ཚེ་རིང་སྐྱིད།
སྤྱི་ཟླ་ ༡༠ བའི་ཚེས་ ༢༧ གྱི་དགོང་མོ་དེར་ང་དང་ཉལ་གྲོགས་བུད་མེད་ཅིག་གིས་ངའི་ཨ་མ་གཙོ་བྱས་པའི་བོད་རིགས་བུད་མེད་ཚོའི་ལས་དབང་གླེང་ནས་ཚེས་ ༢༨ ཀྱི་ཞོགས་པའི་ཆུ་ཚོད་བཞི་བའི་བར་བསྡད། ཉིན་དེའི་ཞོགས་པའི་ཆུ་ཚོད་དགུ་བར།བོད་རིགས་བུད་མེད་ཀྱི་ནུས་ཤུགས་གོང་འཕེལ་ཞེས་པའི་བོད་གཞུང་གི་སྲིད་བྱུས་དེའི་སྒང་ལ་ཟབ་སྦྱོང་མགོ་འཛུགས་རྒྱུ་ཡིན་པས་མདང་ནུབ་གཉིད་ཚད་ལོངས་པ་ཞིག་ཡོང་ཐབས་མ་བྱུང༌། ངེད་གཉིས་ཀྱིས་ལབ་གླེང་མཚམས་བཞག་སྟེ་གཉིད་དུ་ཡུར་རྗེས་ཀྱི་གཉིད་གུང་དུ་ང་རང་མཚམས་རེར་དགོད་ཀྱིན་འདུག་ལ་ལན་རེར་ངུ་གིན་འདུག་ཟེར་ནས་ཞོགས་པ་མལ་ལས་ལངས་དུས་ཉལ་གྲོགས་བུད་མེད་དེ་ཡིས་ལབ་བྱུང༌། ངས་བསམ་བློ་ཅི་ཙམ་བཏང་ཡང་རྨི་ལམ་ཅི་ཞིག་རྨིས་པ་དང༌། རྒྱུ་མཚན་གང་འདྲ་ཞིག་གིས་གཉིད་གུང་ནས་དེ་ལྟར་བྱས་པའི་རྒྱུ་རྐྱེན་གཏན་ནས་མ་རྙེད། ཞོགས་པ་དེར་ཞོགས་ཇ་ཡང་མ་རག་པར་ཟབ་སྦྱོང་ལ་ཞུགས་པ་ཡིན།
ཟབ་སྦྱོང་མགོ་འཛུགས་ཏེ་ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ་བདག་གི་ལག་ཁྱེར་ཁ་པར་ནས་སྒྲ་གྲག་བྱུང༌། ངས་ཟབ་སྦྱོང་བ་ཚོའི་མདུན་ནས་དོགས་མ་བདེ་བ་དང་མཉམ་དུ་ཨང་གྲངས་ལ་བལྟ་དུས་དེ་ནི་ཕ་ཡུལ་དུ་ཡོད་པའི་ཕུ་བོ་ཆུང་བ་ཡིན་པ་ཤེས་མོད། ཡིན་ན་ཡང༌། སྐད་ཆ་བཤད་ན་ཚོགས་རྭ་ཡོངས་ལ་གུས་མེད་རེད་བསམ་སྟེ་ཁ་པར་ཁ་བརྒྱབ་པ་ཡིན། ཟབ་སྦྱོང་གི་བར་གསེང་ནས་ངས་ཕུ་བོར་ཁ་པར་བཏང་བ་ན། ཕུ་བོ་ཧ་ཅང་ཁྲོ་ཉམས་ཀྱྀས་ཁྱེད་རང་གིས་ནམ་ཡིན་ཡང་མི་རིགས་དང་ཕུགས་བསམ་གླེང་ནས་ང་ཚོའི་སྐད་ཆར་རྣ་བ་གཡར་གྱིན་མི་འདུག ད་ཁྱེད་རང་ཁྱེད་ཀྱི་དམིགས་ཡུལ་གྱི་དོན་དུ་ལས་ཀ་བྱས་ནས་བདེ་སྐྱིད་ལྡན་པ་དང་བློ་འགྱོད་ཞིག་མེད་ན་ཧྲ་གི ཁྱེད་ལ་རང་གི་ཕ་མ་དང་ང་ཚོའི་ཕུ་བོ་ཚོ་ཡང་དགོས་ཀྱིན་མི་འདུག་གཱ ཨ་མ་ད་ནངས་གྲོངས་སོང་ཞེས་ངུ་མ་ཁྲོ་ཡིས་བཤད་བྱུང༌། དང་ཐོག་ངས་དུས་ནམ་ཡང་ཚིག་རྩུབ་མོ་ཞིག་ཀྱང་ལབ་མ་མྱོང་བའི་ཕུ་བོར་ཅི་ཞིག་བྱུང་སོང་སྙམ་མོད། སྐད་ཆ་ཚང་མ་དབུགས་ཐེངས་གཅིག་གིས་བཤད་ཚར་མ་ཐག་གཞི་ནས་གནས་ཚུལ་ཧ་གོ་བྱུང༌། ང་ལ་མིག་ཆུ་དང་སྐྱོ་སེམས་མི་འདུག་ལ་གློ་བུར་དུ་ཚོར་བ་ཅི་ཡང་མེད་པར་སྐད་ཆ་ཡང་བཤད་རྒྱུ་མི་འདུག ཕུ་བོས་ངས་ཁ་མི་གྲག་པར་འདུག་པ་ཚོར་རྗེས་སླར་ཡང་ངག་ཇེ་འཇམ་དང་ལྷོད་པོའི་སྒོ་ནས། ཚེ་བྷ་ཞེས་བོས་བྱུང༌། དེ་ནི་ངའི་ཕ་མ་དང་ཕུ་བོ་གསུམ་ལས་སུས་ཀྱང་བོས་མ་མྱོང་བས་ཚོར་བ་གསར་བ་ཞིག་གམ་གཞི་ནས་གཉིད་སད་པ་ལྟ་བུའི་ངང༌། འིན་ཞེས་ལན་བཏབ་མ་ཐག་ཕུ་བོས་བདག་གི་སེམས་པ་སྐྱོ་བར་སྙམ་པ་ལོས་ཡིན༌། ངག་འཇམ་པོའི་སྒོ་ནས། ཁྱེད་རང་གིས་དུས་རྒྱུན་པར་ཆོས་ཉིད་དང་མི་ཚེ་ཟེར་ནས་ང་ཚོར་འགྲེལ་བཤད་རྒྱག་གིན་ཡོད། དེ་རིང་ཁྱེད་ཀྱིས་བརྗོད་མྱོང་བའི་སྐད་ཆ་འདི་ཚོ་ཁྱེད་རང་ཉིད་ཀྱིས་ལག་ལེན་ལ་བསྟར་དགོས། འཇིག་རྟེན་གྱི་བྱ་བ་ཅི་ཞིག་ཡིན་ཡང་ངོས་ལེན་བྱེད་སླ་བ་དེ་འཆི་བ་ཟེར་བ་འདི་རེད། དུས་ཚོད་སྔ་ཕྱི་ཡི་ཁྱད་པར་ཡིན། ཁྱེད་རང་ས་མཐར་ཡོད་པར་སྙམ་སྟེ་སེམས་པ་མ་སྐྱོ། ཁྱེད་ཀྱིས་ཨ་མར་བསྐུར་མྱོང་བའི་སྒོར་མོ་དེ་དག་ཀྱང་ང་ཚོས་བེད་སྤྱོད་གཏན་ནས་བཏང་མ་མྱོང་ལ་སྨན་རིན་ལ་ཡང་གཏན་ནས་བཏང་མེད། ཨ་མ་དྲིན་ཆེན་མ་ཡོད་དུས་ཀྱི་ཉིན་དགུའི་སྔོན་ལ་དགོན་པར་མང་ཇ་དང་ཚོགས་བཟུང་བ་ཡིན་ལ། ད་དུང་ཁོ་མོའི་རེ་བ་བཞིན་སྒོར་མོས་གསོན་ཆོས་ཀྱང་བྱས་ཚར་ཡོད། ཁྱེད་ཕ་ཡུལ་དུ་ཡོད་ཚེ་གཞན་ཞིག་གི་གནའ་མ་ཡིན་རྒྱུ་རེད་ལ། ཁྱེད་ལ་ཨ་མར་སེམས་ཁུར་དང་ཇུས་གཏོགས་བྱེད་རྒྱུའི་དབང་ཆ་ཨེ་ཡོད་ཀྱང་ཐེ་ཚོམ་རེད། དེ་བས་ད་སེམས་ཁུར་བྱེད་དོན་མེད་ལ་མིག་ཆུ་དང་སེམས་སྡུག་གིས་ཕན་མི་ཐོགས་པས་རང་གིས་ལས་ཀ་ག་རེ་བྱེད་ཀྱི་ཡོད་པར་འཐུས་ཤོར་མ་གཏོང༌། ཨེ་གོ་ཐལ། ཁྱེད་ས་མཐར་ཡོད་པས་ཕུ་བོ་གསུམ་པོར་སེམས་ཁྲལ་ཆེན་པོ་འདུག་ཟེར་ཞོར་བཤད་མཚམས་བཞག་བྱུང༌། སྐབས་དེར་ངས་ཕུ་བོའི་སྐད་གདངས་གློ་བུར་དུ་ངུ་སྐད་དང་འདྲེས་པ་ཤེས་སོང༌། ངས་ཕུ་བོར་ང་ལ་སེམས་ཁྲལ་གཏན་ནས་བྱེད་མི་དགོས། ངས་འདིར་བསྔོ་རྟེན་དང་མཆོད་འབུལ་གང་ཐུབ་བྱེད་ངེས་ལ་ཁྱེད་ཚོས་ཀྱང་དེ་ལྟར་བྱེད་རོགས། ངས་བསམ་བློ་གཏོང་ཐུབ་གི་ཡོད། ད་ང་རང་ལས་ཀར་ཡང་འགྲོ་དགོས་པས་ངས་དེ་རིང་དགོང་མོ་ཁྱེད་ལ་ཁ་པར་བཏང་ཡོང་ཞེས་བརྗོད་པ་ཡིན། སྐད་ཆ་བཤད་ཚར་རྗེས་ང་རང་མྱུར་དུ་ཟབ་སྦྱོང་ལ་ཞུགས་པ་ཡིན།
ཟབ་སྦྱོང་གི་སྐབས་སུ་ངས་ཟབ་སྦྱོང་འབྲི་དེབ་ངོས་སུ་མདང་གི་ཨ་མའི་ལས་དབང་གླེང་སའི་བུད་མེད་དེ་ལ། ངའི་ཕུ་བོས་ཁ་པར་སླེབས་ཏེ་ཨ་མ་དེ་རིང་ཞོགས་པ་འདས་གྲོངས་སུ་བུད་སོང་ཟེར། ངོ་མ་ཡིན། ངའི་ཡིད་སེམས་ནི་མཚོ་ཁའི་རྦ་རླབས་བཞིན་གཡོ་གིན་འདུག ཡིན་ན་ཡང་འདི་ནི་ཆོས་ཉིད་ཡིན་པས་ངས་རང་ཉིད་ཀྱི་ཚེ་སྲོག་དང་འདྲེས་བའི་ལས་དོན་ལ་འཐུས་ཤོར་བཏང་ན་ག་ལ་འགྲིག ང་ལ་སེམས་གསོ་མ་གཏོང༌། ཞེས་བྲིས་ཏེ་ཁོ་མོར་སྤྲད་པ་ཡིན། ཁོ་མོས་བདག་ལ། འདི་སེམས་སྐྱོ་བའི་གནས་ཤིག་ཡིན་རུང་ཁྱེད་རང་གིས་སྡུག་བསྔལ་དེ་ནུས་ཤུགས་ལ་བསྒྱུར་ཐུབ་པའི་ཡིད་ཆེས་གཙང་མ་ཡོད། འདི་ཚང་མར་ཡོང་བཞིན་པའི་གནས་ཚུལ་ཞིག་རེད། བློ་མ་ཕམ། སྤོབས་པའི་མགོ་བོ་སྔར་བཞིན་དགྱེ་དགྱེ་བྱོས། ཅེས་བྲིས་ཏེ་སྤྲད་བྱུང༌། དེ་ལྟར་ཉིན་གུང་གསོལ་ཚིག་ལ་སླེབས་བྱུང༌། ངས་དྲོས་ཇ་མ་འཐུང་བར་ཟབ་སྦྱོང་བྱེད་སའི་གནས་དེར་ཡོད་པའི་དགོན་པ་ཁག་ལ་མཆོད་མཇལ་དང་བསྔོ་བརྟེན་ཕུལ་བར་སོང༌། ས་གནས་འདིར་ཡོད་པའི་དགོན་པ་ཁག་རྙིང་མ་དང་ས་སྐྱ་རེད་འདུག་མོད། ཡིན་ན་ཡང་ངའི་སེམས་སུ་གྲུབ་མཐའ་ཞེས་པའི་ཕྱོགས་རིས་སམ་ཡང་ན་ངེས་བ་ཏིལ་འབྲུ་ཙམ་ཡང་མི་འདུག གནད་དོན་འདི་གཅིག་བྱས་ན་ང་རང་ཆོས་པ་ཞིག་མིན་པས་ཡིན་སྲིད། དགོན་པ་དེ་ཚོར་མཇལ་བ་གང་ཡང་མི་འདུག་པར་དགོན་པ་ཅིག་གི་འདུ་ཁང་སྒོ་ཆེན་ཡང་གཏན་འདུག་མོད། གྲ་བ་ཚོས་སྒོ་ཆེན་ཕྱེས་ཏེ་ང་རང་ནང་དུ་མཆོད་མཇལ་ལ་བཏང་བས་མཆོད་མཇལ་ཆ་ཚང་བ་ཞིག་བྱས་པ་ཡིན། འདི་ནི་ཕལ་ཆེར་དུས་ཡུན་རིང་པོ་ཞིག་གི་རྗེས་ནས་ངས་ཆེས་ནན་ཏན་དང་ཡང་ན་ཚོར་ཤུགས་ཆེན་པོས་མཆོད་མཇལ་བྱེད་ཐེངས་དེ་ཡིན་ངེས། རྒྱུ་མཚན་ཡང་ལས་སླ་བོ་རེད། སྐབས་འདིར་ངའི་ཡིད་ཀྱི་གདུང་བ་འཇོམ་བྱེད་ནི་ངའི་མདུན་གྱི་ལྷ་སྐུ་དང་སྨོན་ལམ་གྱི་ཚིག་འབྲུ་འདི་དག་རེད། གཅིག་བྱས་ན་ཀློག་པ་པོ་ཁྱེད་ཚོས་ང་ནི་ཇི་འདྲའི་ཁྲེལ་མེད་མ་ཞིག་རེད་ཨང༌། སྡུག་དུས་ཆོས་དྲན་གི་འདུག་སྙམ་སྲིད་མོད། ཡིན་ན་ཡང་གནད་དོན་འདི་ཀློག་མཁན་ཁྱེད་ཅག་ལ་ཡང་འཕྲད་སྲིད་ལ་འཕྲད་ཟིན་པ་ཡང་ཡོད་ངེས།
དེ་ལྟར་ངས་དགོན་པ་དེ་དག་ལ་མཆོད་མཇལ་བྱས་རྗེས་ཡུལ་ལུང་གང་སར་ཡོད་པའི་བློས་ཐུབ་གྲོགས་མོ་དང་གྲོགས་པོ་ཚོར་ཁ་པར་ནས་འཕྲིན་ཐུང་བཏང་ཏེ་གནད་དོན་འདི་བཤད་ལ་མ་ཎི་རེ་འདོན་རོགས་དང་བསྔོ་བརྟེན་རེ་འཇོག་རོགས་ཞུས་པ་ཡིན། ལས་གྲོགས་ཚོ་དང་གྲོགས་པོ་ཚོས་སྔ་ཕྱིར་ཁ་པར་ཡོང་ནས་སེམས་གསོ་གང་མང་གནང་བྱུང༌། ཉིན་གུང་རྗེས་ཕྱིར་ཡོང་ནས་མུ་མཐུད་དུ་ཟབ་སྦྱོང་ལ་ཞུགས་པ་ཡིན། ཟབ་སྦྱོང་ཚར་རྗེས་ཀྱི་ཉིན་དེའི་ཕྱི་དྲོ་ང་ཚོ་སླར་ཡང་ངྷ་སར་ཡོང་བའི་ལམ་དུ་ཞུགས། ལམ་བར་ནས་ས་ཁུལ་འདིར་ཡོད་པའི་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཏུ་ལྟ་བསྐོར་ལ་སོང་བ་ཡིན་པས་རྡ་སར་འབྱོར་དུས་ཕལ་ཆེར་དགོང་མོའི་ཆུ་ཚོད་བརྒྱད་པར་ཟིན་འདུག ལམ་བར་ནས་ལམ་གྲོགས་ཚོས་ང་ལ་བསམ་བློ་སྣ་མང་བཏང་ན་སེམས་སྐྱོ་བར་བསམ་ཏེ། ཟབ་སྦྱོང་འདི་དང་དམིགས་བསལ་ཚོགས་ཆེན་སོགས་ཀྱི་སྐོར་ལ་གླེང་མོལ་བྱས་པས་རྡ་སར་ཇི་ལྟར་འབྱོར་བའང་མ་ཚོར། རྡ་ས་ནས་གྲོགས་པོ་ཚོར་འཕྲད་རྗེས་གཞི་ནས་ངའི་སྐྱོ་སེམས་ནི་རྦ་རླབས་བཞིན་འཕྱུར་གིན་འདུག
ང་ནང་དུ་འབྱོར་མ་ཐག་ཡུན་རིང་བེད་སྤྱོད་མ་བཏང་བའི་མཆོད་ཀོང་སོགས་ལ་འཐམས་ནས་འགོར་སོང༌། མཚན་མོར་གཉིད་གཏན་ནས་མི་ཡོང་བས་གང་མཚམས་ཞིག་ལ་འདོན་མ་མྱོང་བའི་མ་ཎི་འདོན་ཞོར་ཡུན་རིང་འགོར་བས་གཉིད་ལ་ཇི་ལྟར་ཤོར་བའང་མ་ཚོར། ཞོགས་པ་ང་རང་གཙུག་ལག་ཁང་ལ་སོང་ཏེ་མཆོད་འབུལ་དང༌། བསྔོ་བརྟེན་སོགས་ཕུལ་ཞིང༌། སྟབས་ལེགས་པ་ཞིག་ལ་༧གོང་ས་མཆོག་ཀྱང་བཞུགས་སྒར་དུ་བཞུགས་ཡོད་པས་ངས་དམིགས་བསལ་གྱིས་གཟིམ་ཆུང་གསོལ་ཚིག་ཞིག་ཀྱང་འདྲེན་ཐུབ་པ་བྱུང་སོང༌། མཆོད་འབུལ་གྱི་ལས་འདི་དག་ཚར་རྗེས་ང་གཞི་ནས་ལས་ཁུངས་ལ་འགྲོ་འདོད་སྐྱེས་པ་དང༌། དམིགས་བསལ་གྱིས་ཚགས་པར་འདོན་ལ་ཉེ་བས་རང་གིས་འགྲུབ་མེད་པའི་ལས་ཀ་དག་དགོང་མོ་ཆུ་ཚོད་ ༡༡ བར་དུ་ལས། ཕྱི་ཉིན་ཞོགས་པར་གྲོགས་པོ་ཞིག་གི་རོགས་རམ་འོག་༧རྒྱལ་དབང་ཀརྨ་བར་གཟིམས་ཆུང་མཇལ་ཁར་བཅར་ཏེ་གླེང་མོལ་གྱི་དུས་ཡུན་སོགས་ཡིད་ཚིམས་པ་ཞིག་བྱུང་སོང༌། ཡིན་ན་ཡང་ངས་བདག་གི་དྲིན་ཆེན་ཨ་མ་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྨོན་ལམ་གསོལ་འདེབས་སོགས་ཡིག་ཐོག་ཏུ་ཁུར་ནས་སོང་ལ། གཞན་ངག་ཐོག་ནས་༧གོང་ས་མཆོག་དགུང་ལོ་བགྲེས་པོ་ཡིན་པ་དང༌། བོད་ཀྱི་གནས་བབ་ཧ་ཅང་ཛ་དྲག་ཡིན་པ། ང་ཚོའི་མི་རབས་འདིར་ལས་འགན་ཆེན་པོ་ཡོད་པ། དམིགས་བསལ་གྱིས་བོད་ཕྱི་ནང་གི་གཞོན་སྐྱེས་མང་པོས་རིན་པོ་ཆེ་ལ་རེ་བ་ཆེན་པོ་བྱེད་ཀྱིན་ཡོད་པས་རིན་པོ་ཆེ་ནས་སློབ་གཉེར་གནང་ཏེ་མ་འོངས་པ་བོད་མི་སྤྱི་དང༌། རྒྱལ་བའི་བསྟན་པར་བདག་པོ་གནང་དགོས་ཚུལ་ཞུས་པ་ཡིན། དེ་དུས་ངས་ཨ་མའི་གནད་དོན་བརྗེད་འདུག་པར་སྣང༌། མཇལ་ཁ་གྲུབ་རྗེས་ང་མྱུར་དུ་ཕྱིར་ལས་ཁུངས་ལ་ཡོང་ནས་ལས་ཀར་ཞུགས་པ་ཡིན་ལ། དགོང་མོ་ང་རང་ཆུ་ཚོད་བཅུ་བ་ཟིན་ཙམ་ཐོག་ནང་དུ་སོང་བ་ཡིན་མོད་ཀྱང༌། རྩོམ་སྒྲིག་པ་གཙོ་བྱས་པའི་ལས་གྲོགས་ཚོས་དགོང་མོ་ཆུ་ཚོད་བཅུ་གཉིས་ལ་ཡང་ད་དུང་ལས་ཁུང་དུ་ལས་ཀ་བྱེད་བཞིན་འདུག ཉིན་འདིར་ལས་གྲོགས་ཤིག་གིས་བདག་ལ་མཆོད་མེ་ཞལ་འདེབས་དང་འདྲེས་པའི་ཡིག་ཤུབས་ཅིག་སྤྲད་བྱུང༌། ཡིག་ཤུབས་དེའི་ནང་དུ་སེམས་གསོའི་འཕྲིན་ཡིག་ཞིག་བྲིས་འདུག འཕྲིན་ཡིག་ནང་དུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྒན་བདུད་ལྷ་རྒྱལ་དང་འབྲེལ་པའི་དངོས་བྱུང་གཏམ་རྒྱུད་ཅིག་བྲིས་འདུག་པ་དེ་ཡིས་བདག་ལ་བློ་བསྐྱེད་གསར་བ་ཞིག་དང༌། མ་མཐར་ཡང་དགོང་མོ་དེར་ངའི་སེམས་པ་ཅུང་ཀུ་ཡངས་ལ་བཏང་སོང༌།
ཚེས་ ༣ གྱི་ཕྱི་དྲོ་ཕུ་བོས་བདག་ལ་སང་ཉིན་ཨ་མའི་སྐར་མ་རེད་ལ་ཕུ་བོ་ཚོར་ཁྱེད་ལ་བཤད་རྒྱུ་ཞིག་ཀྱང་ཡོད་ཅེས་བཤད་པ་ལྟར་ངས་དུས་ཐོག་ཏུ་ཁོ་ཚོར་ཁ་པར་བཏང་བ་ཡིན། འདིར་སྐར་མ་ཞེས་པ་ནི་ཤི་བོའི་ཕུང་པོ་རི་སྒང་ལ་ཁྱེར་ཏེ་བྱ་ལ་གཏོར་ཉིན་ཡིན། འདི་ཡང་རང་གི་བླ་མར་ཞུས་ཏེ་ཐག་གཅོད་བྱེད་ཀྱིན་ཡོད། ཕུ་བོ་གསུམ་པོས་ཁོ་ཚོ་ཨ་མའི་ཕུང་པོ་དང་ཐག་ཉེ་སར་ཡོད་ལ། དེ་དགོང་ཨ་མའི་ཁ་ཆེམས་བཞིན་ང་ཚོར་ཁྱེད་ལ་བཤད་རྒྱུ་ཡོད་ཟེར་ཞོར། ཕུ་བོ་ཆེ་བས་འདི་ལྟར་ལབ་བྱུང༌། གཙོ་བོ་ཁྱེད་རང་སེམས་ཁྲལ་མ་བྱེད། སྐད་ཆ་འདི་སློབ་གྲྭར་འགྲོ་མ་མྱོང་བའི་ཕུ་བོ་གསུམ་ལ་ཁྱེད་ཀྱིས་བཤད་དགོས་པ་རེད། ཡིན་ཡང་ང་ཚོར་ཚང་མས་ཁྱེད་ས་མཐར་ཡོད་བསམ་ནས་སེམས་ཁྲལ་ཆེན་པོ་འདུག སྔོན་ཆད་ཡིན་ན་ངེད་ཕུ་བོ་གསུམ་གྱིས་ཁྱེད་རྒྱ་གར་དུ་སྡོད་པར་འཐད་པ་བྱུང་མྱོང་མེད་ལ། ད་དུང་གཉེན་སྒྲིག་སོགས་ལ་ཐེ་གཏོགས་བྱས་ནས་མི་རྒྱུད་མི་བཟང་ཚུལ་དང༌། ཐག་རིང་ཚུལ། ལོ་ན་ཁྱེད་ལས་ཆེ་ཚུལ་བཤད་ནས་བསྡད་པ་ཡིན། ཡིན་ན་ཡང་ང་ཚོར་ད་ནས་ཨ་མས་དེ་ལྟར་བྱེད་མི་ཉན་པའི་ཁས་ལེན་བྱེད་དུ་བཅུག་སོང་ལ། ཨ་མས་ད་དུང་ཁྱེད་རང་ཕ་མ་བཞག་ནས་༧རྒྱལ་བ་རིན་པོ་ཆེ་ཡོད་སར་སོང་བ་རེད། ད་བོད་གངས་ཅན་ལ་ཡོད་པའི་རྒྱལ་བ་རིན་པོ་ཆེ་བཞག་ནས་འགྲོ་ས་ཞིག་ཡོད་པ་མ་རེད་ཅེས་ཤོད་གསུངས་སོང༌། ཨ་མར་ན་ཚ་དང་དཀའ་སྡུག་མེད་པར་བུད་སོང༌། ང་ཚོས་འདིར་ཨ་མར་གང་ཐུབ་དང་འགྱོད་པ་མེད་པའི་ཞབས་ཞུ་དང་གཉོར་སྐྱོང་བྱས་ཡོད། འདིའི་ཕྱོགས་ནས་གསོན་ངོགས་ན་ཡོད་དུས་ཀྱིས་བརྩེ་བས་བསྐྱངས་ཚུལ་དང༌། གསོན་ཆོས་དང་དགོན་པར་ཆོས་བྱེད་སྟངས་སོགས་ང་ཚོས་བཤད་མི་དགོས་པར་ཁྱེད་ཀྱིས་ནམ་ཉི་མ་ཞིག་ལ་གོ་གི་རེད། སྤྱིར་བཏང་ཕ་མ་གཉིས་ཆ་ཁྱེད་ལ་མ་ཐུག་པར་བུད་སོང་བས་ཁྱེད་བུ་མོ་ཞིག་སྨྱོ་སོང་ཡང་ཁག་མེད་གི ཨ་བུ་རྒོད་མ། ཨ་མས་ཁ་ཆེམས་བཞག་པའི་སྐད་ཆ་དང་ཕུ་བོ་ངའི་གསུམ་པོའི་རེ་བ་གཅིག་པ་ཡིན། མ་ཁ་གཙོ་བོ་དེ་ཁྱེད་རང་གིས་འདོད་ནི་ཞིག་བྱེད་དང་འགྲིག ཕུ་བོ་ངའི་གསུམ་གྱིས་མི་འགྲིག་མི་ལེགས་གི་ཟེར་མི་ཡོང༌། ཁྱེད་ལ་ཁུའུ་བ་ན་སྡུག་མེད་ན་དེ་ང་ཚོའི་སེམས་ཁ་བདེ་ལ་འབབ་བྱེད་རེད། སེམས་མ་སྡུག དེ་རིང་ཨ་མ་སྐར་མ་ལ་མ་སོང་བའི་སྔོན་ལ་ང་ཚོས་ཁྱེད་ལ་སྐད་ཆ་འདི་བཤད་པ་ཡིན། ང་ཚོའི་སེམས་ཀྱང་སྐྱོ་གིན་མེད༌། ཨེ་གོ་ཐལ་ཟེར། དེ་ལྟར་ཆུ་ཚོད་གཅིག་ཡས་མས་སུ་ལབ་གླེང་བྱས་པ་ཡིན་ལ་ངའི་སེམས་སུ་ང་ཡང་དེ་རིང་ཕུ་བོ་གསུམ་དང་མཉམ་དུ་ཨ་མའི་ཕུང་བོ་ཡོད་སར་ཡོད་ན་ཅི་མ་རུང་བསམ་ཞོར་དེ་ལྟར་བྱུང་ན་ངས་ཆེས་མཐའ་མཇུག་གི་ཨ་མའི་ངོ་གདོང་ལ་ཡང་ལྟ་ཆོག་སྙམ་བྱུང༌།
རྒྱུད་རིམ་འདིས་ང་ལ་ཅི་ཡང་བརྗོད་ཀྱིན་འདུག རྒྱུད་རིམ་འདིས་ང་རང་དྭ་ཕྲུག་རྫུན་མ་ཞིག་ལས་དྭ་ཕྲུག་ངོ་མ་རུ་གྱུར་བ་བསྒྲགས་ཀྱིན་འདུག རྒྱུད་རིམ་འདིས་ང་ལ་ཕ་ཡུལ་མེད་པའི་ན་ཟུག་ཤོད་ཀྱིན་འདུག རྒྱུད་རིམ་འདིས་ང་ཁོ་ནའི་ལས་དབང་མ་ཡིན་པར་ཧི་མ་ལ་ཡའི་ཕར་ཚུར་ན་ཡོད་པའི་མི་རིགས་ཤིག་གི་ལས་དབང་གླེང་གིན་འདུག གྲོགས་པོ་ལགས། གཅིག་བྱས་ན་ཉིན་ཞིག་ཁྱེད་ཀྱིས་ཀྱང་འདི་ལྟ་བུའི་གཏམ་ཞིག་གོ་ངེས་ལ་དེ་དུས་ཁྱེད་ཀྱིས་ཀྱང་རྒྱུ་མཚན་གང་ཡང་གླེང་རྒྱུ་མེད་པར་ང་ལྟར་ཕྱག་དང་མཆོད་འབུལ་བྱེད་ངེས། འདི་དུས་ཁྱེད་ཀྱིས་ངེས་པར་དུ་བརྗེད་མི་ཉན་པ་ཞིག་ནི་གནམ་འོག་ན་ཁྱེད་ཀྱི་ལས་དབང་དང་འདྲ་མཚུངས་ཡིན་པའི་ཧི་མ་ལ་ཡའི་ཕར་ཚུར་གྱི་བོད་རིགས་སྤུན་ཟླ་ཚོ་ཡིན། དེ་དུས་ཁྱེད་ཀྱིས་སླར་ཡང་མི་རིགས་འདིའི་ལས་བསྐལ་གྱི་དོན་དུ་དམ་བཅའ་གསར་བ་ཞིག་འཇོག་རྒྱུ་མ་བརྗེད།
