁན་ཡོན་ཏན་ཅན་ཚོས་ཤ་ཟ། གང་ཡང་མི་ཤེས་མཁན་མི་མང་ལུག་ཁྱི་འདྲ་བ་དེ་ཚོ་ལ་ཤ་མ་ཟ་ཟེར་ནས་བཀག་ན། དེ་རྩ་བ་ནས་ཡོང་ཐུབ་ཀྱི་མ་རེད་ཟེར་ནས་བཤད་རྒྱུ་བྱུང་བ་རེད། ཅེས་གསུངས་འདུག
གསར་འགོད་པ། པདྨ་མཚོ།
ྋསྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་མཆོག་ནི་ཕྱི་ལོ་ ༡༩༡༣ ལོར་བོད་ཁམས་ཕྱོགས་སུ་སྐུ་འཁྲུངས་ཤིང༌། དུས་འགྱུར་རྗེས་རྒྱ་གར་དུ་ཕེབས་ནས་འཆད་པ་དང་སྒྲུབ་པའི་སྒོ་ནས་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གནང་བ་བསྟན་འཛིན་སྐྱེས་མཆོག་དམ་པ་རྣམས་ཀྱི་གཙུག་རྒྱན་དུ་གྱུར། ལྷག་པར་དུ་ཉམ་ཐག་དུད་འགྲོའི་ཚེ་སྲོག་སྲུང་སྐྱོབས་དང༌། སྲོག་བླུ་ཚེ་ཐར་གྱི་ལས་འགུལ་རྒྱ་ཆེར་སྤེལ་མུས་ཐོག ད་ལྟའི་ཆར་མགོན་པོ་མཆོག་བལ་ཡུལ་ཡང་ལེ་ཤོད་ཀྱི་སྒྲུབ་གནས་སུ་བསྟན་པ་དང་འགྲོ་བའི་དོན་དུ་སྐུ་ཚེ་ཞབས་པད་བརྟན་བཞིན་པ་ལགས་སོ།
ང་ཚོ་རྒྱ་གར་ལ་ཡོང་ནས་ཤ་སྤོང་མཁན་དང་པོ་དེ་ང་ཡིན། རྒྱ་གར་རྡོ་རྗེ་གདན་ལ་རྙིང་མའི་སྨོན་ལམ་ཆེན་མོ་དང་པོ་བཙུགས་པའི་ལོ་དེར་ཤ་བཟས་པ་རེད། གཉིས་པའི་ལོ་དེར་ང་སླེབས་ནས་དེ་ནས་ཡོངས་སུ་རྫོགས་པ་ཚོགས་འདུའི་ནང་ལ་རྙིང་མ་བའི་བླ་ཆེན་ཐམས་ཅད་ཡོད་ས་འདིའི་ནང་ལ་ཤ་མ་སྤང་ན། རྒྱ་གར་རྡོ་རྗེ་གདན་སྟོན་པ་སངས་རྒྱས་པའི་གནས་ནང་པ་སངས་རྒྱས་པ་ཡོད་ཚད་ཀྱི་ཡོངས་གྲགས་ཀྱི་གནས་ཁྱད་པར་ཅན་རེད། དེའི་ནང་ལ་སྔ་འགྱུར་སྨོན་ལམ་ཆེན་མོ་ཚོགས་ཀྱི་ཡིན་ཟེར་ནས་ཤ་བཟས་ན་ནི་དེ་ལས་ཞབས་འདྲེན་ཆེ་བ་གཅིག སངས་རྒྱས་བསྟན་པ་ལ་དེ་ལས་ཐབས་སྡུག་པ་ཞིག་མེད་པ་རེད། ཁྱེད་རང་ཚོ་ཡོངས་སུ་རྫོགས་པ་ད་ནས་བཟུང་སྟེ་ཇི་སྲིད་སྨོན་ལམ་ཚོགས་རྒྱུན་རིང་ཤ་ཡི་ལས་ཀ་རྩ་བ་ནས་མ་བྱེད། བོད་ཀྱི་བླ་མ་ཚོ་ཡིན་ནའང༌། གྲྭ་པ་ཚོས་ཤ་བཟས། བླ་མ་ཚོས་སྤང་མ་ཐུབ་ན་ད་རུང་དེ་ལས་ཐབས་སྡུག་གི་རེད། དང་པོ་བླ་མ་ཚོའི་སྐུ་མདུན་འགྲོ་ནས་ཁྱེད་རང་ཚོ་འདི་ཡི་ཚེ་ལ་ཤ་དྲངས་ཀྱི་མིན། ཁྱེད་རང་ཚོ་ཡང་ཤ་མ་བཞེས་རོགས་བྱེད། ད་དུང་བཞེས་ན་མི་མང་ལ་སྐད་ཆ་ཤོད་ས་མི་འདུག གྲྭ་མང་ལ་ཡང་བཤད་ས་མི་འདུག་ཟེར་ནས་གསུང་རོགས་བྱེད་མ་གཏོགས། ཤེས་མཁན་ཡོན་ཏན་ཅན་ཚོས་ཤ་ཟ། གང་ཡང་མི་ཤེས་མཁན་མི་མང་ལུག་ཁྱི་འདྲ་བ་དེ་ཚོ་ལ་ཤ་མ་ཟ་ཟེར་ནས་བཀག་ན། དེ་རྩ་བ་ནས་ཡོང་ཐུབ་ཀྱི་མ་རེད་ཟེར་ནས་བཤད་རྒྱུ་བྱུང་བ་རེད།
སྔར་ཡང་ས་སྐྱ་ལ་ཆ་བཞག་ན་ས་ཆེན་ཀུན་དགའ་སྙིང་པོས་དང་པོ་ཤ་ཆང་གཉིས་བཀག་ཡོད་རེད། དེ་ནས་བཟུང་སྟེ་རིམ་བཞིན་རྙིང་མའི་ནང་ནས་ཡིན་ན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྤྲུལ་པ་མངའ་རིས་པཎྜཌིཏ་པདྨ་དབང་གི་རྒྱལ་པོ་ཞེས་པས་སྐུ་ཚེ་དེ་ཉིད་ལ་ཤ་བཞེས་མེད་པ་རེད། དེ་བཞིན་དུ་རིས་མེད་ཀྱི་བླ་མ་ཞབས་དཀར་ཚོགས་དྲུག་རང་གྲོལ་ཁོང་དང་པོ་ཨ་མདོ་ནས་སྐྱེས་པ་རེད། ཤ་མང་པོ་བཞེས་ནས་ལྷ་ས་ལ་ཡོང་ནས་ལྷ་སའི་བཤས་རྭའི་ནང་ལ་ཤ་བཤས་ལུགས་མི་འདྲ་བ་མང་པོ་བྱས་ནས་བསད་ཀྱི་ཡོད་པ་གཟིགས་ནས་བཟུང་སྟེ་ཁོང་སྐུ་ཚེ་ནམ་གནས་བར་དུ་སྤངས་པ་རེད། དེའི་སློབ་མ་ཚོ་ཡང་དེ་བཞིན་སྤོང་མཁན་མང་པོ་བྱུང་ཡོད། དེ་འདྲ་ས་དགེ་བཀའ་རྙིང་ཐམས་ཅད་ལ་སྤོང་མཁན་དེ་འདྲ་བྱུང་ཡོད། དེ་ནས་ཀོང་པོ་རྒོད་ཚང་སྣ་ཚོགས་རང་གྲོལ་ཞེས་པས་གྲྭ་ཚང་ཡོངས་རྫོགས་ལ་ཤ་དང་ཆང་སྤང་དགོས་གསུངས་པས་ཁོང་གི་གསུང་ལ་མ་ཉན་ནས་ཀོང་པོ་རྩེ་ལས་དགོན་གྱི་གྲྭ་པ་རྣམས་ལ་དགོངས་པ་འཚོམས་ནས་ཁོང་ཕེབས་ནས་རྒོད་ཚང་ཕུག་ཅེས་པ་ཀོང་སྨད་རྒྱ་ལ་གསེན་སྟོབས་ཀྱི་འགྲམ་ལ་རྒོད་ཚང་ཕུག་ལ་མི་ལོ་ཉི་ཤུ་སུམ་ཅུའི་བར་དུ་མི་དང་མ་ཕྲད་པར་སྐུ་མཚམས་བཅད་རྒྱ་ལ་བཞུགས་ནས། ཤ་ཟ་བ་དང་ཆང་འཐུང་བ་ལ་སོགས་པ་དེ་འདྲ་མི་དགེ་བའི་ལས་ངན་སྤངས་ནས་དེ་ནས་ཁོང་གྲུབ་པ་ཐོབ་ནས་མཐར་དེ་ནས་རྒོད་ཚང་སྣ་ཚོགས་རང་གྲོལ་ཞེས་ཐམས་ཅད་ཀྱིས་གསུང་ཚད་མར་བཞག་ས་དེ་འདྲ་བྱུང་ཡོད། དེ་བཞིན་ཉག་བླ་པདྨ་བདུད་འདུལ་ཀྱིས་ཤ་དང་ཆང་སྤངས་ནས་མི་མེད་དབེན་པའི་རི་ཁྲོད་ལ་རྡོ་དང་ས་ཡི་བཅུད་ལེན་ལ་བཞུགས་ནས་མི་ཡི་ཟ་མ་ལ་མ་བརྟེན་པར་མི་ལོ་ཉི་ཤུ་སུམ་ཅུའི་བར་སྒྲུབ་པ་ལ་བཞུགས་ནས་གྲུབ་པ་ཐོབ་ནས་མཐར་སྐུ་ལུས་འཇའ་ལུས་སུ་གྲུབ་ནས། འཇའ་ལུས་པ་པདྨ་བདུད་འདུལ་ཟེར་ནས་ཉག་སྐེ་མགོན་པོ་རྣམ་རྒྱལ་གྱི་དུས་ཚོད་ལ་བྱུང་བའི་བླ་མ་རེད། དེ་ལྟར་བྱུང་བ་རེད།
ང་འབྲུག་ལ་སོང་ནས་ཡང་སྐབས་འགར་དུང་སྒྲུབ་འདྲ་པོ་དང༌། སྐབས་འགར་ཚོགས་པ་རྒྱ་ཆེན་པོ་ཚོགས་དུས་དང༌། མི་ཤི་བའི་དགེ་བ་ལ་ཤ་བཏང་བ་ནི་ཚེ་འདས་དེ་ལ་ཡང་ད་རུང་རོགས་པ་བསད་ནས་བཏང་བས་ཚེ་འདས་དེ་ཐར་པ་ཐོབ་པ་ཡང་མི་ཐོབ་པར་ལམ་བཀག་འགྲོ་བ་རེད། གཤིན་པོ་ལ་ཕན་ཐོགས་ཀྱི་ཡོད་མ་རེད། གཤིན་པོ་ལ་ཕན་མ་ཐོགས་ན་ཕན་པ་ཡོད་མ་རེད། ཧི་མ་ལ་ཡའི་རི་རྒྱུད་མཐའ་མཚམས་ལ་ཡོད་པའི་ནང་པ་ཐམས་ཅད་ཀྱིས་ཤ་ཟ་དགོས་ཆང་འཐུང་དགོས་ཟེར་ནས་རྟ་མང་ཤར་པ་དེ་འདྲ་བླ་མ་མི་ཤེས་མཁན་དེ་ཚོས་རང་གིས་ཟ་འདོད་དང་འཐུང་འདོད་ཀྱི་སྒོ་ནས་ཤ་ཟ་དགོས་ཆང་འཐུང་དགོས། ཨོ་རྒྱན་རིན་པོ་ཆེས་འཐུང་བ་རེད། ང་ཚོས་ཀྱང་འཐུང་དགོས། དེའི་རྗེས་འཇུག་ཡིན་ཟེར། ཨོ་རྒྱན་རིན་པོ་ཆེ་ཟེར་བ་དེ་བརྫུས་ཏེ་སྐྱེ་བ་ལེན་པ་རེད་མ་གཏོགས། ཁོང་ཚོ་འདྲ་པོ་ཕ་མའི་མངལ་ནས་སྐྱེ་བའི་རིགས་མ་རེད། ཨོ་རྒྱན་པདྨ་འབྱུང་གནས་ཞེས་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཟེར་ན། མདོ་ཡི་སྟོན་པ་ཤཱཀྱ་ཐུབ་པ་དང༌། སྔགས་ཀྱི་སྟོན་པ་ཨོ་རྒྱན་དུས་གསུམ་མཁྱེན་པ་རེད། དེ་ཡིན་པས་ཨོ་རྒྱན་དུས་གསུམ་མཁྱེན་པས་མ་འོངས་ལུང་བསྟན་ཚང་མའི་ནང་ལ་གང་འདྲ་གསུངས་པ་དང་གང་འདྲ་གསུངས་མེད་པ་ཚང་མ་ཧ་གོ་དགོས་པ་རེད། དེ་བཞིན་དུ་འཛམ་གླིང་ཞི་བདེ་ཡོང་ཐབས་ལ་ཡང་དེས་ཕན་གྱི་རེད། དེ་ནས་ངས་ནི་ད་ལྟ་ཤ་ཟ་རྒྱུ་ཕར་བཞག ཀེག་Cakeཡང་ཟ་གི་མེད། དེའི་ནང་ལ་སྒོ་ང་འདྲ་པོ་བཅུག་ཡོད་རེད་ཟེར་ནས་ཀེག་ཟ་གི་མེད། ཤ་ཟ་བ་དང་སྒོ་ང་ཟ་བ་གཉིས་གཅིག་པ་རེད། སྒོ་ང་ཡང་བཞག་ན་བྱ་རེད་འགྲོ་གི་རེད། བྱ་རེད་ན་སེམས་ཅན་རེད། སེམས་ཅན་བསད་བཞག་པ་དང་གཅིག་པ་རེད། དཔེར་ན་བུད་མེད་གཅིག་ལ་མངལ་ནས་ཕྲུ་གུ་སྐྱེ་རྒྱུ་ཡོད་ན། དེ་ཡང་མ་སྐྱེས་གོང་བསད་བཞག་པ་དང༌། སྐྱེས་ཚར་ནས་བསད་པ་གཉིས་ལ་ཁྱད་པར་ཡོད་མ་རེད། དེ་ཚོ་བསད་ན་ཉེས་དམིགས་ཡོད་རེད། དེ་འདྲ་ལ་སོགས་གསུངས་ནས་བཅད་པ་ཡིན།
