རོང་བོ་དཀོན་མཐིལ།
ཕྱི་ལོ་༢༠༡༦ ཟླ་༡ ཚེས་༧ ཉིན་རྨ་ལྷོ་ཁུལ་གྱི་རེབ་གོང་དུ་ཡོད་པའི་ཞང་ཡོན་གསོལ་མགྲོན་ཁང་ཟེར་བའི་ཟ་ཁང་གིས་དེར་ཡོད་ལས་ཀ་བ་ཚོར་གསར་བཟོས་བྱས་པའི་སྒྲིག་གཞི་དོན་ཚན་ལྔ་ཅན་གྱི་གནས་ཚུལ་ཞིག་བྱུང་བ་དེ་དུས་ཐུང་ནང་བོད་རིགས་ཚོས་ཚོར་ཤུགས་ཆེན་པོའི་སྒོ་ནས་དྲ་ལམ་གང་མང་ཐོག་བརྒྱུད་བསྐུར་ཁྱབ་སྤེལ་བྱས་ཡོད་ཅིང་། ཟ་ཁང་དེའི་ཆེད་བཟོས་སྒྲིག་གཞིའི་དོན་ཚན་དང་པོའི་ནང་དུ་དེར་ཡོད་ལས་ཀ་བྱེད་མཁན་ཚོས་ཕན་ཚུན་བར་ལ་བོད་སྐད་བཤད་ཚེ་སྒོར་ ༥༠༠ ཉེས་ཆད་ཡོད་པ་འཁོད་ཡོད།
དེར་བརྟེན་”མི་བདག་བདག་ཏུ་རེ། བདག་པོ་སྒོ་ཁྱིར་འདོན།” པའི་ཟ་ཁང་དེའི་བྱུས་ངན་དེ་ལ་ས་གནས་ཡུལ་མིས་གཙོས་པའི་བོད་རིགས་ཧ་ཅང་མང་པོ་ཞིག་གིས་འདོད་མོས་མེད་པའི་རྣམ་འགྱུར་ཤུགས་དྲག་བསྟན་ཡོད་པ་དང་། དུས་མཚུངས་སུ་སྐད་འཕྲིན་དང་པོད་འཕྲིན་སོགས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་ངོ་རྒོལ་གྱི་བསྒྲགས་གཏམ་མང་པོ་བོད་རིགས་དྲ་སྤྱོད་པ་ཚོས་སྒོ་དུ་མ་ནས་སྤེལ་ཅིང་།
དེ་བཞིན་དུ་རིག་འབྱུང་གླིང་སྐད་འཕྲིན་ཚོགས་པས་ཐོག་མར་བྱས་ཏེ་དོན་ཚན་བཞི་ཅན་གྱི་བསྒྲགས་གཏམ་སྤེལ་བ་སོགས་ངོ་རྒོལ་རིམ་པར་བྱས་མཐར་ཕྱི་ཚེས་༨ ཉིན་རྨ་ལྷོ་ཁུལ་རེབ་གོང་ཐུན་རིན་རྫོང་སྲིད་གཞུང་གིས་གསོལ་མགྲོན་ཁང་དེ་དངོས་སུ་སྒོ་རྒྱག་ཏུ་བཅུག་འདུག
http://www.rfa.org/tibetan/sargyur/guest-house-rebkong-tibetan-01082016125009.html
་་་་་་་་་་ལས་བྱེད་པའི་དབར་ཕན་ཚུན་བོད་སྐད་བཤད་མི་ཆོག་པ་དང་། གལ་ཏེ་སྒྲིག་གཞི་དང་འགལ་ཚེ་སྒོར་༥༠༠ཉེས་ཆད་གཅོད་རྒྱུ་བཅས་བཀོད་ཡོད་འདུག ་་་་་་་་
མུ་མཐུད་ནས་ཡིན་གདའ། རང་གཞན་གཉིས་ཕན་གྱི་ལས་འགུལ་ལ་རྗེས་སུ་ཡི་རང་ཞུའོ།།
གཏམ་བཟང་རེད། གོང་རིམ་ནས་ངན་པ་རྒྱ་ཡན་དུ་མ་གཏང་བའི་སྲིད་ཇུས་བཟང་པོ་རེད། མི་རིགས་གང་ཞིག་དང་དེ་སྐད་ཡིག་ལམ་སྲོལ་ལ་མཐོང་ཆུང་དང་ཁྱད་གསོད་མི་འབྱུང་བ་བྱེད་རྒྱུ་ནི། སྤྱི་ཚོགས་བདེ་འཇགས་སུ་འདུས་སྡོད་བྱེད་ཐུབ་མིན་ལ་ཐུག་ཡོད་པ་དེ། ད་ལྟ་དངོས་སུ་ངོ་ཆོད་པ་བསྟན་པ་ཡིན་པས། འདི་འདྲ་ལ་དགའ་བསུ་ཞུ།