འདི་ཚེ་རིང་སྐྱིད་མོ་རང་ལ་འདིར་བཀོད་འདོད་ཡོད་ན་མོ་རང་ཉིས་ཀྱིས་བཀོད་ཆོག་གི། སྐུ་ཞབས་རྡོར་དབང་ལ་སྐུ་ངལ་ཁག་སོང་། ཉིན་འགའི་སྔོན་མོ་རང་གི་ཟིན་བྲིས་ནས་མཐོང་སོང་། ཡག་པོ་ཞིག་བྲིས་འདུག ཚེ་རིང་སྐྱིད་ལ་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་མོ་རང་གིས་གང་བསམ་དེ་ཐོགས་པ་མེད་པར་འབྲི་ཐུབ་པ་དེ་རེད། མོ་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་འབྲི་སྟངས་ཤིག་འགྲུབ་ཡོང་གི་འདུག ཚེ་རིང་རྒྱུ་མ་དེ། མོའི་རྩོམ་དེབ་ཀློག་མ་མྱོང་ཡང་བོད་ཀྱི་སྐད་ཡིག་སྟེང་བཀོད་པའི་རྩོམ་ཡིག་དག་གིས་བླ་རྒན་གྱི་སེམས་པ་རྦད་དེ་འཕྲོགས་སོང་། མོའི་ཚིག་བཅད་སྙན་ངག་དེ་འདྲ་འབྲི་ཐུབ་མཁན་བུད་མེད་ཅིག་བོད་ནང་གི་རེབ་གོང་གི་བདེ་སྐྱིད་སྒྲོལ་མ་གཅིག་བུ་མ་གཏོགས་མཐོང་མ་སོང་། མོའི་ཟིན་བྲིས་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་འདོན་ཐུབ་ན་དགའ་བསུ་བྱེད་མཁན་མང་རྒྱུ་རེད་བསམས།
ཕ་མ་རྒན་རྒོན་གྲོངས་ཀིན་འདུག་ལ།
གྲོགས་པོ་ན་གཞོན་ཡང་གྲོངས་ཀིན་འདུག
གྲོངས་མི་སྲིད་པ་ནི་རྒྱ་ནག་གི་སྲིད་ཇུས་མཁྲེགས་པོ་འདི་དང་།
བོད་མིའི་རེ་བ་སྐམ་པོ་འདི་གཉིས་རེད་ལགས།
ཡེ་ཤེས་ལགས། ཁ་བརྡ་དྲྭ་དེབ་འདིར་ངས་མཆན་འགོད་ཤེས་ཀྱིན་འདུག་ཀྱང་རྩོམ་ཡིག་ཐད་ཀར་བཀོད་ཤེས་ཀྱིན་མེད། རྩོམ་སྒྲིག་པའི་མྱུར་འཕྲིན་བརྒྱུད་བསྐུར་ན་ཁོང་གིས་གང་ཡིན་ཡང་འགོད་རོགས་བྱེད་ཀྱིན་འདུག རང་གིས་བཀོད་མ་བཀོད་ལ་ཁྱད་པར་ཆེར་མི་འདུག དེ་བཞིན་ཚེ་རིང་སྐྱིད་མོ་རང་གིས་འགོད་མ་ཤེས་པ་ཡིན་རྒྱུ་རེད། ཚེ་རིང་སྐྱིད་ཀྱིས་སྙན་དེབ་སྔ་ཕྱི་གཉིས་པོ་མཐོང་སོང་། རོབས་ཙམ་རེ་བྐླགས་པ་ཡིན། ཡག་པོ་འདུག
ཚེ་རིང་སྐྱིད་ལ་བཞག་པའི་སྡོམ་ཚིག
དབྱངས་ཅན་ལྷ་མོའི་བྱིན་རླབས་སྙིང་ལ་ཞུགས་འདུག
སེང་ལྕམ་འབྲུག་མོའི་ལང་ཚོ་ལུས་ལ་རྫོགས་འདུག
ཡེ་ཤེས་ལགས། བུ་མོ་འདིའི་སྐད་ཆ་བཤད་སྟངས་ཀྱིས་ཁྱོད་གཅིག་བུའི་སེམས་པ་འཕྲོག་པ་མ་ཡིན་པར་ང་ཐེ་བའི་མི་མང་བོའི་ཡིད་སེམས་བཀུག་སོང་བ་མ་ཟད་བོད་ནང་ནས་ཀྱང་སྐད་ཆ་འདྲི་མཁན་མང་བོ་འདུག རབ་ཡིན་ན་མོ་རང་ཁ་བརྡ་དྲ་བར་མང་ཙམ་ཕེབས་རོགས། ཐུགས་ཆེ་གནང་།།
བཙན་བྱོལ་བོད་མིའི་བུད་མེད་རྩོམ་ཡིག་འབྲི་མཁན་གྱི་གྲས་ནས་ནོར་གླིང་མཐོ་སློབ་ཀྱི་ཉི་མ་མཚོ་ཟེར་བ་འདི་ཡག་པོ་ཡོད་རེད། མཛེས་མ་མཛངས་མའི་མིང་འདྲ་མེད་ཕྱིན་ཁྱོད་ཚོའི་ཡིད་སེམས་འགུགས་ཐུབ་མི་མི་ཤེས། ཡིན་ན་ཡང་རྣམ་པ་ནི་ལྷ་མོ་འདྲ་བ་ཞིག་ཡོད། ཁྱོད་ཚོར་རེ་བ་ཡོད་ན་མོ་ཁ་བརྡ་དྲྭ་རྒྱ་ལ་ཁྲིད་ཡོང་ཆོག
ཁ་བརྡ་དྲ་བ་འདི་སྔོན་ཞིག་ནས་ཡོད་པ་ཤེས་ཀྱང་དུས་ཚོད་ཀྱིས་ལྷོད་པོ་ཞིག་ཡོང་ཐབས་མེད་སོང་། དེ་རིང་ནས་གང་ཐུབ་ཞུགས་ཐུབ་པའི་ཧུར་བརྩོན་བྱ་རྒྱུ་ཡིན། དྲ་གྲོགས་མང་པོས་བགྲོ་གླེང་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་གྱིན་པར་དགའ་འོས་པ་ཞིག་རེད། ཡིན་ན་ཡང་མི་ཁ་ཤས་ཤིག་ཆེད་དུ་མི་གཞན་གྱི་མི་གཞི་ལ་རྡོག་རོལ་གཏོང་དུ་ཡོང་བ་དང་འདྲ་བོ་འདུག རེ་བ་ལ་དྲ་གྲོགས་ཚང་མས་རང་ས་གཞན་བཞག་ནས་གཞན་ས་རང་བཞག་ནས་སྐད་ཆ་མཐར་མ་ལྷུང་བ་བཤད་ན་བགྲོ་གླེང་གི་ཁོར་ཡུག་ཡག་པོར་བསྐྲུན་ཐུབ་ངེས། བོད་ཡིག་སྤྱོད་མཁན་ཚོས་ཀྱང་སྐད་ཡིག་གཞན་པ་སྤྱོད་མཁན་ཚོར་མིག་དཔེ་བཟང་པོ་སྤེལ་རྒྱུའི་འགན་ཡོད་པར་འདོད།
ཨོ། འཁྲིད་ནས་ཡོང་མ་ཐུབ་ན་ཁྱོད་ཡིན། འདིར་བུ་མོ་བརྒྱ་ཡོད་ཀྱང་ཉུང་སྐྱོན་འདུག ངའི་གསར་བུ་ཚོ་ཁ་གནམ་ལ་བལྟས་ནས་མུག་སྒོག་ལ་སོང་ནས་རེ་རེ་བཞིན་འཆི་གིན་འདུག
ཨ་ལ་ཀུ་རེ་རྩེད་མོ་ཡིན།
དྲ་ངོས་འདི་རུ་ཡོང་བ་ལ།
སྟག་གི་སྡེར་མོ་སེང་གེའི་ཁ།
གཡག་གི་སྙིང་དང་འུག་པའི་མིག
མེད་ན་རང་ང་ཡོང་རྐྱང་མིན།
འོ་དཀོན་མཆོག ངས་ཁྱོད་འཚོལ་བཞིན་ཡོད། ང་ནང་མི་ཁྲིད་ནས་གནས་སྐོར་ལ་ཕྱིན་པ་ཡིན། ཡུན་རིང་པོ་འགོར་སོང་། དེ་རིང་མ་གཏོགས་དྲྭ་ཁང་ལ་འཛུལ་ཐུབ་མ་སོང་། སྙིང་རྗེ་ཁྱོད་དགེ་ལུགས་པའི་ཞེན་ཁོག་གིས་སྙིང་གས་གྲབས་བྱེད་ཀྱི་འདུག ཁག་མེད། ཡིན་ན་ཡང་སེམས་ལྷོད་ལ་ཕོབས། དབུགས་དལ་བུར་ཐོངས། ག་དུས་ཡིན་ཡང་གྲི་བཟུང་ནས་རྒྱུགས་ཆོག་ཆོག་དེ་འདྲ་མ་བྱེད། གྲོགས་པོ། ལན་རྒྱག་རྒྱུ་ཡོད་ན་ཚིག་ལ་ཚིག་གིས་ལན་བརྒྱབ་དགོས་པ་རེད་མ་གཏོགས། ཉུལ་མ་དང་། དམ་ཉམས། ཁྱི་རྒན། སྐྱག་ཟན་སོགས་ཟེར་བ་དེས་ཁྱོད་རང་གི་རང་གཤིས་ལྷང་ལ་ཕུད་པ་འདྲ་བོ་ཞིག་མ་གཏོགས་ཡོད་མ་རེད་ད། ད་ཁྱོད་དགེ་ལུགས་པའི་ཞེན་ཁོག་གིས་རང་ཤི་བརྒྱབ་བཞག་རུང་དོལ་ཚོགས་དགེ་ལུགས་པ་མ་རེད་ཟེར་ས་ཡོད་མ་རེད་ལ། དོལ་ཚོགས་དགེ་ལུགས་པ་མ་རེད་ཟེར་མཁན་ཞིག་ཀྱང་ཡོད་མ་རེད། དེ་བས་ཁྱོད་ཀྱིས་ལག་པ་གཅིག་གིས་བྲང་བརྡུང་ཞིང་ལག་པ་གཅིག་གིས་ཁ་ཤ་འཐེན་བཞིན་མགོ་བཏུམ་ནས་ཉལ་བསྡད་ན་དེས་དགའ་གི་གོ གལ་ཏེ་མཆན་འདི་ཁྱོས་འདི་ནས་མ་མཐོང་ན་ངས་ཁྱོད་ལ་དུས་ཚོད་གཞན་ཞིག་ལ་ཡང་བསྐྱར་གཏོང་ཆོག
ཚེ་རྡོར་ལ་དྲི་བ། དགེ་ལུགས་པ་ཟེར་ནས་དམོད་རྐྱང་བྱེད་པ་ལས་སླ་བོ་ཨེ་ཡོད་བསམ། དོལ་ཚོགས་དགེ་ལུགས་པའི་ཆ་ཤས་ཡིན་པས་དགེ་ལུགས་པ་ཡོངས་རྫོགས་ནག་པོ་ཡིན་ན། འོ་ན་ཁྱེད་ཀྱི་རྒྱུ་མའི་ནང་སྐྱག་པ་ཡོད་པ་དང་སྐྱག་པ་ཅན་གྱི་རྒྱུ་མ་དེ་ཁྱེད་ཀྱི་ལུས་པོའི་ཆ་ཤས་ཀྱང་ཡིན་སྟབས། ཁྱེད་ཀྱི་ལུས་པོ་ཡོངས་རྫོགས་སྐྱག་པ་རེད། ཁྱེད་སྐྱག་པའི་མི་རེད་ལབ་ན་འགྲིག་གམ།
དོན་མེད་ཀྱི་སྟོང་བཤད་འདི་ཚོར་ལག་འཆང་འདོད་མེད་ཀྱང་། ཚེ་རྡོར་ཟེར་མི་དེས་སྐད་ཆ་བཤད་ཆེས་སྡུག་རྩུབ་ཀྱི་རང་བཞིན་མངོན་པས་འདིར་ཚིག་འགའ་མི་འབྲི་ཐབས་མེད་བྱུང་།
དེ་འདྲའི་མི་སེམས་རྒྱུད་དང་ངག་ཚིག་སྡུག་རྩུབ་ཅན་ཞིག་གནས་མཇལ་ལ་སོང་ནས་ཕན་གི་མ་རེད། གནས་མཇལ་ནས་སླེབས་པ་དང་ཁྲག་དྲི་ཅན་གྱི་སྐད་ཆ་འདི་བཤད་སྟངས་ལ་ལྟོས་ན། ཕལ་ཆེར་ད་ལམ་གནས་མཇལ་ལ་སོང་ནས་སྙིང་ཁམས་ལ་བདུད་ཀྱི་བྱིན་རླབས་ཞུགས་ཡོད་ཚོད་འདུག
སྟག་སྨྱོན། ངའི་སྙིང་ཁམས་ལ་བདུད་ཀྱི་བྱིན་རླབས་ད་དུང་ཞུགས་མེད། ང་ལྷོ་ཕྱོགས་ཀྱི་རྙིང་མ་དང་བཀའ་བརྒྱུད་པའི་དགོན་པ་ཡོད་ཚད་ལ་ཕྱིན་པ་ཡིན། ཡོད་ཚོད་མེད་ཚོད་ཀྱིས་སྐྱབས་རྟེན་དང་བསྔོ་རྟེན་ཕུལ་བ་ཡིན། ཡིན་ན་ཡང་དགེ་ལུགས་པའི་དགོན་པ་ཚོས་ནང་ལ་འགྲོ་མ་ཕོད། ང་འགྲོ་འདོད་ཡོད། ཡིན་ན་ཡང་ང་འདྲེ་ལ་ཧ་ཅང་སྐྲག ང་སྙིང་ལ་འདྲེ་ཞུགས་རྒྱུར་ཧ་ཅང་སྐྲག སྙིང་ལ་འདྲེ་ཞུགས་པ་མིན་ན་རྒྱ་གར་ཞི་བདེའི་ཡུལ་ནས་མི་གསོད་ཁྲག་སྦྱོར་དང་མེར་བསྲེག་གཏོར་བཅོམ་དེ་འདྲ་བྱེད་རྒྱུ་མ་རེད་པ། ང་ལ་མངོན་ཤེས་མེད་པས་ངས་མི་སུས་འདྲེ་འདོན་གི་ཡོད་མེད་ཀྱི་ཁྱད་པར་ཤེས་ཀྱི་མི་འདུག མི་སུ་ཡིན་རུང་ཕྱི་ལོགས་ལ་རྟགས་འདྲ་བརྒྱབ་མེད་པས་ཧ་གོ་རྒྱུ་ཤིན་ཏུ་དཀའ། ཨ་ཅང་ཅང་། ངའི་རྒྱུ་མའི་ནང་སྐྱག་པ་ཡོད་པ་ཙམ་གྱིས་ངའི་ལུས་པོ་ཡོངས་རྫོགས་སྐྱག་པ་རེད་ཟེར་ཐུབ་ཀྱི་མ་རེད། ཡིན་ན་ཡང་སྐྱག་པ་དང་བཅས་པ་རེད། ཁྱོད་ཀྱི་སྐྱེ་དམན་གྱིས་ཁྱོའི་སྟེང་ནས་མར་ཞོན་སྐབས་མོའི་ཁོག་པའི་ནང་དུ་སྐྱག་པ་ཨེ་ཡོད། སྐྱག་པ་དང་བཅས་ཏེ་ཁྱོད་ཀྱི་རྒང་དུ་ཡོད་པ་རེད། ཧ་གོ་སོང་ངམ། ཆ་ཤས་དང་ཆ་ཤས་ཅན་སོགས་ཟེར་ནས་མི་དགོས་པ་དང་གོ་དཀའ་བའི་ཐ་སྙད་མང་པོ་ཞིག་གི་ནང་དུ་འཁོར་འདུག་པ་ལས། དང་པོ་ཁྱོད་རང་གིས་གཙང་མ་གཙང་རྐྱང་ཞིག་བཟོས་ཤོག་དང་། དེ་ནས་ལོག་ལྟ་བྱེད་མཁན་ཡོད་པ་མ་རེད། དེ་མིན་ལོག་ལྟ་བྱེད་མཁན་ང་གཅིག་པོ་མ་རེད་དོ། ངས་ཆོས་ལུགས་གང་དང་ཚོགས་པ་གང་གི་ཡང་ཚབ་བྱེད་ཀྱི་མེད། ངས་ང་རང་གཅིག་པོའི་སྐད་ཆ་བཤད་ཀྱི་ཡོད། ང་ངོ་མ་དགེ་ལུགས་དང་རྒྱ་མི་ལ་མི་དགའ། དེང་སང་སྨྲ་བརྗོད་རང་དབང་ཡིན་པས་ང་དགེ་ལུགས་དང་རྒྱ་མི་ལ་མི་དགའ་ཟེར་ཆོག་གི་ཨེ་རེད།
ཁྱེད་འདྲ་བོ་ཞིག་ལ་མང་པོ་བཤད་ནས་ཚུ་ཚོད་འཕྲོ་བརླག་ཏུ་གཏོང་རྒྱུར་འཕང་གི་འདུག ཁྱེད་མི་དགའ་ན་སྡུག་གྱོང་རེད།
ཁྱོད་ལ་བཤད་རྒྱུ་ཚིག་འདི་གཉིས་ལས་མེད་ན་ཁྱོད་ཡོང་ས་ནོར་འདུག
རྒྱ་མི་ལ་མི་དགའ་ན་རྒྱ་ཡིག་གི་དྲ་ཚིགས་སུ་སོང་ནས་ཤོད། འདི་ན་རྒྱ་མི་རྡོག་མ་གཅིག་མི་འདུག དགེ་ལུགས་ལ་མི་དགའ་ན་དགེ་ལུགས་པ་ཚོར་ཤོད། འདི་ན་དགེ་ལུགས་པ་ཕར་ཞོག་དགེ་འདུན་པ་མི་དགོས་ཟེར་མཁན་མང་གི སྙིང་རྗེ། མི་འདི་རྦད་དེ་མགོ་འཐོམས་འདུག གནས་སྐོར་ལ་སོང་བ་ཡིན་ཟེར་བ་མ་གཏོགས། མགོ་འཐོམས་ནས་ས་ཆ་གང་ཞིག་ལ་སོང་ཡོད་མེད་སུས་ཤེས།
མ་གཞི་དཀོན་མཆོག་དང་སྟག་སྨྱོན་གཉིས་ལ་ངས་ཁ་ཚ་དགོས་གཏུག་གིས་འདྲི་རྒྱུར། ངས་ད་བར་དོལ་ཚོགས་ཀྱིས་ཚུར་བྲིས་པ་དང་། དོལ་ཚོགས་ལ་ཕར་བྲིས་པའི་དེབ་བརྒྱ་ཕྲག་ལ་ཉེ་བ་ཞིག་མཐོང་མྱོང་། ཡིན་ན་ཡང་དེའི་ནང་དུ་དཀོན་མཆོག་དང་སྟག་སྨྱོན་ཟེར་ནས་དོལ་ཚོགས་ལ་ལན་རྒྱག་མཁན་གྱི་ཁ་ལྕེ་རྣོན་པོ་ཅན་ཞིག་ཡོད་པ་མཐོང་མ་མྱོང་། དོལ་ཚོགས་ཀྱིས་མི་བསད་མེ་བརྒྱབ་གཞིས་ཆགས་གཏོར། སྐྱབས་མགོན་རིན་པོ་ཆེ་ལ་མཚན་སྨོད་བྱས། སྐྱབས་མགོན་རིན་པོ་ཆེའི་སྐུ་པར་གྱི་ཞལ་ལ་སོག་ལེའི་སོ་སོགས་བྲིས། བོད་འགྱེལ་བའི་རྒང་ལ་རྡོག་རྫིས་བྱས། སྡུག་རུ་ངན་ཚད་ཀྱི་ལས་ཀ་འདི་མ་བྱས་ཟེར་རྒྱུ་གཅིག་ཀྱང་མེད་རུང་ཁྱོད་གཉིས་ལ་གྲག་འགུལ་ཅི་ཡང་མེད་པར། ངས་དོལ་ཚོགས་དང་དགེ་ལུགས་པ་འདྲེས་བསྡད་ཡོད་པ་རེད་ཟེར་བ་ཙམ་གྱིས་ཁྱོད་གཉིས་ཞེ་སྡང་གིས་ཤི་གྲབས་བྱེད་པའི་རྒྱུ་མཚན་ཅི་ཡིན་ནམ། འདི་ལ་དྲྭ་གྲོགས་སུས་བལྟས་ཀྱང་འོ་ལན་ཡག་པོ་ཞིག་ཕོག་འདུག་བསམ་པའི་ལན་ཞིག་རྒྱག་རོགས་བྱོས། སྔོན་མ་དགེ་འདུན་ཆོས་འཕེལ་གྱིས་བླ་བྲང་གི་གྲྭ་བ་ཞིག་ལ་རྩེད་མཚར་དུ། འོ་བླ་བྲང་དགོན་པ་ཟེར་བ་དེ་སངས་རྒྱས་ཤྰཀྱ་ཐུབ་པ་མི་བཟང་གི་ཟེར་ན་དོ་སྣང་ཞིག་ཀྱང་མི་བྱེད་མཁན། རྗེ་ཙོང་ཁ་པ་མི་བཟང་གི་ཟེར་ན་ཙིག་གེ་ཟི་མི་དགའ་མཁན། འཇམས་དབྱངས་བཞད་པ་མི་བཟང་གི་ཟེར་ན་འཐམ་འཇོག་མཁན་ཡོད་ཚོད་རེད་པ་ཞེས་གསུངས་པ་འདིས་ཚིག་ཟུར་གྱིས་ཁྱེད་གཉིས་ལུང་གིས་ཟིན་ཡོད་པ་འདྲ།
Tsedorཡིན་ན་འདི་བོད་ཡིག་བོད་སྐད་འདི་འདྲ་ཡག་པོ་ཤེས་ནས་བོད་མིའི་མཐུན་ལམ་ལ་གནོད་པའི་སྐད་ཆ་འདི་འདྲ་བཤད་ཕོད་པར་ང་ཧ་ལས་ཧང་སངས་སོང་། བྱས་ཙང་མི་འདིར་ལན་འདེབས་ཡ་ཕར་ཞོགས་ཁོའི་སྐད་ཆར་ཉན་འདོད་ཀྱང་ཡལ་སོང་། མི་འདིའི་གྲངས་སོ་བ་དང་ཉུལ་མ་མིན་ན་གཞན་སོ་བ་ཁ་གདངས་དང་ཉུལ་མ་རྭ་ཅན་ཡོང་དྭོགས་མེད།
ལོ་རྒྱུས་སྟེང་གི་ཤོད་སྲོལ་ལ་འཇུ་མི་ཕམ་པས།
རྙིང་མ་བའི་བསྟན་པ་འདོད་ཆགས་ཀྱིས་འཇིག་འགྲོ
བཀའ་བརྒྱུད་པའི་བསྟན་པ་རྒྱུ་ནོར་གྱིས་འཇིག་འགྲོ
ས་སྐྱ་པའི་བསྟན་པ་ཕྱོགས་རིས་ཀྱིས་འཇིག་འགྲོ
དགེ་ལུགས་པའི་བསྟན་པ་ང་རྒྱལ་གྱིས་འཇིག་འགྲོ
གསུངས་པ་རེད་ཟེར་སྲོལ་ཞིག་འདུག་པས། བསྟན་པ་འཇིག་པའི་སྔ་ལྟས་སུ་བསྟན་དང་བསྟན་འཛིན་གྱི་སྐྱེས་བུ་རྣམས་ལ་མ་དག་པའི་ལྟ་སྟངས་འཛིན་མཁན་ཇེ་མང་རེད་ཡ།
ངས་ཚེ་རིང་སྐྱིད་ལ་དགོངས་དག་ཅིག་ཞུ་འདོད། མོའི་སེམས་པ་སྐྱོ་བའི་རྩོམ་ཡིག་དེའི་མཇུག་ཏུ་ང་ཚོས་ཕྱོགས་རིས་ཀྱི་སྐད་ཆ་ཁྱི་སྐྱག་འདྲ་བ་མང་པོ་ཞིག་སྤུངས་སོང་།
ཁྱེད་ལ་སྐྱག་པ་ཟོ་དང་སྡུག་གྱོང་བྱོས་ཟེར་རྒྱུ་ལས་མེད། ང་ལ་མཚོན་ན་ཆོས་རྒྱུད་བཞི་ནི་བོད་ཀྱི་ཆབ་སྲིད་ཀྱི་ཚོགས་པ་རྙིང་ཤོས་བཞི་རེད། དེ་ནི་ད་ལྟའི་གཞོན་ནུ་དང་བུད་མེད་ཚོགས་པ་དང་གཅིག་པ་རེད། ངས་ཚོགས་པ་དེ་ཚོ་ཚང་མ་བོད་མི་ཡིན་པས་ཆིག་སྒྲིལ་ཡོང་ན་བོད་ལ་ཕན་གི་མེད་འགྲོ་བསམ་པ་ལས་ཉེ་རིང་ཡོད་དོན་མེད། ཁྱེད་ལ་དེ་ཚོའི་བར་ཉེ་རིང་ཡོད་ཚེ་ཁྱེད་བོད་མི་ཡིན་ཕྱེད་ཀ་མ་ཞིག་ཡིན་པ་རེད། ངས་ཁྱེད་ཀྱི་སྐད་ཆ་ཁྲི་དྲི་བྲོ་ཞིག་བྲིས་པ་མཐོང་སྟེ་བློ་ཕམ་ནས་བྲིས་པ་ལས། དགེ་ལུགས་མ་ལུགས་གི་ཁྱད་པར་མེད་དོ། ཆོས་རྒྱུད་བཞི་དང་བུད་མེད་ཚོགས་པ་དང་གཞོན་ལྷན་སོགས་གཅིག་པ་རེད། དད་པ་ནི་གཅིག་ལ་མེད། བོད་པའི་ཚོགས་པ་ཞིག་ཡིན་པའི་ལྟ་སྟངས་གཅིག་པ་ཡོད། རྒྱལ་བ་པཎ་ཆེན་སོགས་དཔེ་བཞག་ནས་ཁྱེད་ལ་གླེང་འདོད་གང་ཡང་མི་འདུག
སྟག་སྨྱོན་དང་དཀོན་མཆོག ཁྱོད་གཉིས་ཀྱིས་ང་ལ་སྐྱག་པ་ཟོས་ཟེར་མོད། ངས་དྲི་བ་དེ་ངས་ཅི་ཞིག་ཟ་དགོས་ཟེར་བའི་དྲི་བ་མ་རེད། ངའི་དྲི་བ་དེ་དོལ་ཚོགས་ཀྱིས་ད་བར་བོད་སྤྱི་ལ་གནོད་པའི་ལས་ཀ་སྡུག་རུ་ངན་ཚད་འདི་མ་བྱས་ཟེར་རྒྱུ་གཅིག་ཀྱང་མེད་རུང་ཁྱོད་གཉིས་ལ་ཁ་འབག་འབུག་ཙམ་ཞིག་གྲག་རྒྱུ་མེད་པར། ངས་དོལ་ཚོགས་དང་དགེ་ལུགས་པ་འདྲེས་བསྡད་ཡོད་པ་རེད་ཟེར་བ་ཙམ་གྱིས་ཁྱོད་གཉིས་ཞེ་སྡང་གིས་ཤི་གྲབས་བྱེད་པའི་རྒྱུ་མཚན་ཅི་ཡིན་ནམ་ཟེར་བའི་དྲི་བ་འདི་རེད། དྲི་བ་འདིས་ད་དུང་ཁྱེད་གཉིས་ལ་སྒུག་བསྡད་འདུག སོ་བ་དང་ཉུལ་མ་སོགས་ཀྱི་མིང་བཏགས་པ་དང་། ལན་རྒྱག་འདོད་མེད་མདོག་བྱས་པས་ཕན་གྱི་མ་རེད། ལན་མི་ཕོག་ན་ཁ་ཐུག་ལ་ལན་ཕོག་གི་མི་འདུག་ཟེར་ན་དགའ་གི་མ་རེད་དམ། དེ་མིན་མི་མང་པོ་ཞིག་གིས་ཁྱེད་གཉིས་ཀྱིས་ལན་ཅི་ཞིག་རྒྱག་རྒྱུ་ཡིན་པ་ལ་བལྟས་བསྡད་ཡོད་ནི་འདྲ་ཟིག་རེད་གོ