ཁྱེད་རང་ཚོའི་ལས་ཀ་འདི་དོན་མེད་པ་གཅིག་ཀྱང་མ་རེད། དོན་ཆེན་པོ་རེད། དེ་ནས་ནང་པ་སངས་རྒྱས་པ་མ་ཟད། འགྲོ་བ་མི་ཡི་དོན་སྨྲ་ཤེས་དོན་གོ་བ་མི་ཡི་མཚན་ཉིད་ཚང་ཚད་ཀྱིས་བསམ་བློ་བཏང་ན་ཧ་གོ་གི་རེད། དེ་ནས་ལྷག་པར་དུ་ཚན་རིག་མཁས་པ་དང༌། སྨན་པ་མཁས་པ་ཐམས་ཅད་ཀྱིས་བསམ་བློ་བཏང་ནས་བརྟག་དཔྱད་བྱས་པའི་སྐད་ཆ་ལ་ཆ་བཞག ཐ་མག་འཐེན་པ་དང༌། ཤ་བཟའ་བ་དེས་མི་ལ་ཕན་གྱིས་འདུག་གམ། དེས་མི་ཕན་པའི་རྟགས་ལ་དེ་འཐེན་མཁན་དེ་ཚེ་རིང་བར་འདུག་གམ། མི་འཐེན་མཁན་དེ་ཚེ་རིང་བར་འདུག ན་རྒྱུ་ཡང་དེ་འཐེན་མཁན་དེ་ནད་ན་ཚ་མང་པོ་ན་རྒྱུ་འདུག་གམ། མི་འཐེན་མཁན་དེ་ནད་ན་ཚ་ཉུང་གི་འདུག དེ་ཚོ་ལ་བརྟག་དཔྱད་བྱས་ན་ཤེས་ཀྱི་ཡོད་རེད། དེ་འདྲ་མང་པོ་རྒྱུ་མཚན་བྱས་ནས་ཁྱེད་རང་ཚོ་སློབ་གྲྭ་འགྲིམས་མྱོང་བ་རེད། ཧ་གོ་གི་རེད། ང་ནི་བོད་སྐད་མ་གཏོགས་སྐད་རིགས་གཞན་པ་མི་ཤེས་མཁན་གྱི་མི་རེད། སངས་རྒྱས་ཤཱཀྱ་ཐུབ་པའི་གསུང་རབ་ཕྱི་འདུལ་བ་དང་ནང་གསང་སྔགས་ཁྱད་པར་དུ་རྫོགས་པ་ཆེན་པོའི་སྐོར་ལ་དཔེ་ཆ་མཁས་པ་དང་གྲུབ་པ་མང་པོའི་གསུང་རབ་རྣམས་ལ་ལྟ་མྱོང་བའི་མི་རེད། དེ་ཡིན་དུས་དེ་སྤངས་ནས་ཚེ་རིང་བར་སོང་བ་མ་གཏོགས། ང་ལྟ་བུའི་མི་རིགས་ལ་བསམ་ན། མི་རིགས་འདི་ལ། ལོ་དྲུག་ཅུ་ཡན་ཆད་ལ་བསྡད་མཁན་གྱི་མི་མེད། སྤུན་སྤུན་མཆེད་ཤི་སོང་ནས་ཅི་ཡང་མེད། ང་ཕ་ཡུལ་སྤངས། ཤ་སྤངས། ཐ་མ་ཁ་སྤངས་པའི་རྩ་བ་ལ་བརྟེན་ནས། ང་ད་ལྟ་ལོ་དགུ་བཅུ་གོ་གསུམ་རེད་དེ། ད་ལྟ་ཡང་འགྲོ་ཐུབ། བསྡད་ཀྱང་ཐུབ། ག་པ་ག་སར་མོ་ཏྲར་ལ་འགྲོ་ཐུབ། གནམ་གྲུ་ལ་འགྲོ་ཐུབ་ཀྱི་ཡོད། ཁ་སང་ཁ་ཉིན་ཉིན་མ་གཉིས་གསུམ་སྔོན་ལ། ང་ཚོ་ཡོལ་མོ་ལྷ་ཁང་དགོན་ཟེར་བ་ཤར་པའི་དགོན་པ་གསར་པ་གཅིག་བཞེངས་པ་དེར་སོང་བ་ཡིན། དེར་རྒྱུ་མཚན་དེ་འདྲ་བཤད་སོང་ཟེར་ནས་ཁྱེད་རང་ཚོས་ཁྱབ་བསྒྲགས་བྱས་ན་ཆོག་གི་རེད། དེ་ཚོ་བདེན་པ་ཡིན་མ་གཏོགས་རྫུན་མ་མ་རེད། རྒྱལ་བའི་བཀའ་ལ་བརྟེན། བླ་མའི་ལུང་ལ་བརྟེན། རང་གི་ཉམས་མྱོང་ལ་བརྟེན་ནས་ཚང་མའི་ཐོག་ནས་བཤད་པའི་སྐད་ཆ་རེད་མ་གཏོགས། མི་རེ་གཉིས་ཀྱིས་ང་མཁས་ཁོང་མཁས་ཀྱི་སྒོ་ནས་བཤད་པ་མ་རེད། དེ་ལ་སོགས་པ་དེ་ལྟར་ཟེར་སོང་ཟེར་ནས་ཁྱོད་ཚོས་ཁྱབ་བསྒྲགས་བྱས་པ་དེས་ཡོང་གི་རེད། ང་ལ་ཡང་དགེ་བ་ལ་རྗེས་སུ་ཡི་རང་བའི་དགེ་བ་འཐོབ་ཀྱི་རེད་མ་གཏོགས། མི་ཐོབ་པ་མ་རེད། ཁྱེད་རང་ཚོ་དངོས་སུ་ལག་ལེན་སྟར་མཁན་ཚོ་དེ་བས་ཀྱང་ལག་ལེན་ལ་འདེབས་པ་པོ་ཡིན་དུས་གྲོང་པ་གཅིག་ལ་ཤ་སྤང་ཐུབ་ན་ཡང་ཁྱེད་རང་འཇིག་རྟེན་པ་ལ་ཡང་བཤད། སེར་མོ་བ་ལ་ཡང་བཤད། བླ་མ་སྤྲུལ་སྐུ་གང་མིན་ཚད་རྩ་ཆེན་པོ་ཡིན་ཟེར་མཁན་ཁྲི་ཐོག་ལ་སྡོད་མཁན་ཚོ་ལ་ཡང་བཤད། གྲལ་མཐར་སྡོད་མཁན་ཚོ་ལ་ཡང་བཤད། གྲྭ་མང་ལ་ཡང་བཤད། མི་དམངས་ལ་ཡང་བཤད། དཔོན་རིགས་ཡིན་ཚད་ལ་ཆོ་མེད་ན་ཡང་སྐད་ཆ་གོ་ཚད་དེ་ལ་བཤད་དང༌། རང་རང་བསམ་བློ་གཏོང་མི་ཤེས་མཁན་ཡོང་གི་མ་རེད། ད་ངས་བཤད་རྒྱུ་དེ་ཙམ་ཡིན། ང་མི་ནད་པ་རེད། རྒས་འཁོགས་རེད། ཁྱེད་ཚོའི་མདུན་ལ་ང་ཡི་ནང་ཆ་འདྲ་པོ་བསྟན་བཞག་པ་ཡིན། ཏྲེབ་ཐག་འདི་ཡི་ནང་ལ་བཅུག་ན་ཡང་བཅུག་མ་ཆོག་པའི་ཚིག་གཅིག་ཀྱང་མེད། བཅུག་བཞག་ན་ཡང་དགོས་པ་ཡོད། རྒྱུ་མཚན་ཡང་ཡོད་པ་དང་བཅས་པ་ཡིན།
བསྔོ་བ།
སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །
ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །
བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །
དེ་དག་ཀུན་གྱི་སྨོན་ལམ་གྲུབ་པར་ཤོག །
བཅས་པ་འདི་ནི་༧སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་མཆོག་གིས་དུད་འགྲོའི་རང་དབང་ཚོགས་ཆུང་གི་ཆེད་དུ་བཀའ་སློབ་གནང་བ་སྒྲ་འཛིན་འཁོར་ཐག་ནས་ཕབ་བཤུས་ཞུས་པའོ།
ཡིད་གདུང་དྲག་པོའི་སྒོ་ནས་མྱ་ངན་ཞུ།
ཞལ་གསུང་མ།།
ཨོཾ་སྭ་སྟི།།
ཨོ་རྒྱན་རྗེ་འབངས་ཚོགས་ཀྱི་ཐུགས་རྗེ་དང་།།
སྨོན་ལམ་མཐུ་ལས་ལེགས་འཁྲུངས་དཔའ་བོ་ཆེ།།
སངས་རྒྱས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས།།[ཞབས་པད་བསྐལ་བརྒྱར་བརྟན]
འགྲོ་འདུལ་རླབས་ཆེན་འཕྲིན་ལས་མཐར་རྒྱས་ཤོག།
བྱ་བྲལ་ཉིད་ཀྱི་ཞལ་གསུང་མའོ།།
ངོ་དེབ་ནང་ལ།
Ulla Tashi with Karma Tenzin and Hernan Rios.
December 5, 2015 at 9:10am · ·
The Great Master His Holiness Kyabje Chatral Rinpoche
102 years old, passed away on 31st December 2015 ._/|\_ heart emoticon
~ Kyabje Chatral Rinpoche _/|\_ ་་་་་་་ ཟེར།
ང་ཡི་རྩ་བའི་བླ་མ་དིལ་གོ་མཁྱེན། །
སྨིན་གླིང་ཁྲི་ཆེན་ཡོངས་གྲགས་གྲུབ་ཆེན་མཁྱེན། །
རྒྱང་ནས་རྒྱ་གྲགས་བོད་གྲགས་བདུད་འཇོམས་རྗེ། །
བལ་ཡུལ་ཡང་ཤོད་བྱ་བྲལ་རིན་པོ་ཆེ། །
་
རྙིང་མའི་བླ་མའི་དུས་རབས་རྫོགས་འདྲ་བྱུང་། །
ཁྱེད་བཞིའི་མཛད་པ་ནམ་མཁའི་མཐའ་དང་མཉམ། །
མཆོག་སྤྲུལ་ཡང་སྲིད་བཞི་ཡང་འགྲན་རྩོད་ལྟར། །
ཐུབ་བསྟན་སྤེལ་ལ་སུ་འཇོན་སུ་མཁས་མཛོད། །
་་་་་་་་་་ ཧི་མ་ལ་ཡའི་རི་རྒྱུད་མཐའ་མཚམས་ལ་ཡོད་པའི་ནང་པ་ཐམས་ཅད་ཀྱིས་ཤ་ཟ་དགོས་ཆང་འཐུང་དགོས་ཟེར་ནས་རྟ་མང་ཤར་པ་དེ་འདྲ་བླ་མ་མི་ཤེས་མཁན་དེ་ཚོས་རང་གིས་ཟ་འདོད་དང་འཐུང་འདོད་ཀྱི་སྒོ་ནས་ཤ་ཟ་དགོས་ཆང་འཐུང་དགོས། ཨོ་རྒྱན་རིན་པོ་ཆེས་འཐུང་བ་རེད། ང་ཚོས་ཀྱང་འཐུང་དགོས། དེའི་རྗེས་འཇུག་ཡིན་ཟེར། ཨོ་རྒྱན་རིན་པོ་ཆེ་ཟེར་བ་དེ་བརྫུས་ཏེ་སྐྱེ་བ་ལེན་པ་རེད་མ་གཏོགས། ཁོང་ཚོ་འདྲ་པོ་ཕ་མའི་མངལ་ནས་སྐྱེ་བའི་རིགས་མ་རེད། ཨོ་རྒྱན་པདྨ་འབྱུང་གནས་ཞེས་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཟེར་ན། མདོ་ཡི་སྟོན་པ་ཤཱཀྱ་ཐུབ་པ་དང༌། སྔགས་ཀྱི་སྟོན་པ་ཨོ་རྒྱན་དུས་གསུམ་མཁྱེན་པ་རེད། དེ་ཡིན་པས་ཨོ་རྒྱན་དུས་གསུམ་མཁྱེན་པས་མ་འོངས་ལུང་བསྟན་ཚང་མའི་ནང་ལ་གང་འདྲ་གསུངས་པ་དང་གང་འདྲ་གསུངས་མེད་པ་ཚང་མ་ཧ་གོ་དགོས་པ་རེད། ་་་་་་་་་་་་
་་་་་་་་་་ བླ་མ་མི་ཤེས་མཁན་དེ་ཚོས་རང་གིས་ཟ་འདོད་དང་འཐུང་འདོད་ཀྱི་སྒོ་ནས་ཤ་ཟ་དགོས་ཆང་འཐུང་དགོས། ཨོ་རྒྱན་རིན་པོ་ཆེས་འཐུང་བ་རེད། ང་ཚོས་ཀྱང་འཐུང་དགོས། དེའི་རྗེས་འཇུག་ཡིན་ཟེར། ་་་་་་་་་་་་
་་་་་་་་་་་ བླ་མ་མི་ཤེས་མཁན་དེ་ཚོས་རང་གིས་ཟ་འདོད་དང་འཐུང་འདོད་ཀྱི་སྒོ་ནས་ཤ་ཟ་དགོས་ཆང་འཐུང་དགོས། ཨོ་རྒྱན་རིན་པོ་ཆེས་འཐུང་བ་རེད། ང་ཚོས་ཀྱང་འཐུང་དགོས། དེའི་རྗེས་འཇུག་ཡིན་ཟེར། ་་་་་་་་་་་་་་་་་་་་
་་་་་་་་་་་ ཁྱེད་རང་ཚོ་དངོས་སུ་ལག་ལེན་སྟར་མཁན་ཚོ་དེ་བས་ཀྱང་ལག་ལེན་ལ་འདེབས་པ་པོ་ཡིན་དུས་གྲོང་པ་གཅིག་ལ་ཤ་སྤང་ཐུབ་ན་ཡང་ཁྱེད་རང་འཇིག་རྟེན་པ་ལ་ཡང་བཤད། སེར་མོ་བ་ལ་ཡང་བཤད། བླ་མ་སྤྲུལ་སྐུ་གང་མིན་ཚད་རྩ་ཆེན་པོ་ཡིན་ཟེར་མཁན་ཁྲི་ཐོག་ལ་སྡོད་མཁན་ཚོ་ལ་ཡང་བཤད། ་་་་་་་་་་་་་་་་་་་
ཀརྡོ་ལགས། འདིར་གཟིགས
http://www.rigpawiki.org/index.php?title=Chatral_Sangye_Dorje
ཀཿཐོག་རིག་འཛིན་ཆེན་པོའི་བདེན་ཚིག་གྲུབ་པའི་གསུང་།།
༄༅། །བླ་མ་མཁྱེན།
སངས་རྒྱས་ཀུན་འདུས་ཁྱབ་བདག་རྡོ་རྗེ་འཆང་། །
གཡར་དམ་མ་དོར་ཆོས་དབྱིངས་ཀློང་ནས་བཞེངས། །
འཕྲིན་ལས་མ་རྟུལ་ནུས་པའི་རྩལ་སྤྲུགས་ལ། །
གསང་གསུམ་སྒྱུ་འཕྲུལ་དབང་པོའི་སྒོ་རུ་སྟོན། །
བརྩེ་བའི་བདག་ཉིད་ཐུགས་རྗེ་མྱུར་བྱུང་ལ། །
བདག་སོགས་འགྲོ་ལ་བྱིན་རླབས་དབང་ཆེན་སྐུར། །
དམ་ཚིག་ཉམས་ཆགས་ཉེས་ལྟུང་དབྱིངས་སུ་དག །
ཉམས་དང་རྟོགས་པའི་ཡེ་ཤེས་སྦར་དུ་གསོལ། །
བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་གནས་དང་། །
རྗེ་འབངས་རིག་འཛིན་བརྒྱུད་པའི་བྱིན་རླབས་ཀྱིས། །
དཔལ་ལྡན་བླ་མ་བུདྡྷའི་མཚན་ཅན་གྱི། །
ཐུགས་ཀྱི་བཞེད་པ་མ་ལུས་འགྲུབ་གྱུར་ཅིག །
ཐོག་མེད་དུས་ནས་རྣམ་པར་དཀར་བའི་ལས། །
སྤྱི་དང་བླ་མའི་མོས་གུས་འགྱུར་མེད་མཐུས། །
ཀུན་བཟང་ཐུགས་ཀྱི་བསྟན་པ་དར་ཞིང་རྒྱས། །
ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་གྱུར་ཅིག །
གསུང་གསང་རྣ་བའི་བཅུད་དུ་དགའ་བས་བླང་། །
དམ་ཚིག་སྲོག་གི་དཔྱིད་དུ་རྟག་བརྟན་པས། །
ཚེ་རབས་ཀུན་ཏུ་འཁོར་གྱི་ཐོག་མར་སྐྱེས། །
འགྲོ་འདུལ་འཕྲིན་ལས་བྱེད་པོ་ཉིད་གྱུར་ཅིག །
གུས་སློབ་ཀཿཐོག་རིག་འཛིན་པདྨ་དབང་ཆེན་གྱིས་སྙིང་ནས་སྨོན་པར་བདེན་ཚིག་གྲུབ་པ་རྣམས་ཀྱིས་བྱིན་གྱིས་བརླབས་ཏུ་གསོལ། །
