ཁྲོ་གཏུམ་གྱིས་ཡིག་ཕབ་བྱས།
སྟོད་ཕྱོགས་འབྲོག་གི་ཕྱུགས་ར་གོང་མ་ནས།།
གཡང་རྫི་བུ་གི་གཡང་དཀར་འཚོ་གོ་དུས།།
གཡང་མོ་ལུག་གི་སྡུག་བསྔལ་བཤད་ཀྱིས་ན།།
རི་གསུམ་རྩེ་ན་རྩི་རྩྭ་ཟ་གོ་དུས།།
རི་སྤྱང་སྔོན་མོ་མགྱོག་མགྱོག་ཉུ་ལི་ལི།།
རྒྱུ་བདག་རྒད་པོས་རྒྱ་ལ་བཙོང་གོ་དུས།།
རྒྱ་ནག་ཤན་པ་དེས་ཤག་ནག་ཤིག་ཤིག
ཤོར་མེད་ཞག་པའི་ཨ་ལོང་འདེབས་གོ་་དུས།།
ཉམས་ཆུང་སྲོག་གི་སྲོག་རྩ་འདའ་ར་ར།།
ཚེ་དཀར་མ་བུ་ཁ་ཁར་གཏོང་གོ་དུས།།
ཚེ་ཕྲུག་ལུ་གུ་དེ་ཤུད་ན་འབའ་ལྷིང་ལྷིང་།།
གཡང་དཀར་དཀྱིལ་གྱི་ལུ་གུ་གཉོམ་པོ་ཁྱོས།།
རི་རྩྭ་ཟོས་ནས་རང་མགོ་མ་ཐོན་དུས།།
བྱམས་ལྡན་ཨ་མའི་ནུ་ཞོ་མི་དབང་གི།
ད་ནས་བཟུང་དེ་མ་བུ་མི་ཐུག་ག།
གཡང་དཀར་མ་བུ་བྲལ་པའི་སྡུག་བསྔལ་འདི།།
དབང་ཆེན་མགོ་ནག་མྱི་གི་མ་ཤེས་དུས།།
དབང་ཆུང་འུ་ཚོའི་དབང་ལ་མི་ཡོང་ག།།
སྨད་ཕྱོགས་གཡང་གི་སྡེ་རི་ཞོལ་མ་ནས།།
ལོ་ཉུང་གཞོན་ནུས་རྩེད་མགོ་རྩོམ་གོ་དུས།།
འདང་ཆེན་འུ་གཉིས་ཀ་སྡུག་སྲོལ་བཤད་ཀྱིས་ན།།
སྨག་ག་རྒྱབ་ནས་ཁྱོད་གྲོང་ལ་འཁོར་གོ་དུས།།
མདོ་རིག་རྟ་ཡི་མཐོག་རྔོགས་སི་ལི་སི་ལི།།
ཐང་ལ་བབས་ནས་རོགས་ལོར་ཐུག་གོ་དུས།།
ཐག་རིང་རོགས་ཀྱི་རྔན་པ་ཤུ་རུ་རུ།།
རོགས་རྟགས་གདུ་བུ་ལག་ན་བརྗེ་གོ་དུས།།
དགའ་སྐྱོ་ཟུང་གི་མཆི་མ་ཐ་ར་ར།།
རང་དབང་མེད་པར་གཞོག་ལ་བཀར་གོ་དུས།།
སུ་ར་ཡིན་རུང་སེམས་ཁུངས་འཁྱགས་སྟོང་སྟོང་།།
ཞིང་བཟང་ཞི་མོའི་སེམས་མཐུན་རོགས་ལོ་ཁྱོས།།
རང་སེམས་ལྷོད་ནས་རང་ཚུགས་མ་ཟིན་དུས།།
འདང་ཆེན་གྲོང་ནས་རེ་མ་མི་ཐུག་གི།
ནམ་ཐུག་རོགས་གི་དབང་ལ་མི་ཡོང་ག།
འདང་ཆེན་ཁ་ཁར་བཏང་བའི་སྡུག་བསྔལ་འདི།།
དབང་ཆེན་གླེང་མོ་མྱི་ཁའི་མ་ཤེས་ན།།
དབང་ཆུང་འུ་གཉིས་ཀྱི་དབང་ལ་མི་ཡོང་ག།
སྒྲ་ཡི་འབྲེལ་ཐག་འདིར་ཡོད། http://kg.qq.com/share.html?s=1AWrz2N2TZv2
བོད་རང་ལུགས་ཀྱི་སྙན་ངག་དང་ལ་གླུ་སོགས་དར་ཞིང་རྒྱས་པར་སྨོན། སྙན་རྩོམ་འདི་ལྟར་མང་ཙམ་འབྲི་ཐུབ་ན་གངས་ཅན་བོད་ཀྱི་ངོ་གདོང་ངོ་མ་དེ་མངོན་དུ་གསལ་བར་འགྱུར། ངོ་མ་སྙན་བྱུང་ཡ། །
འདིར། ཁྱོས། ཞེས་རྣམ་དབྱེ་གསུམ་པ་བྱེད་སྒྲ་འབྲི་དགོས་དོན་མེད། གཞས་འདིས་རིགས་ལ། ཁྱོད་ཙམ་གྱིས་མི་འཐུས་པ་མེད།
ཁྱོས་ནི།
ཁྱོ་གས་སམ། ཁྱོ་ག་ཡིས་ཞེས་པའི་བྱེད་སྒྲ་ལ་འཇུག་པ་ལས། ཁྱོད་ཀྱིས་ཞེས་པའི་བྱེད་སྒྲ་ལ། དུས་ནམ་ཡང་འཇུག་མ་མྱོང་ལ། མ་འོངས་པར་ཡང་དུས་ནམ་འཇུག་པར་བཟོ་མི་ཐུབ། འདི་ཡང་ཨ་མདོ་ཡུལ་སྐད་ངན་ཤོར་འདིར་བཅུག་པ་རེད།
ཁྱོས་འདི།
ཁྱོ་ག་ཡིནས་ལ་འཇུག་པ་མདོ་མཛངས་བླུན་ནང་ལ་ཤིན་ཏུ་གསལ་པོར་ཡོད་ཁུངས་ལན་དྲངས་ནས་ཕུལ་ཟིན་པ་ཡིན། ད་དུང་ཁུངས་འདིར་ཡང་བསྐྱར་འདྲེན་དགོས་ན། ད་དུང་ཞབས་འདེགས་ཞུ་ཆོག་གོ།