ཀླུ་སྨྱོན། འཇུ་མི་ཕམ་གྱི་རྩོམ་དེ་ངས་ཀྱང་རིག་མྱོང་། དགེ་ལུགས་པའི་བསྟན་པ་ང་རྒྱལ་གྱིས་འཇིག་འགྲོ་ཞེས་བྲིས་ཡོད་པ་མ་རེད། དགེ་ལུགས་པའི་བསྟན་པ་ཞེ་སྡང་གིས་འཇིག་འགྲོ་ཞེས་བྲིས་ཡོད་པ་རེད། ནམ་རྒྱུན་མི་གསོད་ཁྲག་སྦྱོར་རྐྱང་རྐྱང་བྱེད་ཀྱི་ཡོད་པས་རེད། ཞེ་སྡང་འདིས་དགེ་ལུགས་པ་ལ་ཤིན་ཏུ་གནོད་པར་འདུག་པས་གཟབ་འཚལ་ཞེས་བྲིས་ཡོད་པ་རེད། དེ་མིན་ཁྱེད་ཀྱིས་ཚེ་རིང་སྐྱིད་ལ་དགོངས་དག་བརྒྱ་ཞུས་རུང་ཁྱེད་ཀྱིས་ལག་ཏུ་ཡོང་གི་མ་རེད་བསམ་གྱི་འདུག གྲྭ་བའི་ལ་རྒྱ་ཤོར་གི་མ་འཇུག ཡིན་མདོག་མདོག་བྱོས། བུ་རབ་པོ།
དཀོན་མཆོག་དང་སྟག་སྨྱོན་གཉིས་ཀ། རོ་ཟ་རྒྱུ་གཉིས་ཀ ད་ལན་ཞིག་མི་ཕོག་གི་ནས། ལན་མི་ཕོག་ན་མི་འདིའི་རིགས་ལ་དང་པོ་ནས་ཁ་གཙེ་རྒྱུ་ཡོད་པ་མ་རེད། ཨ་ཤུ་རེ་གོ ངས་ཁྱོད་གཉིས་ལ་རྒྱབ་སྐྱོར་བྱེད་བསམ་རུང་ཁྱི་རྒན་དེའི་ཁ་ཡ་ཡོང་ས་མ་རེད།
དཀོན་མཆོག་དང་སྟག་སྨྱོན། ངས་ཁྱེད་གཉིས་ཡུན་རིང་ལ་སྒུག་པ་ཡིན་མོད། ང་ལ་སྐྱག་པ་ཟོ་ཟེར་བ་འདི་མ་གཏོགས་ཚིག་ལ་ཚིག་གི་ལན་པོ་གཅིག་ཀྱང་ད་བར་བརྒྱབ་མ་སོང་། ད་དྲྭ་ཁང་སྒོ་རྒྱག་གི་འདུག སང་ཉིན་མ་གཏོགས་ང་ཚོ་ཐུག་ཐུབ་ཀྱི་མ་རེད། ངས་ཁྱེད་གཉིས་ལ་སྐྱག་པ་ཟོ་ཟེར་གྱི་མེད། ནུབ་ཟས་ཡག་པོ་ཞིག་ཟོས་ལ་ལན་ཞིག་ཨེ་ཕོག་ལ་བསམ་བློ་ཐོངས་། གྲོགས་པོ་གཞན་པ་ཚོར་ཁ་པར་འདྲ་བརྒྱབ་ནས་དངོས་ལན་ངོ་མ་ཅི་ཞིག་བརྒྱབ་ན་དགའ་གི་འདུག་དྲིས གལ་ཏེ་ལན་ཡག་པོ་ཞིག་མ་ཕོག་ན་ངོ་མ་སྐྱག་པ་ཟོས་པ་དང་གཅིག་མཚུངས་རེད།
ཚེ་རིང་རྡོ་རྗེ་ལགས། དེ་ཡིན་ན་རྗེ་ཙོང་ཁ་པ་དང་རྒྱལ་བ་རིན་པོ་ཆེ་སོགས་ལ་ཡང་ཁྱོད་སྐྲག་གི་ཡོད་དམ། དེ་གཉིས་ཀྱང་དགེ་ལུགས་པ་མ་རེད་དམ།
ཆུང་ས་ནས་བསམ་བློ་བཏང་ན། བོད་དོན་འཐབ་རྩོད་ཟེར་བ་འདི་ཡང་། ཡག་པོ་བྱུང་ན་བྱུང་བའི་གནས་སྟངས་ཤིག་དང་། ཡག་པོ་མ་བྱུང་ན་མ་བྱུང་བའི་གནས་སྟངས་ལ་གཞིགས་ཏེ། བཙན་བྱོལ་བོད་གཞུང་གིས་ཐུང་ཐུང་མྱུར་མྱུར་གྱིས་ཐབས་ཤེས་ཤིག་འཐེན་ཐུབ་ན་ཡག་པོ་རེད། དཔེར་ན། བོད་མི་མང་པོ་ཞིག་གིས་རང་སྲོག་བློས་གཏོང་བཞིན་པ་དང་། བཙོན་ཁང་དུ་སྡུག་བསྔལ་མྱོང་བཞིན་པ། འགྲོ་འདུག་རང་དབང་མེད་པ་སོགས་དང་། ཐ་ན་ཚེ་རིང་སྐྱིད་ལྟ་བུས་ཡུན་རིང་རེ་སྒུག་བྱས་པའི་ཨ་མ་དྲིན་མོ་ཆེར་མཇལ་མ་ཐུབ་པའི་སྡུག་བསྔལ་ནི་བཟོད་མི་ཐུབ་ཞིག་ཡིན་སྟབས། གང་མགྱོགས་ཀྱིས་ཐབས་ཤེས་ཤིག་མ་བྱུང་ཚེ། བོད་མི་མང་པོ་ཞིག་གིས་རང་གི་ཚེ་སྲོག་རྒྱལ་ཁབ་ལ་མཆོད་པ་དེ་དོན་མེད་རེད་ལ། དམིགས་ཡུལ་ཞིག་ཆེད་དུ་བཙན་བྱོལ་དུ་འོངས་ནའང་། རང་གི་དྲིན་ཆེན་ཕ་མ་དང་ཤ་ཉེ་རིང་ཐམས་ཅད་ལ་ཕྱིར་མཇལ་མེད་པ་དེ་ཡང་། རང་གིས་བྱས་པའི་སྡུག་གྱོང་སྐམ་པོ་མ་ཡིན་ནམ།
དེ་རེད། འདི་ན་རང་རང་གི་ངོས་ནས་ཁ་རྒྱ་ནག་གི་ཕྱོགས་སུ་འཁོར་ནས་ཐལ་བ་ཞིག་ཀྱང་གཏོར་མི་ཐུབ་མཁན་ལྷ་བཟང་ཚེ་རིང་དང་འུ་ཚང་གི་རིག་པའི་རྡོ་རྗེ་ལྟ་བུས་ཀྱང་རྒྱལ་བ་རིན་པོའི་མཁྱེན་དཔྱོད་ཆེ་བའི་མཛད་འཕྲིན་གྱིས་ཡིད་མི་ཚིམ་མདོག་མདོག་གྱིས་བོད་འདི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་སྡོད་རྒྱུ་ཡིན་ན་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ཀྱང་ཁོ་ཚོས་ཟུར་ནས་རང་བཙན་རྩོད་རྒྱུ་ཡིན་མདོག་ངོ་ཚ་དགོས་པ་ཤོད་ཀྱིན་ཡོད་རེད། མ་གཞི་བོད་མི་ལ་ལས་རང་ཉིས་བྲོས་ས་གབ་ས་བརྟན་པོ་རེ་རྙེད་སྐབས་ཁུ་སིམ་མེར་སྡོད་རྒྱུ་ལས་ལྡོག་སྟེ་ཁ་ཕྱིར་འཁོར་ནས་གཏོར་བཤིག་གི་སྐད་ཆ་རྐྱང་རྐྱང་ལབ། རང་རང་གདོང་ལ་བུད་ནས་ལས་ཀ་སྣ་གཅིག་ཀྱང་མ་བསྒྲུབས་མི་སྒྲུབ་བསྒྲུབ་པར་མི་འགྱུར་བ་རེད། དེ་ཚོ་ངོ་མ་བཤད་ན་བོད་མི་མང་ལ་གཏོར་བཤིག་གཏོང་མཁན་ལས་ཞབས་ཞུ་སྒྲུབ་མཁན་མ་རེད།
ད་དུང་ལ་ལས་སྨྲ་བརྗོད་རང་དབང་ཟེར་ནས་ལབ་རྡོལ་བྱེད་ཀྱིན་འདུག དམངས་གཙོ་དང་སྨྲ་བརྗོད་རང་དབང་ག་འདྲ་ཞིག་ཡིན་ན་ཡང་བོད་མི་དམངས་ཀྱི་སྐྱིད་སྡུག་ལ་བལྟས་ནས་སྐད་ཆ་ཤོད་དགོས་པ་ལས་རང་གིས་འགན་འཁུར་མི་ཐུབ་པར་ཡར་དཀྲུག་མར་དཀྲུག་བྱས་བསྡད་ན་ག་ལ་འགྲིགས།
ངས་ཚེ་རིང་སྐྱིད་ལ་དགོངས་དག་ཞུས་པ་ནི་མོའི་མ་རྒན་གྲོངས་ནས་དགུང་ཞག་ཀྱང་མ་ཚང་བའི་དུས་འདིར་ང་ཚོས་ཁོ་མོའི་མྱ་ངན་ཞུ་ཡིག་གི་སྟེང་དུ་སྐྱུག་བྲོ་བའི་ཁྱི་འཛིང་བརྒྱབ་པ་དེ་ལ་དམིགས་པ་ཞིག་ཡིན་མ་གཏོགས།
ང་ལྟ་བུའི་བླ་རྒན་ལོ་ལོན་ཞིག་གིས།
མོ་ལྟ་བུའི་བུ་མོ་ན་ཆུང་བུ་མོ་ཞིག་ལ།
དེ་འདྲ་བའི་རེ་འདུན་སྐྱུག་རྫོག་ཅིག
ཞིག་མིག་བཙུམས་ནས་ཞུ་བའི་ལུགས་སྲོལ་ཞིག
་ཡོད་ན་བསྐལ་པའི་མཐའ་མ་རེད།
ང་ཚེ་རིང་སྐྱིད་ཀྱིས་བྲིས་པ་འདི་ད་བར་དུ་ཀློག་ལོང་མ་ཡོང་། དེ་རིང་མཆན་གྱི་མཚང་ཁའི་ཁྲོད་ནས་གཅིག་བཀླགས་པ་ཡིན། མིག་ཆུ་ཆུ་བཞུར་བཞུར་ཡིན། དེ་ནི་ངའི་ཨ་མ་དེ་དྲན་པ་དང་མོའི་ཨ་མའི་གནས་སྟངས་ལ་སེམས་གསོ་བྱེད་འདོད་པས་ཡིན། བོད་མི་ཁྲི་དང་འབུམ་ལ་གནས་ཚུལ་འདི་ཁོ་ན་འབྱུང་བཞིན་ཡོད། ང་ལ་ཡང་གནས་ཚུལ་འདི་བྱུང་ཟིན་ལ། ད་དུང་ཡང་འབྱུང་རྒྱུ་ཡིན་པའི་འཇིགས་དངངས་སེམས་ནས་ཡལ་མ་མྱོང་། གསོན་བྲལ་གྱི་སྡུག་བསྔལ་དང་ཤི་བྲལ་གྱི་སྡུག་བསྔལ་འདི་ངེད་ཀྱི་སྡུག་བསྔལ་ཡང་ཡིན། བོད་མི་ཚོའི་ཡང་ཡིན། དེས་ན། གོང་གི་མཆན་དེ་དག་གི་ཁྲོད་དུ་སྐད་ཆ་འདི་འདྲ་ལ་དོན་གཞན་དང་གཞན་འཆད་པའི་མཆན་འབྲི་བ་ནི་ཡ་ཅུང་ན་སྙིང་མེད་པའི་ཚིག་རེད། ངོ་ཚ། ཚེ་སྐྱིད་ཁྱེད་ཀྱི་ཨ་མ་དྲིན་ཆེན་པོ་མཐོ་རིས་སུ་སྐྱེ་བར་ཤོག
དེ་བཞིན་རེད།
འོ་སྤོབས་པ། ཁྱོའི་དྲི་བ་འདི་ཡག་པོ་རེད། དཀོན་མཆོག་དང་སྟག་སྨྱོན་གཉིས་ཀྱིས་ཁྱོད་ཉུལ་མ་རེད། ཁྱོད་ཀྱིས་སྐྱག་པ་ཟོ་ཟེར་ནས་མདུན་ཅོག་རྒང་ལ་ཁུ་ཚུར་གཞུ་རྒྱུ་ཙམ་མ་གཏོགས་འདི་ཙམ་ཡང་འདྲི་ཤེས་ཀྱི་མ་རེད། ངས་ཁྱོད་ལ་ལན་ཁ་ཐུག་རྒྱག་ཆོག ང་ཙོང་ཁ་པ་དང་རྒྱལ་བ་རིན་པོ་ཆེ་གཉིས་ལ་སྐྲག་གི་མེད། གང་ཡིན་ཟེར་ན་ཁོང་གཉིས་ཀྱིས་གདུག་འདྲེ་དེ་བརྟེན་གྱི་མེད་པར་མ་ཟད། ང་ཚོ་ཐམས་ཅད་ཀྱིས་ཁོང་གཉིས་ཀྱིས་འདྲེ་བརྟེན་གྱི་མེད་པ་ཧ་གོ་བས་རེད། ཙོང་ཁ་པའི་དུས་སུ་འདྲེ་དེ་དགེ་ལུགས་པའི་ནང་དུ་སླེབས་མེད་ཅིང་། རྒྱལ་བ་རིན་པོ་ཆེས་ནི་འདྲེ་དེ་དགྲ་ཡི་དྭངས་མར་འཛིན་གྱི་ཡོད། དེས་ན་ང་ཁོང་གཉིས་ལ་མི་སྐྲག གལ་སྲིད་ཁོང་གཉིས་ཀྱིས་ཀྱང་འདྲེ་དེ་བརྟེན་གྱི་ཡོད་ན་ང་ཁོང་གཉིས་ལ་ཡང་ལོས་སྐྲག ཁྱད་ཡོད་པ་མ་རེད། འདྲེ་དེས་བོད་ཀྱི་བླ་ཆེན་བཅུ་གསུམ་བསད་པར་མ་ཟད། ཁྱིམ་པ་ཕོ་མོ་ཉམ་ཆུང་ཚོའི་རྨི་ལམ་ནང་ཚུན་ཆད་ལ་འཁོར་ནས་གནོད་འཚེ་གཏོང་གི་ཡོད་པས་ཡིན།
དྲྭ་གྲོགས་སྤོབས་པ། གཙོ་བོ་ང་ལ་མི་སེམས་ཤེས་པའི་མངོན་ཤེས་ཤིག་ཡོད་ན་མི་སུའི་སྙིང་ལ་འདྲེ་ཞུགས་ཡོད་དང་མི་སུའི་སྙིང་ལ་འདྲེ་ཞུགས་མེད་གསལ་བོར་ཤེས་ཐུབ་པས་ང་དགེ་ལུགས་པའི་མི་ཡིན་ཚད་ལ་སྐྲག་ས་མ་རེད། ཡིན་ན་ཡང་ང་ལ་མངོན་ཤེས་མེད་པ་དང་། དགེ་ལུགས་པའི་ཆོས་བརྒྱུད་ཀྱི་ནང་དུ་འདྲེ་དེས་ཏིལ་ལ་མར་གྱིས་ཁྱབ་པ་བཞིན་གནས་ཡོད་པས་ང་དགེ་ལུགས་པ་ཡིན་ཚད་ལ་སྐྲག་གི་འདུག ཐ་ན་ངའི་གྲོགས་པོ་ཆང་སྐྱལ་དེ་ཚོ་དང་། གྲོགས་མོ་ཆགས་ལྡན་མ་དེ་ཚོའི་ནང་དུ་ཡང་དགེ་ལུགས་པའི་ཆོས་བརྒྱུད་ཡིན་པའི་མི་གཅིག་མེད། ང་སྐྲག་གི་འདུག ང་མྱི་སྐྱག་ཤོར་ཞིག་ཡིན། དགེ་ལུགས་དང་རྒྱ་མི་ལ་ང་ངོ་མ་སྐྲག
དཀོན་མཆོག་དང་སྟག་སྨྱོན་གཉིས་ཀྱིས་ང་དགེ་ལུགས་ལ་སྐྲག་མི་ཆོག་པའི་ཁྲིམས་འདྲ་བཟོ་གི་ཡོད་ན། དེངས་ཕྱིན་ཆད་འདྲེ་མི་བརྟེན་པའི་དགེ་ལུགས་པ་ཚོའི་མགོ་ལ་རྩྭ་རིང་པོ་རེ་འཛེར་ཤོག་དང་། དེ་ནས་མགོ་ལ་རྩྭ་འཛེར་ཡོད་མཁན་ཚོར་ང་མི་སྐྲག་ལ། ངས་ལོག་ལྟ་མི་བྱེད།
པས་པོ་
ངས་བསྐྱར་དུ་ཚིག་འགའ་ཞུ་འདོད་བྱུང་། ཚེ་རིང་སྐྱིད་སྙིང་རེ་རྗེ། ད་དུང་བོད་མི་གཞན་པ་ཚོར་
སྙིང་རེ་རྗེ། ངའི་མགོ་ལའང་འདི་འདྲ་ཞིག་བྱུང་ནས་ད་དུང་ཟླ་བ་ལྔ་འགོར་མེད། སྐབས་རེར་ལས་འབྲས་དང་རྟེན་འབྲེལ་གྱི་རྣམ་གཞག་ནི་སྒུལ་དུ་མེད་པ་ཡིན་པ་དང་། ལར་ནས་ཚེ་ནི་ཡུན་ཐུང་བ། དེ་ཡང་ནམ་འཆི་ངེས་པ་མེད་པའི་ཚུལ་རྣམས་དང་། འདུས་བྱས་ཐམས་ཅད་མི་རྟག་པ་སོགས་ཡང་ནས་ཡང་དུ་བསམ་སྟེ། སེམས་ཀྱི་སྡུག་བསྔལ་ཆུང་དུ་གཏོང་དགོས་བསམས་ནའང་། སྡུག་བསྔལ་འདིར་བཟོད་ཐབས་ཤིག་མི་འདུག ངའི་མགོ་བོ་སྔས་མགོར་འཇོག་དུས་ཕ་དྲིན་པོ་ཆེ་དྲན་གི ཞོགས་པར་གཉིད་ལས་སད་མ་ཐག་ཏུ་ཕ་དྲིན་པོ་ཆེ་དྲན་གི
ལས་ཀའི་བར་གསེང་རེ་ཡོད་དུས་ཕ་དྲིན་པོ་ཆེ་དྲན་གི མཚམས་མཚམས་སུ་མཚན་མོར་གློ་བུར་དུ་གཉིད་སད་ཀྱི་འདུག ང་ཡར་ལངས་ཏེ་ཁང་པའི་ནང་དུ་འགྲོ་དགོས་ཀྱི་འདུག ངས་ཁོང་གི་སྐུ་པར་ལ་མཇལ་འདོད་ཀྱང་མཇལ་ཐུབ་ཀྱི་མི་འདུག ངའི་བཟོད་ཀྱི་མི་འདུག ང་ཁེར་རྐྱང་ལ་ངུས་པ་གྲངས་མེད་ཡིན། བྱིས་པ་བསམ་མེད་བཞིན་ངུས་པ་ཡིན། མི་ལོ་བཅུ་བཞིར་ང་ལ་རེ་སྒུག་བྱས་པའི་ཕ་དྲིན་པོ་ཆེ་སྙིང་རེ་རྗེ་ཟེར་ནས་ངུས་པ་ཡིན། སྐབས་སྐབས་སུ། རང་གིས་རང་ལ་འགྲམ་ལྕག་རེ་གཞུ་དགོས་ཀྱི་འདུག རང་གིས་རང་ལ་ལེ་འདའ་བྱས་པ་གྲངས་མེད་ཡིན། འདི་རང་གིས་བྱས་པའི་སྡུག་གྱོང་སྐམ་པོ་མ་ཡིན་ནམ་སྙམ་བཞིན་ངུས་པ་ཡིན། ཕ་དྲིན་པོ་ཆེ། ཁྱོད་ཕ་མ་བྱང་སེམས་ཅན་ཞིག་གི་མདུན་ནས་སྐྱེ་བར་ཤོག ཁྱོད་སྐྱིད་ས་བདེ་ས་ཞིག་ནས་སྐྱེ་བར་ཤོག ཁྱེད་ཀྱི་བསམ་པའི་དོན་འགྲུབ་པར་ཤོག ཁྱེད་ཀྱི་སྐུ་ཚེ་རིང་པར་ཤོག་ཅེས་སྨོན་ལམ་འདེབས་བཞིན་ངུས་པ་ཡིན། ངས་ཕ་དྲིན་པོ་ཆེ་ཁྱོད་ཀྱི་རུས་པ་མ་གཏོགས་མཇལ་བའི་སྐལ་བ་མ་ལྡན་པ་འུ་གཉིས་ཀྱི་ལས་དབང་ཡིན་ནམ་སྙམ་བཞིན་ངུས་པ་ཡིན། ད་དུང་། ཤུལ་ལུས་ཀྱི་ཨ་མ་སྙིང་རྗེ་བསམ་ནས་ངུ་བཞིན་ཡོད།
མི་འདི་སུ་རེད། ཁོའི་ག་རེ་བྱས་ནས་བོད་མིའི་མཐུན་ལམ་འདི་ལྟར་གཏོར་བཤིག་གཏོང་འདོད་པ་རེད། ཁ་ཉིན་མི་འདིས་ཁོ་རང་སྲིད་དོན་པ་དཀར་པོ་ཞིག་ཡིན་མདོག་ལས་ཆོས་ལུགས་པ་ནག་པོ་ཞིག་མིན་ཟེར། དེ་རིང་ཡིན་ན་ཁོ་རང་ཆོས་ལུགས་ཁག་གི་དགོན་པར་མཆོད་མཇལ་ལ་ཕྱིན་པ་ཡིན་ཟེར། ཁྱོད་དགོན་པར་མཆོད་མཇལ་དུ་ཕྱིན་ཡོད་ན་ད་ཡག་པོ་རེད་མོད། ངས་བལྟས་ན་ཁྱོད་དགྲ་བའི་དོན་གཅོད་ཁང་ལ་ཕྱིན་པ་མིན་ནམ་དྲན་གི དེ་མིན་ན་བུ་མོའི་ཟིན་བྲིས་སུ་ཁྱོས་བསམ་གཟས་ནས་ཆོས་ལུགས་ཀྱི་རུལ་དྲི་འདི་ག་རེ་བྱས་ནས་ཡང་ཡང་དྲུད་ཡོང་གི་ཡོད་པ་རེད་དམ། ཤུགས་ལྡན་དང་ཁྱོད་རེའི་གྲངས་ལ་བྱས་སྟངས་འདི་ལས་མེད་ན་བོད་ལ་ཆོས་ལུགས་ཟེར་བ་འདི་དགོས་ཡ་ཅང་མི་འདུག ཉམས་འགྲོ་ན་ཏག་ཏག་རེད། མ་གཞི་མི་འདིའི་སྐད་ཆ་བཤད་སྟངས་གཞན་པ་ཞིག་ལས་དམིགས་ཡུལ་ནང་ཁུལ་གཏོར་བཤིག་གཏོང་འདོད་པ་ཤུགས་ལྡན་རྗེས་འབྲངས་པ་དང་གཅིག་པ་ཡིན་པས་བོད་མི་བསམ་ཡོད་གང་ན་སུ་བཞུགས་རྣམ་པས་ཡིད་གཟབ་གནང་རོགས།
བུ་མོའི་ཟིན་བྲིས་ཡག་པོ་འདིས་མི་མང་པོ་ཞིག་ལ་བློ་སྒོ་གསར་བ་དང་སེམས་ཤུགས་ཐེ་བ་སྤྲད་སོང་མོད། ཡིན་ནའང་བློ་ཕངས་པ་ཞིག་ལ་Tsedorཡིན་ན་མི་ཅོལ་ཆུང་ཀླད་མེད་འདིས་སྐད་ཆ་ཆོ་མེད་པ་མང་པོ་ཞིག་གིས་ཅུང་བརླག་གྲབས་བྱས་སོང་ནའང་། གང་ལྟར་གསེར་ས་ན་ཡོད་རུང་འོད་བར་སྣང་ཁམས་རེད་འདུག
ཨ་ལ་ལ་ལ། དཀོན་མཆོག་འདི་ངོ་མ་དཀོན་མཆོག་གིས་སྐྱོབས་དགོས་རྒྱུ་ཞིག་རེད། འདིས་ངའི་དྲི་བ་ལ་འདི་འདྲའི་ལན་གནག་པོ་ཞིག་བརྒྱབ་སོང་། ཁྱོད་མཆོད་མཇལ་ལ་སོང་བ་མ་རེད་རྒྱ་མིའི་གཞུང་ཚབ་ཁང་དུ་སོང་བ་རེད། ཁྱོད་རྒྱ་མིའི་གཞུང་ཚབ་ཁང་དུ་སོང་བ་མིན་ན་བུ་མོའི་ཟིན་བྲིས་ཀྱི་ས་མིག་ནང་དུ་ཆོས་ལུགས་ཀྱི་རུལ་དྲི་བྲོ་བ་འདི་ཅི་ལ་ཁུར་ཡོང་བ་ཡིན་ཟེར། རྟགས་འགོད་ན། ཁྱོད་རྒྱ་མིའི་གཞུང་ཚབ་ཁང་དུ་སོང་བ་ཡིན་པར་ཐལ། བུ་མོའི་ཟིན་བྲིས་ཀྱི་ནང་དུ་ཆོས་ལུགས་ཀྱི་རུལ་དྲི་འདི་ཁུར་ཡོང་བའི་ཕྱིར་ཟེར་གྱི་ཡོད་རེད་པ། ཨ་ཧ་བོ་ན་ཧ་བོ། ཁྱོད་འདི་མོས་ཁ་ལྕེ་རྣོན་པོ་ཅན་ཞིག་ཡིན་ནི་ངས་ཤེས་ཡོད་ན། ང་དང་པོ་ནས་ཁྱོད་དང་གཏུག་རྒྱུ་དྲན་ས་མ་རེད། ཞི་ལི་གཅེས་ཕྲུག ཚེ་རིང་རྒྱུ་བོ། ཨ་མའི་ས་ལ་རྒྱུགས་ནས་འོ་འོ་འཐུང་ཤོག རྗེས་མ་ནས་ང་ཁྱོད་དང་ཐུག་མི་ཡོང་།
གོང་གི་གཡང་འབུམ་དང་ཚེ་རིང་གཉིས་ཀྱི་སྐད་ཆ་དེ་ངོ་མ་རེད། གདོང་ཐོག་རིན་པོ་ཆེས་ང་ལ་ལོ་ངོ་ཉི་ཤུའི་སྔོན་དུ་ཁོང་གི་ཕ་ཡུལ་ནས་ཡི་གེ་ཐེངས་གཉིས་འབྱོར་བའི་ཐོག་མའི་ནང་དུ་ཨ་མ་དང་གཉིས་པའི་ནང་དུ་སྲིང་མོ་གྲོངས་པའི་སྐྲ་སེན་དང་ཡི་གེ་བླུགས་འདུག་པས། དེའི་རྗེས་ནས་ཡི་གེ་འབྱོར་ཐེངས་རེ་རེར་སེམས་པ་ཅིག་ཆགས་ཡོང་གི་འདུག་གསུངས་པ་དེ་དྲན་སོང་། ང་ལ་ཡང་ཕ་མ་རྒན་རྒོན་གཉིས་ཡོད་པས། ང་རང་ཁོང་གཉིས་ཀྱི་སྔོན་ལ་མ་ཤི་ཚེ་ནམ་ཉི་མ་ཞིག་ལ་སྐད་ཆ་སྡུག་པོ་ཞིག་སྔ་ཕྱི་མ་གཏོགས་གོ་གི་རེད། དེ་བསམས་ན་ངས་ཚེ་རིང་སྐྱིད་ཀྱི་མྱ་ངན་ཞུ་ཡིག་དེ་རྩེད་སྤྱད་བྱེད་རྒྱུའི་སྤོབས་པ་ཞིག་ངོ་མ་མི་འདུག མོའི་མ་རྒན་དེའི་དོན་དུ། ༀ་མ་ཎི་པདྨེ་ཧྰུྃ། ༀ་མ་ཎི་པདྨེ་ཧྰུྃ། ༀ་མ་ཎི་པདྨེ་ཧྰུྃ། ༀ་མ་ཎི་པདྨེ་ཧྰུྃ། ༀ་མ་ཎི་པདྨེ་ཧྰུྃ། ༀ་མ་ཎི་པདྨེ་ཧྰུྃ། ༀ་མ་ཎི་པདྨེ་ཧྰུྃ།
ཨ་རོགས་དཀོན་མཆོག ད་ཁྱོད་ངོ་མ་ཤི་ཐ། ཁྱོད་ལ་རྣོ་ངར་དེ་མ་གཏོགས་ཕྱུངས་རྒྱུ་མེད་ན་དང་པོ་ནས་མི་ཀུན་ལ་དམ་ཉམ་དང་། སོ་བ་ཉུལ་མ་ཟེར་ནས་ཁོངས་ཁྲོ་ལངས་མ་བཅུག་ན་དགའ་གི་རེད་པ། ཨ་མའི་བུ་འདི་མོས་འདི་རྡ་ཐུག་དུས་ཁ་ནང་དུ་སྐྱག་པ་རྫོང་གི་རེད་ད། ཨ་རོགས་སྤྲུལ་སྐུ་ཀླུ་སྨྱོན། རིག་པའི་རྡོ་རྗེ། སྤོབས་པ། དྲིན་ཆེན་པོ་ཁྱེད་ཚོས་ང་ལ་རིག་གནས་དང་རྩོམ་རྒྱག་སྟངས་ཤིག་ཁྲིད་རོགས་ཀྱིས་དང་། རྗེས་མ་ཚེ་རྡོར་དང་འདྲ་བའི་ཤི་མགོ་འཁྱག་འ་སྐོར་རྒྱུ་རེ་ཡོང་ན་རྒད་པོ་ང་སྔོན་ལ་བུད་ཨེ་ཐུབ་ལྟ་གི་ཡིན།