ཁ་ཙང་དུས་བཟང་བྱུང་། ༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེའི་གདུང་མཇལ་དང་གསོལ་འདེབས་བྱིན་རླབས་ཞུ་བའི་གོ་སྐབས་བྱུང་།། ཁོང་གིས་ཞལ་ཆེམས་ནང་ཚིག་གཉིས་གསུང་འདུག 1༽”ཁོང་ལ་ཡང་སྲིད་མེད་ཅེས་”དང་། 2༽”ང་གྲོང་བའི་རྗེས་སུ་སྡུག་བསྔལ་མ་བྱེད་”ཅེས་གསལ་པོ་གསུངས་འདུག ༢༠༡༦།༡།༦ ཉིན་བལ་ཡུལ་ཡང་ལེ་ཤོད་ནས། དེས་ན་སྒེར་སྤྱོད་པ་དག་བག་ཡོད་པར་གྱིས
(རྫོགས་ཆེན་པ་པདྨ་གར་གྱི་དབང་ཕྱུག་ནས)
ངའི་གོ་བ་ཡང་དེ་དེ་བཞིན་ནོ།
སྐྱབས་སུ་མཆི་འདི་ལོ་ཡིན་ན་སྔ་འགྱུར་རྙིང་མའི་བླ་མ་ཉི་ཟླ་ལྟ་བུ་གཉིས་ཞིང་ཁམས་གཞན་དུ་གཤེགས་པར་བློ་ཕམ་ཚད་མེད་བྱུང་བླ་མ་འདི་དག་ནི་སྐུ་ཚེ་གང་པོར་ཆོས་ལ་སྤྱོད་ཅིང་སྲིད་ཀྱི་དྲི་མས་མ་བགོས་ཤིང་ཆོས་རྒྱུད་ཆོས་ལུགས་ཀྱི་ཆགས་སྡང་དྲི་ཙམ་ཀྱང་མེད་པའི་སྐྱེས་བུ་དམ་པ་ཡིན་འདུག་པས་ངེད་ཚོར་མཚོན་ན་གོད་ཆག་ཆེན་པོ་ཞིག་རེད་བསམ།། ད་ཡང་་སྲིད་མེད་ན་ཡག་པོ་རེད་དེང་སང་ཡང་སྲིད་དེ་ཚོས་སྐུ་སྐྱེ་གོང་མའི་ཞབས་ནས་འཐེན་མཁན་མ་གཏོགས་མི་འདུག
དྲི་མེད་ལྷག་བསམ་མཆོག་གིས་བྱ་བྲལ་རིན་པོ་ཆེའི་གསུང་ཆོས་དང་རྣམ་ཐར་དང་འབྲལ་བའི་གསོལ་འདེབས་ཞིག་རྩོམ་གནང་བར་མཁྱེན་མཁྱེན། མཁས་དབང་མཆོག་ལ་སྐྱབས་རྗེ་བླ་མ་དམ་པའི་སློབ་ཚོགས་ཡོངས་ཀྱི་མགྲིན་ཚབ་བྱས་ནས་གསོལ་བ་འདེབས་པར་ཡིན་ལགས། སྐུལ་ཡོན་ནི་བདག་གིས་ཡང་སྐྱར་འབུམ་ལྔ་ཚད་ལྡན་ཞིག་བཞག་པར་ཁས་ལན་ཞུའོ།།
སྐུ་གཟུགས་བྱིས་པ་ལོ་གཉིས་གསུམ་ལྟ་བུའི་ཆུང་ཆུང་ནབས་གཟན་གསང་ནས་མཇལ་དཀའ་བ་ཞིག་འདུག གསོལ་འདེབས་སྨོན་ལམ་ཅི་ནུས་བྱས་པ་ཡིན། བྱ་བྲལ་རིན་པོ་ཆེའི་ཞལ་ཆེམས་གནང་པ་ནི། ང་ལ་ཡང་སྲིད་མེད།ངའི་དོན་དུ་ངུ་མི་དགོས། ཁྱོད་རང་ཚོ་ངའི་དོན་དུ་ངུས་པས་མི་ཕན། དེ་བས་བློ་ཆོས་ལ་གཏད། སྤྱོད་པ་གཞན་ལ་ཕན་པ་ཞིག་ཀྱིས། ཁྱད་པར་རང་བཞིན་རྫོགས་པ་ཆེན་པོའི་ངང་ལ་མཉམ་པར་ཞོག །ཅེས་གསུངས་ཡོད་འདུག །
པདྨ་ལགས་ཀྱིས་ཕྲན་ལ་ཐུགས་བརྩེ་མཐོ་གཟིགས་གནང་པར་ཐུགས་རྗེ་ཆེ། ཕྲན་རང་བྱ་བྲལ་རིན་པོ་ཆེ་མཆོག་ལ་དད་མོས་འགྱུར་མེད་དང་། བཀའ་གསུང་ཚིག་གཅིག་ཡིན་ཀྱང་གུས་པ། ཅི་གསུངས་ཉམས་སུ་ལེན་མ་ནུས་ཀྱང་མཆོད་པ་ཞུ་མཁན་ཞིག་ལེགས་མོད། སྤྱིར་རྣམ་པར་ཐར་བ་ལ་རྒྱུས་དེ་ཙམ་མེད་པ་དང་། ཞལ་གསུངས་རྣམ་ཐར་ཚིག་གསུམ་མ་ལས། གཞན་མི་དགོས་པར་གསུངས་འདུག་པས་ཉིད་ཀྱི་བཀའ་རེ་ཞིག་དྭངས་ལེན་མ་ནུས་ཀྱང་རིམ་པར་གནས་ཚུལ་གོ་ཚད་ཞུས་ངེས་ལེགས།
པདྨ་ལེགས་ཀྱིས་ཞལ་གསལ་གནང་བར་ཐུགས་རྗེ་ཆེ། བྱ་བྲལ་རིན་པོ་ཆེའི་ཞལ་ཆེམས་གནང་པ་ནི། ང་ལ་ཡང་སྲིད་མེད།ངའི་དོན་དུ་ངུ་མི་དགོས། ཁྱོད་རང་ཚོ་ངའི་དོན་དུ་ངུས་པས་མི་ཕན། དེ་བས་བློ་ཆོས་ལ་གཏད། སྤྱོད་པ་གཞན་ལ་ཕན་པ་ཞིག་ཀྱིས། ཁྱད་པར་རང་བཞིན་རྫོགས་པ་ཆེན་པོའི་ངང་ལ་མཉམ་པར་ཞོག །ཅེས་གསུངས་ཡོད་འདུག །
༈ རང་རབས་ཡི་གེ་འབྲུ་གསུམ་མ་ཞེས་བྱ་བ་ཡོད་དོ། །
བླ་མ་དཀོན་མཆོག་མཁྱེན། དེ་ཡང་ཕ་རྒན་རང་ལོ་གྱ་བདུན་མཇུག །གྱ་བརྒྱད་ལ་ཉེ་བའི་མཚམས་སུ་འདྲིས་དང་མ་འདྲིས་མང་པོ་ཞིག་གིས་ཁྱེད་ཀྱི་རྣམ་ཐར་ཞལ་གསུང་མ་རྗེས་འཇུག་རྣམས་ལ་ཕན་པའི་ཆེད་དུ་འབྲི་རོགས་ཞེས་བསྐུལ་མ་བྱེད་པ་འདི།ཐར་པའི་གེགས་དང་བར་ཆད་དུ་གོ་ནས་ཚིག་ཚོགས་མང་པོའི་བསླུ་བྲིད་ལ་དགོས་པ་མི་འདུག།རང་རྒྱུས་རང་ལས་ཆེ་བ་མེད་པ་དཔང་དུ་བཙུག་ནས་གདབ་ལན་ཡི་གེ་འབྲུ་གསུམ་མ་འདི་གཞག་པར་བགྱིའོ༎
༈།ཚུལ་ཁྲིམས་ཤེས་རབ་གསུམ་གྱི་ཡོན་ཏན་དྲིས།
།མ་གོས་མངོན་སུམ་ཚད་མས་གྲུབ་པ་ལ།
།ཡོད་བརྫུའི་འུད་གཤོབ་སྤྲ་བ་རླན་བྲལ་དེ།
།བྱིན་ཟ་འབར་བའི་ཀློང་དུ་ཛྭ་ལ་རྃ།
༈ །ཆོས་དང་འཇིག་རྟེན་སྲ་བསྲེའི་བླ་ཚུགས་ཀྱིས།
།ལག་ལེན་འཕྲོད་པའི་ཤག་པོ་རང་མིན་ཤེས།
།ཟོལ་ཟོག་ཆོས་དྲེད་གོ་ཐལ་སྐམ་པོ་ཡང་།
།རི་རྩེའི་རླུང་ལ་བསྐུར་བཏང་ཡི་གེ་ཡྃ། །
༈ དད་གཤིན་དཀོར་ནག་སྲོག་དང་ཐར་པའི་གེགས།
།ཤེས་བཞིན་གསོག་འཇོག་ཚོང་བུན་རྟེན་མཆོད་བཞེངས།
།མི་དགོས་མི་ལེན་ཞེན་ལོག་གཙང་རྒྱུན་ཆུས།
།བཀྲུ་བར་བགྱིའོ་འབྱུང་བའི་ཡི་གེ་ཁྃ། །
ཞེས་པ་འདི་རང་ངོས་ཀྱི་དྲིས་པ་ལ་ལན་དུ་སྨྲོས་པ་མ་གཏོགས་ཆོས་ཉིད་མཉམ་པ་ཉིད་ཀྱི་བདེན་མཐོང་རང་གཞན་གྱི་དོན་གཉིས་ངམ་ངམ་ཤུགས་ཀྱིས་མཛད་པའི་སྐྱེས་ཆེན་དམ་པ་ཚད་མར་གྱུར་པ་གང་ན་སུ་བཞུགས་རྣམས་ལ་སྐུར་འདེབས་ཟུར་ཟ་ཚེར་མ་ལྟ་བུའི་ངག་གཏན་ནས་མིན་པས་གོ་བ་ལེན་ཕྱོགས་འཛོལ་ནས་ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར་ཐུགས་མཉམ་ཉིད་བདེ་བ་ཆེན་པོའི་ངང་དུ་ལྷོད་དེ་བཞུགས་པར་ཞུ་ཞེས་དམིགས་ཀྱིས་བསལ་ནས།སྤྱིར་བཏང་ང་དང་ང་འདྲ་བ་སོ་སྐྱེ་ལས་མ་འཕགས་ནའང་ང་རྒྱལ་གྱིས་གནམ་བརྟོལ་བའི་བསྟན་སེལ་ཕུང་དཀྲུགས་མཁན་རྣམས་ཀྱིས་བདེན་ངག་ཏུ་གོ་ནས་དྲན་ཤེས་བག་ཡོད་ལྷུར་ལེན་པའི་རྒྱུར་གྱུར་ཅིག །བྱ་བྲལ་མིང་གིས་སྤུད་པ་བུདྡྷ་བཛྲ་རང་ཉིད་ཀྱིས་སུག་བྲིས་བགྱིས་པའོ། །
དྲི་མེད་ལྷག་བསམ་ལགས་བཀའ་དྲིན་ཆེ་ཞུ། མུ་འཐུད་པར་མཁྱེན།། ཐུགས་སྐབས་ན་ཉམ་ཆུང་བདག་གི་གསུང་སྐུལ་ཡང་དད་གུས་མོས་པའི་རེ་བ་མི་གཏོང་བར་མཁྱེན་ནོ།།
ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།
དག་བཅོས། །
༄༅། ། རང་རབས་ཡི་གེ་འབྲུ་གསུམ་མ་ཞེས་བྱ་བ་ཡོད་དོ། །
བླ་མ་དཀོན་མཆོག་མཁྱེན། དེ་ཡང་ཕ་རྒན་རང་ལོ་གྱ་བདུན་མཇུག །གྱ་བརྒྱད་ལ་ཉེ་བའི་མཚམས་སུ་འདྲིས་དང་མ་འདྲིས་མང་པོ་ཞིག་གིས་ཁྱེད་ཀྱི་རྣམ་ཐར་ཞལ་གསུང་མ་རྗེས་འཇུག་རྣམས་ལ་ཕན་པའི་ཆེད་དུ་འབྲི་རོགས་ཞེས་བསྐུལ་མ་བྱེད་པ་འདི།ཐར་པའི་གེགས་དང་བར་ཆད་དུ་གོ་ནས་ཚིག་ཚོགས་མང་པོའི་བསླུ་བྲིད་ལ་དགོས་པ་མི་འདུག།རང་རྒྱུས་རང་ལས་ཆེ་བ་མེད་པ་དཔང་དུ་བཙུག་ནས་གདབ་ལན་ཡི་གེ་འབྲུ་གསུམ་མ་འདི་གཞག་པར་བགྱིའོ༎
༈།ཚུལ་ཁྲིམས་ཤེས་རབ་གསུམ་གྱི་ཡོན་ཏན་དྲིས།
།མ་གོས་མངོན་སུམ་ཚད་མས་གྲུབ་པ་ལ།
།ཡོད་བརྫུའི་འུད་གཤོབ་སྤྲ་བ་རླན་བྲལ་དེ།
།བྱིན་ཟ་འབར་བའི་ཀློང་དུ་ཛྭ་ལ་རྃ།
༈ །ཆོས་དང་འཇིག་རྟེན་སྲ་བསྲེའི་བླ་ཚུགས་ཀྱིས།
།ལག་ལེན་འཕྲོད་པའི་ཤག་པོ་རང་མིན་ཤེས།
།ཟོལ་ཟོག་ཆོས་དྲེད་གོ་ཐལ་སྐམ་པོ་ཡང་།
།རི་རྩེའི་རླུང་ལ་བསྐུར་བཏང་ཡི་གེ་ཡྃ། །
༈ དད་གཤིན་དཀོར་ནག་སྲོག་དང་ཐར་པའི་གེགས།
།ཤེས་བཞིན་གསོག་འཇོག་ཚོང་བུན་རྟེན་མཆོད་བཞེངས།
།མི་དགོས་མི་ལེན་ཞེན་ལོག་གཙང་རྒྱུན་ཆུས།
།བཀྲུ་བར་བགྱིའོ་འབྱུང་བའི་ཡི་གེ་ཁྃ། །
ཞེས་པ་འདི་རང་ངོས་ཀྱི་དྲིས་པ་ལ་ལན་དུ་སྨྲོས་པ་མ་གཏོགས་ཆོས་ཉིད་མཉམ་པ་ཉིད་ཀྱི་བདེན་མཐོང་རང་གཞན་གྱི་དོན་གཉིས་ངམ་ངམ་ཤུགས་ཀྱིས་མཛད་པའི་སྐྱེས་ཆེན་དམ་པ་ཚད་མར་གྱུར་པ་གང་ན་སུ་བཞུགས་རྣམས་ལ་སྐུར་འདེབས་དང་། ཟུར་ཟ་ཚེར་མ་ལྟ་བུའི་ངག་གཏན་ནས་མིན་པས་གོ་བ་ལེན་ཕྱོགས་འཛོལ་ནས་ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར་ཐུགས་མཉམ་ཉིད་བདེ་བ་ཆེན་པོའི་ངང་དུ་ལྷོད་དེ་བཞུགས་པར་ཞུ། །ཞེས་བྱ་བྲལ་མིང་གིས་སྤུད་པ་བུདྡྷ་བཛྲ་རང་ཉིད་ཀྱིས་སུག་བྲིས་བགྱིས་པའོ། །
པདྨ་ལེགས། ཁྱེད་ཅག་གིས་གནས་ཚུལ་གསར་པ་རེ་གོ་ན་ཡིག་ཐོག་ཏུ་འགོད་པར་ཞུ། །
དམ་པ་དེ་ཉིད་དགོངས་པ་གཞན་དོན་དུ་གཤེགས་ཚུལ་མཛད་པ་འདིས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང། ཁྱད་པར་གང་གི་སྐྱོང་ཡུལ་རྣམས་ལ་གོད་ཆག་ཆེན་པོ་བྱུང་བ་ནི་བརྗོད་མ་དགོས་པ་ཞིག་ཡིན། དེར་བརྟེན་ཞིང་གཤེགས་དམ་པའི་སློབ་ཚོགས་དང་། སྐུ་འཁོར་བཅས་ལ་བོད་མི་མང་སྤྱི་མཐུས་ལྷན་ཚོགས་ནས་ཐུགས་གསོ་ཞུ་རྒྱུ་ཡིན་ཅེས་སོགས་འཁོད་ཡོད་འདུག
