འདྲེ་གླེན་པ།
1
ཕྱི་རོལ་ཏུ་དབྱར་གཞུང་ཚེས་པས་ཡིན་ནམ།
ངས་ཁ་བ་ལྟ་བུའི་དགུན་གཞུང་ཞིག་ལ་སྣ་གླུ་ཤུར་ཤུར་དུ་ཤོར།
2
སྒེའུ་ཁུང་ནས་ཉི་འོད་ཀྱི་བཙན་འཛུལ་ལ་ཚོད་ཅིག་མེད་པས་ཡིན་ནམ།
ངས་ཚོད་ཚོད་དུ་མུན་པ་ཞིག་རླུང་བུ་ལྟར་གཡུག་ཡོང་ན་སྙམ།
3
འཇིག་རྟེན་གྱི་ཐ་སྙད་རེ་རེ་ད་ལྟ་འགྲེལ་ལུགས་ལྟར་གྲུབ་སོང་བས་རེད་དམ།
ངས་རང་གི་སྐད་ཆ་དག་ཡི་གེ་རུ་འགོད་ཐབས་མེད་སྣང་སྐྱེས།
2016 /1/17 ཉིན་ཨོ་གླིང་གི་རི་བོ་སྔོན་པོ་རུ་འབོད་པའི་གདོད་མའི་ས་ས་མཐོ་ཤིང་རྩུབ་དེ་ནས།