ཚེ་རྡོ་ཟེར་བ་འདི་འདྲའི་ཆེད་དུ་ངས་རིག་པ་སྤྱད་ནས་ཡག་པོ་ཞིག་བྲིས་ཀྱང་འཕྲོ་བརླག་རེད། མཆན་བུ་ ༡༩ བའི་མཇུག་ཏུ་ངས་༧རྒྱལ་བ་པཎ་ཆེན་སོགས་བོད་མི་རིགས་ཀྱི་མགོན་སྐྱབས་ཆེན་མོ་ཡིན་པ་དང་དགེ་ལུགས་པའང་ཡིན་དང་། བོད་ཤ་བཙོང་མཁན་གྱི་བོད་མི་ཁག་ཅིག་དགེ་ལུགས་པར་བརྫུས་ཤིང་ཤུགས་ལྡན་ལ་ཁ་གཡར་ནས་དགེ་ལུགས་པའི་ནང་ལ་སུམ་འཛུལ་བྱས་པ་རེད།ཤུགས་ལྡན་ཕྱོགས་ཁག་དགེ་ལུགས་པ་མ་རེད། དེ་ནི་དགེ་ལུགས་ལ་ཁ་གཡར་ནས་བོད་པའི་སྤྱི་ཚོགས་སྤྱི་དང་དམིགས་བསལ་དགེ་ལུགས་པའི་ནང་སུམ་འཛུལ་བྱེད་ཀྱིན་པའི་རྒྱ་དམག་ནང་འཁྲུགས་སློང་མཁན་ཁག་ཅིག་རེད། དེ་ལ་ལྟོས་ནས་དགེ་ལུགས་པ་ངན་པ་ཞིག་རེད་ལབ་ན་མི་རྣམ་དཔྱོད་ཅན་ཞིག་གམ། ཡང་ན་སེམས་པ་རྣམ་དག་ཅན་ཞིག་ཏུ་སུས་ཀྱང་ངོས་འཛིན་བྱེད་མི་སྲིད། ཤུགས་ལྡན་ཕྱོགས་ཀྱིས་གནོད་འཚེ་གཏོར་བཅོམ་ཚབས་ཆེ་ཤོས་ཀྱང་དགེ་ལུགས་དགོན་པ་ཁག་ལ་བཟོ་ཡོད་པ་མ་ཤེས་སམ། ཤུགས་ལྡན་ཕྱོགས་ཁག་ནི་བོད་ཤ་བཙོང་མཁན་དང་རྒྱ་མིའི་དམག་མི་རེད། དེ་ཚོར་གདོང་ལེན་བྱེད་མཁན་གཙོ་བོ་དགེ་ལུགས་པའི་གྲྭ་དམངས་ཡིན་སྟབས། ཤུགས་ལྡན་ཕྱོགས་ཁག་དགེ་ལུགས་པར་གཏིང་ནད་ཞེ་འཁོན་ཆེ་ཤོས་ཡོད་པ་རེད། དགེ་ལུགས་པའི་བླ་མ་གསུམ་བསད་པ་རེད། བྱས་ཙང་ཁྱེད་དགེ་ལུགས་པར་མི་དགའ་བའི་རྒྱུ་མཚན་གསལ་བོ་མ་རེད་དམ། མི་དེ་ཚོ་དགེ་ལུགས་པ་གཙང་མ་མ་རེད། འོན་ཀྱང་དེ་ཚོ་བོད་མི་ངོ་མ་ཡིན་ཕྱིར་་་་་་་་་་་་་་་་་་་་་་་་་་་གནས་ལུགས་ཤིག་འདུག་གམ། འོ། མི་འདི་ལ་གནས་ལུགས་བཤད་པ་ལས་སྐྱག་པ་ཟོ་ཟེར་དགོས་པ་རེད།
ཆོས་ཞེན་མེད་ཀྱང་བོད་ཞེན་ཡོད། བོད་མིའི་ཚོགས་པ་ཞིག་ལ་སྡང་ཟུག་བྱེད་ཀྱིན་ལན་བཏབ་པ་ཡིན། ཆོས་རྒྱུད་བཞི་ནི་བོད་ཀྱི་ཆབ་སྲིད་ཀྱི་ཚོགས་པ་རྙིང་ཤོས་བཞི་ཡིན་པ་དང་། དགེ་ལུགས་ལྷན་ཚོགས་ཀྱི་ཚོགས་གཙོ་དགའ་ཁྲི། བཀའ་རྒྱུད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀརྨ་པ། ས་སྐྱ་ལྷན་ཚོགས་ཀྱི་ཚོགས་གཙོ་ས་སྐྱ་གོང་མ། རྙིང་མའི་ཚོགས་གཙོ་སྨིན་གླིང་ཁྲི་ཆེན་རེད་དམ། གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་བརྟན་ནོར་བུ་དང་། བུད་མེད་ཚོགས་གཙོ་ཚེ་རིང་ཡེ་ཤེས་བཅས་རེད། ང་ནི་ཁོ་ཚོར་ཉེ་རིང་གང་ཡང་མེད། ཚང་མར་འདྲ་མཉམ་དང་གཅིག་མཚུངས་ཀྱི་རྒྱབ་སྐོར་ཡོད། ཚོགས་གཙོ་འདི་ཚོ་ཚང་མར་གོ་གནས་གཅིག་པ་སྤྲོད་ཀྱི་ཡོད།
ནོར་བཅོས། བོད་མིའི་ཚོགས་པ་ཞིག་ལ་སྡང་ཟུག་བྱེད་ཀྱིན་པར་ལན་བཏབ་་་་་་་་་་་་་་་།
ཚེ་རིང་སྐྱིད་ཀྱི་རྩོམ་ཡིག་འདི་ཁ་སང་སྔོན་མ་དུས་བབ་ཟིན་བྲིས་ནང་བཀོད་འདུག་པ་མཐོང་སོང་། དེ་དུས་ཟིན་བྲིས་མཆན་བུ་ནང་ཁོ་མོའི་ལས་གྲོགས་དང་དྲ་གྲོགས། ངོ་ཤེས་མཁན་དང་མི་ཤེས་མཁན་ཚང་མས་སེམས་གསོ་དང་འབྲེལ་སྤོབས་པ་དང་སེམས་ཤུགས་སློང་གི་འདུག ངས་ཀྱང་གཞན་དག་དང་འདྲ་བར་ཁོ་མོར་སེམས་གསོ་དང་སྤོབས་པ་སོགས་སློང་དགོས་བསམ་ཀྱང་སྐབས་དེར་ལས་བྲེལ་གྱི་དབང་གིས་དེ་ལྟར་བྱུང་མ་སོང་། དེ་རིང་འདིར་ཁ་བརྡ་ནང་མཐོང་སོང་། འདིར་ཡང་ཁོ་མོའི་རྩོམ་ཡིག་དང་འབྲེལ་བའི་མཆན་བུའི་བརྗོད་བྱ་དུས་བབ་དང་གཅིག་མཚུངས་སུ་འདུག འོན་ཀྱང་ད་ཐེངས་ང་ལ་དོགས་པ་ཞིག་སླང་སོང་། ཁོ་མོས་ཅི་ཕྱིར་ཨ་མ་འདས་སྐོར་གྱི་རྩོམ་ཡིག་གཅིག་དྲ་ཚིགས་དང་དྲ་ཚིགས་བརྒྱུད་ནས་འགོད་གི་ཡོད་དེ་རེད་ལ། དེ་བཞིན་རྩོམ་ཡིག་གི་ནང་དོན་ཀྱང་ཨ་མ་འདས་སྐབས་ཀྱི་དུས་ཚོད་དེར་ཟབ་སྦྱོང་དང་ལས་ཀ་སོགས་ཧུར་ཐག་གིས་བྱས་སྐོར་དང་། སྔ་ཕྱི་བར་གསུམ་དུ་རང་ཉིད་མང་དག་ཅིག་གླེང་འདུག དྲ་གྲོགས་ཚོས་གཅིག་གསུང་དང་། ཁོ་མོས་རྩོམ་ཡིག་འདི་འགོད་སྤེལ་ཐད་དམིགས་ཡུལ་གང་འདྲ་བཟུང་ནས་ཀློག་པ་པོར་ཅི་ཞིག་གི་སློང་མོ་བྱེད་གི་འདུག
ག་རེ་འབྲི་ནའང་འབྲི་རོགས། ག་རེ་བཤད་ནའང་བཤད་རོགས། ཅི་ཙམ་མང་པོ་བྲིས་ན་དེ་ཙམ་གྱིས་བོད་ཡིག་བེད་སྤྱོད་ལ་ཕན་གྱི་རེད། ཁ་འགོག་དགོས་དོན་ཅི་ཡང་མེད་ཀི བསམ་ཚུལ་མཐུན་མི་མཐུན་ནི་གནད་དོན་གཞན་ཞིག་རེད། ཚང་མ་བསམ་ཚུལ་གཅིག་མཐུན་ཞིག་ཡོང་རྒྱུ་ཅི་ལ་ཡོད། འབྲི་མཁན་ཚོར་དུས་ཚོད་ཀྱིས་ལོངས་ན། དྲ་ཚིགས་ཀྱི་བྱང་ཐང་སྟོང་པ་རེད། ཀློག་མི་ཀློག་སོ་སོའི་རང་དབང་རེད། ཀློག་འདོད་པ་དེ་ཚོ་ཀློག་གི་ཡིན། ཀློག་མི་འདོད་པ་དེ་ཚོ་འཇོག་གི་ཡིན།
དྲ་གྲོགས་ཚོ། བོད་ཀྱི་སྐད་ཡིག་དྲ་ཚིགས་ཀྱི་ད་ལྟའི་གནས་བབ་ལ་གསལ་བསྒྲགས་ཤིག་སྤེལ་འདུག་པས་ང་ཚོ་ཚང་མས་བསམ་བློ་གཏོང་འོས་པར་སྣང་། ད་ཐེངས་རང་རང་འཁྲིས་ཀྱི་ཕྱུག་བདག་ཚོ་ལ་གནས་ཚུལ་བཤད་དེ་འུ་ཚོ་ཚང་མས་བསམ་བློ་གཏོང་རིན་འདུག ཡང་ན་དྲ་ཐོག་འདིར་ཀུན་གྱིས་བཤད་མྱོང་བའི་ཕྱུག་བདག་ཨ་རིར་གནས་སྡོད་པ་མང་པོ་ཡོད་པར་སྣང་བས་ཁྱེད་ཅག་ལ་དེ་ཡི་སེམས་ཤུགས་ཡོད་མིན་ལ་རག་ལས་ཡོད། ངས་ཀྱང་གྲོགས་པོ་འགར་གྲོས་བྱས་ཏེ་ཐབས་ཤེས་འཐེན་གི་ཡོད། ཁྱེད་ཚོར་ཡང་ང་བཞིན་སེམས་ཁྲལ་ཡོད་པའི་ཡིད་ཆེས་ཡོད། བོད་ཀྱི་སྐད་ཡིག་དྲ་ཚིགས་ཀྱིས་བོད་ཕྱི་ནང་གི་འབྲེལ་ཐག་དང་། མི་རིགས་རང་གི་སྐད་ཡིག་སོགས་ལ་ནུས་པ་མི་དམན་པ་འདོན་གྱིན་ཡོད་པས་ཡིན། བོད་ཀྱི་སྐད་ཡིག་དྲ་ཚིགས་ཀྱི་ད་ལྟའི་གནས་བབ་ལ་གསལ་བསྒྲགས་ཤིག་སྤེལ་ཡོད་པ་ http://tibettimes.tibethosting.com/blogs.php?id=22&post_id=497 འདིར་ཡོད། ཞེས་ཚེ་རིང་སྐྱིད་ཀྱིས།
བོད་ཀྱི་འཐབ་རྩོད་དཀའ་ངལ་ཅན་གྱི་སྐབས་ནང་ཁུལ་གྱི་དགོས་མེད་ཀྱི་ཕྱོགས་ཞེན་བརྗོད་དགོས་དོན་མེད། རབ་ཡིན་ན་ཁྱོད་ཚོས་རང་རིགས་གི་ལ་རྒྱ་བསྐོར་བཤད་དགོས་ཏེ་བཤད་ཤེས་ཀྱི་མེད་ན་ཁ་ཙུམ་སྡོད།
དྲ་གྲོགས་འབིག་ལགས། ང་ལ་དྲ་ངོས་ནས་ཨ་མར་མྱ་ངན་ཞུ་དབང་ཞིག་ཀྱང་མེད་དམ། གལ་ཏེ་དེ་ལ་ཡང་འདི་ལྟ་བུའི་སྐད་ཆ་བཤད་ན་ངས་ཀྱང་ཁྱེད་ལ་མ་འདོད་ན་སྡུག་གྱོང་ཟེར་གྱིན་ཡོད། ངས་རང་དབང་གི་ས་ཆ་སྤྱད་ནས་རང་དབང་གི་གླེང་མོལ་བྱས་་པ་ཡིན། འགྲིག་སོང་ངམ། ངས་རང་གི་ཨ་མ་འདས་རྗེས་ཀྱི་ཟིན་ཐོ་ཞིག་གིས་ཅི་ཡང་གླེང་ཐུབ་གི་མ་རེད། ཡིན་ཡང་འདི་མི་རིགས་ཤིག་གི་སྐྱོ་གར་ལས་བསླངས་བའི་ན་ཟུག་གཞན་ཞིག་དང་། ང་ཚོས་དུས་རྒྱུན་དུ་བསམ་བློ་གཏོང་འོས་པའི་འཚོ་བ་དངོས་དེ་ཡིན།
ཨ་མདོ་བུ་མོ་ལགས། ངས་ཁྱེད་ཀྱི་རང་དབང་འགོག་གི་མེད་ལ། དེ་བཞིན་ཁྱེད་ལ་མི་འདོད་པའི་སྐད་ཆ་གང་ཡང་བཤད་གི་མེད། འོན་ཀྱང་ངས་འདིར་དོགས་འདྲི་ཞིག་བྱས་པ་དེར་ཁྱོད་དེ་འདྲའི་རླུང་ལངས་དོན་མི་འདུག་སྙམ་ལ། མ་གཞི་ནས་དོགས་འདྲི་འདི་དྲ་གྲོགས་ཚོར་དྲིས་པ་ཙམ་ཡིན། མ་གཞི་ནས་ང་ལའང་དོགས་འདྲི་ཞིག་བྱེད་དབང་ལོས་ཡོད་སྙམ། དེ་ཨེ་རེད།
འབིག་ལགས་ཀྱིས་དེ་ལྟར་དྲི་བ་གཏོང་དོན་ཅི་ཡིན་གྱི་ཐད་ལ་ཁོས་གསལ་བཤད་བྱེད་ངེས་རེད་བསམ་མོད། ཡིན་ནའང་ཁོག་ལ་བཅུག་ནས་ཁ་ནས་ཕྱིར་བཏོན་མ་སོང་།
ད་ནངས་ http://www.chinasmack.com/ འདི་ལ་བལྟས་རྗེས། རང་སེམས་སུ་རྒྱ་བོད་གཉིས་ཀྱི་ཟིན་བྲིས་འབྲི་སྟངས་ཀྱི་ཁྱད་པར་གྱི་ཐོག་ལ་དྲི་བ་མང་པོ་ཞིག་འཁོར་ཏེ་ངས་གྲོགས་པོ་ཞིག་ལ་དེའི་སྐོར་བཤད་སྐབས། ཁ་ནས་རང་བཞིན་གྱིས་ང་ཚོས་བོད་ཀྱི་ཕུབ་ཅིག་བཟུང་སྟེ། བོད་ཀྱི་ཁེ་ཕན་ལ་གནོད་ཡོང་བསམ་པའི་ཕྱི་དགྲ་དང་ནང་དགྲའི་ཚིག་མཚོན་གྱི་རིགས་འགོག་ཅི་ཐུབ་བྱེད་རྒྱུ་ནི་ང་ཚོའི་འགན་སྲུང་ཨང་དང་པོར་གྱུར་འདུག ང་ཚོས་སྒེར་གྱི་བདེ་སྡུག་ཕལ་བ་དང་བོད་ཀྱི་བདེ་སྡུག་གཙོ་བོར་བཟུང་ནས་བཤད་ཀྱི་འདུག་ཟེར་བ་ཞིག་ཤོར་སོང་། ཡིན་ནའང་དེང་སང་བོད་དུ་མི་རབས་གསུམ་པ་ཟེར་བ་ཞིག་ཡོད་པ་དེ་ཚོའི་རྩོམ་སྟངས་ལ་བྲོ་བ་མ་འདྲ་བ་ཞིག་ཡོད་པར་སྙམ་པ་ནི། ཁོང་ཚོས་སྤྱི་ཚོགས་ཀྱི་བཀག་རྒྱ་ལ་མི་ལྟོས་པར་མི་སྒེར་གྱི་ལུས་སེམས་ཀྱི་ཉམས་མྱོང་དང་བདེ་སྡུག་འདི་གཙོར་འདོན་བྱེད་ཅི་ཐུབ་བྱེད་པ་དེ་རེད། ཚེ་རིང་སྐྱིད་ཀྱང་མི་རབས་གསུམ་པའི་ཚོགས་མིར་གྱུར་འདུག་ལ། གོང་དུ་ཁོ་མོས་རང་གི་ཨ་མ་འདས་རྗེས་ཀྱི་མྱོང་ཚོར་དང་བྱ་རིམ་བཅས་རང་གི་ལུས་སེམས་ཀྱི་ཉམས་མྱོང་མང་པོ་ཞིག་སྟེ། ཁ་པར་ལས་ཨ་ཁུས་ཁོ་མོར་ངུ་སྐད་དང་བཅས་ཅི་ཞིག་བཤད་པ་རྣམས་་ཐད་ཀར་ཀློག་པ་པོ་ལ་བཤད་ཡོང་བ་ན། དེ་ནི་ཁོ་མོས་ཀློག་པ་པོ་ལ་ཡིད་ཆེས་ཀྱིས་རང་སེམས་ཀྱི་སྒོ་མོ་ཕྱེས་པ་དང་འདྲ་བས་ང་ལ་ཁོ་མོའི་མི་ཚེ་དང་ཐག་ཇེ་ཉེར་སོང་བའི་ཚོར་སྣང་ཞིག་སླེབས་སོང་། ཁ་སྔོན་ཀླུ་སྨྱོན་ལ་ཁོ་རང་སྤྲུལ་སྐུར་གྱུར་རིམ་དམར་རྗེན་ལ་ཤོད་དང་ཞེས་ཡང་ཡང་བསྐུལ་མོད། ཚིག་བཅད་རྡོག་མ་འགའ་རེ་བྲིས་པ་མ་གཏོགས་ཁོ་ལ་ཉམས་མྱོང་འདི་ཀློག་པ་པོ་ཚོ་དང་ཐུན་མོང་དུ་ལོངས་སུ་སྤྱོད་རྒྱུའི་འདོད་པ་དང་བློ་ཁོག་མ་བྱུང་བར་ཁོ་གཅིག་པུའི་སེམས་ལ་ཉར་ཏེ། ཀློག་པ་པོ་ཚོར་སྒོའི་ཕྱི་ལ་དེད་སོང་། འདི་ནི་བསྟོད་སྨད་ཀྱི་དབྱེ་བ་ཕྱེས་པ་ཞིག་མིན་པར། རང་གི་དགའ་ཕྱོགས་ཏེ། རྩོམ་པ་པོ་དང་སེམས་ཐག་ཇེ་ཉེར་འགྲོ་བའི་དབྱིན་སྐད་དུ་individual subjective experience ཟེར་བའི་ཚེ་རིང་སྐྱིད་ཀྱི་འབྲི་སྟངས་རིགས་ཤིག་ལ་དགའ་ཁ་བསྟན་པ་ཙམ་ཡིན། མཚོན་ཐབས་འདིའི་སྐོར་ཁ་སྔོན་འབིག་ལགས་དང་མཉམ་དུ་རྒྱ་ནག་གི་གློག་བརྙན་བཟོ་མཁན་མི་རབས་༥བ་དང་དྲུག་པ་གཉིས་ལས་ཕྱི་མ་དེར་དགའ་སྟངས་བཤད་པ་དང་གཅིག་མཚུངས་ཡིན། དེའི་སྐོར་ཀློག་འདོད་ཡོད་མཁན་ཚོས་འབྲེལ་ཐག་འདི་ནས་ཀློག་རོགས།http://www.tibettimes.net/blogs.php?id=53&post_id=404
ད་བར་དུ་ང་ཚོས་སྐྱེས་ཆེན་དམ་པ་ཚོའི་རྣམ་ཐར་བཀླགས་བསྡད་པ་ལྟར། ད་ནི་མི་དཀྱུས་མ་ཞིག་གི་ཉམས་མྱོང་སྟེ། ཨ་མ་ཚེ་ལས་འདས་པའི་གནས་ཚུལ་ཞིག་ཀློག་རིན་དང་བཤད་རིན་མེད་པར་འདོད་མཁན་ཡོད་སྲིད་མོད། མི་སྒེར་གྱི་ཉམས་མྱོང་གཙོར་འདོན་གྱིས་དེའི་ཐོག་ནས་མི་རབས་ཤིག་དང་མི་རིགས་ཤིག་གི་བདེ་སྡུག་དང་གནས་སྟངས་རྣམས་མངོན་ཆུང་གིས་མཚོན་ཐབས་བྱེད་པ་འདི་ནི་དགའ་རུང་མི་དགའ་རུང་སྤྱི་ཚོགས་ཀྱི་འགྱུར་བ་་རེད། ལྷ་སའི་སྐུ་དྲག་ཅིག་གི་རྣམ་ཐར་ཀློག་པ་ལས། བོད་པའི་བུ་མོ་ཞིག་གི་སྙིང་གཏམ་ལ་ཉན་པར་སྤྲོ།
ལྕགས་རྒྱ་འགྲན་ནག་ལགས། ཁྱོད་ལྟར་མང་པོ་ཞིག་གིས་ཀྱང་ཚེ་རིང་སྐྱིད་ཀྱི་རྩོམ་རྩལ་ཡག་རབས་དང་རྣམ་པ་མཛེས་རབས་བཤད་གི་འདུག ང་ནི་དེ་ལས་ལྡོག་ཡོད། ངས་མི་དེའི་རྣམ་པ་མི་གླེང་ལ། མཁས་པ་དེའི་རྩོམ་རྩལ་མི་གླེང་། གཙོ་བོ་མི་གཤིས་གླེང་གི་ཡོད། བཙན་བྱོལ་ནང་མཁས་པ་དང་ཤེས་ཡོན་ཅན་མང་པོ་རེད། འོན་ཀྱང་ཕུག་དེད་ན་མཁས་པ་དང་ཤེས་ཡོན་པའི་རང་གཤིས་རྣལ་མ་ཡོད་མཁན་ཉུང་ཉུང་རེད། རང་གཤིས་རྣལ་མ་མེད་པའི་མཁས་པ་དང་ཤེས་ཡོན་པ་ཚོས་རྩོམ་ཞིག་བྲིས་ན་རེད། དེབ་ཅིག་བཏོན་ན་རེད། གཙོ་བོ་ཁེ་ཕན་བསམ་གི་འདུག ཁོ་ཚོའི་ཁེ་ཕན་དེ་ཡང་སྙན་གྲགས་མ་རེད། གོ་ས་མ་རེད། དངུལ་སྒོར་མ་རེད། སྙན་གྲགས་དང་གོ་ས། དངུལ་སྒོར་སོགས་ཀྱི་ཆེད་དུ་རང་སྟེང་ནས་བརླག་ཟིན་པའི་རང་གཤིས་རྣལ་མ་དེ་བསམ་གི་འདུག རྩོམ་དང་དེབ་གང་ཡིན་རུང་ཁོ་ཚོས་རང་སྟེང་ནས་བརླག་ཟིན་པའི་རང་གཤིས་རྣལ་མ་དེ་ཡོད་མདོག་དངོས་ཤུགས་གང་རུང་ནས་སྟོན་གི་འདུག སྟོན་སྟངས་འདྲ་མིན་འདྲ་རེད། དཔེར་ན། ཨ་མ་འདས་རྗེས་ཀྱི་ཟིན་བྲིས་འདི་ལྟ་བུའི་སྟེང་ནས་བསྟན་ཡོང་གི་འདུག འོན་ཀྱང་ཁོ་ཚོ་ནོར་བ་རེད། རང་གཤིས་རྣལ་མ་དེ་རྩོམ་དང་དེབ་ཐོག་ནས་སྟོན་རྒྱུ་ཞིག་མ་རེད། དེ་རང་ཉིད་དང་རྩོམ་ཡིག དེབ་སོགས་འདྲ་མཉམ་ཡིན་དགོས་པ་དེ་རེད། མདོར་ན་ཁོ་ཚོར་༼ རྩོམ་པ་པོ་དང་བརྩམས་ཆོས་འདྲ་མཉམ་༽གྱི་ལྟ་གྲུབ་ལས་རིང་དུ་བརྒལ་འདུག་པ་དེ་རེད།
དྲ་གྲོགས་འབིག་ལགས། ངས་ལྟས་ན་ཁྱེད་ཀྱིས་འཛམ་གླིང་གི་ཡིད་སེམས་འགུག་པའི་རྩོམ་རིག་ཀློག་མ་མྱོང་བར་སྣང་། ད་སྐཔས་ས་ཆ་གང་དུ་རྒྱུག་ཆེ་པའི་རྩོམ་ཡིག་ནི་དངོས་ཡོད་འཚོ་བའི་ཁྲོད་ཀྱི་མིའི་བདེ་སྡུག་དང་། མིའི་སེམས་བྱུང་། མིའི་སྣང་ཚུལ་སོགས་རེད། ད་དུང་ཆབ་སྲིད་རྩོམ་རིག་ཁོ་ན་གཙིགས་སུ་འཛིན་པའི་མི་ཞིག་ལ་མཚོན་ན་ངའི་ཟིན་ཐོ་དེ་ཡིས་དེ་ཙམ་གྱི་ཚོར་བ་ལས་སྦྱིན་ཐུབ་གི་མ་རེད། ད་དུང་མི་མང་པོ་ཞིག་གིས་རང་གི་མི་ཚེ་དང་རང་གི་མྱོང་བ་འབྲི་བཞིན་ཡོད་ལ། དེ ལྟ་བུའི་རྩོམ་རིག་གིས་འཛམ་གླིང་རྩོམ་རིག་གི་ཆ་ཤས་ངེས་ཅན་ཞིག་བཟུང་ཡོད། ད་ལྟའི་བར་རང་རེའི་རྩོམ་རིག་གིས་མི་དངོན་པའི་དབྱིངས་ནས་ལྷ་ཀླུ་གཉན་སྐྱོང་གི་དམུ་ཐག་ལ་འཇུ་གང་ཐུབ་གནང་ཡོད་ལ། དངོས་ཡོད་འཚོ་བའི་བདེ་སྡུག་དང་མྱོང་བ་འབྲི་བ་འདི་འཚུལ་ཆོས་ཁོ་ནས་བཏུམ་ཡོད། དམིགས་བསལ་གྱིས་བཙན་བྱོལ་ནས་རྩོམ་རིག་ངོ་ཤེས་པའི་མི་ཞིག་ལ་མཚོན་ན་ཆབ་སྲིད་ཀྱི་ཚོར་བའི་རྩོམ་ཡིག་མ་གཏོགས་ཆ་འཇོག་དང་གླེང་སློང་བྱ་རྒྱུ་ཉུང་ཉུང་རེད། འདི་ཚང་མ་སྒྱུ་རྩལ་རྒྱང་ཕུད་དུ་བཏང་ཡོད་པས་རེད། ཨེ་ཤ་ཡའི་བུད་མེད་རྩོམ་པ་པོ་མང་པོ་ཞིག་དུས་རབས་༢༠ མཇུག་དང་ ༢༡ གྱི་མགོ་ཙམ་ལ་གཞི་ནས་འཛམ་གླིང་རྩོམ་རིག་གི་ནང་དུ་འཚང་མགོ་བཙུག་ཡོད། དཔེར་ན། ད་སྐབས་ཡུ་རོབ་གླིང་གི་རྒྱུག་ཆེ་ཤོས་ཀྱི་དཔེ་དེབ་དེ་ཨེ་ཤ་ཡའི་བུད་མེད་ཚོས་རང་གི་རིག་གཞུང་དང་ཆོས་ལུགས སྲོལ་རྒྱུན་གོམས་གཤིས་སོགས་ཀྱིས་བཟོས་པའི་མནར་གཅོད་དང་བདེ་སྡུག་གིས་གཞུབ་པའི་དེབ་དག་ཡིན། ཡིན་ན་ཡང་ངས་བྲིས་པ་དེ་ཉིན་ཐོ་ཞིག་ཡིན། མི་རིགས་འདིའི་ལས་བསྐལ་གྱི་མཐུ་འོག་ནས་རྙེད་པའི་ང་དང་ངའི་ཕ་མ་ལྟ་བུའི་ཐོབ་བྱ་ཡིན། ངན་ཁག་འདི་སུ་ལ་འདྲི། འདི་ནི་དུས་རབས་འདིའི་བོད་མི་ཚོས་མྱོང་བཞིན་པའི་ལས་བསྐལ་ཡིན། གལ་ཏེ་ཁྱེད་ཀྱིས་འདི་ལྟར་མྱོང་བཞིན་མེད་ན། དེ་ཁྱེད་ཀྱི་ཁེ་བཟང་རེད། ཡིན་ན་ཡང་སྐྱོ་གར་མང་པོ་ཞིག་དུས་རབས་འདིས་བོད་ཀྱི་མི་རབས་འདི་ལ་པཞག་པའི་ལོ་རྒྱུས་ཀྱི་འགན་འཁྲི་ལས་བྱུང་པའི་མནར་གཅོད་ཡིན།