http://www.rfa.org/tibetan/sargyur/tibetan-parliament-exile-condoles-01072016095355.html
ཀ་རྡོ་ལེགས་ཀྱིས་གནས་ཚུལ་གསུང་བར་ཐུགས་རྗེ་ཆེ། བོད་གཞུང་གིས་གདུང་སེམས་མཉམ་བསྐྱེད་གནང་བ་ལེགས། ༧རྗེ་བྱ་བྲལ་བ་སྲིད་ཕྱོགས་དང་འབྲེལ་བ་མེད་ཀྱང་། སྨོན་ལམ་དང་། སྐྱབས་ཐོ་གང་ཡིན་ཡང་༧གོང་ས་མཆོག་གི་ཞབས་པད་བརྟན་པ། བོད་སྤྱིའི་བདེ་ཐབས་སོགས་གཙོ་བོར་གནང་མཁན་ཞིག་དང་། སློབ་མ་ཀུན་ལ་ཆོས་པའི་རང་ཚུགས་ཟིན་དགོས་པ་གལ་ཆེ་ཡང་། བོད་གཞུང་ལ་རྒྱབ་འགལ་མི་བྱེད་པར་བསྐུལ་སློང་བྱེད་མཁན་ཞིག་ཡིན་པ་གོ། །
དྲི་མེད་ལྷག་བསམ་གསུང་བཞིན་ཇི་ནུས་འབད་ངེས་ཡིན། ཡིན་ན་ཡང་བྱ་བྲལ་རིན་པོ་ཆེས་གསུང་བཞིན་བྱས་ཡོད་ན་དབུ་སྐྲ་དང་སེན་རྗེས་ཙམ་མེད་པར་སྣང་ཡང་། ཉམས་མྱོང་དང་ཤེས་ཡོན་ཅན་དེ་ན་མེད་པས་ལན། མ་ཚད་གསང་ཡུམ་དབང་ཆ་ཆེ། ཞལ་འདེབས་ལས་སྐུ་གདུང་མདུན་ནས་སྐར་ཆ་གཅིག་ཙམ་ལས་འདུག་ཆོག་གི་མི་འདུག ས་སྐྱ་ཚང་གིས་བཀྱགས་བཀྱགས་བྱས་ནས་ཡང་སྲིད་མྱུར་བྱོན་འདྲ་འབྲི་ཁ་བྱས་འདུག ད་དུང་མཁན་ཆེན་རྣམ་གྲོལ་ཕེབས་འཆར་རེད་འདུག དེས་ན་གསར་འགྱུར་གསར་པ་རེད།
༈དགུང་གྲངས་བརྒྱ་ཕྲག་གཅིག་དང་ཉག་མ་བཞིར།།འོད་གསལ་སྙིང་ཐིག་སྟོན་པ་བི་མ་ལ།།དངོས་སྣང་ཀུན་མཁྱེན་ངག་གི་དབང་པོ་ཡི།།བསྟན་པ་སྤེལ་བའི་ཟླ་བྲལ་རིག་པ་འཛིན།།ཀུན་སྤངས་གར་དབང་སངས་རྒྱས་རྡོ་རྗེ་ཞེས།།རིན་ཆེན་འབུམ་གྱི་དབུས་ན་ནོར་བུ་བཞིན།།རྒྱུ་སྐར་བྱེ་བའི་དབུས་ན་ཟླ་བ་བཞིན།།འཁྲུལ་བྲལ་བསྟན་འཛིན་བྱེ་བའི་གཙུག་ནོར་ཁྱེད།།བྱ་རྩོལ་ཀུན་བྲལ་སངས་རྒྱས་ཉིད་ཡིན་པས།།རྡོ་རྗེའི་སྐུ་ལ་འཕོ་འགྱུར་མི་མངའ་ཡང་།།ཉམ་ཐག་བྱིས་པས་མཇལ་བའི་སྐལ་བ་དབེན།།ཀྱེ་མ་སྔོན་ཚེ་འཕགས་ཡུལ་ཐུབ་ཆེན་དང་།།རྒྱན་དྲུག་མཆོག་གཉིས་པཎ་གྲུབ་བརྒྱད་ཅུ་སོགས།།ཞི་བར་གཤེགས་ནས་འཕགས་ཡུལ་མུན་པའི་གླིང་།།ལྟ་ངན་མུ་སྟེགས་རི་དྭགས་གྲོང་ཁྱེར་གྱུར།།ད་ནི་རྒྱལ་བའི་ལུང་ཟིན་གངས་ལྗོངས་ཀྱི།།སྲིད་དང་ཞི་བའི་གཙུག་རྒྱན་བསྟན་འཛིན་རྣམས།།རྒྱལ་དབང་པདྨ་ཀ་རའི་ཞིང་ཁམས་ཏེ།།འོག་མིན་རིག་འཛིན་འདུས་པའི་ཚོགས་གྲལ་དུ།།ཆུ་ལྷའི་ཕྲག་ནས་ཉི་ཟླ་བཞུད་པ་བཞིན།།འོད་ཟེར་ལྷམ་མེར་གཅིག་ལས་གཅིག་མགྱོགས་ཕེབས།།ཁྱེད་ཅག་ཕེབས་བཞུད་རང་དབང་མཆིས་ན་ཡང་།།སྙིགས་དུས་རྒྱལ་བའི་བསྟན་པ་སུ་ཡིས་འཛིན།།ཤུལ་ལུས་ཉམ་ཐག་སྐྱེ་འགྲོ་སུ་ཡིས་སྐྱོབ།།དེང་འདིར་ཁ་བ་ཅན་གྱི་ཡུལ་ལྗོངས་སུ།།ལོག་པར་སྨྲ་བ་དགུན་གྱི་ལྷགས་རླུང་བཞིན།།ཀུན་ལ་ཁྱབ་ཅིང་གནོད་འཚེ་ཇེ་མང་རེད།།མུན་པ་སེལ་བའི་རྒྱལ་བསྟན་སྒྲོན་མེ་འདི།།འཇིག་ལ་ཉེ་བས་ཁྱེད་རྣམས་ཕེབས་པ་སྔ།།དེང་གི་སྐྱེ་བོ་ཕལ་ཆེ་དད་པ་ཆུང་།།བསྟན་དང་བསྟན་པ་འཛིན་ལ་རྒོལ་བ་མང་།།ཚུལ་ལྡན་ཆོས་པ་འཕྱེ་བོ་མི་ལུས་རྩི།།མགོ་བདེ་གཡོ་ཅན་བསྟན་འཛིན་སྐྱེས་བུར་རྩི།།ཁྱིམ་པ་དབང་ཆེ་དགེ་འདུན་དབུ་འཕང་དམའ།།མགོན་པོ་ཁྱེད་རྣམས་ཕེབས་པ་ཤིན་ཏུ་སྔ།།མཚན་ལྡན་ཡང་སྤྲུལ་སྐུ་ན་ཤིན་ཏུ་ཕྲ།།མ་བརྟག་བྱིས་པར་ལོག་ལྟ་རི་ལས་ཆེ།།ཆགས་སྡང་རྨོངས་གཏམ་གངྒཱའི་ཆུ་ལས་མང་།།མ་བཅོས་དགེ་སྦྱོང་གྲལ་གྱི་མཐའ་རུ་ཕུད།།ཆོས་གཟུགས་ཟོག་པོ་དད་པའི་ཁྲི་ལ་བཤམས།།འདི་ལྟར་མཐོང་དུས་སྐྱོ་བ་ཆེས་འཕེལ་བས།།རྗེ་བཙུན་ཁྱེད་རྣམས་ཕེབས་པ་ཤིན་ཏུ་སྔ།།༢༠༡༦/༡/༦/ཉིན་ཆོས་འཕེལ་ནོར་བུའི་སེམས་ཁམས་སྐྱོ་བའི་རྐྱེན་གྱིས་རང་དབང་མེད་པར་ཐལ།
ཞལ་གདམས་བདེ་ཆེན་མཆོག་སྟེར།
བྱ་བྲལ་སངས་རྒྱས་རྡོ་རྗེས་མཛད།
༈ན་མོ་གུ་རུ་བྷྱ། །སྐྱབས་དྲིན་མཆོག་གཏེར་ཆེན་བླ་མ་རྗེར།།སྤྲང་སྐྱོ་གདུང་དྲག་པོས་གསོལ་བ་འདེབས།།གནས་མི་མངོན་ཟངས་མདོག་དཔལ་རི་ནས།།དབྱིངས་ཟག་བྲལ་མཁྱེན་པའི་སྤྱན་གྱིས་གཟིགས།།དུས་ད་ནི་སྣོད་བཅུད་གར་བལྟས་ཀྱང་།།ཡོངས་སྙིགས་མ་ལྔ་ཡི་རང་མཚང་ངོམས།།ས་གང་དུ་བསྡད་ཀྱང་བདེ་སྐྱིད་ཟད།།ཆོས་ཚུལ་བཞིན་བྱེད་པ་སྲིད་པ་ཙམ།།ལས་བྱ་བ་རང་འདོད་གཡོ་ཁྲམ་གྱིས།།གཞན་བསླུ་བའི་བསམ་སྤྱོད་ཁོ་ན་ལས།།ལས་རྒྱུ་འབྲས་བརྩི་བ་ལྟ་ཞོག་གི།ཚེ་ཕྱི་མ་དྲན་པའི་མི་རེ་དཀོན།།ལར་བསམ་ཞིང་སྙིང་རླུང་དབང་མེད་ལངས།།ཕ་དྲིན་ཅན་བླ་མ་དཔལ་རིར་གཤེགས།།བུ་ལས་ངན་འཁོར་ནག་གྲོང་དུ་ལུས།།ཡིད་འཆི་ལ་སྨོན་ཡང་འཆི་མ་ནུས།།གསོན་བསྡད་རྒྱུར་འདི་སྣང་སྐྱོ་ཆད་དེ།།སྡུག་རེ་དོགས་ལྐོག་ཟས་ཨ་ཙ་མ།།མིང་སྐམ་པོའི་བླ་ཆུང་གོ་ས་འདིས།།དགྲ་འཆི་བདག་སླེབས་ཉིན་མི་བསླུ་འམ།།གྲོང་ཡུལ་དང་འདུ་འཛིར་བྱོལ་ཁུལ་གྱིས།།རི་དབེན་པའི་ནགས་ཁྲོད་བརྟེན་མདོག་འདི།།རྒྱུད་ཞེན་ཆགས་ངན་གོམས་བག་ཆགས་ཀྱིས།།རྟག་འཛིན་དང་ཕྱི་ཆས་གྲབ་ཤོལ་འདིང་།།ལས་ཟིན་མེད་མང་པོས་ལུས་སེམས་བྲེལ།།མི་དགོས་རྒུ་དགོས་ལ་རྫོགས་དུས་མེད།།ཐུན་གཙང་མ་གཅིག་ཀྱང་ཆོད་དུས་དབེན།།ཁོང་འཇིག་རྟེན་ཞོ་ཤས་འཚོ་བ་ཡི།།རྐང་ལེབ་ལ་མངགས་གཞུག་ཁུར་ལྗིད་བཀལ།།གྱེན་ཐུར་དང་གཡང་ས་འཕྲང་རྩུབ་ལ།།ཁུར་མི་ཐེག་སྒྱིད་པ་འདར་སིག་སིག།ངག་ཧུ་ཁྱུ་དང་ཤུགས་རིང་བརྩེགས་མར་འདོན།།སྙིང་ཁ་རུ་འཐོན་འདྲའི་སྡུག་བསྔལ་དང་།།ལུས་རྔུལ་ནག་གི་ཐིགས་པ་ཤ་ར་ར།འདི་དཔོན་ཆེན་གྱིས་ཁྲལ་འུ་འདེད་པ་དང་།།སྒོ་ཀུན་ནས་མཚུངས་པ་མ་ལགས་སམ།།ལར་སྙིང་རྗེ་མེད་པའི་ཆོས་གཟུགས་ཀྱང་།།ཁྲམ་པ་ཡིས་རི་སྟོང་ཉུལ་བ་འདྲ།།གནས་རི་ཁྲོད་འཛིན་པའི་དོན་སྒོ་ནི།།དོན་བྱ་བ་ཞུང་ཞིང་དགེ་འཕེལ་དགོས།།མར་འཁོར་བའི་གནས་ན་ཇི་ཙམ་དུ།།ལུས་དཀའ་ཐུབ་གདུང་བས་ཚར་བཅད་ཀྱང་།།དུས་མཐའ་མེད་འཁོར་བའི་རྒྱུ་ལས་མེད།།བར་དགོན་སྡེ་གྲྭ་སའི་སྤྱི་རྒྱུག་ལམ།།མངོན་ལྐོག་དང་ཚུལ་འཆོས་འགྲན་སེམས་རྩོད།།ཀློག་ཕེར་ཙམ་ནས་གྲོང་ཆོག་ལ་མི་ཚེ་སྐྱེལ།།ཐོས་བསམ་དང་ཆོས་སྤྱོད་བསྐྱེད་རྫོགས་དོན།།སྙིང་པོ་དང་བྲལ་བའི་གཟུགས་བརྙན་ལ།།བདག་ཞེ་ནས་མགུ་བ་ཅང་མ་བྱུང་།།སྟེང་རི་ཁྲོད་བཟུང་བ་ལེགས་མོད་ཀྱང་།།ནང་ཉོན་མོངས་འདུལ་སྦྱོང་མི་ལྡན་ན།།བྱ་བྱིའུ་རི་དྭགས་གཅན་གཟན་མཚུངས།།མཚམས་ཁང་དུ་རྟེན་གསུམ་མཆོད་ཆའི་རིགས།།ཁྲ་ཁྲ་དང་ཤིག་ཤིག་སྟོང་བསགས་ཀྱང་།།བདག་འཛིན་དང་ངོམ་ཁྱེར་ཆོས་བརྒྱད་ཀྱི།།རྟོད་ཕུར་ལས་གཞན་དུ་ཨེ་འགྲོ་སོམས།།གཅིག་མཁོ་གཉིས་དགོས་ངང་འཆི་བདག་སླེབས།།ནོར་ཀུན་ལས་མཆོག་གྱུར་ཆོག་ཤེས་ལ།།བདག་སྤྲོད་མཁན་མེད་པ་མཚར་ཆེའོ།།གནས་དབེན་པ་བརྟེན་པའི་སྒོམ་ཕྲུག་ཚོ།།གཞི་ངེས་འབྱུང་སྐྱོ་ཤས་འཆི་ཆོས་དྲན།།མ་འགྲོ་ཀུན་དོན་དུ་བྱང་སེམས་བསྐྱེད།།དུས་རྟག་ཏུ་ཁ་འདོན་བཟླས་བརྗོད་དང་།།ལམ་བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་ལ།།ཁྲིགས་ཐུན་བཞི་ལས་བཞི་མ་ཆག་པར།།ན་དགའ་དང་འཆི་སྐྱིད་ལ་ཚད་བཙུགས་འཚལ།།འདི་ཁ་ཏ་ཁ་ཆེམས་གཅིག་ཆོག་ཡིན།།དུས་ད་ནི་གང་དང་ཅི་མནོ་ཡང་།།སེམས་སྐྱོ་བ་སྐྱེ་བའི་རང་བཞིན་ལས།།གཞན་ཅི་ཡང་མེད་འདི་ཀྱཻ་མ་ཧུད།།རྗེ་བླ་མ་ཞིང་ཁམས་གཞན་དུ་གཤེགས།།ཕྱོགས་ཐམས་ཅད་མྱ་ངན་མུན་པས་ཁྱབ།།ཡུལ་སྣོད་བཅུད་སྡིག་པའི་ཡོ་ལང་འཁྲུགས།།ཆོས་བྱེད་ལོ་རྣམས་འདི་སྣང་བསླུ་བྲིད་ལ།།མགོ་འཁོར་ནས་དོན་ཆེན་ཡལ་བར་བོར།།ཕྱོགས་ཀུན་ནས་དམག་འཁྲུགས་སྐད་ངན་སྦིར།།རྗེ་རྒྱལ་བསྟན་ནམ་ལངས་རྒྱུ་སྐར་འདྲ།།མི་རྒན་འཁོགས་བདག་ཀྱང་ལོ་ནས་གཏུགས།།ལུས་འབྱུང་བཞི་གོག་པོ་འདི་སྐྱུར་ན་སྙམ།།ཕ་རྗེ་བཙུན་གུ་རུའི་ཞབས་དྲུང་ལས།།སེམས་འདུན་པ་གཏད་ས་གཞན་དུ་མེད།།དུས་དེ་ཚེ་དཔའ་བོ་མཁའ་འགྲོ་མས།།མདུན་བསུས་ནས་ཞིང་དེར་དྲང་དུ་གསོལ།།གནས་དེ་རུ་ཕ་བུ་ལྷན་འཛོམ་སྟེ།།ཆོས་སྨིན་གྲོལ་ཐབས་མཁས་ལ་བརྟེན་ནས།།ཕྱིར་མི་ལྡོག་བདེ་ཆེན་མཆོག་ཐོབ་ཤོག།ཅེས་པའང་བྱ་བྲལ་སངས་རྒྱས་རྡོ་རྗེ་རྒན་བུས་ཡུལ་དུས་གང་ཟག་གི་གནས་ཚུལ་ལ་སྐྱོ་ཤས་ཀྱིས་ཁམས་འདུས་དྲག་པོ་བྱུང་བའི་རྐྱེན་གྱིས་སྦས་ཡུལ་ཡོལ་མོའི་ཡང་ཁྲོད་ཀུན་བཟང་ཆོས་གླིང་སྒར་དུ་ཡིད་ལ་གང་དྲན་བྱུང་རྒྱལ་དུ་སྨྲས་པའོ༎༎
སྤྲུལ་སྐུ་ཆོས་ཀྱི་ཉི་མའི་གསུང་བཤད་ནང་ལ་༧སྐྱབས་རྗེ་བྱ་བྲལ་རིན་པོ་འདི་ཉིད་སྤྲུལ་པའི་སྐུ་གང་ཡང་མེད་ཅེས་དང་། དགོན་པ་གང་ཡང་མེད་གསུང་འདུག མི་ཤེས་རྨོངས་པའི་བླུན་པོ་བདག་ཀྱང་ཧ་ལས་བྱུང་། ཆོས་ཀྱི་ཉི་མ་རིན་པོ་ཆེ་ཁོང་དམིགས་བསལ་གྱི་ཕྱག་ལས་དང་ཆོས་བཤད་ཀྱི་བྲེལ་ཚབ་ལ་བརྟེན་༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེའི་རྣམ་ཐར་གཟིགས་མྱོང་ཡོད་ས་མ་རེད། གཟིགས་རོགས་བྱེད་ཞུ་རྒྱུ་ཡིན།
ངའི་ཕྱོགས་ནས་བསམ་ན་༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་སྤྲུལ་པའི་སྐུ་ཡིན་པ་གུ་རུའི་ལུང་གིས་ཟིན་ཡོད་པ་གང་གི་རྣམ་ཐར་དང་གཏེར་ཁ་མང་པོའི་ནང་དུ་གསལ། དེ་ཡང། ༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེས། མཆོག་གི་བླ་མ་རྣམས་ཀྱི་རྒྱལ་ཚབ་ཏུ།།དབང་བསྐུར་ལུང་ཟིན་ཕྱོགས་མེད་གཞན་དོན་སྤྱོད།།སྦས་པའི་རྣལ་འབྱོར་ཀུན་སྤངས་རྫོགས་ཆེན་པ།།སངས་རྒྱས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས།། ཞེས་གསུངས་པས་གསལ། དགོན་པ་དང་སྤྲུལ་བརྒྱུད་ཡོད་པ་ཙམ་གྱི་སྤྲུལ་པའི་སྐུ་གྲུབ་ན་གྲུབ་ཆེན་བརྒྱད་བཅུ་ལ་སོགས་པ་སྤྲུལ་པའི་སྐུ་མིན་པ་ཐལ་ལོ།། གསུང་བཤད་འདི་ཕྱོགས་ལྷུང་དང་གཟུར་ཟའི་གསུང་བཤད་འདྲ་སྣང་བྱུང། འགལ་ཏེ་དེ་ལྟར་ཡིན་ན་ ༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་ལ་འཛམ་བུ་གླིང་ཕྱོགས་ཕྱོགས་ནས་སྐལ་ལྡན་སློབ་མ་ཁྲི་ཁྲག་འབུམ་ཕྲག་ཡོད་པ་རེད། སྐལ་ལྡན་སློབ་འབངས་ཐམས་ཅད་ཀྱི་སྤྱན་ལ་ཐལ་བ་མ་གཏོར་ཞུ་བ་མཁྱེེེན་ལགས།། །།
ངས་མཇལ་སྐོར
https://www.facebook.com/photo.php?fbid=956436211115516&set=pcb.956436354448835&type=3&theater
དངོས་གནས་བྱས་ན་བྱ་བྲལ་རིན་པོ་ཆེ་དང་མཁན་པོ་འཇིག་མེད་ཕུན་ཚོགས་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་ལས་སོགས་ནི་བསམ་གྱིས་མི་ཁྱབ་པའི་སྐྱེས་བུ་དམ་པ་རེད་་་་དེ་ཡིན་དུས་བླ་མ་དེ་དག་གི་སྤྲུལ་འདྲ་ངོས་འཛིན་མ་གནང་ན་ཡག་ཤོས་རེད།། དེང་སང་སྤྲུལ་སྐུ་དེ་ཚོས་བླ་མ་གོང་མའི་མཛད་པ་ལ་མུ་མི་འཐུད་པར་ཞབས་ནས་དྲངས་ཡོང་གི་འདུག བྱས་ཙང་སྐྱེས་བུ་དམ་པ་དམ་པའི་ས་ལ་བཞག་ན་གཟི་བརྗིད་ཆེ་ཤོས་རེད།།
བྱ་རྩོལ་ལས་ཀྱི་འདུ་འཛི་ཀུན་སྤངས་ནས།།
བྲལ་བ་ཆེན་པོའི་ཀློང་དུ་མཉམ་པར་བཞུགས།།
སངས་རྒྱས་དངོས་བྱོན་ཁྱེད་མིན་གཞན་ན་སུ།།
རྡོ་ཆེ ལྟ་བུའི་དད་མོས་ཁྱེད་ཕྱག་འཚལ།།
༄༅།།..ཡུལ་དུས་རང་གཞན་ལ་སྐྱོ་བའི་ཉམས་མགུར་སྦས་ཡུལ་དྲན་བསྐུལ་བཞུགས་སོ།།
རྗེ་དུས་གསུམ་ཀུན་མཁྱེན་པདྨ་འབྱུང་།།ཁོང་ལྔ་བརྒྱའི་གཙུག་རྒྱན་བི་མ་ལ།།དོན་དབྱེར་མེད་པདྨ་ལས་འབྲེལ་ཞབས།།མི་བདག་གི་སྤྱི་གཙུག་རྒྱན་དུ་བསྟེན།དུས་ལྔ་བརྒྱ་སྙིགས་མའི་ཡང་མཐའ་འདིར།།ཕྱི་ཡུལ་སྣང་སྣོད་བཅུད་གང་བལྟས་ཀྱང་།།ཡིད་སྐྱོ་ཤས་སྐྱེ་བའི་རང་བཞིན་ལས།།བློ་སྣང་མེད་སྡོད་པ་ཁོམ་ལགས་སམ།།ལྷོ་འཛམ་བུའི་གླིང་གནས་རྒྱལ་ཁབ་རྣམས།།སྟོབས་མངའ་ཐང་མཚོན་ཆའི་འགྲན་བསྡུར་འདིས།།མིའི་སེམས་ལ་འཇིགས་སྐྲག་ཁུར་ཆེན་བཀལ།།ཡོངས་བདེ་སྐྱིད་བག་ཕེབས་མེད་ཚུལ་ལྟོས།།བདུད་སྙིང་ལ་ཞུགས་པའི་རྗེ་དཔོན་ཚོས།།རང་རྒྱལ་དང་གཞན་ཕམ་བསམ་ངན་འཆང་།།ལས་འབྲས་དང་དྲང་བདེན་རྒྱབ་ཏུ་སྐྱུར།།མ་སྐྱེ་འགྲོ་སེམས་ཅན་སྡུག་ལ་སྦྱོར།།ལས་འཐབ་རྩོད་དམག་འཁྲུག་བསླང་ལ་བརྩོན།།བདུད་སྨོན་ལོག་མཚོན་གྱི་ཁ་རླངས་མདས།།རང་གཅེས་པའི་ཚེ་སྲོག་གློ་བུར་བསྟུངས།།དྲན་ཙམ་གྱིས་སྙིང་ལ་འཇིགས་པ་སྟེར།།མིའི་ཤེས་རྒྱུད་གཡོ་ཁྲམ་འཁྱོག་པོར་ཞུགས།།དྲིན་མི་གཟོ་ངོ་ཚ་ཁྲེལ་ལས་འདས།།ལུས་སྐྱེད་བྱེད་ཕ་མ་ཡིན་ཡང་བརྡུང་།།གྲོགས་ངན་པའི་ངག་ལ་ཅི་ཟེར་ཉན།།ཆོས་ལམ་དུ་ཞུགས་རློམ་སེར་གཟུགས་ཕལ།།སེམས་ཆོས་བརྒྱད་བྲན་དུ་དབང་མེད་བཀོལ།།དགྲ་ཉོན་མོངས་དུག་ལྔའི་མགོ་མ་ནོན།།མི་ཕལ་པ་ལས་ཀྱང་ལོད་འདིས་ནོངས།།མིང་གོ་སས་བསྙེམས་པའི་ཆེན་པོ་འགའ།།སྐྱོན་རང་རྩར་ཡོད་པ་མི་སེམས་པར།།མི་གཞན་གྱི་ཆོས་དང་གང་ཟག་ལ།།གཤེ་སྐུར་དང་ལོག་ལྟ་ཆོས་སྤོང་གསོག།རྗེ་ཐུབ་དབང་བསྟན་པ་འཇིག་པའི་རྐྱེན།།ལས་དེ་འདྲ་ལགས་པར་མདོ་ལས་གསུངས།།ད་བསམ་ཞིང་སྐྱོ་བ་སྐྱེ་བའི་རྒྱུ།།དུས་ལོ་རེ་སོང་ཞིང་ཇེ་སྡུག་དང་།།གཏམ་ཞག་རེ་བཞིན་དུ་གསར་འགྱུར་ཐོས།།ཕྱི་འབྱུང་བཞིའི་གཡོ་འཁྲུག་གློག་ལྟར་མྱུར།།ནང་སྐྱེ་འགྲོའི་ཤེས་རྒྱུད་བདུད་ཀྱིས་བརླབས།།རྒྱལ་ཁྲིམས་དང་ཆོས་ཁྲིམས་གཉིས་ཀ་ཡང་།།ཁྲམ་པ་དང་དམ་ཉམས་ཀྱིས་བཤིག་ལ་ལྟོས།།མཐུ་ནུས་པ་ཆེ་ལྡན་གཟའ་ཀླུ་རྒྱལ།།དེ་གསུམ་གྱིས་ནད་རིགས་མི་གཅིག་པས།།དེང་སྐྱེ་འགྲོ་ཕལ་ཆེ་ཁ་བཏགས་ཤིང་།།མི་སྨྱོན་དང་ཁྱི་སྨྱོན་ལུང་པ་གང་།།ལོ་ཉེས་དང་སད་སེར་བསྟུད་མར་འོང་།།ཆར་ཆུ་བོ་མི་སྙོམས་གནོད་ཚབས་ཆེ།།རི་རུད་དང་ཤྭ་འུད་ཀྱིས་ཡུལ་གྲོངས་འཇོམས།།ས་རི་ཀླུང་མེད་པར་ཇག་རྐུན་སྡང་།།གནས་བདེན་པར་བསྡད་ཀྱང་དགྲ་རྐུན་འཚེ།།ཆོས་བྱང་ཆུབ་སྒྲུབ་ལ་བར་ཆད་མང་།།ལམ་མཐར་ཐོན་འབྱུང་བ་ཉིན་སྐར་ཙམ།།དུས་སྙིགས་མའི་མི་ལ་སུན་པ་སྐྱེ།།ལས་ཇི་ལྟར་བྱས་ཀྱང་འགྲོགས་པར་དཀའ།།ནོར་ཟས་གོས་འབྱོར་ན་ཕྲག་དོག་བྱེད།།རང་དབུལ་ན་མི་ཁྱུར་ག་ལ་ཚུད།།འཁོར་རལ་རིལ་ཉར་ན་མགུ་འཁང་སྐྱེན།།ལར་གཅིག་པུར་བསྡད་ན་ཆོས་ཤོད་ཟེར།།ཆོས་སིལ་མ་བཤད་ཚེ་སྒྲུབ་མཁན་མེད།།ཁོང་མང་པོའི་ཚོང་དཔོན་རང་སྡུག་རྒྱུ།།བསྟན་འགྲོ་ལ་ཕན་པ་འབྱུང་ཐབས་དཀའ།།དྲིན་དམ་ཚིག་བརྩི་བའི་མི་རེ་དཀོན།།རང་མ་མགུ་ཙ་ན་ཁྲོ་གཏུམ་སྟོན།།མི་ངོ་ལྐོག་ཐུབ་པ་གང་ནའང་དཀོན།།དོན་འགྱུར་མེད་ཀྱི་བཙན་ས་མ་ཟིན་ན།།སྤྱིར་འདུས་བྱས་ཀྱི་ཆོས་ལ་སྙིང་པོ་མེད།།སྒོས་སྡེ་དགོན་ཁ་འཛིན་ཉོན་མོངས་འཕེལ།།མགོན་ཨོ་རྒྱན་ཆེན་པོའི་ལུང་བསྟན་དོན།།དུས་ཉི་ཤུ་སུམ་ཅུའི་ཁ་རལ་ལ།།ལྷོ་འཛམ་བུའི་གླིང་ན་བདེ་བ་མེད།།དམག་འཁྲུགས་ཆེན་གནམ་ས་ཁ་འཐབ་འདྲ།།ཕྱི་འབྱུང་བཞིའི་ཆོ་འཕྲུལ་སྐྱི་རེ་གཡའ།།ཞིང་ལོ་ཏོག་སེར་བས་བཅོམ་པ་བཞིན།།མ་སྐྱེ་འགྲོ་སྲོག་ཆགས་སྲིན་བུ་ཡན།།ནད་མུ་གེ་མཚོན་ཆའི་དབལ་གྱིས་འཇོམས།།མགོན་ཤཱཀྱའི་བསྟན་པ་འཇིག་ལ་ཐུག།དེས་སེམས་ཅན་བདེ་སྐྱིད་མེད་ཀྱི་སྟེང་།།ལས་སྡུག་བསྔལ་རྒྱ་མཚོའི་རྦ་ལ་གཡེང་།།རྗེ་པད་འབྱུང་བཀའ་གསུང་བསླུ་བ་མེད།།ཚུལ་འདི་འདྲ་རང་གི་མགོ་ཐོག་བབས།།ཁྱོད་ཆོས་མཛད་རྣམས་ལ་མཚུངས་སམ་སྙམ།།བདག་འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས།།རྗེ་གུ་རུས་བོད་ཁམས་སྐྱེ་འགྲོ་ལ།།འབྱུང་འགྱུར་གྱི་ཞལ་གདམས་བཞག་པའི་དོན།།སྟོད་ཏི་སེའི་གངས་ནས་ཀོང་པོའི་བར།།ཡུལ་སྦས་གནས་ཆེན་པོ་བཅུ་གཅིག་དང་།།སླད་མཐའ་གནས་ཐུབ་པའི་རོང་བཅོ་བརྒྱད།།ལྷོ་རོང་མཚམས་སུ་ཡོད་པའི་ཆོས་བྱེད་རྣམས།།སེམས་ཆགས་ཞེན་སྤོངས་ལ་དེ་རུ་བྲོས།།དོན་སྙིང་པོའི་སྒོམ་སྒྲུབ་རྩེ་གཅིག་ཏུ།།ཀུན་བརྩོན་པར