དྲ་གྲོགས་འབིག་ལགས། ཁྱེད་ཀྱིས་སྐད་ཆ་འདི་རྙིང་ཏེ་རུལ་ལ་ཉེ་བའི་སྐད་ཆ་དེའི་རིགས་རེད། སྐད་ཆ་དེ་མི་སྣ་སྟོང་ཕྲག་མང་པོས་མི་ལོ་མང་པོའི་སྔོན་ལ་ལབ་ཡོད། ཡིན་ན་ཡང་སུ་ཞིག་གིས་ཀྱང་དོན་དངོས་ཀྱི་མིའི་ཀུན་སྤྱོད་ཀྱི་ཚད་གཞི་འདི་འདྲ་ཞིག་ཡིན་ཞེས་བཤད་རྒྱུ་གཏན་ནས་མེད། མ་ཟད་ངས་ཁྱེད་ལ་བརྗོད། སྐད་ཆ་འདི་བཤད་བཞིན་དུ་ཁྱེད་ཀྱིས་རང་ཉིད་ལ་བསམ་བློ་བཏང་ཨེ་མྱོང་། ཡང་ན་ཁྱེད་ཀྱིས་མིའི་ཆོག་ཤེས་དང་། མིའི་འགྱུར་བག་ལ་བསམ་བློ་བཏང་ཨེ་མྱོང་། ཁྱེད་ཀྱི་གཏམ་འདི་ཐོག་དང་པོ་བཙན་བྱོལ་ལ་ཡོང་སྐབས་བོད་གཞུང་གི་མི་སྣ་མཐོ་བོ་དེ་ཚོས་ཡ་རབས་བཟང་སྤྱོད་བསླབ་པ་དང་གཅིག་པ་རེད་ལ་ད་དུང་རང་གིས་བོད་སྐད་མི་ཤོད་བཞིན་གཞན་ལ་བོད་ཡིག་གལ་ཆེན་རེད་དང་སྦྱང་དགོས་ཟེར་ནས་ཨུ་ཚིགས་ཀྱིས་སྐུལ་མ་གཏོང་བ་དང་གཅིག་པ་རེད།
ཨ་མདོའི་བུ་མོ་ལགས། མིའི་ཀུན་སྤྱོད་ལ་ཚད་གཞི་ཡོད་མེད་པ་ངས་འདི་ནས་བཤད་ཁག་ནའང་། ཁྱོད་ཀྱི་ཀུན་སྤྱོད་ལ་ཚད་གཞི་མེད་པའམ་ཚད་གཞི་ཞིག་དགོས་གི་མེད་པ་བཤད་སྟངས་ཐོག་ནས་ཤེས་གི་འདུག མང་པོ་ཞིག་གིས་ཆེན་པོ་ཆེན་པོ་རེ་བཤད་ནས་ཉིན་མ་གཏོང་གི་ཡོད་རེད། སྐད་ཆ་བཤད་སྟངས་འདི་དང་བསམ་བློ་གཏོང་སྟངས་འདི། ཁོག་རྒྱ་ཀྱེད་སྟངས་འདི་ཙམ་ལས་མེད་པ་དེས་ད་དུང་དམིགས་ཚད་དེར་རྒྱང་ཐག་རིང་བ་ཤེས་ཆོག་ཆོག་ཅིག་རེད་མི་འདུག
འབིག་ལགས། དོན་ངོ་མ་ཁྱེད་ཀྱིས་ཅི་ཞིག་བརྗོད་འདོད་པ་ངས་མི་ཤེས་ལ་དོན་ངོ་མ་དུས་བབ་ཟིན་བྲིས་སུ་ཟིན་བྲིས་བ་ཚང་མར་ཁ་མིང་སྣ་མིང་མང་པོ་འདིག་དགོས་པའི་རྒྱུ་མཚན་ཡང་རྙེད་ཐུབ་གི་མི་འདུག སྐད་ཆ་ཆེན་པོ་མ་བཤད། སྐད་ཆ་བཤད་པ་ནང་འགལ་ལ་མ་འགྲོ མིའི་ཀུན་སྤྱོད་ལ་ཚད་ཅིག་མེད། ཡིན་ན་ཡང་མི་སུ་ཞིག་ཡིན་ཡང་རང་རང་ལ་འཚོ་བའི་རྩ་དོན་ཞིག་ཡོད་ནི་རེད། གཙོ་བོ་དེ་རང་གིས་རང་ཉིད་བློ་འཔཔ་དགོསལ་རང་གིས་རང་ཉིད་ལ་ཡིད་ཚིམས་པ་ཞིག་བྱེད་དགོས། ང་རང་ཉིད་ལ་དགའ་མཁན་ཞིག་ཡིན་ལ་རང་ཉིད་ཀྱི་རྩ་དོན་རྒྱུད་འཛིན་བྱེད་མཁན་ཞིག་ཡིན། དེའི་རྐྱེན་གྱིས་མི་སུ་ཞིག་གིས་གནས་ལུགས་གང་བཤད་ན་དེ་ལ་མཐའ་གཉིས་ལ་མ་ལྷུང་བའི་ལྟ་བ་འཛིན་གིན་ཡོད། ཡིན་ན་ཡང་མཐའ་གཅིག་ཏུ་ལངས་ན་མི་དེའི་རིགས་ཀྱིས་ད་དུང་ངོས་གཞན་ཞིག་མཐོང་ཐུབ་གི་མེད་ལ་དེ་མཐོང་ཐུབ་པའི་རེ་བ་དང་རྨི་ལམ་ཡོད་པ་ཡང་ཡོད་གི་མེད། དེའི་རིགས་ཀྱིས་ནམ་ཡིན་ཡང་གནས་ལུགས་ངོ་མ་ཞིག་གི་སྒང་ནས་སྐད་ཆ་བཤད་རྒྱུ་ཁག་པོ་རེད། དེ་བས་འབིག་གིས་ནམ་ཡང་གཞན་ལ་འཛེར་ཤེས་ཀྱང་འཛེར་ཟིན་རྗེས་ཀྱི་་ན་ཟུག་ཚོེར་མི་ཐུབ་པ་དང་གཅིག་པ་རེད།
རང་དབང་རྒྱལ་ཁབ་ཅིག་གི་ནང་ལ་མཚོན་ན།
འདི་འབྲི་དང་འདི་མི་འབྲི་དེ་རྩོམ་པ་པོའི་དབང་ཆ་རེད།
འདི་ཀློག་དང་འདི་མི་ཀློག་དེ་ཀློག་པ་པོའི་དབང་ཆ་རེད།
དམར་ཕྱོགས་རྒྱལ་ཁབ་ཏུ་ལོགས་ཀ་ཡིན་པ་ང་ཚོར་ཆ་རྒྱུས་ཡོད་པ་རེད།
གནད་འགག་དེ་འདི་ཙམ་རེད་བསམས།
དྲ་གྲོགས་ཚོ། འབིག་ཟེར་བ་འདི་དོན་ངོ་མ་གང་འདྲ་ཞིག་ཡིན་མིན་མི་ཤེས་མོད། ཡིན་ན་ཡང་དྲ་ལམ་ལས་གསལ་བར་རྙེད་པ་ནི་ཁོས་མང་པོ་ཞིག་ལ་ཁ་གྲགས་ན་འདོད་གི་འདུག ཡིན་ན་ཡང་ཁོས་ད་དུང་ཀུན་སྤྱོད་ཤོད་བཞིན་དུ་ཀུན་སྤྱོད་ལ་རྡོག་རོལ་གཏོང་གིན་འདུག རེ་བ་ལ་འབིག་གིས་མི་མང་པོ་གནས་ལུགས་དང་ཞི་འཇམ། མ་མཐར་ཡང་འུ་ཚོས་འཚོལ་བཞིན་པའི་རང་དབང་ལ་སྐད་ཆ་ཆེན་པོ་བཤད་ནས་འཇིགས་སྣང་མི་སྐུལ་རྒྱུའི་རེ་བ་ཡོད།
དྲ་གྲོགས་ཚོ། འབིག་ཟེར་བ་འདི་དོན་ངོ་མ་གང་འདྲ་ཞིག་ཡིན་མིན་མི་ཤེས་མོད། ཡིན་ན་ཡང་དྲ་ལམ་ལས་གསལ་བར་རྙེད་པ་ནི་ཁོས་མང་པོ་ཞིག་ལ་ཁ་གྲགས་ན་འདོད་གི་འདུག ཡིན་ན་ཡང་ཁོས་ད་དུང་ཀུན་སྤྱོད་ཤོད་བཞིན་དུ་ཀུན་སྤྱོད་ལ་རྡོག་རོལ་གཏོང་གིན་འདུག རེ་བ་ལ་འབིག་གིས་མི་མང་པོ་གནས་ལུགས་དང་ཞི་འཇམ་གྱིས་རང་གི་ལྟ་ཚུལ་གླེང་རྒྱུ་མཁྱེན། མ་མཐར་ཡང་འུ་ཚོས་འཚོལ་བཞིན་པའི་རང་དབང་ལ་སྐད་ཆ་ཆེན་པོ་བཤད་ནས་འཇིགས་སྣང་མི་སྐུལ་རྒྱུའི་རེ་བ་ཡོད།
ཨ་མདོའི་བུ་མོ་ལགས། ངའི་སྐད་ཆ་ཚང་མར་ངོ་གདོང་དང་ཞེ་འདོད་ཁག་ཁག་མེད། དེ་ཁྱོད་ཀྱིས་བརྗོད་པའི་ངའི་རང་གི་༼ མིའི་རྩ་དོན་༽དེ་རེད། ཁྱོད་ཀྱིས་མི་ཤེས་པའི་ཚད་དུ་སླེབས་པའི་སྐད་ཆ་ཞིག་ངས་བཤད་མེད་ལ་དེ་འདྲའི་ཚད་དུ་སླེབས་པའི་སྐད་ཆ་ཞིག་ངས་ཀྱང་བཤད་མི་ཤེས། ངས་ད་བར་དུ་དྲ་ངོས་དང་ཟིན་བྲིས་གང་རུང་ནང་མི་ལ་ཁ་མིང་དང་སྣ་མིང་བཏགས་མྱོང་མེད། ཁ་བརྡ་དང་དུས་བབ་ཚང་མས་ཀློག་ཐུབ་གི་རེད་ལ་མཆན་རེ་རེ་བཞིན་བཀླགས་ན་ངས་དེ་ལྟར་བྱས་ཡོད་མེད་ཤེས་གི་རེད། ངས་གང་བཤད་པ་དེས་ཕ་རོལ་བ་ལ་ཕོག་ཐུག་ཐེབས་ན་དེར་བཤད་རྒྱུ་གང་ཡང་ཡོད་ནི་མ་རེད། ཕོག་ཐུག་ཐེབས་དུས་རང་ལ་ནོངས་ཡོད་པའི་རྟགས་རེད།
བདེན་པ་ཡིན། ཁྱོད་ཀྱི་ཟིན་བྲིས་དེས་ང་ལ་དོགས་པ་ཞིག་བསླངས་སོང་། ང་ལ་ཁྱོད་ཀྱིས་གོ་སྐབས་གང་ཡོད་བཙལ་ནས་རང་ཉིད་སྒྲུབ་བཞིན་པའི་བློ་དོགས་ཤིག་བསླངས་སོང་། གོ་སྐབས་བཙལ་ནས་རང་ཉིད་སྒྲུབ་ན་དེ་ཡང་མ་འགྲིག་གང་ཡང་མེད་གི་བསམ། འོན་ཀྱང་ད་ཐེངས་ཀྱི་གོ་སྐབས་ལེན་སྟངས་ནོར་བ་རེད། མ་གཞི་གོ་སྐབས་དེ་རང་ཉིད་ཀྱི་ཨ་མའི་འདས་མཆོད་ཐོག་བཙལ་ན་ལས་འབྲས་དང་མི་ཆོས་ལ་མཐུན་པ་ཞིག་མ་རེད་སྙམ། དགོངས་དག གང་བསམ་ཁ་ནས་ཐོན་སོང་།
འབིག་ལགས། ངས་ལྟས་ན་ཁྱེད་ཀྱི་སྐད་ཆ་ཁ་ཤས་ཐལ་དྲག་སོང་བསམ་གྱིན་འདུག ངས་རང་ཉིད་ད་ལྟ་བར་སྒྲུབ་ཕ་ཡིན། མ་ཟད་ངས་མཐར་ཐུག་གི་ང་སྒྲུབ་ཀྱིན་ཡོད། ཡིན་ན་ཡང་ཁྱེད་ལྟ་བུའི་མི་ཁ་ཤས་ཀྱིས་རང་གི་ལྟ་ཚུལ་ཁོ་ནས་མི་མང་པོ་ཞིག་ནག་པོར་བཟོ་གིན་འདུག ངས་རང་གི་ཨ་མའི་འདས་མཆོད་ཀྱིས་རང་ཉིད་སྒྲུབ་དགོས་དོན་མེད་ལ། ངས་སྔོན་ཆད་ཞིག་ནས་རང་ཉིད་སྒྲུབ་ཚར་ཡོད། ཡིན་ན་ཡང་ངས་འདིར་བརྗོད་འདོད་པ་ནི་ཁྱེད་ཀྱིས་ཆེད་དུ་གོ་སྐབས་འདི་བཟུང་བ་ཡིན་པ་ཤེས་ཀྱིན་འདུག མ་ཟད་ངས་རང་དབང་བེད་སྤྱོད་བཏང་ནས་ངའི་ཨ་མའི་འདས་མཆོད་དང་འབྲེལ་བའི་ཉིན་ཐོ་འདིའི་འོག་ལ་ད་སྐད་ཆ་དྲི་མ་ཅན་མང་པོ་མ་བཤད་ན་འོས། གལ་ཏེ་བཤད་འདོད་ན་མུ་མཐུད་ནས་ལེ་ཚན་གཞན་པའི་ནང་ནས་མཇལ། ཕ་མས་ཕྱི་ལ་གཡུག་པའི་ད་ཕྲུག་ཞིག་མིན་ན་འདི་ལྟ་བུའི་རྒྱུ་འབྲས་མེད་པའི་སྐད་ཆ་བཤད་རྒྱུ་བློ་ཡུལ་དུ་ཤར་མི་སྲིད་པས་ཁྱེད་ཀྱིས་རང་ཉིད་ཀྱི་བྱ་སྤྱོད་གཞན་ལ་མ་སྦྱར། ངས་ཁྱེད་ལ་ཞུ་བ་འཐེན་ཆོག མ་མཐར་ཡང་ངས་ཨ་མ་དྲན་པ་རྙིང་བར་སོང་རྗེས། ངས་ཧ་མི་གོ་གི མི་མང་པོས་རྩོམ་ཡིག་མི་ལེགས་པ་རེ་བྲིས་ནས་རང་ཉིད་ཁྱབ་བསྒྲགས་བྱས་ཀྱང་། པར་ག་ཚོད་བཞག་ནས་ཁྱབ་བསྒྲགས་བྱས་ཀྱང་སྐད་ཆ་དྲི་མ་ཅན་མི་བཤད་པར་ངས་ཐ་ན་ཨ་མར་འདས་མཆོད་སྒྲུབ་ཚུལ་གྱི་ཉིན་ཐོ་ཞིག་བྲིས་པ་ལ་ཡང་འདི་ལྟར་སྐད་ཆ་དྲི་མ་ཅན་བཤད་པར་ལྟས་ན་དེ་རྒོད་བྲོ་བ་ཞིག་རེད།
དོ་དགུང་ཕྱི་བོ་ཆགས་འདུག ང་ཡང་དྲ་ཁང་འདི་ནས་འབུད་རན་སོང་། ཁྱེད་ཀྱིས་བཤད་པ་ལྟར་རྗེས་སུ་ག་ལེར་མཇལ་ཆོག་གི་རེད། གཟིམ་འཇགས་གནང་རོགས།
ཁྱེད་དྲ་ཁང་དུ་དེ་ལྟར་ཡར་ཁ་མར་ཁ་སློག་ནས་འདུག་གྱིན་པར་ང་ཧ་ལས་སོང་། ང་ཚོའི་གསར་ཁང་ལ་མཚོན་ན་གཟའ་སྤེན་པ་གཉིས་པ་དང་གཟའ་ཉི་མ་སོགས་ལ་ཡང་ངལ་གསོ་ཁོམ་ཞིག་མི་འདུག་ལ དེ་རིང་མཚོན་ན་གཟའ་ཉི་མ་ཡིན་ལ་དགོང་མོ་ཆུ་ཚོད་ ༡༠ དང་ཕྱེད་ཀ་ཟིན་ཡང་ད་དུང་གསར་ཁང་ན་ནུབ་ཚ་ཡང་མ་རག་པར་ལས་ཀ་བྱེད་བཞིན་ཡོད། ཞོགས་པ་ནས་ད་ལྟ་བར། འདི་ལྟར་བཤད་ན། ཡང་ཁྱེད་ཀྱིས་ང་མང་པོ་ཞིག་སྒྲུབ་ཀྱིན་པར་གསུངས་ངེས་ཨང་། ཡིན་ན་ཡང་འདིར་ངའི་ལས་གྲོགས་ཚོ་དང་ང་ཚོས་འདི་ལྟར་ཉིན་ལས་མཚན་ལས་བྱེད་ཀྱིན་ཡོད། གལ་ཏེ་འདི་ལྟ་བུས་ལས་ཀ་ཞིག་ཕྱི་གླིང་ནས་བྱེད་ན་ཕྱུག་པོ་ཆགས་ངེས། ཡིན་ན་ཡང་ང་ཚོས་རང་ཉིད་ཀྱི་རྩ་དོན་ཆེད་དང་འདོད་ཕྱོགས་ཆེད་་ཡིན་པས་དཀའ་སྣང་ཞིག་མི་འདུག
སྟག་སྨྱོན། ད་ཁྱོད་ངོ་མ་སྙིང་རྗེ། ངས་ཁྱོད་ལ་ཤུགས་ལྡན་གྱིས་སུ་བསད་པ་རེད་ཟེར་དྲིས་ནས་མེད། རྙིང་མ་ས་སྐྱ་སོགས་ཀྱི་ཚོགས་གཙོ་སུ་རེད་ཟེར་ནས་དྲིས་མེད། སྨིན་གླིང་ཁྲི་ཆེན་གྲོངས་ནས་ཡུན་རིང་པོ་རེད། མི་ཤི་བོས་ད་དུང་ཚོགས་གཙོ་བྱེད་ཀྱི་ཡོད་པ་ཨེ་རེད། ངས་ཁྱོད་ལ་དོལ་ཚོགས་ཀྱིས་སྔོན་ནས་ད་བར་བོད་འགྱེལ་བའི་རྒང་ལ་རྡོག་རྫིས་འདི་མ་བྱས་བྱ་བ་གཅིག་ཀྱང་མེད་རུང་ཁྱོད་ལ་ཁ་འབག་འབུག་ཙམ་ཞིག་གྲག་རྒྱུ་མེད་པར། ངས་དོལ་ཚོགས་དགེ་ལུགས་པའི་ནང་དུ་འདྲེས་བསྡད་ཡོད་པ་རེད་ཟེར་བ་ཙམ་གྱིས་ཁྱོད་ཞེ་སྡང་གིས་ཤི་གྲབས་བྱེད་པའི་རྒྱུ་མཚན་ཅི་ཡིན་ནམ་ཟེར་བའི་དྲི་བ་འདི་རེད། ཁྱོད་ཀྱི་སྐྱེ་དམན་གྱི་རྒྱུ་མའི་ནང་དུ་སྐྱག་པ་ཨེ་ཡོད། སྐྱེ་དམན་གྱིས་ཁྱོད་ཀྱི་སྒང་ནས་མར་ཞོན་སྐབས། སྐྱག་པ་བཅས་ཏེ་ཁྱོད་ཀྱི་སྒང་དུ་ཞོན་གྱི་ཨེ་ཡོད་ཟེར་བའི་དྲི་བ་འདི་རེད། ངས་ཐེངས་གསུམ་ལ་དྲིས་པ་ཡིན། ལན་ཕོག་མི་ཕོག་དེ་ཁྱོད་ཀྱི་ཡང་ལྕི་སྲང་ལ་གཞལ་བྱེད་རེད། ད་ཚེ་རྡོ་ཟེར་བ་འདི་འདྲའི་ཆེད་དུ་ངས་རིག་པ་སྤྱད་ནས་ཡག་པོ་ཞིག་བྲིས་ཀྱང་འཕྲོ་བརླག་རེད་ཟེར། ཁྱོད་ལ་སྤྱད་ཡོང་རྒྱུའི་རིག་པ་ཞིག་ཡོད་དམ། ཁྱོད་ཀྱིས་ང་ལ་རྙིང་མ་ས་སྐྱ་སོགས་དང་། གཞོན་ནུ་དང་བུད་མེད་ཀྱི་ཚོགས་གཙོ་སུ་ཡིན་གྱི་གཏམ་བཤད་རིང་པོ་ཞིག་བྲིས་པ་དེའི་ནང་ཁྱོད་ཀྱི་རིག་པ་ཡག་པོ་དེ་བེད་སྤྱོད་བྱས་ཡོད་དམ་ཡང་ན་ད་དུང་རིག་པ་ཡག་པོ་དེ་གྲོན་ཆུང་བྱས་ཡོད། མ་གཞི་ཁྱོད་ལ་རིག་པ་ཞིག་སྤྱད་ཡོང་རྒྱུ་ཡོད་ན་དྲི་བ་མདའ་འདྲ་འདྲ་དང་། མདུང་འདྲ་འདྲའི་སྣེ་མོ་ཁྱོད་ལ་བཙུགས་ཏེ་རྩིག་ཕུག་ལ་དགར་མཁན་གྱི་སྟེང་དུ་སྤྱད་དགོས་པ་རེད་མ་གཏོགས། ཕར་ཐབ་ཚང་ནང་དུ་སོང་ནས་སྐྱེ་དམན་དང་ཕྲུ་གུའི་སྟེང་དུ་རིག་པ་ཡག་པོ་དེ་སྤྱད་རྒྱུ་ཡིན་དོགས་མེད། ཨ་རོགས། ལན་གྱིས་ཕམ་པ་ཕམ་པའི་མཐར་ཐུག་རེད། དང་པོ་སྐྱག་ཟན་ཡིན་ན་ཅིག་ཟེར་ནས་ངར་ཁུལ་བྱས། དེ་ནས་རྩིག་ཕུག་ལ་ཕར་བཀག་ཡོང་དུས་ད་ངས་རིག་པ་ཡག་པོ་དེ་སྤྱད་འདོད་མེད་ཟེར། ད་ཐེངས་ཀྱི་འདི་ཁྱོད་ཀྱི་ཉམས་མྱོང་གསོག་བྱེད་རེད། ཉམས་མྱོང་དེ་ཁྱོད་ལ་དགེ་རྒན་བཟང་པོ་ཞིག་ཏུ་འགྱུར་བའི་སྨོན་ལམ། ང་ལ་ཡང་རྗེས་མ་ནས་བོང་བུ་དང་མཉམ་དུ་སྐད་ཆ་བཤད་རྒྱུ་མེད་པའི་ཉམས་མྱོང་ཞིག་ཐོབ་སོང་། ཨ་ཁ་ཁ། ངས་དང་པོ་དཀོན་མཆོག་དང་ཁྱོད་གཉིས་མི་སྐད་བཤད་ཤེས་པའི་བོང་བུ་གཉིས་ཡིན་སྣང་མ་ཤར།
བཀུར་བར་འོས་པའི་རྒད་པོ་ལགས། ཁྱེད་ཀྱིས་ང་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡག་པོ་ཞེ་དྲག་བྲིས་འདུག ཕྱིར་མི་དེ་ཚོ་ལ་དེ་འདྲའི་སྙིང་ཚིམ་ལབ་དགོས་པ་རེད། ཡིན་ན་ཡང་མིའི་ཚབ་མ་བྱེད་རོགས་གནང་། འདི་དཀོན་མཆོག་དང་སྟག་སྨྱོན་ང་ཚོ་གསུམ་པོའི་སྐད་ཆ་རེད། ངས་ཁོ་གཉིས་བསད་ཚར་བ་ཡིན། ད་རོ་ལ་རྡུང་མི་དགོས། རྣམ་ཤེས་ཀྱི་བླ་བདེ་རུ་ཆུག མཐོ་རིས་བོ་གཉིས་ཀྱི་དོན་དུ་ ༀ་མ་ཎི་པདྨེ་ཧྰུྃ། ༀ་མ་ཎི་པདྨེ་ཧྰུྃ། ༀ་མ་ཎི་པདྨེ་ཧྰུྃ། ༀ་མ་ཎི་པདྨེ་ཧྰུྃ། ༀ་མ་ཎི་པདྨེ་ཧྰུྃ། ༀ་མ་ཎི་པདྨེ་ཧྰུྃ། ༀ་མ་ཎི་པདྨེ་ཧྰུྃ།
སྙིང་རྗེ་ཕྲུ་གུ་གཉིས་ལ་ལྟ་བཞིན་དགོད་བཞིན་ཡོད། གོང་མ་དེ་ཚོ་ཀློག་དང་ཁྱོད་ལ་འདས་མ་འོང་ད་ལྟ་གསུམ་ག་ལ་དགོས་པའི་ལན་ཡོད། ལྟོས་ཤིག དེའི་ནང་ནས་ཀྱང “དོན་མེད་ཀྱི་སྟོང་བཤད་འདི་ཚོར་ལག་འཆང་འདོད་མེད་ཀྱང་། ཚེ་རྡོར་ཟེར་མི་དེས་སྐད་ཆ་བཤད་སྟངས་ཆེས་སྡུག་རྩུབ་ཀྱི་རང་བཞིན་མངོན་པས་འདིར་ཚིག་འགའ་མི་འབྲི་ཐབས་མེད་བྱུང” ཞེས་པ་འདི་ཡིན། དེ་ནི་ཁྱེད་ལ་བྲིས་པའི་མཆན་བུ་དང་པོ་དེ་རེད། དོན་མེད་རྩོད་ཚིག་དེ་ཉིན་མང་སྔོན་ནས་མཐོང་ཡང་དོ་སྣང་གང་ཡང་བྱས་མེད། ཆེས་ཚིག་རྩུབ་པོ་རང་གིས་བྲིས་པ་ལྟོས་ཤིག
ཁ་ཉིན་ནས་རྒད་པོ་(Tsedor)ཡིན་ན་འདིའི་སྐད་ཆར་སུ་གང་གི་ཆ་འཇོག་མ་བྱས་ཙང་མཐར་ཁོ་ཨུ་ཐུག་ནས་”ང་ལ་དམིགས་ཡུལ་ངན་པ་ཅི་ཡང་མེད། ཡིན་ན་ཡང་ང་ཆབ་སྲིད་མ་གཏོགས་ཆོས་ལུགས་ལ་དད་མོས་མེད”ཟེར། དེའི་ཕྱི་ཉིན་ང་རང་དགོན་པར་མཆོད་མཇལ་ལ་སོང་བ་ཡིན་ཟེར། དེ་རིང་ཡང་རྒན་པོ་ཞེས་པའི་མིང་ཐོགས་ནས་ནང་ཁུལ་དཀྲུགས་ཨེ་ཐུབ་བལྟ་བཞིན་འདུག དད་པ་མེད་བཞིན་མཆོད་མཇལ་ལ་འགྲོ་བ་འདི་ཡག་རྟགས་ཤིག་ཨེ་ཡིན་མི་ཤེས། ཕལ་ཆེར་གུང་ཁྲན་གྱི་ཕོགས་འདྲ་བཀྲམ་དུ་སོང་བ་ཡིན་འགྲོ དེ་མ་གཏོགས་ཁྱོད་རོ་ཟ་གི་འགྲོ་དོན་ཅང་མེད་ཀ མ་གཞི་ཁྱོད་རང་གི་བྱས་སྟངས་མང་བོ་ཞིག་གིས་རང་ཉིད་ག་འདྲ་ཞིག་ཡིན་མིན་དང་དམིགས་ཡུལ་ཅི་ཡིན་གསལ་བཤད་བྱས་འདུག་པས་ངས་འདི་ནས་ལན་འབྲི་བའི་ངལ་བ་བསྟེན་དགོས་དོན་མི་འདུག ཡིན་ནའང་ཁ་ཉིན་ངས་མཆན་ཞིག་ཏུ”ཁྱོད་ཀྱི་སྐད་ཆ་བཤད་སྟངས་ལ་བལྟས་ན་ཆོས་ལུགས་ཞེན་ཁོག་གི་རུལ་དྲི་འཐིབས་པའི་མི་ངན་ནག་པོ་ཞིག་ལས་བོད་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་བའི་ཆབ་སྲིད་པ་དཀར་པོ་ཞིག་ཡིན་དོགས་མེད”ཟེར་ཡོད། འདི་ངས་ཁྱོད་ལ་བཞག་པའི་མཐའ་སྡོམ་ཡིན་པས་ཡང་ཡང་ཀློགས་དང་རང་གི་རང་ངོ་ཤེས་ཡ་ལ་ཕན་ཐོགས་སྲིད་པ་རེད། ད་དེ་བྱོས། དམ་ཉམས་དགྲ་བགེགས་འདིའི་གྲངས་ལ་ཡང་ཡང་མི་ཐུག་པའི་སྨོན་ལམ་འདེབས།
འབིག་ལགས། ངས་ཚེ་རིང་སྐྱིད་ཀྱི་རྩོམ་དེ་དང་འབྲེལ་ནས་རྩོམ་སྟངས་ཞིག་གི་སྐོར་ལ་རང་གི་དགའ་ཕྱོགས་ཀྱི་ཚིག་ཁ་ཤས་བཤད་པ་ཡིན། འོན་ཀྱང་ཁྱོད་ཀྱིས་རྩོམ་རྩལ་ཟེར་བའི་ཚིག་ཅིག་དྲུད་ནས་ཡོང་བ་དེ་རྗོད་བྱེད་ཀྱི་ཚིག་རྩལ་ལ་ཟེར་གྱི་ཡོད་དམ། ཡང་ན་བརྗོད་བྱའི་མཚོན་རྩལ་ལ་ཟེར་གྱི་ཡོད་པ་ལ་སོགས་ངས་ཤེས་ཀྱང་མི་ཤེས་ལ། དེ་འདྲ་ཞིག་ངའི་ཁ་ནས་གླེང་ཡང་མེད། མི་སྒེར་གྱི་མྱོང་ཚོར་གཙོ་བོར་བཟུང་སྟེ་གང་ཟག་དང་པོའི་ངོས་ནས་བརྗོད་གཞི་ཞིག་གི་ཐོག་ལ་ལྟ་ཚུལ་བཤད་སྟངས་འདི་ལ་དགའ་མོས་འདུག་ཅེས་བཤད་པ་མ་གཏོགས། རྩོམ་སྟངས་དེའི་ལེགས་ཉེས་ཀྱི་བརྡར་ཤ་གཅོད་རྒྱུའི་དབང་ཚད་ཁྱོད་དང་ང་། གཞན་སུ་ལའང་མེད་པས། དེ་ལས་ང་ཚོས་དགའ་ཕྱོགས་ཤིག་གླེང་ནས་འདུག