་མཛོད་ཅེས་ཡང་ཡང་གསུངས།།མི་བདག་ཀྱང་ཕྱི་ནང་རྐྱེན་དུ་མས།།རྒྱུད་བསྐུལ་ནས་སྒྱིད་པས་ལུས་བཏེགས་ཏེ།།ལམ་ལ་ཆུ་འཕྲང་གསུམ་བརྒལ་བྱས་ནས།།ནུབ་སྦས་ཡུལ་ཡོལ་མོ་གངས་རའམ།།མཚན་གཞན་དུ་པདྨའི་ཚལ་ཞེས་གྲགས།།གནས་ངོ་མཚར་ཅན་འདིར་བདེ་བར་བརྟོལ།།ད་བསམ་ན་དགའ་ཞིང་སྤྲོ་བ་སྐྱེས།།སྔར་དྲང་སྲོང་གཏེར་སྟོན་མཆོག་གྱུར་པ།།ཁོང་སྔགས་འཆང་ཤཱཀྱ་བཟང་པོ་དང་།།དེའི་སྤྲུལ་སྐུ་ནམ་མཁའ་བརྒྱ་བྱིན་ཞབས།།རྗེ་སྟོབས་ལྡན་དཔའ་བོ་ཤུགས་འཆང་སོགས།།དཔལ་གྲུབ་པའི་རིག་འཛིན་ཚོགས་རྣམས་ཀྱིས།།ཆོས་གསང་ཆེན་སྔགས་ཀྱི་བསྟན་པ་བསྐྱངས།།སྦས་གནས་ཀྱི་སྒོ་འབྱེད་རྟེན་འབྲེལ་བསྒྲིགས།།དུས་དེ་ནས་བཟུང་སྟེ་ད་ལྟའི་བར།།མཐའ་དམག་དང་དུས་འཁྲུགས་ཀྱིས་གནོད་འཇིགས་བྲལ།།ཆོས་སྨིན་གྲོལ་བསྟན་པ་མ་ནུབ་གནས།།ཆོས་བྱེད་ལ་འགལ་རྐྱེན་བར་ཆད་བྲལ།།མཐུན་རྐྱེན་རྣམས་ངང་གིས་ལྷུན་གྱིས་གྲུབ།།གནས་རི་མཐོ་ས་གཙང་བསིལ་དྲོད་སྙོམས།།ཉམས་དགའ་ཞིང་རིག་པ་དྭངས་གསལ་འཆར།།སྐད་ལྷུང་ལྷུང་སྒྲོགས་པའི་ཕུ་ཆུ་རྣམས།།ཕྱོགས་ཀུན་ནས་དར་དཀར་བརྐྱང་བཞིན་འབེབས།།ཤིང་ལྗོན་པའི་ནགས་ཚལ་ལྷུན་རེ་འཐུག།ཕུའི་རི་རྩེ་ཁ་བའི་ལ་ཐོད་བཅིངས།།རིའི་སྐེད་པར་ན་བུན་ག་ཤ་ཀླུབས།།ཆར་སྨུག་པས་སྐུ་མཚམས་བསྡམས་སུ་འཇུག།འདབ་ཆགས་ཀྱི་གྲེ་འགྱུར་རྣ་བར་སྙན།།མེ་ཏོག་དང་རྩི་ཐོག་ལྟད་མོ་ཆེ།།ཤྭ་མོ་དང་ཤིང་འབྲས་ཟས་སྣ་འཛོམས།།རི་དྭགས་གཡུང་དྭགས་བག་ཕེབས་རྒྱུ།།སྲོག་གཅོད་ཀྱི་ཤན་པའི་སྡིག་ལས་དང་།།སྡིག་ཟས་ཀྱི་ཤ་ཁྲག་མིང་ཡང་མེད།།མི་ཐམས་ཅད་བློ་སེམས་ཆོས་ལ་དཀར།།མགོན་པད་འབྱུང་གདུལ་བྱར་ལེགས་སྨོན་གྲུབ།།བོད་ཡུལ་གྱི་ལྷན་ཅིག་སྐྱེས་མ་ནི།།ལྷ་སྨན་བཙུན་ཇོ་མོ་གཡང་རིས་སྐྱོངས།།མི་མོ་རྣམས་མཚན་ལྡན་ཌཱ་ཀིའི་རིགས།།བོད་གངས་ཅན་གྲུབ་པའི་ཁྱུ་མཆོག་ཆེ།།རྗེ་མི་ལ་བཞད་པ་རྡོ་རྗེ་དེས།།གནས་འདི་ཡི་སྟག་ཕུག་ཡང་རྫོང་དུ།།ཐུགས་ཉམས་རྟོགས་ཀྱིས་མྱོས་པའི་མགུར་དབྱངས་བླངས།།མདོ་ཕལ་པོ་ཆེ་ལས་ལུང་བསྟན་པའི།།གནས་ཡིན་ཞེས་བསྔགས་པའི་མེ་ཏོག་འཐོར།།འདི་སྒྲུབ་བརྒྱུད་བསྟན་ལ་རླུང་ལྟར་གྲགས།།དོན་ཡིན་ལུགས་སངས་རྒྱས་པདྨ་ཡིས།།ཞབས་བཅགས་ཤིང་བྱིན་གྱིས་བརླབས་པ་ཡི།།ཕུ་ཡང་དག་མཆོག་གི་སྒྲུབ་ཕུག་དང་།།མདའ་ཉི་ཟླ་རང་བྱོན་ཕུག་ལ་སོགས།།རྗེ་མ་ཧཱ་གུ་རུ་ཡབ་ཡུམ་གྱི།།སྒྲུབ་ཕུག་དང་རང་བྱོན་རྣམས་ད་ལྟ་ཡང་།མངོན་སུམ་དུ་མིག་གི་ལམ་ན་གསལ།།ཕ་གུ་རུའི་བཀའ་དྲིན་བསམ་མི་ཁྱབ།།འདི་རྗེས་འཇུག་ཡོངས་ཀྱིས་མཁྱེན་འཚལ་ལོ།།མི་བདག་ལ་ལྟོས་བཅས་མཆེད་ལྕམ་རྣམས།།ལས་ཟིན་པ་མེད་པའི་འཁོར་བ་ལས།།ཡིད་ཞེན་ཆགས་འཐས་ནས་མ་སྡོད་པར།།གནས་འདི་འདྲར་སྙོགས་ལ་སྒོམ་གྲུབ་རེམས།།ས་གཞན་ལས་བྱིན་རླབས་འདི་རེ་ཆེ།།རྗེ་པད་འབྱུང་བསྟན་ལ་འཁུ་བ་ཡི།།རྒྱུད་ལོག་ལྟས་བསླད་པའི་རིགས་མ་གཏོགས།།ཆོས་སྙིང་ནས་དྲན་པའི་སྐལ་ལྡན་རྣམས།།ཚེ་མི་རྟག་འཆི་བས་རྒྱུད་བསྐུལ་ནས།།ཕ་ཨོ་རྒྱན་སྦས་ཡུལ་བཟུང་རེ་རན།།ད་རན་པས་མ་ཟད་ཕྱིས་ནས་གདའ།།བོད་ཁ་བ་ཅན་དུ་མདོ་སྔགས་ཀྱི།།ཆོས་བཤད་སྒྲུབ་བསྟན་པ་དར་ལགས་ཀྱང་།།དུས་ད་ལྟ་མཐའ་མིས་དཔུང་ཤུགས་ཀྱིས།།གནས་ཆོས་འཁོར་རྣམ་གསུམ་གཙོར་བྱས་པའི།།ངོ་མཚར་བའི་རྟེན་མཆོག་གྲངས་མེད་པ།།མེར་བསྲེགས་ཤིང་བཤིག་གཏོར་ཆུ་ལ་བོར།།མིང་ཙམ་ལས་མེད་པའི་གནས་ལ་གྱུར།།སྒྲུབ་གནས་ཀུན་ཞིག་རལ་སྟོང་པར་ལུས།།བན་ཆོས་བྱེད་ཆེ་ཕྲ་ཇི་ཡོད་ཀུན།།དགྲས་བསད་བརྡུང་བཀོལ་དང་བཙོན་རར་བཅུག།གནས་ངན་སོང་ཟེར་ཡང་དེ་ལས་མེད།།ཆོས་སེམས་ལ་དྲན་ཡང་བྱར་མི་དབང་།།ཨ་ཙ་མ་འདི་འདྲའི་དུས་ངན་ཞིག།འོང་བསམ་པ་བློ་ཡུལ་མེད་བཞིན་དུ།།བོད་འབངས་ཡོངས་ཀྱི་མགོ་ཐོག་བྱུང་།།རྗེ་གུ་རུའི་ལུང་བསྟན་འཕྱུག་མེད་པ།།དུས་ད་གཟོད་ངེས་པ་འདྲོངས་ལས་ཆེ།།མི་བདག་ཀྱང་ཚེ་ཡི་ཚད་མཐར་སླེབས།།དུས་ད་ནས་ཆོས་བཤད་དབང་བསྐུར་དང་།།མིང་འགྲོ་དོན་བསྙད་པའི་ལྟར་སྣང་ཀུན།།བློས་ཅམ་གྱིས་བཞག་སྟེ་སྦས་ལུང་འདིར།།ཆོས་འོད་གསལ་རྫོགས་ཆེན་ཉམས་ལེན་ལ།།དུས་ཉིན་མཚན་འཁོར་ཡུག་འདའ་བར་སྨོན།།དོན་སྨོན་པ་ཇི་བཞིན་འགྲུབ་པ་ཞིག།ཕ་རྗེ་བཙུན་བླ་མས་བྱིན་གྱིས་རློབས།།མ་མཁའ་འགྲོ་སྲུང་མས་སྡོང་གྲོགས་མཛོད།།ང་མི་རྒན་འཆལ་གཏམ་སྨྲ་བ་ལ།།གནད་དགོས་པ་ཡོད་རུང་མེད་ཀྱང་རུང་།།དོན་སེམས་ལ་འཆར་བ་ཁ་ནས་ཐལ།།གཞན་ཕོག་ཐུག་འཆིས་ན་བཟོད་པར་གསོལ།།ཕ་པདྨས་ཕྱི་རབས་ཀྱི་སྐྱེ་འགྲོ་ལ།།དུས་འདིར་འདྲར་དགོངས་པར་གཟིགས་ནས་གཞག།ལས་ངན་པ་བདག་ཀྱང་དངོས་སུ་སླེབས།།སླད་འདུག་རྒྱུ་བྱུང་ན་དགའ་བ་ལ།།མཐར་འཆི་རྒྱུ་བྱུང་ན་སྐྱིད་པ་ལ།།གནས་གཏེར་དང་གཞི་ཡི་བདག་པོ་ལ།།གླུ་མཆོད་པར་འབུལ་ལོ་དགྱེས་པར་མཛོད།།མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་བ་དང་།།རྐྱེན་ཕྱི་ནང་གི་བར་ཆད་བསལ་དུ་གསོལ།།ཡིད་ཅི་བསམ་འགྲུབ་པའི་བཀྲ་ཤིས་ཤོག།ཅེས་པའང་རབ་ཚེས་དྲག་པོ་ལྕགས་སྤྲེལ་ཆུ་སྟོད་ཟླ་བའི་དམར་ཕྱོགས་ཀྱི་དགའ་བ་དང་པོ་ལ་སྦས་ཡུལ་ཡོལ་མོ་གངས་ཀྱི་རྭ་བའི་ཞིང་གི་དབེན་ཁྲོད་ཀྱི་མཚམས་ཁང་ཉམས་དགའ་བར་བསྟི་སྐབས་དུས་ཞབས་ཀྱི་བྱ་སྤྲང་སངས་རྒྱས་རྡོ་རྗེས་ཤུགས་འབྱུང་དུ་སྨྲས་པ་དགེ་ལེགས་སུ་གྱུར་ཅིག།༎
༄། །དུས་ད་ནས་ཆོས་བཤད་དབང་བསྐུར་དང་། །མིང་འགྲོ་དོན་བསྙད་པའི་ལྟར་སྣང་ཀུན། །བློས་ཅམ་གྱིས་བཞག་སྟེ་སྦས་ལུང་འདིར། །ཆོས་འོད་གསལ་རྫོགས་ཆེན་ཉམས་ལེན་ལ། །དུས་ཉིན་མཚན་འཁོར་ཡུག་འདའ་བར་སྨོན། །ཅེས་དྲག་པོ་ལྕགས་སྤྲེལ་1981 ལོ་ནས་སྒྲུབ་གནས་རྣམས་སུ་སྐུ་མཚམས་ལ་བཞུགས་པ་དང་། སྒྲུབ་སྡེ་ཁག་ནས་བཀའ་ཆོས་གནང་བ། མི་མང་ལ་མ་ཎི་དང་། སྨྱུང་གནས། ཚེ་ཐར་དགེ་བསྐུལ་ལས་ཕྱི་རོལ་དུ་བཀའ་ཆོས་ཆེར་མ་གནང་པ་དང་། 1993་ལོར་ལས་ལྡན་སློབ་མ་འགའ་ཞིག་གིས་བསྐུལ་བ་དང་། རྡོ་གྲུབ་ཆེན་རིན་པོ་ཆེའི་བཀའ་བཞིན་སྦས་གནས་སུ་རྫོགས་ཆེན་བཀའ་ཆོས་རྒྱས་པ་གནང་པ་ཐ་མ་དང་། དེ་ནས་རྫོགས་ཆེན་ངོ་སྤྲོད་དང་ལུང་རྐྱང་ཙམ་ལས་མ་གནང་ཞིང་། ཕལ་ཆེར་2006་ནས་སྐུ་བཅད་རྒྱ་ཁོ་ནས་དུས་འདའ་བར་མཛད་པ་དང་། ཧ་ལམ་2008་ནས་ཕྱི་རོལ་ལ་ཞལ་མཇལ་ཁ་ཙམ་ལས་མ་གནང་པར་ཐུགས་དམ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་རེད་ཟེར། ཞལ་སློབ་ཁུངས་ལྡན་ལས་བྱུང་བའི་ལོ་རྒྱུས་ཡིན། །
པདྨ་ལགས་ལ་ཐུགས་རྗེ་ཆེ་ཞུ། །
བྱ་བྲལ་རིན་པོ་ཆེ་ནི་རེ་བ་ཆེ་བའི་བླ་མ་དང་། ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ཞིག་ཡིན་པས་གནས་ཚུལ་ཤེས་འདོད་ཧ་ཅང་ཆེ། ཡུལ་མཐའ་འཁོབ་འདི་ནས་གནས་ཚུལ་ཡག་པོ་གོ་དཀའ་བས་ཁྱོད་རྣམས་ལ་མཐོང་ཐོས་ཅི་ཡོད་བཀོད་པར་ཐུགས་རྗེ་ཆེ་ཞུ། །
༸གལ་ཆེན་གྱི་ཕྱག་འཕྲིན།།
༆ཆེར་སྙིགས་དུས་ཀྱི་ཡང་མཐར་འདིར་བསྟན་འགྲོའི་བསོད་ནམས་དམན་པའི་དབང་གིས་དཔལ་གསང་ཆེན་སྔ་འགྱུར་བའི་སྐྱེས་ཆེན་དམ་པ་རྣམས་གཅིག་རྗེས་གཉིས་མཐུད་དུ་དག་པའི་ཞིང་སོགས་སུ་གཤེགས་པ་ནི་ཡིད་སྐྱོ་དགོས་པ་ཞིག་དང་།
ལྷག་པར་དུ་གསང་ཆེན་སྙན་བརྒྱུད་ཟབ་མོའི་མཛོད་འཛིན་སྔ་འགྱུར་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་རྒྱལ་བསྟན་སྤྱི་དགོས་ཡོངས་ལ་བཀའ་དྲིན་བླ་ན་མེད་པ་མི་བདག་གི་བློ་གཏད་གཅིག་ཆོགཉེ་བའི་རིགས་བདག་ཆེན་པོ་འཁོར་ལོའི་མགོན་པོ་དྲིན་ཆེན་རྩ་བའི་བླ་མ་༧སྐྱབས་རྗེ་བྱ་བྲལ་རྡོ་རྗེ་འཆང་འཆང་ཆེན་པོ་གདུལ་བྱ་ལེ་ལོ་དང་རྟག་འཛིན་ཅན་རྣམས་དམ་པའི་ཆོས་ལ་བསྐུལ་ཕྱིར་དུ་་་
རྗེ་གང་གི་འདའ་ཁའི་ཞལ་ཆེམས་ཚིག་གཉིས་ལས་དང་པོ་ང་གྲོངས་པའི་རྗེས་སུ་ཡང་སྲིད་རྩད་གཅོད་མི་དགོས། གཉིས་པ་ཁྱེད་རྣམས་སེམས་སྡུག་མ་བྱེད་གསུངས་བཞིན་མྱུར་བྱོན་གསོལ་འདེབས་དང་ཡང་སྤྲུལ་ངོས་འཛིན་ཞུ་གནང་སོགས་མི་དགོས་པར་ཁོང་གི་ཞལ་ཆེམས་གཙིགས་སུ་འཛིན་རྒྱུ་ཡིན་པས་དེ་ལུགས་ཚང་མས་དགོངས་འཇགས་འཚལ།། ༧སྐྱབས་རྗེ་བདེ་བར་གཤེགས་པ་གང་གིསགཏེར་ཆེན་བདུད་འཇོམས་པའི་སྤྲུལ་མིང་དུ་བཏགས་པ་བདུད་འཇོམས་སངས་རྒྱས་པདྨ་བཞད་པས་རབ་བྱུང་བཅུ་བདུན་པའི་ཤིང་ལུག་མགོ་ཟླའི་ཉེར་བརྒྱད་སྤྱི་ལོ ཟླ་བ ༡ ཚེས༧ལ།།
་་་་དྲ་ཐག་འདི་ལ་གཟིགས
https://www.facebook.com/photo.php?fbid=926637580755115&set=pcb.926637664088440&type=3&theater
དྲི་མེད་ལྷག་བསམ་ལ་བཀའ་དྲིན་ཆེ།
སྙིང་ནས་བཀའ་དྲིན་ཆེ་ཞུ།
ངོས་ནས་འདིར་
༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་རྒྱལ་བའི་ལུང་གིས་ཟིན་ཚུལ།།
སྤྲུལ་བའི་གཏེར་ཆེན་བདུད་འདུལ་རྡོ་རྗེའི་དགོངས་གཏེར་ཡོངས་འདུས་ཀྱི་ལས་བྱང་ལས
པཎ་ཆེན་བི་མའི་རྣམ་འཕྲུལ་མཆོག༔
ཀཿཐོག་ཕྱོགས་ནས་བུདྡྷའི་མིང་ཅན་འབྱུང་༔
ཞེས་དང་།
ད་ལྟའི་རྒྱལ་བ་བློ་གྲོས་ནི༔
མ་འོངས་ཀཿཐོག་ལྷ་ཕྱོགས་སུ༔
བུདྡྷའི་མིང་ཅན་ཤེས་རབ་ལྡན༔
གང་ཟག་དེ་ལ་ཆོས་འདི་བྱིན༔
ཞེས་དང་།
ཉག་བླ་པདྨ་བདུད་འདུལ་རྡོ་རྗེའི་ཞལ་སློབ་གཡོན་རུ་འཆི་མེད་རྡོ་རྗེའི་མ་འོངས་ལུང་བསྟན་ལས།།
པདྨའི་ཐུགས་ཀྱི་སྤྲུལ་པ་མཆོག༔
བི་མས་བྱིན་གྱིས་བརླབས་པའི་བུ༔
གླང་ལོ་བཛྲའི་མིང་ཅན་གྱིས༔
སྒྲུབ་བརྒྱུད་བསྟན་པ་རྒྱས་པར་བྱེད༔
གཏེར་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས
ཁྱད་པར་མཁར་ཆུ་ས་ཡི་སྒྱུར་གར་ཁྱོད༔
སྙིགས་དུས་མ་རུངས་ལོག་ལྟའི་གཡུལ་ལས་རྒྱལ༔
འདོད་དོན་བསྟན་པའི་མངའ་ཐང་གོང་དུ་འཕེལ༔
དོན་གཉིས་ལྷུན་འགྲུབ་དགེ་མཚན་འབར་བཞིན་དུ༔
སྐུ་ཚེ་འདུ་བྱེད་ལོ་བརྒྱར་འཚོ་བཞེས་ནས༔
ཟབ་གསང་ཆོས་རྔས་ས་གསུམ་ཀུན་ཏུ་ཁྱབ༔
ཅེས་སོགས་གནས་དུས་སྟོན་འཁོར་དགུང་སྙིང་ཆོས་ཀྱི་མཛད་པ་སོགས་གསལ་བོ་བསླུ་མེད་རྡོ་རྗེའི་གཏེར་ལུང་དུ་མ་ཡང་ཡང་ལུང་བསྟན་འདུག་གོ། དུས་ཁོམས་བྱུང་ན་མུ་འཐུད་ཆོག
པདྨས་སོ།
ལུང་འདི་དག་འབྲི་དགོས་དོན་ནི་འབྲི་གུང་སྤྲུལ་སྐུ་ཆོས་ཉི་མས་ལུང་དོན་འདི་དག་རྣམ་ཐར་རྒྱ་མཚོ་ལྟ་བུ་ཁྲོམ་བུ་སྦལ་བ་མཛུབ་མོ་རི་སྟོན་ཙམ་དུ་བྱས་པའོ།།
རྫོགས་ཆེན་པདྨ་ལེགས་ལ་ཐུགས་རྗེ་ཆེ་ཞུ། ཆོས་འཕེལ་ནོར་བུ་དང་། རྫོགས་ཆེན་པདྨ་སོགས་ཐུགས་ཕམ་མེད་པར་མཁྱེན། བླ་མ་བྱ་བྲལ་སྤྲོས་མེད་ཀྱི་སློབ་མར་གྱུར་གཤིས། སློབ་མ་རྣམས་ཀྱིས་འཇིག་རྟེན་འགྲོ་ལུགས་མི་ཤེས་པ་ཡོངས་ལ་གྲགས། ཞབས་ཞུའི་ཁྲོད་དུ་སྲས་མོ་སྐུ་བགྲེས་མཆོག་བརྡ་དག་སྙན་གསུམ་དཔེ་ཆ་སོགས་ལ་གཟིགས་རྒྱ་ཆེ་ཞིང་། ཆོས་ཕྱོགས་ཀྱི་མཁྱེན་རྒྱ་་བཟང་བ་མ་གཏོགས། གཞན་ཁམས་པ། འབྲུག་པ། རོང་པ་ཞིང་གཤེགས་དམ་པས་བརྩེ་བའི་བསྐྱང་པ། སྙིང་རྗེའི་ཡུལ། བཟོད་པའི་རྟེན། སྦྱིན་པའི་གནས། བྱང་ཆུབ་སེམས་དཔའི་ཞིང་ས་ཤ་སྟག་ཡིན་པ་སྔ་མོ་ནས་གོ་བས། དག་སྣང་སྦྱང་བའི་ཡུལ་ལོ། །
ང་ཚོ་བོད་པ་ཚོ་འུད་བསྟོད་ལ་དགའ་བ་ཡོངས་གྲགས་རེད། བྱ་བྲལ་རིན་པོ་ཆེ་ཕལ་ཆེར་འཇའ་ལུས་ལ་གྲུབ་ཡོད་ས་མ་རེད། གལ་ཏེ་གྲུབ་ན་ཞབས་འཁོར་དག་གིས་བཤད་དགོས་མ་རེད། ཉེ་འཁོར་ཀུན་གྱིས་ཤེས་ཀྱི་རེད། འཇའ་ལུས་འཕོ་ཆེན་ཡིན་ན། ཉིན་མཚན་དབྱེར་མེད་ལ་འཇའ་ཕྱོགས་བཞི་མཚམས་བརྒྱད་ནས་ཤར་གྱི་རེད། སུ་ཞིག་གིས་གསང་བ་བྱེད་ཐུབ་ཀྱི་མ་རེད། འཇའ་ཤར་བ་ཙམ་མ་ཡིན་པར་ཁ་དོག་དབྱིབས་སྣ་ཚོགས་ཤར་གྱི་རེད། འཇའ་ལུས་པ་ཡིན་ན་སུ་གཅིག་གིས་བཤད་དགོས་མ་རེད་ལ། སུ་ཞིག་གིས་གསང་བའང་བྱེད་ཀྱི་མ་རེད། །
སྲིས་མོ་སྐུ་བགྲེས་སྐོར་ལ།
་་་་་་་་ གཞན་ཁམས་པ། འབྲུག་པ། རོང་པ་ཞིང་གཤེགས་དམ་པས་བརྩེ་བའི་བསྐྱང་པ། སྙིང་རྗེའི་ཡུལ། བཟོད་པའི་རྟེན། སྦྱིན་པའི་གནས། ་་་་་་་་་་་་ འདིའི་གོ་དོན་གསལ་པོ་ཤེས་ཐུབ་མ་སོང་བས། དྲི་མེད་ལགས་ཀྱིས་གསལ་བཤད་གཉིས་ཞིག་ཡོད་པར་མཁྱེན།
#39 དྲི་མེད་ལྷག་བསམ། ་ལགས་ཀྱིས་སྤེལ་དོན།:
January 8th, 2016 at 11:06 am
༄། །དུས་ད་ནས་ཆོས་བཤད་དབང་བསྐུར་དང་། །
མིང་འགྲོ་དོན་བསྙད་པའི་ལྟར་སྣང་ཀུན། །
བློས་ཅམ་གྱིས་བཞག་སྟེ་སྦས་ལུང་འདིར། །
ཆོས་འོད་གསལ་རྫོགས་ཆེན་ཉམས་ལེན་ལ། །
དུས་ཉིན་མཚན་འཁོར་ཡུག་འདའ་བར་སྨོན། །
ཅེས་དྲག་པོ་ལྕགས་སྤྲེལ་1981 ལོ་ནས་སྒྲུབ་གནས་རྣམས་སུ་སྐུ་མཚམས་ལ་བཞུགས་་་་་་་་་
ང་ལུང་བསྟན་ལ་དགའ་པོ་ཡོད་པས་་་་
་
པཎ་ཆེན་བི་མའི་རྣམ་འཕྲུལ་མཆོག༔
ཀཿཐོག་ཕྱོགས་ནས་བུདྡྷའི་མིང་ཅན་འབྱུང་༔
ཞེས་དང་།
་
ད་ལྟའི་རྒྱལ་བ་བློ་གྲོས་ནི༔
མ་འོངས་ཀཿཐོག་ལྷ་ཕྱོགས་སུ༔
བུདྡྷའི་མིང་ཅན་ཤེས་རབ་ལྡན༔
གང་ཟག་དེ་ལ་ཆོས་འདི་བྱིན༔
ཞེས་དང་།
་
པདྨའི་ཐུགས་ཀྱི་སྤྲུལ་པ་མཆོག༔
བི་མས་བྱིན་གྱིས་བརླབས་པའི་བུ༔
གླང་ལོ་བཛྲའི་མིང་ཅན་གྱིས༔
སྒྲུབ་བརྒྱུད་བསྟན་པ་རྒྱས་པར་བྱེད༔
ཞེས་དང་།
་
ཁྱད་པར་མཁར་ཆུ་ས་ཡི་སྒྱུར་གར་ཁྱོད༔
སྙིགས་དུས་མ་རུངས་ལོག་ལྟའི་གཡུལ་ལས་རྒྱལ༔
འདོད་དོན་བསྟན་པའི་མངའ་ཐང་གོང་དུ་འཕེལ༔
དོན་གཉིས་ལྷུན་འགྲུབ་དགེ་མཚན་འབར་བཞིན་དུ༔
སྐུ་ཚེ་འདུ་བྱེད་ལོ་བརྒྱར་འཚོ་བཞེས་ནས༔
ཟབ་གསང་ཆོས་རྔས་ས་གསུམ་ཀུན་ཏུ་ཁྱབ༔
་
༄༅། །ཕ་བླ་མ་༧བྱ་བྲལ་སངས་རྒྱས་རྡོ་རྗེའི་གདུང་འབོད་ཡེ་ཤེས་དབྱིངས་གྲོལ། །
ན་མོ་གུ་ར་ཝེ། །
ཀུན་བཟང་ཆོས་སྐུའི་ཀློང་ནས་སངས་རྒྱས་ཀྱི་སྒྱུ་འཕྲུལ། །
ཟུང་འཇུག་ཁྱབ་བདག་ཆེན་པོའི་བརྟུལ་ཞུགས་ཀྱིས་རོལ་བ། །གཅིག་ཆོག་རྡོ་རྗེ་འཛིན་པ་སྙིང་ཁྲག་གི་དྭངས་མ། །
དབྱིངས་སུ་ཡལ་བས་སྣང་བ་ཡད་ཡུད་དུ་གྱུར་སོང་། །
གཟུང་འཛིན་སྣང་བའི་ཆོས་ཀུན་རང་ས་ནས་ཟད་དེ། །
རགས་ལུས་འབྱུང་བ་རང་དེང་རྡུལ་ཕྲན་དུ་བསྡུས་པས། །
མཐོང་གྲོལ་སྐུ་མཆོག་མཇལ་བའི་སྐལ་བ་ནི་མི་འདུག །
གདོས་བཅས་ལུས་འདི་ཞིག་ཀྱང་ཕངས་རྒྱུ་ཅི་རང་ཡོད། །
ལས་རླུང་སྒྲ་འཛིན་མཚན་མའི་ཡོ་ལང་ཀུན་ཞིག་དེ། །
སྙན་འཇེབས་གསུང་གི་རོལ་མོ་དྷུ་ཏི་རུ་བསྡུས་པས། །
ཐོས་གྲོལ་ཟབ་ཆོས་ཉན་པའི་སྐལ་བ་ནི་མི་འདུག།
སྨྲ་བྱེད་དུམ་བུར་ཆད་ཀྱང་སྐྱོ་སྣང་རང་མེད་དོ། །
ཀུན་རྟོག་སེམས་ཀྱི་འགྱུ་བ་རང་ས་རུ་ཟད་དེ། །
མཁའ་ཁྱབ་དབྱིངས་དང་རོ་སྙོམ་ཆོས་དབྱིངས་སུ་བསྡུས་སོང་། །དད་གདུང་སེམས་ཀྱི་གཏད་སོ་སུ་ཡིན་རང་མ་འཚལ། །
དྲན་པའི་ཚོར་བ་ཉམས་ཀྱང་བྲེད་རྒྱུ་རང་མེད་དོ། །
གདུང་སེལ་ཞལ་རས་དྲན་ནོ་དྲིན་ཅན་གྱི་ཕ་རྒན། །
སྙན་པའི་གསུང་དབྱངས་དྲན་ནོ་དམ་ཆོས་ཀྱི་འབྱུང་གནས། །བརྩེ་བའི་ཐུགས་རྗེ་དྲན་ནོ་སྙིང་དབུས་ཀྱི་བླ་མ། །
བརྒྱལ་བའི་སློབ་བུ་གཟིགས་སམ་ཚེ་རབས་ཀྱི་སྐྱབས་གནས། །
ངུ་བའི་སྨྲེ་ངག་ངག་གསན་ནམ་རྣལ་འབྱོར་གྱི་དབང་པོ། །
གདུང་བའི་སྡུག་བསྔལ་དགོངས་སམ་མཁྱེན་བརྩེ་ཡི་བདག་ཉིད།།
བྱིན་རླབས་དངོས་གྲུབ་རྩོལ་ཅིག་རྡོ་རྗེ་ཡི་སློབ་དཔོན། །
ཀྱེ་ཧོ་མི་རྟག་ལགས་སོ་འདུས་བྱས་ཀྱི་མཚན་ཉིད། །
སྡུག་བསྔལ་སྲིད་དོ་འཁོར་བའི་མཚོ་ཆེན་དུ་གཡེངས་ཡོད། །གཅིག་པུར་མ་ཡིན་སྐྱེས་ནས་འཆི་བ་འདི་ཆོས་ཉིད། །
སྐྱོ་གདུང་སེམས་ཀྱི་ཚོར་བ་ཆོས་ཉིད་དུ་སྦྱོར་ཅིག །
པདྨའི་ཚལ་ནས་ཀ་དག་གཉུག་མ་ཡི་དེ་ཉིད། །
རྗེན་པ་སྟོན་ཚེ་སྣང་གྲགས་འཁོར་འདས་ཀྱི་ཆོས་ཀུན། །