རྩོམ་སྟངས་དེ་ནི་ང་དགའ་སའི་རྩོམ་རིག་གི་མཚོན་ཐབས་རིགས་ཤིག་ཡིན་ལ། ཁྱོད་དགའ་ས་ནི་མི་གཤིས་རྣལ་མ་ཅན་གྱི་རྩོམ་པ་པོ་རེད། དེ་ཁྱེད་ཀྱི་འདོད་པ་རེད། ཡིན་ནའང་ང་ལ་མཚོན་ན་རྩོམ་པ་པོའི་མི་གཤིས་རྣལ་མ་ཟེར་བ་དེ་ཅི་ཞིག་ཡིན་པ་ལ་དོ་སྣང་བྱེད་འདོད་དང་ཤེས་འདོད་མི་འདུག རྩོམ་པ་པོ་གང་རུང་ཞིག་གི་བརྩམས་ཆོས་གང་རུང་ཞིག་ལ་དགའ་ན་དགའ་བ་རེད་མ་གཏོགས། མི་དེའི་སྒེར་གྱི་མི་ཚེ་ལ་ཇུས་གཏོགས་བྱེད་འདོད་མེད།
མི་ནི་ལོ་ཚོད་དང་ཁོར་ཡུག དགའ་སྐྱོ་ཆགས་སྡང་སོགས་ཀྱི་གནས་སྐབས་དང་འབྲེལ་ནས་འགྱུར་བ་འགྲོ་བ་ནི་ཆོས་ཉིད་ཅིག་ཡིན་པས། མི་གཤིས་རྣལ་མ་ཟེར་ནས་མཛེར་འོག་ལ་མནན་འཇོག་རྒྱུ་ཞིག་ཡོད་པ་མ་རེད་ལ། རྩོམ་པ་པོ་ཞིག་ལ་མཁས་བཙུན་བཟང་གསུམ་གྱི་ཚད་གཞི་དང་བླང་བྱ་འདོན་པའི་རེ་བ་དེ་ལོ་ཚོད་ཀྱི་བབས་དང་བསྟུན་ནས་ཇེ་ཆུང་དང་ཇེ་ཆུང་དུ་སོང་སྟེ། ད་ནི་ཕལ་ཆེར་མེད་པར་གྱུར་འདུག
ཁྱོད་ཀྱང་གློག་བརྙན་ལ་ལྟ་རྒྱུར་དགའ་ཚུལ་བཤད་པས། འདིར་གོང་དུ་བཤད་པའི་གང་ཟག་དང་པོའི་ངོས་ནས་ནང་སེམས་ཀྱི་རི་མོ་ཕྱིར་མངོན་སྟངས་ཀྱི་གློག་བརྙན་ཐུང་ཐུང་ཞིག་བཀོད་ཡོད་པར་དུས་ཚོད་ཡོད་ན་གཟིགས་རོགས་ཞུ། http://uk.youtube.com/watch?v=-lx5IwDGcL8
ཚེ་རིང་སྐྱིད། ཚེ་རིང་རྒྱུ་མ། ཁྱོད་ཀྱི་ཟིན་བྲིས་དེ་ངས་ད་བར་མཐོང་མ་སོང་། ཁྱེད་ཀྱི་ཨ་མ་གྲོངས་བར་བློ་ཕམ་ཚད་མེད་ཡོད། ངའི་ཨ་མ་ཡང་གྲོངས་ནས་ཟླ་གཅིག་འགོར་གྱི་ཡོད། དེའི་སེམས་སྡུག་བཤད་ན་ཐེངས་མང་པོར་མེ་འཁོར་གྱི་ལམ་ནང་དུ་མཆོངས་དགོས་སམ་དྲན་མྱོང་། འདི་ང་ཚོ་བོད་གཞིས་བྱེས་གཉིས་སུ་གྱར་བའི་ལས་དབང་རེད། ངས་སྔོན་མ་ཞིག་ལ་ཁྱེད་རང་མཇལ་མྱོང་། རྣམ་པ་ཡག་ནི་རེད། ཡོན་ཏན་ཡོད་ནི་རེད། གཡེར་གྲགས་ཆེ་ནི་རེད། གང་ཐད་ནས་འཛམ་གླིང་བུ་མོའི་དྭངས་རྩེ་ཟེར་ན་མི་ཤེས་ཏེ། བོད་ཀྱི་བུ་མོའི་དྭངས་རྩེ་ཁྱོད་མིན་ན་སུ་ཡིན། སྐབས་དེར་ངས་རང་གིས་རང་ལ་འགྲམ་ལྕགས་ཚ་བེར་བ་གཅིག་གཞུས། འགྲམ་ལྕགས་དེས་ངའི་མིག་ལམ་ལ་སྐར་མ་སྨིན་དྲུག་ཤར་དུ་བཅུག འགྲམ་ལྕགས་དེ་གཞུ་དོན་ནི་ང་ལ་ལངས་ཚོ་མེད་པས་རེད། ང་ཧ་ཅང་རྩོག ཡང་བསྐྱར་འགྲམ་ལྕགས་གཅིག་གཞུས། འགྲམ་ལྕགས་དེས་ངའི་རྣ་ལམ་ལ་དགོན་ཆེན་ཞིག་གི་མཁར་རྔ་དང་འདྲ་བའི་ཟིང་སྒྲ་བསྒྲགས། འགྲམ་ལྕགས་གཉིས་པ་དེ་ང་ལ་རྒྱུ་ནོར་མེད་པས་ཡིན། ང་ཧ་ཅང་དབུལ། ངས་ཁྱོད་དང་མཉམ་དུ་སྐད་ཆ་ཞིག་བཤད་དགོས་བསམ། འོན་ཀྱང་ངའི་མདོག་དང་བཟོ་ལྟ་ནི་རྒྱ་གར་གྱི་ལྷྭམ་འཛེར་ཚོ་ལས་ཀྱང་སྡུག་པས་ང་ཤིན་ཏུ་ཞེད། ཁྱོད་དང་མཉམ་དུ་ཇ་ཞིག་འཐུང་ཐུབ་ན་ཇ་དེར་ལོ་གཅིག་ལ་བསགས་པའི་གཡོག་གླ་སྟེར་དགོས་བསམས། ཁྱོད་ལ་ལག་འཇུ་ཞིག་བྱེད་ས་རག་ན་ལག་པ་དེ་ཟླ་གཅིག་ལ་མི་འཁྲུ་བསམས། ཁྱེད་ངོ་མ་བོད་ཀྱི་བུ་མོའི་དྭངས་རྩེ་ཡིན། དེ་རིང་ངས་སྔས་མགོར་བཤམས་ཡོད་པའི་ཁྱོད་ཀྱི་འདྲ་པར་དེ་ལག་ཏུ་བླངས་ནས་སེམས་གསོ་བྱས། འོན་ཀྱང་ང་ཡང་ངུ་བཞིན་ཡོད་པས་སེམས་གསོ་ཡག་པོ་ཞིག་ག་ལ་བྱེད་ཐུབ། ཁྱེད་ཀྱི་འདྲ་པར་སྟེང་དུ་ངའི་མིག་ཆུ་རྡོག་པོ་ཁ་ཤས་ལྷུང་ཡང་འདྲ་པར་ཤེལ་སྒམ་གྱི་ནང་དུ་ཡོད་པས་ཅི་སྐྱོན། ཐབ་ཚང་ནང་དུ་ཤ་ཉུང་ཉུང་ཞིག་ཡོད་པ་རུལ་གྲབས་འདུག་པས་ངས་ཉིན་གུང་ཤ་བཙོས། ང་ཤ་ལ་ཤིན་ཏུ་དགའ། འོན་ཀྱང་དེ་རིང་གི་ཤ་དེ་ལ་བྲོ་བ་ཁྱོན་ནས་མི་འདུག འོ་རེད། བསམ་བློ་ཞིག་བཏང་དུས་ཧ་གོ་སོང་། ཚ་དང་བྲོ་སྨན་རྒྱག་རྒྱུ་བརྗེད་འདུག བུ་མོ་རིགས་ཡག་མ། འབིག་གིས་ཁྱོད་ལ་སྙིང་ཚིམ་བཤད་དགོས་པའི་རྒྱུ་མཚན་མི་ཤེས། འོན་ཀྱང་ཁྱོད་འབིག་དང་བསྡུར་ས་མེད། འབིག་ངས་ངོ་ཤེས། ཁོ་ཁྱེད་རང་ནང་བཞིན་སྤྱི་ཚོགས་ནང་གི་རྩེ་ཕུད་ཅིག་མ་རེད། ཁོ་སྐྱག་འབུ་ཞིག་རེད། ཁྱེད་ཀྱི་ལང་ཚོ་དང་ཡོན་ཏན་གྱི་མཚན་སྙན་བཙན་བྱོལ་ཙམ་མ་ཟད་བོད་ནང་ལ་ཡང་ཁྱབ་ཆེན་པོ་རེད། ད་ཁྱེད་ཀྱིས་འབིག་དང་མཉམ་དུ་སྐད་ཆ་བཤད་ན་འབིག་གི་རིན་ཐང་ཆེ་རུ་འགྲོ་རྒྱུ་མ་གཏོགས་ཅི་ཡང་མེད་པས་གཡུག་ཞོག ཞལ་ཡག་མ། ཁྱེད་ཀྱིས་ཟིན་བྲིས་དེ་ལ་གསེར་སྲང་སྟོང་གིས་མི་ཁུག་པའི་རིན་ཐང་འདུག ཁྱེད་སྐྱིད་པའི་དུས་སུ་ཡང་ང་ཚོའི་བློ་སྒོ་ཕྱེ་གི་འདུག་ལ། སྡུག་པའི་དུས་སུ་ཡང་ང་ཚོའི་བློ་སྒོ་ཕྱེ་གི་འདུག ཁྱེད་ལས་ལྷག་པའི་ནོར་བུ་མ་ཞིག་གང་ན་ཡོད། ཀླུ་སྨྱོན་རིན་པོ་ཆེས་ཁྱོད་ལ་བཞག་པའི་སྡོམ་ཚིག་དེ་མི་མང་པོ་ཞིག་གིས་བློ་ལ་བཟུང་ཚར་འདུག་ལ། ད་དུང་མི་སྟོང་ཕྲག་མང་པོའི་བློ་ལ་འཛིན་ངེས་ཡིན། སེམས་ཤུགས་གཅོག་མཁན་གྱི་སེམས་གནག་ཚོའི་ཁ་ལ་ཉན་མི་རུང་། ནོར་བུ་མ།
གོང་དུ་མཆན་འགོད་མཁན་ཨ་མདོའི་བུ་མོ་ཟེར་བ་དེ་ཚེ་རིང་སྐྱིད་དངོས་གནས་ཡིན་རྒྱུ་མ་རེད། གལ་སྲིད་ཡིན་ན་ངས་ཉིད་ཀྱི་ཨ་མ་འདས་པར་ཐུགས་ཁྲལ་མ་གནང་ཞེས་ཞུ་རྒྱུ་ཡིན། ཉིད་ནི་མཐོང་ཐོས་ཤེས་རྒྱ་ཆེ་བའི་སྐྱེས་མ་ཞིག་ཡིན་སྟབས་འདི་ལྟ་བུའི་དཀའ་ངལ་ལ་གདོང་ལེན་དང་དཀའ་སྡུག་དེ་ལྟ་བུ་ལམ་དུ་ཁྱེར་ནས་སྙིང་སྟོབས་དང་འབད་བརྩོན་ལ་སྔར་ལས་ལྷག་པའི་གསོན་ཤུགས་སྐྱེས་པའི་ཡིད་ཆེས་ཡོད། ང་ཚོ་ཚང་མར་ཁྱེད་ཀྱི་ཉམས་མྱོང་དང་མཚུངས་པའམ་དེ་ལས་ལྷག་པའི་དཀའ་ངལ་རེ་འཕྲད་དང་འཕྲད་བཞིན་པ་ཤ་སྟག་རེད། དེ་ལྟར་ན་ང་ཚོ་སྐྱིད་པའི་དུས་སུ་གཅིག་གིས་གཅིག་མ་ཐུབ་ནས་བསྡད་ཡོད་པ་བཞིན་ཁ་ཤེད་ལྕེ་ཤེད་འགྲན། ཁ་རྒྱགས་བཤད། སྐད་གདངས་སུ་མཐོ་དང་ཚིག་ཟུར་སུ་རྣོ་བལྟས་ནས་བསྡད་ཡོད་རེད་མོད་སྤུན་ཟླ་གཅིག་ལ་སྡུག་བསྔལ་བྱུང་ན་ང་ཚོ་ཚང་མའི་སྡུག་བསྔལ་ཡིན་སྟབས་ཁྱེད་ཀྱི་ཨ་མ་འདས་ཚུལ་ཐོས་རྗེས་ངའི་སེམས་པ་ཡང་སྐྱིད་པོ་ཞིག་མ་བྱུང་། མཐའ་དོན་ང་ཚོ་སྤུན་ཟླ་ཚོ་སྣང་བ་སྐྱིད་དུས་ཁ་ཤེད་ལྕེ་ཤེད་འགྲན་རྒྱུར་གོམས་ཡོད་སྟབས་ཉིད་ཀྱི་ནང་སེམས་ཀྱི་སྐྱོ་སྡུག་གླེང་མོལ་འདིར་ཡང་ལ་ལས་ཁ་རྒྱགས་བཤད་ཤོར་འདུག་པ་དེ་ཚོ་ཡང་གོམས་པའི་ཤུགས་བཟློག་མ་ཐུབ་པ་མ་གཏོགས་སུས་ཀྱང་བསམ་གཟས་ནས་དེ་ལྟར་བྱས་པ་མ་རེད། ཉིད་ཀྱིས་ཕྱག་ལས་ལ་འབད་བརྩོན་ལྷོད་མེད་བྱེད་ཀྱིན་ཡོད་པ་ཐོས་པས་རྗེས་སུ་ཡི་རངས་དང་སྤྲོ་བ་ཚད་མེད་འཕེལ།
གྲོགས་པོ་ཚོ་དུས་ཚོད་ཟིན་སོང་།
ད་དུང་ཅང་མི་འབྲི་བར་ཁ་རོགས་འདུག་དོན་ཅི།
ཀླུ་སྨྱོན་གྱི་གསུངས་ཆོས་མ་གྲོལ་བ་རེད་དམ།
ལྕགས་རྒྱ་ད་དུང་གློག་བརྙན་ལ་འཐོམ་པ་མིན་འགྲོ།
ཕྱག་གཉིས་ཀྱིས་དེར་ཐེར་ཀློག་གི་ཡོད་ན།
སྤོབས་པ་ཡང་མཐོང་རྒྱུ་མི་འདུག
དཀོན་ཅོག་རླུང་ལངས་ཞོར་ལ་ཕྱིར་འགྲོ་སོང་།
ཤོག་ཤོག་ཤོག ད་ཤོག
ས་རུབ་འདུག ལས་ཀ་ཚར་ཡོད་རྒྱུ་རེད།
ད་དྲ་ཁང་ལ་ཡོང་ནས་ཁ་བརྡ་བྱོས།
དེ་རིང་སྔ་བོ་ཡང་ཉལ་དགོས།
སང་ཉིན་གཟའ་ཟླ་བ་ལས་ཀ་ཡོད།
ད་ཤོག་ཤོག ཁ་བརྡ་བྱོས།
look at following link, how behave Bhutan new king, unlike Tibet’s theocracy…my got help tibetaans…let free from dark era of uncivilized society….I pray for it…..
http://news.bbc.co.uk/2/hi/programmes/from_our_own_correspondent/7715600.stm
look at follwing new king of Buhtan modern, unlike Tibet still theocracy in 21 century….
http://news.bbc.co.uk/2/hi/programmes/from_our_own_correspondent/7715600.stm
དཀོན་མཆོག་དང་སྟག་སྨྱོན། ཁྱེད་གཉིས་ད་དུང་ཤི་མི་འདུག་ག ངོ་མ་མི་ཞེ་སྡང་ཅན་འདི་ཚོས་ཅི་ཡང་མི་ཐུབ་རུང་ཞེ་སྡང་གིས་དབུགས་ཆད་རྒྱུ་ཞིག་མེད་གི སྙིང་རྗེ། གཅིག་བྱས་ན་ཁྱེད་གཉིས་ཀྱིས་བོད་ཡིག་ཡག་པོ་ཀློག་ཤེས་ཀྱི་ཡོད་ས་མ་རེད། ཡང་ན་ཕྱི་གླིང་པ་བོད་ཡིག་སྦྱོང་མཁན་ཚོ་དང་འདྲ་བར་ཀློག་ཤེས་རུང་དོན་གོ་གི་ཡོད་ས་མ་རེད། ཁྱེད་གཉིས་ཀྱིས་ད་བར་ང་ལ་སོ་བ། ཉུལ་མ། སྐྱག་ཟན། དཀྲུགས་ཤིང་། དམ་ཉམ་སོགས་དང་། རྒྱ་མིའི་གཞུང་ཚབ་ཁང་དུ་སོང་བ་ཡིན་རྒྱུ་རེད། རྒྱ་མིའི་ཟླ་ཕོག་བཀྲམ་དུ་སོང་བ་ཡིན་རྒྱུ་རེད་ཟེར་བ་སོགས་རྒན་མོ་ཤེས་མེད་ཀྱིས་གྲོང་འཛིང་བྱེད་ཀྱི་ཡོད་པ་འདྲ་བོ་རྐྱང་རྐྱང་མ་གཏོགས། ངའི་དྲི་བ་ངོ་མ་ལ་ལན་ཤིག་གི་སྐྱག་པ་ཙམ་ཞིག་ཕོག་ཡོད་པ་མ་རེད། དེ་ཁྱེད་གཉིས་ཀྱི་ཞབས་འདྲེན་རེད། ཁྱེད་གཉིས་ཀྱིས་རིན་པ་མ་ཤོར་བའི་ངོ་ཚ་ཉོ་ཐུབ་པ་རེད། ((ཚིག་བརྒྱ་པོའི་མདོ་རྩ་བཤད་ན། ངའི་དྲི་བ་དེ་ང་སུ་རེད། ངས་ཅི་ཞིག་བྱེད་ཀྱི་འདུག་ཟེར་བའི་དྲི་བ་མ་རེད།)) ད་ཧ་གོ་སོང་ངམ། ད་དུང་ཁྱེད་གཉིས་ཀྱིས་ཧ་མ་གོ་ན་གོང་གི་གུག་རྟགས་ཀྱི་ནང་དུ་བཅུག་ཡོད་པ་འདི་མི་གཞན་ལ་འདོན་དུ་བཅུག་ནས་འགྲེལ་བཤད་རྒྱག་རོགས་ཞུས་དང་དེ་ནས་ཧ་གོ་གི་རེད། ཁྱེད་གཉིས་སྡོད་སའི་ཁོར་ཡུག་གི་ནང་ན་བོད་ཡིག་འདོན་ཤེས་མཁན་གྱི་སྐད་ཆ་འདྲི་ས་རེ་ཨེ་ཡོད། སྙིང་རྗེ། ངས་ཁྱེད་གཉིས་ལ་ཤིག་གི་སྟེང་དུ་སྟ་རེ་འདྲ་བོ་ཞིག་ཆགས་སོང་མོད། དེ་ཁྱེད་གཉིས་ཀྱིས་ཉོས་པ་ཡིན་པས་ང་ལ་ལན་ཁག་ཆེན་པོ་མེད། རྒད་པོ་ཟེར་བ་དེ་ང་ཚེ་རྡོར་མིན། འོན་ཀྱང་ཁྱོད་གཉིས་ཀྱི་ཁ་བཙེམ་མཁན་ལ་ང་ལས་ད་དུང་ཁོང་ལྷག་གི་འདུག་པས་ཡང་ཁྱེད་གཉིས་ཀྱི་མིག་ལ་ང་ལས་ཀྱང་སྡུག་པའི་སོ་བ་དང་། ཉུལ་མ། སྐྱག་ཟན། དཀྲུགས་ཤིང་། དམ་ཉམ་ཞིག་ཡིན་པ་བཤད་མ་དགོས། མ་གཞི་དཀོན་མཆོག་ལྟར་ན་དྲྭ་ཁང་འདིའི་ནང་སོ་བ་དང་ཉུལ་མ་ཧ་ཅང་མང་བས་མི་ཐབས་ཅད་ཕྱིར་འབུད་ཨེ་ཐུབ་བལྟ་རྒྱུ་ལས། སོ་བ་དང་ཉུལ་མས་གང་བའི་དྲྭ་ཁང་འདིའི་ནང་ཁྱོད་རང་ཡང་བསྐྱར་ངོ་ཚ་ཉོ་རུ་མ་ཡོང་ན་དེས་དགའ་བ་འདྲ།
ཉུལ་མ། དམ་ཉམ་ཟེར་བ་དེ་འདྲ་ཟེར་རྒྱུར་དགའ་བོ་མེད་ལ་བཤད་ཀྱང་མ་མྱོང་། འོན་ཀྱང་གཡག་རྐུན་ངོ་ན་ཤིག་ཅིག་ཟེར་བ་ལྟར་ཁྱེད་རང་གིས་ཁྱེད་རང་ལ་བཏགས་ན་ངས་འགོག་མི་ཤེས། རྒྱ་མི་གཞུང་ཚབ་ཁང་ལ་སོང་བ་རེད་དེ་སུ་ལའང་བཤད་མ་མྱོང་མོད། གཅིག་བྱས་ན་ཁྱོད་ཀླད་པ་མི་ཐང་མཁན་ཞག་གམ་སྙིང་ཅན་ཞིག་ཡིན་དང་། དེ་མིན་གཞན་ཞིག་ཡིན་ངས་བཤད་ཚོད་མི་ཤེས། འདས་མ་འོང་ད་ལྟ་གསུམ་ལ་དགོས་པའི་ལན་གོང་ན་ཡོད། ལྷག་པར་དུ་མཆན་བུ་ ༣༧ པ་དེ་ཀློག་རོགས། དེ་མིན་ཉུལ་མ་དང་དམ་ཉམས་ཤིག་ལ་ངས་དམ་ཉམས་དང་ཉུལ་མ་ཟེར་ནས་དཤེ་བ་ཡིན་ན་དེ་ནི་འཕྲོ་བརླག་རེད། ངས་ནམ་ཡང་ཁྱེད་ལ་དེ་འདྲ་ཟེར་མི་སྲིད། ཁྱེད་ལ་མཚོན་ན་ཚིག་དེ་ཚོ་ངན་པ་གང་ཡང་མ་རེད།
ཁྱེད་ལ་ངོ་མ་ལན་འདེབས་རྒྱུའི་སྤྲོ་སྣང་མི་འདུག མི་འུ་ཐུག་གུ་དོག་ཞེ་སྡང་གི་སྦྲུལ་འདྲ་བོ་ཁྱེད་ལ་ལན་ཅི་འདེབས། མ་གཞི་དཀོན་ཅོག་དང་ངའི་སྐད་ཆ་བསྲེ་མི་རུང་ཡང་། བསྲེས་ནས་བཤད་ན་ཁྱེད་རང་གི་འདོད་པ་རེད། དཀོན་ཅོག་ཀྱང་ཁྱེད་ཀྱི་བསམ་སྤྱོད་ལ་འུ་ཐུག་ཡོད་པ་འདྲ། གནས་ལུགས་དང་མཚམས་ཚིགས་མི་ཤེས་མཁན་ཁྱེད་འདྲ་བོ་སྐྱོ་བོ་དང་བཤད་སྟངས་མེད་མཁན་ཞིག་ལ་ད་བར་དྲ་ཁང་འདིར་ཐུག་མ་མྱོང་།
དགེ་ལུགས་པ་དང་ཤུགས་ལྡན་དབྱེར་དུ་བསྲེས་ནས་བཤད། ང་དང་དཀོན་ཅོག་བསྲེས་ནས་བཤད་སྟངས་ཀྱི་ཐོག་ནས་ཁྱེད་ལ་གསལ་བཤད་ཅི་བཤད། གནས་ལུགས་དང་འགྲོ་སྟངས་གང་ཡང་མི་བའི་ཧམ་ཆེན་ཞིག་གསལ་བཤད་བྱེད་རྒྱུ་ཡོད་པ་མ་རེད། མཆན་བུ་ ༣༧ པ་ཀློག་དང་དེས་འགྲིག་གི་རེད།
ཤུགས་ལྡན་རྗེས་འབྲངས་པས་ཆོས་ལུགས་རིས་གཅོད་དང་ནང་ཁུལ་གཏོར་བཤིག་བཏང་བས་ལག་རྗེས་སུ་སོ་བ་དང་ཉུལ་མའི་ཆོ་ལོ་རེག་པ་རེད། དེ་བཞིན་Tsedorཡིན་ན་འདིའི་བྱེད་སྟངས་ཀྱང་གོང་དང་གཅིག་པ་འདྲ་ཞིག་འདུག་པས་དམ་ཉམས་དགྲ་བགེགས་ཀྱི་གྲངས་ལ་བཞག་པ་ཡིན། དོ་བདག་ཁོ་རང་མ་དགའ་ལ་གད་སོང་ན་ཡང་བཀོད་པ་མེད་ནོ་རེད། རང་གིས་བཟོས་པའི་ཆང་དེ། ཞིམ་པོ་མེད་རུང་འཐུང་ཡ་རེད། ཆོ་མེད་པའི་སྐད་ཆ་འདི་འདྲས་དྲ་གྲོགས་རྣམ་པར་ཐུགས་སུན་བཟོས་སོང་ན་དགོངས་དག་ཞུ།
སྟག་སྨྱོན། དམག་ལ་སོགས་པ་དོན་གཅིག་ཕྱིར།། ཟེར་བ་ཞིག་གོ་ཨེ་མྱོང་། མ་མྱོང་ན་སྤོབས་པ་དང་ཀླུ་སྨྱོན་གཉིས་ལ་དྲིས་དང་ཁྱོད་ལ་འགྲེལ་བཤད་རྒྱག་གི་རེད། ཁྱོད་ཀྱིས་དཀོན་མཆོག་ལ་རྒྱབ་རྩ་བྱས་ཤིང་དཀོན་མཆོག་དང་ཁྱེད་གཉིས་མཉམ་རུབ་ཀྱིས་ངའི་སྟེང་དུ་ངར་ཤོར་བྱས་སྟབས་ངས་ཁྱེད་གཉིས་གཅིག་ཏུ་བརྩིས་པ་ཡིན། དེ་ནི་Groupགཅིག་གི་སྐད་ཆ་ལ་གོ་བ་གཅིག་མ་གཏོགས་གཉིས་ལེན་སྲོལ་མེད་པ་རྒྱལ་སྤྱིའི་ལུགས་སྲོལ་དང་མཐུན་པ་ཞིག་རེད། ངས་ཁྱོད་གཉིས་ཀྱི་ཡང་ལྕི་རྒྱ་མར་བཀྱག་ཚར་ཞིང་། ཁྱོད་གཉིས་ལ་ངར་ཤོར་བྱེད་རྒྱུ་ཞིག་མ་གཏོགས་བཙིར་ན་བྱེ་མའི་ནང་ནས་སྣུམ་ཐིགས་པ་གཅིག་ཐོན་རྒྱུ་མེད་པ་ད་ཤེས་སོང་བས། ཉི་མ་དེ་རིང་ནས་ངས་ཁྱོད་གཉིས་ཀྱི་ཁ་ནང་དུ་དབྱུག་པས་དཀྲུག་རྒྱུ་མཚམས་བཞག་པ་ཡིན་ལ། སྙིང་རྗེ། སོ་འདྲ་བཀོག་ཡོད་ན་དགོངས་དག་ཞུ་རྒྱུ་ཡིན། ངས་མི་ཐམས་ཅད་ཁྱེད་གཉིས་ནང་བཞིན་མཐའ་ལ་དགར་གྱི་མེད། ཡིན་ན་ཡང་ཁྱེད་གཉིས་ལ་མགོ་བུད་དུས་ནས་ཚིག་རྩུབ་དང་རྡོག་རོལ་དུ་གཏོང་རྒྱུའི་གོམས་གཤིས་འདྲ་ཞིག་འདུག་པས་ཉམས་མྱོང་ཤིག་སྤྲོད་འདོད་བྱུང་། མིའི་རྣམ་དཔྱོད་ལ་མཐའ་མེད་པས་བསམ་ཚུལ་མི་མཐུན་པ་སྣ་ཚོགས་ཡོང་གི་རེད། དེས་ན་ཕྱིན་ཆད་རང་གི་སེམས་ལ་མི་འཕྲོད་པ་ཐམས་ཅད་དམ་ཉམ་དང་ཉུལ་མ་སོགས་ཀྱི་གྲལ་དུ་གཡུག་རྐྱང་མ་བྱེད་ཅིག འོག་གི་སྒྲུང་ཐུང་འདི་མཐའ་འཇུག་ཁྱེད་གཉིས་ལ་བཟོད་གསོལ་གྱི་ཆེད་ཁ་བཏགས་ཤིག་གི་ཚབས་ཏུ་ཕུལ་བ་ཡིན།
“ད་རེས་ཡིན་ན་ཤི་དགོས་རུང་མགོ་རྣ་འཚོ་མ་ཐུབ་ན་བུ་མིན། སྟག་ཕྲུག་ཤོག ང་དང་མཉམ་དུ་ལྟ་གྲུབ་མི་མཐུན་པའི་ཉུལ་མ་དང་དམ་ཉམ་ཚོ་ལ་སོ་རྒྱག་ཏུ་འགྲོ ཨེ་དོལ་མཚོ་སྐྱིད། སྟག་ཕྲུག་ལ་ཆང་བརྒྱག་ཚད་ཅིག་བླུགས་དང་། ཆང་གིས་སྨྱོས་སོང་ན་ཕྱིར་བསྣུར་ཅིག་ག་ལ་ཡོད།”དཀོན་མཆོག་གིས་སྙིང་འཕག་སློག་རྒྱག་བཞིན་དོལ་མཚོ་སྐྱིད་ཀྱི་ལག་གི་སྟ་རེ་བླངས་ཏེ་སྟག་སྨྱོན་ཁྲིད་ནས་ལམ་དུ་ཆས། མདང་དགོང་བུ་ཆུང་དོལ་ཡག་གིས་བཟི་སྨན་དང་འོ་རྩམ་གཉིས་རྩེད་མོ་རྩེ་སྤྱད་བྱས་ནས་མཉམ་དུ་བསྲེས་འདུག་པ་དོལ་མཚོ་སྐྱིད་ཀྱིས་ག་ལ་ཤེས། ཞོགས་ཇ་ཞིམ་པོ་དེའི་འབྲས་བུར་དཀོན་མཆོག་གཡུལ་སར་སླེབས་དུས་མིག་ལམ་གྱི་ཡོད་ཚད་རབ་རིབ་ཏུ་གྱུར་ཞིང་གོམ་པའི་འདེགས་འཇོག་འཁྱོལ། “ཤུ་རེ་ཁོ་སྟག་སྨྱོན། ངས་མིག་གིས་ཞེ་དྲག་མཐོང་གི་མི་འདུག་པས་སོ་བ། ཉུལ་མ། སྐྱག་ཟན། དཀྲུགས་ཤིང་། དམ་ཉམ་དེ་ཚོ་ལ་སོ་རྒྱོབ།”དཀོན་མཆོག་གིས་ཁ་ཤ་འདར་བཞིན་སྐད་ཆེན་པོས་ཀི་འབོད་བྱས། “མེེའུང་། མེེའུང་། མེེའུང་།”གཉོམ་སྐད་འདི་དཀོན་མཆོག་ལ་མཚོན་ན་ཅི་འདྲའི་རྣ་བར་མི་སྙན་ཞིང་ཡི་ཆད་དགོས་པའི་སྐད་ཆ་ཞིག་རེད། དཀོན་མཆོག་ཁོང་ཁྲོས་མིག་ཆུ་བཞུར་བཞིན་ཕྱིར་འཁོར་ནས་གཅིག་བལྟས་དུས། རང་གིས་ཁྲིད་ཡོད་པ་ནི་ཞི་མི་ནད་པ་དེ་ཡིན་པ་ལས་སྟག་ཕྲུག་སྨྱོན་པ་ག་ལ་ཡིན། སྐབས་དེར་དཀོན་མཆོག་བཟི་སྨན་དང་ཁོང་ཁྲོ་གཉིས་ཀྱིས་འདར་བཞིན་ས་ལ་འགྱེལ། བཟི་དྭངས་དུས་དཀོན་མཆོག་གི་རྣ་མཆོག་གཉིས་ཀ་མི་གཞན་ལ་ཤོར་འདུག་པས། དཀོན་མཆོག་གི་མགོ་ནི་ཁ་མིག་དོད་པའི་ཛྰ་ཏི་ཞིག་དང་ཨ་ན་མ་ན་རེད་འདུག་རུང་། ཁྲིད་ཡོད་པའི་ཞི་མི་ནད་པ་དེས་དཀོན་མཆོག་ལ་སེམས་གསོ་མི་བྱེད་པར་ད་དུང་། “མེེའུང་། མེེའུང་། མེེའུང་།”ཟེར་བཞིན་རང་གི་རྔ་མ་ཆད་ཤུལ་དཀོན་མཆོག་ལ་བསྟན། མི་ཚོས་བཤད་པ་ལྟར་ན་ས་དེར་ཡོད་པའི་བྱ་བྱིའུ་འབུ་སྲིན་ཐམས་ཅད་དཀོན་མཆོག་དང་རྣ་ཆད་དང་ཞི་མི་རྔ་ཆད་གཉིས་ལ་བགད་ནས་ཉི་མ་གསུམ་ལ་མཚམས་བཞག་མ་སོང་ཟེར།
ཡ་དྲ་གྲོགས་ཚང་མ་བདེ་མོ། ཚེ་རིང་སྐྱིད་ཟེར་བའི་བུ་མོ་འདིའ་རྩོམ་འོག་ན་མི་མང་ཆེ་བ་ངར་བསྡད་འདུག་ག ད་དང་པོ་ཚེ་རིང་སྐྱིད་ཀྱིས་གཙོས་པའི་ཉེ་སྔོན་ཕ་མ་གྲོངས་ཟིན་པའི་དྲ་གྲོགས་ཚང་མར་གདུང་སེམས་མཉམ་སྐྱེད་ཞུ་གི་ཡིན། ཁྱེད་ཚོ་ཚང་མ་སྡུག་བསྔལ་དེ་སྟོབས་ཤུགས་ལ་བསྒྱུར་ཐུབ་པའི་མི་རྐྱང་རྐྱང་ཡིན་པའི་ཡིད་ཆེས་ཡོད་པས་སྐད་ཆ་ཐལ་བ་མང་པོ་ཞུ་དགོས་པ་མི་འདུག
ངས་དང་པོ་ཚེ་རིང་སྐྱིད་འདིར་ཡོང་ན་ང་ཚོའི་དྲ་ཁང་འདིའི་ཆགས་རྒན་ཚང་མ་སྨྱོ་གྲབས་བྱེད་རྒྱུ་རེད་བསམ་སོང་། མོ་མཛངས་མ་ནི་མཛངས་མ་རང་རེད། མོའི་ཨ་མ་གྲོངས་པའི་རྩོམ་དེ་ཁྱེར་ནས་དྲ་ཁང་འདིར་ཐོག་མར་འཛུལ་འདུག་པ་དེས་ཆགས་ལྡན་རྣམས་ཀྱི་ཆགས་པ་རང་སར་ཞི་བཅུག
ཁྱེད་ཚོ་མི་འགའ་ཤས་ཤིག་ངར་བསྡད་པ་ཁག་མི་འདུག མཆན་ཨང་བརྒྱད་པ་བར་དུ་སྤྱིར་བཏང་གི་མཆན་རྒྱག་སྟངས་བྱས་ནས་ཡག་པོར་ཡོང་འདུག་ཀྱང་མཆན་ཨང་དགུ་པ་ནས་སྙིང་ལ་འདྲེ་གདོན་ཞུགས་པ་ཞིག་འཛུལ་ནས་ཚང་མ་ཟིང་ཟིང་ལོང་ལོང་བྱས་འདུག་པ་མཐོང་།
ཚེ་རྡོར་ཟེར་བ་འདིའི་སྐད་ཆ་དང་པོ། རྩོམ་ཡིག་དང་འབྲེལ་བ་མེད་པར། ་་འོ་དཀོན་མཆོག ངས་ཁྱོད་འཚོལ་བཞིན་ཡོད།་་་་་་སྙིང་རྗེ་ཁྱོད་དགེ་ལུགས་པའི་ཞེན་ཁོག་གིས་སྙིང་གས་གྲབས་བྱེད་ཀྱི་འདུག ་་ ཅེས་སྐད་ཆའི་མགོ་བཙུགས་པ་འདིར་བརྟག་ན། ཁོ་རང་གྲུབ་མཐའི་ཕྱོགས་ཞེན་གྱིས་སྙིང་གས་གྲབས་ཡོད་པ་ཞིག་ཡིན་པ་གསལ་བོར་བསྟན་འདུག དེ་མིན་དགེ་ལུགས་པ་ཞིག་གིས་དགེ་ལུགས་པའི་ཕྱོགས་བཟུང་ན་ཁོང་ཁྲོ་ཟ་དགོས་དོན་ཡོད་པ་མ་རེད།
ཁོའི་སྙིང་ལ་འདྲེ་ཞུགས་འདུག་པ་གསལ་པོ་རེད་འདུག་ཀྱང་དེ་སྟག་སྨྱོན་མ་གཏོགས་སུས་ཀྱང་དེ་མ་ཐག་ཧ་གོ་མི་འདུག
ངས་འདིར་ཁོའི་སྙིང་ལ་འདྲེ་ཞུགས་པའི་རྟགས་དེ་ཚོ་རེ་རེ་བྱས་བརྗོད་ན་འདོད། ཁྱོད་དགེ་ལུགས་པའི་དགོན་པ་ཚོའི་ནང་འགྲོ་འདོད་ན་ཡང་འགྲོ་མ་ཕོད་པ་དེ་སྙིང་ལ་འདྲེ་ཞུགས་པའི་རྟགས་མཚན་དང་པོའོ། ཁྱོད་འདྲེ་དང་འདྲེ་སྙིང་ལ་ཞུགས་རྒྱུར་སྐྲག་པ་དེ་འདྲེ་སྙིང་ལ་ཞུགས་ཡོད་པའི་རྟགས་མཚན་གཉིས་པའོ། ཁྱོད་དགེ་ལུགས་པ་དང་རྒྱ་མིར་མི་དགའ་བ་དེ་ཁྱོད་ཀྱི་སྙིང་ལ་འདྲེ་ཞུགས་ཡོད་པའི་རྟགས་མཚན་གསུམ་པའོ། ཁྱོད་དང་པོ་ནས་གྲུབ་མཐའི་ཕྱོགས་ཞེན་ཞིག་ཁྱེར་ནས་དྲ་ཁང་ནང་འཛུལ་ཡོང་བ་དེ་ནི་ཁྱོད་ཀྱི་སྙིང་ལ་འདྲེ་ཞུགས་ཡོད་པའི་རྟགས་མཚན་བཞི་བའོ། ཁྱོད་ཀྱི་སེམས་ནང་ན་འདྲེ་ཟེར་བའི་འཛིན་པ་ཞིག་དང་དེ་ལ་ཡིད་ཆེས་ཡོད་པ་དེ་ནི་འདྲེ་ངོ་མའོ།
ཇི་སྲིད་ཡིད་ངོའི་འདྲེ་དེ་མ་དག་པར།། སྟོང་གསུམ་ཁམས་འདི་འདྲེ་ཡི་ཚང་དུ་འདུག། རང་ཉིད་འདྲེ་ཞིག་ཡིན་པ་མ་ཤེས་པར།། འདྲེ་ལ་སྐྲག་གི་ཟེར་བ་མཚར་མོ་རེད།།
ཕྱག་གཉིས་པ། ཡང་ཁྱོད་ལ་ཕོག་ཚར་འདུག ངས་མཚམས་འཇོག་གི་ཡིན་ཟེར་གྱི་ཡོད་དུས་ཡང་ཁྱོད་སླེབས་ནས་རྙོག་གླེང་གསར་བའི་མགོ་བཙུགས་སོང་། ད་རྙོག་དྲྭ་བཟོ་མཁན་སུ་རེད་དམ། ངས་དཀོན་མཆོག་ཕར་བཙལ་བ་མིན། ངའི་མཆན་གཅིག་ལ་དཀོན་མཆོག་གིས་ཉུལ་མ་དམ་ཉམ་ཟེར་ནས་མང་པོ་ངར་བྱུང་བས་ང་ལན་རྒྱག་ཏུ་སོང་བ་ཡིན། མི་སུ་ཡིན་རུང་བསམ་ཚུལ་འདྲ་མིན་བཤད་རྒྱུའི་ཐོབ་ཐང་ཡོད་པ་རེད། བསམ་ཚུལ་མི་མཐུན་པ་ཞིག་སླེབས་ན་ཉུལ་མ་དམ་ཉམ་ཟེར་ནས་གསོད་རྩིས་འདྲ་ཞིག་བྱེད་ཡོང་དུས་སུ་ཡིན་རུང་ཡང་བསྐྱར་ཁ་གྲག་གི་རེད་པ། དངོས་གནས་ཡིན། གནོང་ཅན་ཁྲོ། རྒྱབ་ཆད་འཕག། ཟེར་བ་དེ་ལོས་བདེན། ཡང་ཁྱོད་འཕར་ཚར་འདུག ཁྱོད་སེམས་ཐོག་ལ་ཡོད་ན་བསམ་བློ་ཞིག་ཐོངས། ཐོག་མར་འདྲེ་གི་ཡོང་ཁུངས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ཟེར་བ་དེ་སུ་རེད། དགེ་ལུགས་ཨེ་རེད། དེ་རྗེས་འདྲེ་ཡི་སྲོག་ཤིང་ཕ་བོང་ཁ་པ་དང་། ཁྲི་བྱང་གཉིས་སུ་རེད། དགེ་ལུགས་ཨེ་རེད། དེང་སང་འདྲེ་ཡི་གཏེ་བོ་གངས་ཅན་བླ་མ་དང་། ང་བླ་མ། འཆི་མེད་ཚེ་རིང་། སྡིག་བཤེས་སྐལ་བཟང་རྒྱལ་མཚན་བཞི་པོ་སུ་རེད། དགེ་ལུགས་ཨེ་རེད། བཙན་བྱོལ་ནང་ནས་མི་བསད། མེ་བརྒྱབ། གཞིས་ཆགས་གཏོར། རྒྱལ་བ་རིན་པོ་ཆེ་ལ་མཚན་སྨོད་བྱས། བོད་འགྱེལ་བའི་རྒང་ལ་རྡོག་རྫིས་བྱེད་བསྡད་མཁན་ཚོ་སུ་རེད། དགེ་ལུགས་ཨེ་རེད། ངས་དངོས་གནས་ཡིན། ཁྱེད་ཚོ་མ་དགའ་ནས་ཤི་སོང་རུང་སྡུག་གྱོང་རེད་མ་གཏོགས། དོལ་ཚོགས་དགེ་ལུགས་པའི་ནང་ནས་རེད་ཟེར་བའི་སྐད་ཆ་འདི་འགོག་ཐུབ་གི་མ་རེད། (((ལག་པ་གཅིན་གྱིས་བཀྲུ་བའི་དཔེ་བཞིན་གླེང་གིན་གླེང་གིན་ཇེ་རྩོག་ལ་འགྲོ་རྒྱུ་མ་གཏོགས་མེད་པས་རྣག་ཐོག་གཙག་ཁེལ་ལ་མ་དགའ་ན་གནག་ཐུམ་སྟོན་མ་ཡོང་རོགས་གནང་། དོན་དངོས་ཐོག་ལ་ལན་རྒྱག་རྒྱུ་མེད་དུས་དེའི་སྙིང་ནད་ཀྱིས་ཕྱོགས་གཞན་ཞིག་ནས་བསྐོར་ཏེ་ཚིག་ངན་འདྲ་ཞིག་བེད་སྤྱོད་བྱས་བསྡད་ན་ཆོ་ཨེ་ཡོད།))) དེ་མིན་དེང་སང་སངས་རྒྱས་ལ་ཡང་མི་བརྩི་མཁན་མང་པོ་ཡོང་བཞིན་པའི་དུས་ཚོད་འདིར། ཁྱོད་ཚོས་མི་ཐམས་ཅད་དགེ་ལུགས་ལ་བརྩི་དགོས་པའི་ཁྲིམས་འཇོག་ཐུབ་སྣང་ཤར་བ་དེ་འགྲུབ་མི་སྲིད་པའི་རྨི་ལམ་རེད་དོ།། ངས་འདྲེ་ལ་གཟབ་གཟབ་བྱས་པ་དེ་འདྲེ་སྙིང་ལ་ཞུགས་ཡོད་པའི་རྟགས་ཡིན་ན། ཉིན་མཚན་རྒྱུན་དུ་འདྲེའི་བསྐང་གསོལ་དང་མི་འབྲལ་བ་ཚོ་འདྲེ་སྙིང་ལ་ཞུགས་མེད་པའི་རྟགས་ཡིན་རྒྱུ་རེད་པ། ཨ་ཧ་བོ། ཁྱོད་ཀྱི་རྩོམ་རྩལ་ལ་ལྟོས་དང་། ད་དུང་མགོན་པོ་ཕྱག་གཉིས་པ་ཡིན་ན་ཅིག འདྲེ་ལ་སྐྲག་པ་དང་རྒྱ་མི་ལ་མི་དགའ་བ་འདྲེ་སྙིང་ལ་ཞུགས་ཡོད་པའི་རྟགས་རེད་ཟེར་ན་ཅི་ཟེར་གྱི་ཡོད་པ་རེད། ཕལ་ཆེར་ཁྱོས་སྨན་ཞིག་ནོར་ནས་ཟོས་ཡོད་ས་རེད་པ། ད་ངས་གསལ་བོར་བཤད་རྒྱུར། ང་ངོ་མ་ཁྱོད་ཚོ་ནང་བཞིན་ཁ་ལྐུགས་པོ་ལྕེ་རྟུལ་པོ་རྐྱང་རྐྱང་དང་མཉམ་དུ་སྐད་ཆ་བཤད་རྒྱུར་ཧ་ཅང་འཚེར་གྱི་འདུག ད་ངས་མཚམས་འཇོག་གི་ཡིན། ཡང་བསྐྱར་མགོ་མ་འཛུག་རོགས།
“ང་ངོ་མ་དགེ་ལུགས་་་་་་་་་་་་་་་་ལ་མི་དགའ” ཞེས་མཆན་བུ་བླུན་རྒན་ཁྱེད་ཀྱིས་བཤད་པ་རེད།
བླུན་རྒན་ཁྱེད་ཀྱིས་ཤུགས་ལྡན་བསྟེན་མི་བཞི་བོ་རེ་རེ་གསལ་བོ་ཤེས་བཞིན་དུ་དགེ་ལུགས་པ་ལ་མི་དགའ་ཟེར་དོན་གསལ་བོ་རེད། ཤུགས་ལྡན་དང་རྒྱ་མིར་དགོས་པ་ཁྱེད་འདྲ་བོ་གླེན་རྒན་རེད། ཆ་རྐྱེན་དང་པོ་དགེ་ལུགས་པ་དང་བོད་མིའི་ཆིག་སྒྲིལ་ལ་མི་དགའ་མཁན། དགེ་ལུགས་པའི་མགོ་དམངས་ཤུགས་ལྡན་ཕྱོགས་ལ་གདོང་ལེན་བྱེད་མཁན་གཙོ་ཡིན་པས་ཁྱེད་དེ་ལ་སྐྲག་པ་ཁག་མེད། ཁྱེད་ལ་གནོངས་ཡོད་པ་རེད། གཉིས་པ་བཤད་རྒྱུ་མེད་ན་ཁྱི་སྨྱོན་ནང་བཞིན་འུར་བརྒྱབ་ནས་བོད་མི་ཐུག་ཐུག་ལ་སྡང་ཟུག་བྱེད་པ་རྒྱུ་མཚན་ཡོད་ངེས་རེད། དེ་མིན་ན་དགེ་ལུགས་པ་ལ་མི་དགའ་དོན་མེད། དགེ་ལུགས་དང་ཤུགས་ལྡན་ཁག་ཁག་ཡིན་པ་དང་པོ་ནས་ཁྱེད་ལ་བཤད་རྒྱུ་འདུག འདི་ན་སུ་གཅིག་གི་ཁྱེད་ལ་བསམ་ཚུལ་སྣ་གཅིག་བཤད་ཀྱི་མི་འདུག ཁྱེད་ཀྱི་སྐྱག་བཤད་བརྒྱབ་པ་དེ་ཚོའི་དངོས་ཤུགས་ཀྱི་དོན་རྣམས་གསལ་བོ་བཟོས་པ་ཙམ་རེད། དེ་ལ་ཁྲོ་ན་ཁྱེད་རང་གི་བསམ་སྤྱོད་ཉེས་པ་ཅན་ཡིན་པའི་རྟགས་རེད། འདིར་ཁྱེད་ཀྱིས་བཤད་པ་ཚང་མ་ཁྱེད་རང་རང་གི་བསམ་ཚུལ་ལ་ཁ་བརྡུང་གཏོང་གི་ཡོད་པ་དེ་རེད། དཔེར་ན་ངས་བསམ་ཚུལ་གང་ཡང་བཤད་མེད། ཁྱེད་གྱི་བསམ་ཚུལ་གྱི་ནང་དོན་ཁ་གསལ་རུ་བཏང་བ་ཡིན། དེ་ཡག་པོ་མེད་ན་ཁྱེད་རང་གི་བསམ་ཚུལ་རེད། རང་གིས་རང་ལ་འཐབ་ནས་བསྡོད་ཅིག། བོང་བུ་རང་གི་གྲུབ་མར་འདྲོགས་པ་དང་གཅིག་རེད། མཆན་བུ་ ༣༧ དང་ ༡༠ ནང་སྐལ་བ་མ་སྟོང་བར་དུ་ཁྱེད་དགོས་ལན་ཡོད་པས་དེ་ལྟོས།
ལྕགས་རྒྱ་འགྲན་ནག་ལགས། ངས་༼ རྩོམ་རྩལ་ ༽ཞེས་པ་དེ་རྩོམ་ཡིག་ཧྲིལ་བོའི་མཚོན་རྩལ་ལ་གོ་གི་ཡོད། དེ་ནང་དུ་ཚིག་གི་མཚོན་རྩལ་དང་དོན་གྱི་མཚོན་རྩལ། བསམ་བློའི་མཚོན་རྩལ་སོགས་ཆེ་ཕྲ་མང་པོ་འདུག་ལ། དེ་བཞིན་ཁྱེད་ཀྱི་རྩོམ་སྟངས་ཡག་པོ་འདུག་ཅེས་པའང་འདིའི་ནང་འདུས་ཡོད། མང་པོ་ཞིག་གིས་ཚེ་རེང་སྐྱིད་ཀྱི་རྩོམ་ཡིག་ལ་ཚད་མཐོའི་གདེང་འཇོག་བྱེད་གི་འདུག དེ་ཡང་ཁོ་མོའི་རྩོམ་རྩལ་གང་རུང་ཞིག་གི་སྟེང་ནས་གདེང་འཇོག་བྱེད་གི་ཡོད་ལས་ཆེ། ངས་གསལ་བོ་ཞིག་མ་ཤེས།
ངས་ཤེས་ཡོན་པའི་རང་གཤིས་རྣལ་མ་དེ་གལ་ཆེན་པོ་རེད་ཟེར་གི་ཡོད། དེ་ཡང་གཙོ་བོ་༼ མིའི་རྩ་དོན་༽ཞེས་པ་འདིའི་སྟེང་ནས་གོ་བ་ལེན་གི་ཡོད། དེ་ཡང་བདེན་པ་རེད། ཁྱེད་ཀྱིས་བཤད་པ་ལྟར་སྐབས་ཐོག་གི་ཚོར་འདུ་འདྲ་མིན་བྱུང་དང་འབྱུང་གི་རེད། ཡིན་ནའང་དེས་ཤེས་ཡོན་པའི་རང་གཤིས་རྣལ་མ་ལ་འགྱུར་བ་གང་ཡང་གཏོང་ཐུབ་གི་མ་རེད་སྙམ། སྤྱི་ཚོགས་སྟེང་གི་མི་རང་ག་བ་ལ་མཚོན་ནའང་མིའི་རྩ་དོན་ལ་ལྟ་གི་ཡོད་ན་སྤྱི་ཚོགས་ཀྱི་སྣེ་འཁྲིད་པའམ་ཁ་མིག་ཡར་ལྟ་བྱེད་སའི་སྙུག་ཐོག་པ་ཞིག་ལ་མིའི་རྩ་དོན་ཡག་པོ་ཞིག་མེད་ན་དེའི་གནས་སྟངས་ཚད་ག་འདྲ་ཞིག་ལ་ལྷུང་འདུག བསམ་བློ་ཞིག་ཏན་ཏན་གཏོང་དགོས་གི་རེད་སྙམ། ངས་འདི་ནས་དེའི་ཐད་ཀྱི་དངོས་ཡོད་གནས་ཚུལ་གྱི་སྒྲུང་ཞིག་བཤད། གཅིག་བྱས་ན་སྒྲུང་འདི་ཁྱོད་ཀྱིས་ང་ལས་སྔ་བ་གོ་ཡོད་སྲིད་ལ། དེ་བཞིན་དེ་ཐད་བསམ་བློའང་བཏང་ཡོད་སྲིད། སྔོན་མ་ཤེས་ཡོན་པ་ཞིག་གིས་རང་གི་དྲིན་ཆེན་ཨ་མའི་སྐོར་ལ་སྙན་ངག་ཅིག་བྲིས་པ་རེད། དེ་ཡང་ཨ་མར་དྲིན་ལན་མཇལ་སྟངས་སྐོར་མང་པོ་བྲིས་པ་རེད། སྙན་ངག་དེ་ཡག་པོ་འདུག་ཅེས་བཙན་བྱོལ་སྤྱི་ཚོགས་ནང་ཁྱབ་པ་རེད། ང་ལའང་སེམས་འགུལ་ཐེབས་བཅུག་སོང་། འོན་ཀྱང་དོན་དངོས་རྩོམ་ཡིག་གི་བརྗོད་བྱ་དང་འགལ་བའི་སྣང་ཚུལ་བྱུང་བ་རེད། ཨ་མ་དངོས་སུ་བོད་ནས་བུ་བསམ་ནས་ཁོ་སར་ཡོང་བ་རེད། ཡོང་ཁར་སྡོད་ཁང་བཙོངས་ཤིང་སྤུན་མཆེད་འཁྲིད་ནས་ཡོང་བ་རེད། དེ་ཡང་༼གཞིས་སྤོར༽ནས་ཡོང་པ་རེད། རྒྱ་གར་ནས་མ་བུའི་བར་འགལ་ཟླ་ཤོར་ཞིང་བུས་ཐ་མ་དེར་ཨ་མ་ཕྱིར་བོད་ལ་བསྔགས་པ་རེད། ཨ་མ་རྒྱ་གར་ནས་སྡོད་ཡུན་རིང་གནས་སྟངས་ག་འདྲ་ཞིག་གི་འོག་ནས་འཚོ་བ་བསྐྱལ་བ་ང་རང་གིས་མཐོང་སོང་། ཐབས་སྐྱོ་བོ་ཞེ་དྲག་འདུག སྐབས་དེར་ངས་ཡང་བསྐྱར་སྙན་ངག་དེ་བཀླགས་པ་ཡིན། སྐབས་དེར་ངའི་དེ་སྔའི་སེམས་འགུལ་དེ་བོར་བརླག་ཏུ་སོང་ཐོག་ངའི་ཀླད་པའི་ནང་ཡང་ཡང་འཁོར་ཡོང་བ་ནི་དྲི་རྟགས་ཤིག་རེད།
གནད་དོན་འདི་གཞིར་བཞག་ནས་བཙན་བྱོལ་ནང་གི་ཤེས་ཡོན་པ་ཚོར་བལྟ་སྐབས། རེ་འགའ་མ་གཏོགས་ཚབས་ཆེ་ཆུང་ལ་མ་བལྟོས་བར་སྣང་ཚུལ་འདིའི་རིགས་མང་པོ་འདུག དྲང་མོར་བཤད་གི་ཡོད། འདིའི་རིགས་ལ་ངས་དག་ཡིག་ཁྲོད་ཀྱི་༼ ཁྲམ་པ༽ཞེས་པའི་མིང་ཚིག་འདི་བེད་སྤྱོད་བྱེད་གི་ཡོད།
ཁྱེད་ཀྱིས་བརྙན་བསྡུས་དེར་བལྟས་པ་ཡིན། ཁྱེད་དང་གཅིག་མཚུངས་ཤིག་ཚོར་སོང་། ཐུགས་རྗེ་ཆེ།
རིགས་བཟང་མ་ཆེ་རིང་སྐྱིད་ལ་ཆེད་དུ་ཞུ་རྒྱུ། གོ་ལའི་འཁོར་བསྐྱོད་ནག་པོས་བོད་མི་རིགས་ཀྱི་ལས་དབང་གཞིས་བྱེས་གཉིས་སུ་གྱེས་ནས་ལྷོ་ཕྱོགས་ཚ་བའི་ཡུལ་སོགས་མི་ཡུལ་ས་མཐའི་གནས་སུ་ཕ་མ་དང་བྲལ་བའི་དྭ་ཕྲུག་མང་ལ་དེ་དག་གསོན་བྲལ་ནས་གཏན་བྲལ་དུ་གྱུར་པའི་གོ་རིམ་ཁྲོད་ང་དང་ཁྱོད་ཀྱི་ལས་དབང་ཡང་དེ་ལས་མ་འདས་པར་དེ་རིང་ཁྱེད་ཀྱི་སྐྱེས་མ་དག་ཞིང་དུ་བཞུད་ཟིན་པ་ལྟར། མི་རིང་བར་ང་ཡི་ཨ་མ་ཡང་ས་མཐའི་བུ་ཕྲུག་ལ་འཕྲེང་སེམས་ཀྱི་ཕྱིར་མིག་བཅེར་བཞིན་ཧ་ཅང་རྒྱང་ཐག་རིང་བའི་གནས་དེར་གཤེགས་ངེས། རྒྱུ་མཚན་དེས་ཁྱེད་ཀྱི་རྩོམ་ཡིག་འདི་མཐོང་དུས་ངས་མིག་ཆུ་ཕོར་པ་གང་གིས་ངའི་དྲིན་ཅན་ཨ་མ་ལ་དྲན་གསོ་ཞུས་ཡོད། ཡང་མིག་ཆུ་ཕོར་པ་གང་གིས་ཁྱེད་ཀྱི་རླབས་ཆེན་གྱི་སྐྱེས་མ་ལ་སྐྱེལ་མ་བྱས་ཡོད། རིགས་བཟང་མ། འདས་པའི་དྲྭ་ཚིགས་ནང་དུ་ངས་ཁྱེད་ལ་བསམ་འཆར་བཤད་མྱོང་ལ་ཁྱེད་ལ་སྐྱོན་བརྗོད་ཡང་བྱེད་མྱོང་། དེ་ནི་ངས་ཁྱེད་ལ་རེ་བ་ནན་པོ་ཞིག་དང་ཡིད་ཆེས་ཆེན་པོ་ཞིག་ཡོད་པའི་རྒྱུ་མཚན་གྱིས་ཡིན་ལ་རེ་བ་དང་ཡིད་ཆེས་ཡོད་པ་ལྟར་ཁྱེད་ཀྱི་རིན་ཐང་ཉིན་རེ་ནས་ཉིན་རེ་ཇེ་གསལ་དུ་གྱུར་བཞིན་འདུག བསམ་གཞིག་ཆེ་ས་ནས་བྱེད་བཞིན་ངལ་དུབ་ཁུར་དུ་ལེན་ཐུབ་པའི་བུད་མེད་ཁྱེད་ལྟར་མི་རིགས་འདིའི་ནང་དུ་འཕེལ་རྒྱས་ཐུབ་ཚེ་བོད་པ་ཚང་གི་གཞན་འོག་མགོ་བོ་སྒུར་བའི་ལོ་རྒྱུས་འདི་ལ་རྫོགས་ཚིག་བཀོད་ཆོག་སྙམ། དེའི་ཕྱིར།
ངས་དེ་རིང་ཁྱེད་ཀྱི་ལས་དབང་ལ་གདུང་སེམས་མཉམ་དུ་བསྐྱེད།