ཡེ་ཤེས་དབྱིངས་གྲོལ་ལ་བཟླའི་རྟུལ་ཞུགས་ལ་རོལ་ཅེས། །གཟེངས་མཐོའི་གསུང་གདངས་མ་ཉམས་རྣ་བ་འདིར་ལྷང་ལྷང་། །
ཡེ་གྲོལ་ཀུན་བཟང་ཞལ་རས་ལྷམ་མེ་རུ་མཇལ་ཞིང་། །
མ་བཅོས་ལྷུག་པའི་ཉམས་མྱོང་རྩོལ་མེད་དུ་སྐྱེས་པར། །
རྟོགས་འབུལ་རྣམ་རྟོག་སྤུན་ཐག་རང་ས་རུ་ཆོད་ཅེས། །
མཉམ་རྫོགས་དགོངས་པ་ངོ་སྤྲོད་རྩལ་དབང་དེ་དྲན་བྱུང་། །མཐའ་བརྒྱད་སྤྲོས་པའི་རྣམ་རྟོག་རི་བོང་གི་གཟུགས་བརྙན། །
ཐ་སྙད་བརྡ་ཡི་ཟླ་བར་རང་བྱུང་དུ་ཤར་ཡང་། །
རང་གྲོལ་སེམས་ཀྱི་ངོས་ན་སྤང་བླང་ཀུན་འདས་པའི། །
ཟང་ཐལ་རྗེན་པའི་ཡེ་ཤེས་ངོ་སྤྲོད་དེ་དྲན་བྱུང་། །
སྣང་བ་སྒྱུ་མའི་གྲོང་ལ་བྱིས་པ་ཀུན་དགྱེས་ཤིང་། །
ཀུན་རྫོབ་འཁྲུལ་བའི་ལྟད་མོར་བློ་ཆུང་རྣམྶ་མཚར་ཡང་། །
སྤང་བླང་རོ་མཉམ་རིག་པ་གཏད་མེད་དུ་གྲོལ་བ། །
དོན་གྱི་བྱ་བྲལ་ཡིན་པའི་དོ་ཧ་དེ་དྲན་བྱུང་། །
གླུ་གར་སྒྲུང་དང་བཞད་གར་འཁོར་ལོ་ལ་རོལ་ན། །
དང་པོའི་ལས་ཅན་སྲིད་པའི་རྒྱ་མཚོ་ལ་ལྟུང་པས། །
པདྨའི་ཞལ་གདམས་ལོ་གསུམ་རྐང་ཚུགས་ཀྱི་ཉམས་ལེན། །
གོ་བར་མཛོད་ཅེས་སྙིང་གཏམ་རྣལ་མ་དེ་དྲན་བྱུང་། །
ཐོག་མེད་འགྲོགས་པའི་སེམས་གཤིས་མ་མཐོང་པའི་འགྲོ་བས། །དམ་པའི་སྐྱེས་བུའི་རྒྱུད་མཇལ་བློ་ཆུང་གི་ཐོ་ཅོ། །
སྐྱེ་སྤྲུལ་བླ་མ་ཀུན་ལ་དག་སྣང་རེ་ནུས་ན། །
ཆོས་སྐུ་ཉག་གཅིག་ཡིན་ཅེས་གདམས་པ་དེ་དྲན་བྱུང་། །
འུད་གོག་ཚིག་གི་སླུ་བྲིད་བདུད་པོ་ཡི་གཡོ་སྒྱུ། །
ངོ་འཛིན་འཇིག་རྟེན་ཆོས་བརྒྱད་ཆོས་པ་ཡི་འཆང་རྒྱ། །
བཙན་དུག་སྨན་དུ་སྒྱུར་མཁས་གསང་སྔགས་ཀྱི་ཐབས་མཆོག །ནུས་མིན་རང་སེམས་སྐོར་ཅེས་གདམས་པ་དེ་དྲན་བྱུང་། །
ཕྱོགས་རེའི་བསྟན་པས་མཐའ་དག་གདུལ་བྱའི་དོན་མི་འགྲུབ། །ཐེག་རིམ་ཡོངས་རྫོགས་ཐུས་ཀ་ནད་བརྒྱ་ཡི་སྨན་མཆོག །
མཚོ་སྐྱེས་རྒྱལ་བའི་བཀའ་སྲོལ་གྲུབ་བརྒྱ་ཡི་ཐུགས་ཐིག།
སེམས་ཀྱི་དྭངས་མར་བསྟིམ་ཅེས་གདམས་པ་དེ་དྲན་བྱུང་། །
ཐལ་འབྱིན་བཞི་ཡིས་སྲིད་པའི་སྟོང་སྲོག་ཀུན་བཅད་ན། །
བན་བོན་སྔགས་མཁན་བྱེ་བའི་ནུས་སྟོབས་ཀུན་མཐར་བྱེད། །སྙིང་གཟེར་བེ་བུམ་བསྟན་པའི་ལྕགས་རི་རང་ཡིན་ཅེས། །
ས་ལམ་བར་ཆད་སེལ་བྱེད་མན་ངག་རྣམས་དྲན་བྱུང་། །
བཤད་དང་སྒྲུབ་པའི་ཉི་ཟླ་ཕྱོགས་རེ་བར་མ་ཆད། །
མདོ་དང་སྔགས་ཀྱི་བསྒྲོད་པ་འགལ་ཟླ་རུ་མ་སོང་། །
རྒྱུད་དང་བསྟུན་པའི་མན་ངག་འུད་གོག་ལ་མ་གྱུར། །
རྟོགས་པའི་གྲུབ་རྒྱུད་འཛིན་པའི་ཞལ་གདམས་རྣམས་དྲན་བྱུང་། །
དཔེ་དོན་འཚོལ་ན་དཔེ་རྣམས་ཁྱོད་རང་ལ་སྤྲད་ཅེས། །
བརྒྱ་ཕྲག་པུསྟི་ལག་པའི་སྙིམ་པ་ལ་གཏད་དེ། །
རྒས་པའི་གདོས་པོར་བལྟས་ན་ངལ་བ་ཡི་རྒྱུ་ཡིན། །
རང་སེམས་བླ་མར་ལྟོས་ཞེས་གདམས་པ་དེ་དྲན་བྱུང་། །
སྣང་ཡུལ་རྒྱ་ཆེ་སེམས་ཀྱི་འཆར་སྒོ་འདི་གྲངས་མང་། །
དེར་འཛིན་བཟོ་རྒྱ་བཅོས་པས་སྲིད་པ་ལ་ཁྱུ་འཁོར། །
འཛིན་མེད་རིག་པའི་ཀློང་དུ་འཁོར་འདས་ཀུན་འུབ་ཆུབ། །
སྣང་མཁན་གཅེར་བུར་ཐོང་ཞེས་གདམས་པ་དེ་དྲན་བྱུང་། །
སྲ་འཐས་བདེན་གྲུབ་ལས་རླུང་བག་ཆགས་ཀྱི་རང་གཟུགས། །བལྟས་པས་གཞི་མེད་རྩ་བྲལ་གཏད་མེད་ཀྱི་སྟོང་པ། །
ཡུལ་མེད་སངས་པའི་ཡེ་ཤེས་བཙན་ས་ལ་སླེབས་པའི། །
སོ་མ་ལྷུག་པར་སྐྱོང་ཞེས་གདམས་པ་དེ་དྲན་བྱུང་། །
དྲན་རྒྱུ་མང་དེ་དྲན་ཆོག་བླ་མ་དེ་བཞུད་སོང་། །
དྲན་ཚད་ཁ་ནས་བཤད་ན་རྡོལ་ཆོས་སུ་འགྱུར་བས། །
དྲན་པ་ནང་དུ་བརྟུལ་ནས་དྲིན་ཆེན་གྱི་བླ་མ། །
དྲན་པའི་འཁོར་ལོར་བརྟེན་ནོ་བྱིན་རླབས་ཀྱི་ཆར་ཕོབས། །
རྣམ་སྨིན་སྒྱུ་མའི་ཕུང་པོ་སྟོང་དབྱིངས་སུ་ཞུགས་ཏེ། །
ཡེ་ཤེས་ལུས་མཆོག་མཁྱེན་བརྩེ་ཆོས་དབྱིངས་སུ་ཁྱབ་པས། །
གང་ནས་བོས་ཀྱང་ཁྱོད་མཚན་གང་ཤར་ཀུན་ཁྱོད་སྐུ། །
འབྲེལ་ཚད་ཆོས་སྐུར་གྲོལ་བའི་བྱིན་རླབས་ཤིག་སྩོལ་ཅིག།
རྩོལ་མེད་རང་བཞག་ངང་ནས་འགྲོ་འོངས་དང་བྲལ་བར། །
རང་བྱུང་ཡེ་ཤེས་བླ་མ་ཀུན་བཟང་གི་དགོངས་ཀློང་། །
གཞི་དབྱིངས་འཕོ་འགྱུར་མེད་པ་བུམ་སྐུ་ཡི་རྒྱལ་ཐབས།།
ཁྱད་ཆོས་དྲུག་ལྡན་བཙན་ས་ཚེ་འདི་རུ་ཟིན་ཤོག །
ཅེས་པའང་ཕ་བླ་མ་གདོད་མའི་སངས་རྒྱས་མཆོག་ནང་དབྱིངས་གཞོན་ནུ་བུམ་སྐུར་བྱང་ཆུབ་པའི་རྣམ་པར་ཐར་བ་རྣ་བའི་ལམ་དུ་བྱུང་བ་དང་། སྐྱོ་གདུང་གི་རྒྱ་མཚོ་འཁྲུགས་ཤིང་འདི་སྣང་གི་རི་བོ་སྙིལ་བས་སྣང་བ་ར་རོ་བར་གྱུར་དེ་རེ་ཞིག་ལུས་པ་དང་། སླར་ཡང་སེམས་རང་སོ་ཟིན་པ་དང་སྣང་བ་ཡད་ཡུད་དུ་གྱུར་བའི་ངོར་བཀའ་དྲིན་ཅན་གྱིས་སྔར་གྱི་ཞལ་གདམས་དང་གསུང་གི་སྒྲ་ལྷང་ལྷང་རྣ་བར་གྲགས་པའི་འཁྲུལ་རྟོག་དེ་མ་ཐག་དམ་པ་གང་གི་སློབ་འབངས་ཀུན་ཀྱི་ཡང་ཐ། ཀཿཐོག་རིག་འཛིན་ཆེན་པོའི་སྐྱེ་མིང་པ་པདྨ་དབང་ཆེན་ནམ། དྲི་མེད་འོད་གསལ་སྙིང་པོར་འབོད་པས་མིག་ཆུའི་ཐིག་པ་འཐོར་བཞིན་གོ་རིམ་མེད་པར་གང་བྱུང་དུ་ཡི་གེར་བཀོད་དེ་གསོལ་བ་བཏབ་པའོ། །
༄།།ཨེ་མ་ཧོ།བསམ་བརྗོད་བྲལ་བའི་ཡེ་ཤེས་མཆོག་གི་སྐུ།།སྐྱེ་འགྲོའི་དོན་དུ་མིར་བརྫུས་བྱ་བྲལ་བ།།གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུགས་ན་རྒྱལ།།མཁས་གྲུབ་དབང་ཕྱུག་ཁྱེད་ལ་གསོལ་བ་འདེབས།།ལས་ཅན་རྨི་ལམ་སྒྱུ་འཕྲུལ་ནང་གསེབ་ལས།།གང་སྐུ་ཆོས་དབྱིངས་མ་འགག་རོལ་ཐང་དུ།།ད་རེས་ཞི་བར་གཤེགས་པ་ཡིད་སྐྱོའི་གཏམ།།རྣ་བར་ཐོས་པས་བདག་ཉིད་མཆིས་མ་འཁྲུགས།།འོན་ཀྱང་ཞི་བའི་དབྱིངས་སུ་མ་གཟིམས་པར།།དུས་ངན་སྙིགས་པའི་ལས་ངན་སེམས་ཅན་རྣམས།།ཐར་ལམ་འདྲེན་པའི་དེད་དཔོན་ཆེན་པོ་རུ།།མྱུར་བ་ཉིད་དུ་བྱོན་པར་ཐུགས་རྗེས་བཟུང་།། བདག་འདྲའི་ལས་ངན་མི་ཡིས་འབྲི་མི་རུང་ཀྱང་དཔལ་ལྡན་བླ་མའི་མདུན་ལས་ཆོས་འབྲེལ་ཐོབ་པའི་བཀའ་དྲིན་རྗེས་དྲན་དུ་འཁྱམས་པོ་བསོད་ནམས་དཔལ་ལྡན་གྱིས་འབྲུག་ཐིམ་ཕུག་ཏུ་བྲིས་པ་དེས་ཚོགས་གཉིས་རྫོགས་ནས་མཐར་དཔལ་ལྡན་བླ་མའི་གོ་འཕང་དུ་འཐོབ་པར་གྱུར་ཅིག། །།
རྣམ་ཐར་ཚིག་རྐང་བརྒྱད་མ།
འཇིག་རྟེན་བྱ་བ་བྲལ་ཡང་དཀར་ལས་དུད་འགྲོའི་སྲོག་སྐྱོབ་ལས་ལ་བྲེལ། །
འཇིག་རྟེན་བལ་པོར་ཕེབས་ཀྱང་བོད་ལུགས་རྙིང་ཆོས་གདམས་ངག་སྤེལ་བར་མཛད། །
འཇིག་རྟེན་ཆོས་བརྒྱད་སྤངས་ཀྱང་གསང་ཡུམ་བདག་བཟུང་སྲས་མོ་རྣམ་གཉིས་འཁྲུངས། །
འཇིག་རྟེན་ཕལ་པ་མིན་ཡང་ཀུན་མཚུངས་འདི་ནས་མྱ་ངན་འདས་ཚུལ་བསྟན། །
་
ཉི་སྟོང་དྲུག་ནས་ལོ་བརྒྱད་ཙམ་བར་ཞལ་མཇལ་མ་བསྟན་གཅིག་པུར་བཞུགས། །
འདས་ཁར་ཞལ་ཆེམས་ཚིག་གཉིས་གསུངས་པར་ཀུན་གྱིས་ཡིད་ལ་འཕྱང་མོ་ཉུག །
ཡང་སྲིད་སྲིད་ཀྱང་མེད་པར་གསུང་དོན་དགག་བྱ་དགོས་པ་གང་ཡིན་ནམ། །
འདས་པའི་རྗེས་ལ་བློ་ཕམ་མེད་པར་བློ་བདེར་སྡོད་དགོས་བཀའ་ཡང་སྩལ། །
ཀརྡོ་རབ་འབྱམས་པས།
འདྲེ་ཞིག་གིས་གསོལ་འདེབས་འདི་འདྲ་བྱས་འདུག
ཉི་ཟླ་ཐང་ལ་ལྷུང་སོང་།
གསེར་གྱི་རི་བོ་འགྱེལ་སོང་།
སྡུག་གི་མུན་པ་འདི་སུས་སེལ།
ཨ་དཀོན་མཆོག་མཁྱེན།
ཚུལ་ལྡན་གྱི་བསུང་ཞིམ་ཆད་སོང་།
དམ་གཙང་གི་ཆབ་རྒྱུན་རྐམ་སོང་།
ཤུལ་ལུས་ཀྱི་གདུང་བ་སུས་སེལ།
ཨ་དཀོན་མཆོག་མཁྱེན།
སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་ཐེངས་གསུམ་མཇལ་རྒྱུ་བྱུང་བར་མ་ཟད། དབང་ཡང་འགའ་ཞིག་ཐོབ། བྱ་བྲལ་རིན་པོ་ཆེ་མཇལ་བའི་ཆེད་དུ་ཡོངས་ལེ་ཤོད་ལ་ཐེངས་གཉིས་ཆེད་དུ་དམིགས་ཏེ་སོང་ཡང་། སྐལ་བ་མ་བྱུང་། ད་གཤེགས་སོང་།
སྐྱབས་སུ་མཆི། གསར་འགྱུར་འདྲ་ཨེ་འདུག །
བྱ་བྲལ་རིན་པོ་ཆེའི་མི་ཚེའི་ལོ་རྒྱུས་གསང་ཡུམ་ཀ་མ་ལ་ཤི་ལས་གསུངས་པ།
https://www.youtube.com/watch?v=_8monuO7pDM