ངས་དེ་རིང་ཁྱེད་ཀྱི་སེམས་རྒྱ་ལ་དགའ་བས་ཡི་རངས་བྱེད།
ངས་དེ་རིང་ཁྱེད་ཀྱི་བསམ་གཞིག་ལ་བསྟོད་པའི་སྙན་དབྱངས་ལེན།
ངས་དེ་རིང་ཁྱེད་ཀྱི་སྤོབས་པ་ལ་སྨོན་འདུན་གྲངས་མེད་ཞུ།
རིགས་བཟང་མ་ང་ནི་ནང་ཆོས་ལ་དད་པའི་གང་ཟག་ཐ་མལ་པ་ཞིག་ཡིན་ལ་ང་སང་ཉིན་བལ་ཡུལ་དུ་འབྱོར་རྒྱུ་ཡིན་པས་ངས་མཆོད་མེ་རྒྱ་ཚར་གཅིག་དང་སྒོར་རྡོག་ཁ་ཤས་ཀྱིས་མཆོད་རྟེན་རིན་པོ་ཆེའི་མདུན་ཁྱེད་ཀྱི་ཨ་མ་ལ་བསྔོ་སྨོན་ཞུ་ཆོག ད་དུང་ཁྱེད་ཀྱི་གླེང་སྟེགས་འདི་ནས་ངས་བསམ་མེད་རྐྱལ་སྟོང་ཁ་ཤས་ལ་བསླབ་བྱ་ཞིག་སྦྱིན་དགོས་འདུག་པས་ཁྱེད་ལ་དགོངས་དག་ཞུ་རྒྱུ་བཅས་མིའུ་ཕྲུག་ནས
སྐྱག་པ་ལ་མཛུབ་མོ་བཙུགས་ཚེ་དྲི་ངན་ཁ་རྒྱུ་ལས་གཞན་མེད་པ་ལྟར་མི་ངན་ལ་ལན་འདེབས་བྱེད་པ་ནི་འོས་ཤིང་འཚམས་པའི་གནད་དོན་ཞིག་མིན་པས་གྲྭ་གྲོགས་མང་པོས་བཏང་སྙོམས་གནང་བར་བརྟེན་ཚེ་རྡོ་འདི་ཉིད་ཇེ་ངར་དུ་གྱུར་བཞིན་རྒྱུ་མཚན་མེད་པའི་ཀུ་ཅོ་སྣ་ཚོགས་སྒྲོག་གིན་འདུག་པས་ངས་ལས་ངན་ཁྱོད་ལ་གསལ་འདེབས་ཁ་ཤས་བྱེད་རྒྱུ་ཡིན་པས་རྣ་བ་གཉིས་ཀྱིས་ཉོན་དང་ཁྱེད་རང་ལོག་ལམ་ལས་ཐར་སྲིད། དང་པོ་ཁྱོད་ཀྱིས་འདོད་པར་དོལ་རྒྱལ་བརྟེན་མཁན་དགེ་ལུགས་པ་ཡིན་པས་དགེ་ལུགས་པའི་བསྟན་པ་འཇིག་རྟེན་འདི་ནས་མེད་པ་འགྲོ་དགོས་ཟེར། འོ་ན་དོལ་རྒྱལ་བརྟེན་མཁན་བོད་མི་ཡིན་པས་བོད་མི་རིགས་འདི་ཉིད་འཇིག་རྟེན་འདི་ནས་མེད་པ་འགྲོ་དགོས་པ་ཁྱོད་ཀྱིས་འདོད་དགོས། དེ་འདོད་ན་ཁྱོད་བོད་མི་རིགས་ལ་ཤ་ཞེན་ཡོད་ཟེར་བ་སྐྱག་བརྫུན་རེད། གལ་ཏེ་ཁོང་ཚོ་ལམ་ལོག་པ་གྱུར་ནས་བོད་མི་རིགས་ལས་ལོགས་སུ་གྱེས་ཟིན་པས་བོད་པ་མ་ཡིན་ཟེར་ན། དེ་བཞིན་དོལ་ཚོགས་ལོག་ལམ་ཞུགས་ཏེ་རི་བོ་དགའ་ལྡན་པ་ལས་ལོགས་སུ་གྱེས་ཟིན་པས་ཁོང་ཅག་དགེ་ལུགས་པ་མ་ཡིན། དེས་ན་ཁྱོད་ཀྱིས་དགེ་ལུགས་པ་ལ་ཅིའི་ཕྱིར་སྐུར་བ་འདེབས། རྒྱུ་མཚན་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར། ལྐུགས་པ་ཁྱོད་ཀྱི་འདི་ཙམ་ཡང་དཔྱད་མ་ཐུབ་པར་ད་དུང་མཁས་ཚུལ་བྱེད་པར་དགོད་རེ་བྲོ། གཞན་ཡང་༧གོང་ས་མཆོག་གིས་དགོས་པ་ཅིའི་ཕྱིར་རྒྱ་གདོན་འདི་ཉིད་འགོག་གནང་བ་ཁྱོད་ཀྱིས་ཤེས་དགོས། དེ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ནང་ཁུལ་འགལ་བ་འགྲོ་བའི་གཞི་རུ་གཟིགས་ཏེ་དགག་མཛད་པ་རེད། ཁྱོད་ཀྱིས་ནང་ཁུལ་འགལ་བ་བྱེད་པའི་ལོག་གཏམ་འདི་ལྟར་བཤད་ཚེ་ཁྱོད་ཀྱང་དོལ་རྒྱལ་དང་གཅིག་གྱུར་དོན་དུ་༧གོང་ས་མཆོག་གིས་དགག་བྱ་ངོ་མ་དེ་ཆགས་ཚར་བ་རེད། དེའི་ཕྱིར་ཁྱོད་ལ་དཀོན་མཆོག་གིས་དམ་ཉམས་ཞེས་པའི་ཆོ་ལོ་གསོལ་བ་དེ་ཡང་རྒྱུ་མཚན་མེད་པ་ཅི་ལ་ཡིན། དམ་ཉམས་ཁྱོད་ཀྱིས་ཆོས་ལུགས་གཞན་པའི་མཚན་བྱང་ལྐོག་ཏུ་ཁྱེར་ཏེ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཁག་གི་མཐུན་འབྲེལ་ལ་གཏོར་བཤིག་བྱེད་པའི་ལས་འདིའི་རྒྱབ་ལྗོངས་ཁྱེད་རང་ཆེས་སྐྲག་སའི་དམར་པོའི་རུ་དཔུང་ཡིན་པ་ནི་གསལ་པོ་རེད། འཇིགས་སྐྲག་དབང་གིས་ལས་དེ་དྭང་དུ་བླངས་པ་ཡིན་ན་ཁྱོད་ཀྱིས་ཕ་མེས་བཟང་པོའི་ལོ་རྒྱུས་ལ་སྐྱར་ཀློག་གིས་བློ་ཁོག་ཅུང་ཟད་བསྐྱེད་པའི་རེ་བསྐུལ་བཅས།
འབིག་ལགས། ཁྱོད་ཀྱི་སྐད་ཆའི་ནང་དོན་གོ་སོང་། མཐུན་མི་མཐུན་གྱི་ནང་དོན་ཁ་ཤས་འདུག སྒྲུང་དེའི་ནང་གི་བསྟན་བྱའི་རྩོམ་པ་པོ་ནི་ཧོར་གཙང་འཇིགས་མེད་རེད། ཁོ་ནི་ལོ་བཅོ་ལྔ་ལྷག་གི་ངོ་ཤེས་གྲོགས་པོ་ཞིག་ཡིན་ཞིང་། གྲོགས་པོ་ཞིག་ཡིན་པའི་ཆ་ནས་ཁོའི་མི་གཤིས་ལས་དགའ་ས་འདི་དང་མི་དགའ་ས་འདི་ཞེས་ཁོང་གི་གདོང་པར་བལྟས་ནས་བཤད་མྱོང་། ཁོའི་སྒང་ན་དགའ་ས་ཡོད་ལ། མི་དགའ་སའང་ཡོད། ཡིན་ནའང་དེས་གྲོགས་པོའི་བརྩེ་སེམས་ལ་གནོད་ཀྱི་མི་འདུག དེ་དང་འདྲ་བར་ཁོའི་རྩོམ་ཡིག་ལས་ཀྱང་ཀློག་འདོད་པ་དང་ཀློག་མི་འདོད་པ། བཀླགས་མ་མྱོང་བ་བཅས་མང་པོ་ཡོད། ཁོ་ནི་རྩོམ་པ་པོ་རབ་འབྲིང་ཐ་གསུམ་གང་དུ་གཏོགས་མིན། ཀློག་པ་པོའི་ཚོའི་སེམས་ན་ཚད་ཐིག་ཅིག་ཡོད་རྒྱུ་རེད། གང་ལྟར་ཁོང་ནི་ང་ལ་མཚོན་ན་སྤྱི་ཚོགས་ཀྱི་བརྩམས་ཆོས་ཤིག་རེད། ཕོ་གསར་ཁ་ཤས་མཉམ་དུ་འཛོམས་ནས་རྩོམ་གྱི་སྐོར་བཤད་ན། ཧོར་འཇིགས་ཀྱི་མིང་ནས་འབོད་སྲིད་པ་རེད།
རྩོམ་པ་པོ་བཟང་ངན་གྱི་དབྱེ་བ་འབྱེད་སྟངས་རིགས་སྣ་ཚོགས་ཤིག་ཡོད་རྒྱུ་རེད་བསམ། དཔེར་ན། ༡༩༩༥ ལོར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་བོད་ཀྱི་རྒྱལ་ཡོངས་རྩོམ་པ་པོའི་ཚོགས་འདུའི་ཐོག་གི་དགེ་འདུན་ཆོས་འཕེལ་གྱི་རྩོམ་རིག་གི་བྱ་དགའ་ཟེར་བ་དེ་༧རྒྱལ་བ་རིན་པོ་ཆེ་ལ་ཕུལ་སོང་། དེ་ཡང་ཁྱེད་ཀྱི་བསམ་ཚུལ་ལྟར། མཁས་བཙུན་བཟང་གསུམ་ཞེས་གཏམ་སྤྱོད་ཞེ་མཐུན་གྱི་ཐོག་ནས་ཡིན་ནམ་ཡང་ན་རྒྱུ་མཚན་གཞན་པ་གང་ཡིན་གསལ་བོ་མི་ཤེས། དེ་ནི་སོ་སོའི་ལྟ་སྟངས་དང་ཁ་དབང་ཆེ་ཆུང་གི་ཁྱད་པར་ཞིག་རེད། མཆོད་མེ་རྩོམ་རིག་ཟིན་བྲིས་སུ་རྩོམ་པ་པོའི་ཡིག་ཚགས་ཟེར་བ་ཞིག་ཡོད་པ་དེར་གཟིགས་དང་དེང་སང་གི་རྩོམ་པ་པོ་ཁག་ཅིག་གིས་སོ་སོ་དགའ་སའི་རྩོམ་པ་པོ་དང་བརྩམས་ཆོས་ཀྱི་མིང་ཐོ་ཞིག་འདུག་པ་དེར་ལྟད་མོ་འདུག
ངའི་བསམ་པར་དེང་སང་རྩོམ་པ་པོ་ཆེ་གེ་མོ་ཞིག་གི་རྩོམ་ལ་སྤྱི་ཚོགས་ཀྱི་སྣེ་ཁྲིད་བྱེད་པ་དང་། སྤྱི་ཚོགས་ལ་བསླབ་བྱ་བརྒྱག་པ། སྤྱི་ཚོགས་ལ་ཤུགས་རྐྱེན་གཏོང་བ་བཅས་ཀྱི་ནུས་པ་ཇེ་ཆུང་དུ་སོང་བའི་ཡིད་ཆེས་ཀྱིས། རང་སེམས་སུ་རྩོམ་པ་པོ་ཚོར་རེ་བ་ཆེན་པོ་དང་བླང་བྱ་ནན་པོ་འདོན་རྒྱུའི་ཡི་ག་དེ་སྔ་མོ་ནས་བརླགས་ཚར་འདུག དེ་འདྲའི་བླང་བྱ་མཐོན་པོ་ལས་བོད་ཡིག་གི་ཐོག་ནས་རྩོམ་འབྲི་མཁན་ཞིག་བྱུང་ན་དགའ་བ་སྒོམ་བཞིན་ཡོད།
སྤྱིར་བོད་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་པར་༧རྒྱལ་བ་རིན་པོ་ཆེ་ལས་ལྷག་ཨེ་ཡོད་བསམ་མོད། ཡིན་ནའང་ཁོང་གིས་བཙན་བྱོལ་སྤྱི་ཚོགས་སུ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་པའི་རེ་བ་ལ་གཞུང་དམངས་གཉིས་ཀའི་ཐོག་ལ་འདོད་པ་མ་ཁེངས་པ་ཉེ་ཆར་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཐོག་ནས་གསུངས་སོང་། དེ་བས་ང་ལ་མཚོན་ན་རྩོམ་ཡིག་གི་ཤུགས་རྐྱེན་ཕར་ཞོག ༧རྒྱལ་བ་རིན་པོ་ཆེའི་ཤུགས་རྐྱེན་ལའང་ཐེ་ཚོམ་སྐྱེས་པའི་ཚད་དུ་ལྷུང་སོང་།
ལྕགས་རྒྱ་འགྲན་ནག་ལགས། རྩོམ་པ་པོའི་བཟང་ངན་འབྱེད་སྟངས་ལ་ཁྱེད་ཀྱིས་བཤད་པ་ལྟར་རིགས་སྣ་ཚོགས་ཤིག་ཡོད་ཁོ་ཐག་རེད། དྲང་མོ་བཤད་ན་ང་ལ་དེའི་ཐད་ཀྱི་ཤེས་བྱ་གང་ཡང་མེད། མ་གཞི་ནས་ངས་གང་བཤད་པ་དེ་རང་གིས་གང་བསམ་པ་དེ་ཡིན་མ་གཏོགས་གཞུང་ལུགས་སོགས་ཀྱི་རྒྱབ་ལྗོངས་དེ་ཙམ་མེད་ལ། དེ་ཡང་ཁ་ཐུག་གི་སྐད་ཆ་བཤད་ན་༼ མིའི་རྩ་དོན༽ཟེར་བ་འདི་གཞིར་ལ་བཞག་ནས་བཤད་གི་ཡོད། མཆོད་མེ་དྲ་ཚིགས་ཀྱི་རྩོམ་པ་པོའི་ཡིག་ཚགས་ད་སྔ་བཀླགས་མ་མྱོང་མོད་རྗེས་སུ་ཞིབ་ཚགས་པོའི་སྒོ་ནས་བཀླག་ཨེ་ཐུབ་ལྟ་གི་ཡིན། འདིར་དེ་རིགས་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ།
རྩོམ་པ་པོ་དང་རྩོམ་ཡིག་གིས་སྤྱི་ཚོགས་ཀྱི་སྣེ་ཁྲིད་བྱེད་པ་དང་། སྤྱི་ཚོགས་ལ་བསླབ་བྱ་བརྒྱག་པ། སྤྱི་ཚོགས་ལ་ཤུགས་རྐྱེན་གཏོང་བ་བཅས་ལ་ང་ཡང་སྔ་མོ་ནས་དྭངས་བ་བརླགས་ཤིང་ཡི་ག་འགགས་ཚར་ནས་ཡོད་ལ། དེ་འདྲའི་རེ་བ་དང་བླང་བྱ་མཐོན་པོ་ངས་ཀྱང་བཟུང་མེད། འཛིན་དགོས་ན་འཛིན་སའང་མི་འགྲོ་བའི་ཚད་དུ་སླེབས་ཚར་འདུག འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་སྙུ་གུ་ཐོག་ནས་༼འཁྲབ་མཁན༽མང་པོ་འདུག དེ་ལ་རིགས་གཉིས་འདུག སྐོར་ཞིག་གིས་སྙུ་གུ་རང་གི་ལག་ཏུ་བཟུང་ཡོད་ནའང་དོན་དུ་གཞན་གྱི་ཆེད་དུ་འགུལ་གི་འདུག དེ་ཡང་གཙོ་བོ་སྤྱི་ཚོགས་ཀྱི་མཐོང་དང་གོ་ས། འཚོ་གནས་སོགས་མིག་མདུན་གྱི་ཁེ་ཕན་ཙམ་ལ་མགོ་སྒུར་ནས་དེ་ལྟར་བྱེད་གི་འདུག མ་ཟད་ཁོ་ཚོས་དེ་ལྟར་བྱེད་ཐུབ་པ་ནི་རང་ཉིད་ཀྱི་འཇོན་ཐང་ལྟ་བུ་ལ་ངོས་འཛིན་གི་འདུག རིགས་གཅིག་ནི་༼ རྒན་པའི་༽གྲས་རེད། ཁོ་ཚོར་མཐོང་དང་གོ་ས། འཚོ་གནས་སོགས་མིག་འདུན་གྱི་ཁེ་ཕན་ཐོབ་ཡོད་ནའང་། དེ་དག་གི་ཆེད་དུ་དེ་སྔ་བོར་བརླག་ཏུ་སོང་བའི་མིའི་རྩ་དོན་ནམ་རང་གཤིས་རྣལ་མ་དེ་ཕྱིར་འགུག་ཐབས་ལ་འཁྲབ་གི་འདུག ཁོ་ཚོར་ངེས་ཤེས་གསལ་བོ་ཐོབ་འདུག ༼འཇོན་ཐང་རྫུན་མ་༽དེའི་རྗེས་རང་ཉིད་ལ་ཐོབ་པ་དང་ཤོར་བ་ལས་གང་མང་ཤིང་གང་གལ་ཆེན་པོ་ཡིན་པའི་ཐད་ངེས་ཤེས་གསལ་བོ་རྙེད་འདུག དེར་བརྟེན་ཁོ་ཚོ་ཡང་བསྐྱར་འཁྲབ་སྟོན་གསར་བ་ཞིག་གི་ནང་ཞུགས་དགོས་ཆགས་པ་རེད། འདི་དག་ལ་བལྟ་སྐབས་མིག་གིས་མི་བཟོད་པ་ཞིག་རེད། འདིར་གླེང་དོན་ཡང་དེ་ཡིན།
འབིག་ལགས་སུ་ཞོར་འཕྲོས་སུ་ཞུ་རྒྱུ་ཞིག་ལ། ཚེ་རིང་སྐྱིད་ཀྱིས་རྩོམ་ཡིག་གཅིག་དྲ་ཚིགས་གཉིས་སུ་སོ་སོར་བཀོད་པ་དེར་ཁྱེད་ཀྱིས་ཁོ་མོས་རང་གི་ཨ་མའི་འདས་རྐྱེན་བེད་སྤྱད་དེ་རང་ཉིད་སྒྲུབ་བཞིན་འདུག་ཅེས་བཤད་འདུག ཐོག་མར་དོགས་སློང་བྱས་པ་ཡིན་ཟེར་མོད། རིམ་གྱིས་རེད་ཅེས་ཚིག་ཐག་བཅད་སོང་། གལ་སྲིད་ཁྱེད་ལ་དཔང་རྟགས་གསོན་པོ་ཞིག་མེད་ན། བཟང་སྤྱོད་ཀྱི་ལམ་ནས་དགོངས་སེལ་ཞུས་ན་འགྲིག་གི་འདོད།
འབིག་ལགས། དྲང་མོར་བཤད་ན་བཙན་བྱོལ་ནང་གི་རྩོམ་པ་པོ་མང་པོ་ཞིག་ལ་ཆ་རྒྱུས་མེད་ཅིང་རྩོམ་ཡང་བཀླགས་མ་མྱོང་། མང་ར་བྱ་མདོའི་པད་མ་ཚེ་རིང་ཟེར་བ་ཞིག་ཡོད་པ་དེའི་རྩོམ་ཞིག བོད་དུ་ལོ་རབས་བརྒྱད་ཅུའི་མཇུག་ཏུ་མཚོ་སྔོན་སློབ་གསོའི་ཐོག་ཏུ་བཀོད་པ་ཞིག་བཀླགས་ནས། རྩོམ་ཙམ་མིན་པར་རྩོམ་མཁན་སློབ་མ་དེ་སུ་ཡིན་ནམ་བསམ་མྱོང་། རྗེས་ནས་རྡ་རམ་ས་ལ་ནས་ཁོར་ཐུག་སྟེ། ཕན་ཚུན་ངོ་ཤེས་དང་འདང་ཡོད་དུ་གྱུར། ང་རང་གི་དྲན་ངོགས་སུ་ཁོང་ནི་ཁྱེད་ཀྱིས་བཤད་པའི་རྩོམ་པ་པོ་དེ་དག་གི་གྲས་སུ་མི་གཏོགས་མཁན་ཞིག་ཡིན། ཁོང་གིས་ཆག་སྒོ་ཡང་ཡང་སློང་ཞིང་དེ་ནི་སྒེར་དོན་ཁོ་ན་ཞིག་གིས་བསླངས་པ་ཡིན་ཞེས་བཤད་མི་སྤོབས། ལོ་བཅུ་ལྷག་གི་གོང་ལ་རྡ་རམ་ས་ལ་དང་ཁ་བྲལ་སྐབས་ངས་ཁོས་བྲིས་པའི་རྩོམ་དེབ་ཅིག་ཁུག་མར་བཅུག་ནས་གྲོང་ཁྱེར་འདིར་ཡོང་ཞིང་། རྗེས་ནས་ཁོང་གི་སྐོར་ལ་བརྩད་གཅོད་ཐེངས་ཤས་བཏང་མོད། གཞུང་ཞབས་ལས་བྱེད་ནས་དགོངས་པ་ཞུས་ཏེ་ལྷོ་ཕྱོགས་སུ་ཕྱིན་པ་རེད་ཟེར། ཁོའི་ཉིན་ཐོ་དེ་དག་དེང་སང་ཡང་ཀློག་བཞིན་ཡོད། ཉེ་ཆར་ནས། དུས་བབ་ཀྱི་དྲ་ཐོག་ནས་ཨ་རིག་འགྱུར་མེད་དང་རྭ་རྒྱ་བློ་དབང་ཟེར་བ་གཉིས་ལ་དོ་སྣང་བྱུང་སོང་། དེ་མིན་མང་པོ་མི་ཤེས། སྡུག་ཤོས་ནི་ང་ཡོད་སའི་གྲོང་ཁྱེར་འདི་རུ་ཆོས་དཔེ་རེ་ཟུང་མ་གཏོགས། བོད་ཡིག་གི་དཔེ་དེབ་གསར་བ་ཀློག་རྒྱུ་ཧ་ཅང་དཀོན་པོ་རེད།
པད་མ་ཚེ་རིང་གིས་བྲིས་པའི་ཉིན་ཐོ་ཁག་དང་གངས་སེང་འཚོལ་དུ་ཕྱིན་པ་ཞེས་པའི་རྩོམ་དེ་ཡག་པོ་ཡོད། ཡིན་ནའང་ང་ང་ང་ང་ཞེས་པའི་རྩོམ་དེ་གོ་རྒྱུ་མི་འདུག ཕལ་ཆེར་ང་རང་རྩོམ་ཡིག་ལྟ་ཚུལ་གྱི་ཕྱོགས་ལ་ཆ་རྒྱུས་མེད་པའི་སྟབས་ཀྱིས་ཡིན་པ་འདྲ། པད་མ་ཚེ་རིང་དང་ངེད་གཉིས་ཀྱིས་རྩོམ་ཡིག་གི་སྐོར་ལ་གླེང་མོལ་མང་པོ་བྱས་མྱོང་། སྐབས་དེར་ངས་ཁོང་ལ་ཁྱེད་རང་གིས་བྲིས་པའི་རྩོམ་དེ་གོ་རྒྱུ་མི་འདུག་ཅེས་ལབ་པ་ཡིན། ཁོང་གིས་ལན་ཅི་ཡང་བཏབ་མ་སོང་། ཡིན་ནའང་། མི་འདིར་
གཤིས་ཀ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དྲན་གྱི་འདུག
ལྕགས་རྒྱ་འགྲམ་ནག་ལགས། ངའི་ཤེས་བ་གནད་སུ་གནས་ཡོད་ལ། ངའི་བློ་དོགས་ད་དུང་བློ་དོགས་རང་དུ་གནས་ཡོད། དེར་བརྟེན་ངས་ཚེ་རིང་སྐྱིད་ལ་དགོངས་གསལ་ཞུ་དགོས་གང་ཡང་མི་འདུག་སྙམ། མ་གཞི་ངས་ཁོ་མོར་དགོངས་སེལ་ཞུ་དགོས་ཚེ་ཁོ་མོས་ངའི་བློ་དོགས་ཐོག་མར་སེལ་དགོས་ཤིང་། དེ་ཡང་ངས་བཤད་པ་ལྟར་ཁོ་མོའི་མིའི་རྩ་དོན་དང་འབྲེལ་ནས་ངའི་བློ་དོགས་འདི་སེལ་དགོས་སྙམ། རྒྱུ་མཚན་ངས་དོགས་སློང་བྱས་པའང་གནད་འགག་འདིའི་སྟེང་ནས་ཡོང་བས་རེད།
མིའི་ཕྲུག ཁྱེད་ཀྱིས་ཚེ་རྡོར་ཟེར་མིར་རྒྱུ་མཚན་བགྲང་འདུག་ཀྱང་། ཁོས་ཆ་མེད་ཀྱི་སྐད་ཅོར་མང་པོ་བརྒྱག་གི་རེད། དང་པོ་ངས་ཀྱང་རྒྱུ་མཚན་བཤད་རྩིས་བྱས་ཀྱང་ཁོས་བཤད་སྟངས་ལ་རྦད་དེ་ཡིད་ཐང་ཆད། ཁྱེད་ཀྱི་བཤད་པའི་གནས་ལུགས་དེ་ངའི་སེམས་ལ་དྲན་གྱང་བཤད་འདོད་བྱུང་མ་སོང་། མི་དེ་འདྲར་རྒྱུ་མཚན་བགྲང་ན་འཕྲོ་བརླག་རེད། རྒྱ་མིས་དགེ་ལུགས་ཙམ་མ་རེད། བོད་ཀྱི་ཚོགས་སྡེ་དང་བླ་མ་དཔོན་པོ་མང་པོ་བེད་སྤྱོང་གཏོང་རྒྱུའི་ཇུས་བཤམས་པ་རེད། དེ་བཞིན་བོད་པའི་སྤྱི་ཚོགས་ནང་ཤུགས་ལྡན་གྱི་སྐོར་དེ་རྒྱ་མིས་བཟོས་པའི་རྙོག་དྲ་དང་པོ་དང་གཅིག་པོ་མ་རེད། ཐ་ན་རྒྱ་བ་ཀརྨ་པ་ཡང་སྲིད་ཀྱི་ལག་ཆ་བྱེད་རྩིས་ཡོད་ཀྱང་ཁ་ཚོའི་རེ་ངན་མ་འགྲུབ་པ་རེད། རྒྱ་མིའི་རྒྱུགས་ཁྱི་ཚོ་ལ་ཁ་གཡར་ནས་བོད་ཀྱི་ཚོགས་སྡེ་གང་རུང་ཞིག་མི་དགའ་ཟེར་བས་མི་དེའི་ཀླད་པའི་ཆེ་ཆུང་ཤེས་སླ་བས་ཡག་པོ་བཤད་ནས་མི་ཕན། ཤུགས་ལྡན་གྱི་དཀའ་རྙོག་དེ་བོད་པའི་དཔལ་འབྱོར་དང་འདྲེས་བསྡད་ཡོད་པ་ལས། དགེ་ལུགས་དང་འདྲེས་ཡོད་པ་མ་རེད། དགེ་དང་འདྲེས་ཐབས་བྱས་ཁྱང་འདྲེས་མ་ཐུབ་པའི་དབང་གིས་ཁོང་ཚོས་དགེ་ལུགས་པའི་མི་མང་པོ་བསད་པ་རེད།
གཙོ་བོ་ཤི་འདྲེ་དེའི་རྙོག་དྲ་གཙོ་བོ་བོད་མི་བོད་ཤ་བཙོང་མཁན་ཉུང་ཤས་ཀྱི་དཔལ་འབྱོར་དང་འདྲེས་ཡོད་རེད། དེ་འདྲ་ཡིན་བོད་མི་ལག་ན་སྒོར་མོ་ཡོད་མཁན་ཚང་མར་དོགས་པ་བྱེད་དགོས་པ་རེད་དམ། མི་འདི་རྒྱ་མཚན་མ་རེད། མདོ་དོན་ཁོའི་སྐད་ཆ་དེ་བོད་མིའི་སྤྱི་ཚོགས་དཀྲུགས་འདོད་ཀྱི་ཀུན་སློང་རེད། མ་གཞི་མི་འུ་ཐུག་དེ་འདྲ་ཞིག་གིས་གནོད་གང་ཡང་བསྐྱལ་ཐུབ་གི་མརེད།
སྤྱི་ཚོགས་ནི་ཟློས་གར་ཁང་ཞིག་རེད། དེའི་ནང་གི་མི་ཚང་མར་འཁྲབ་ཚན་མི་འདྲ་བ་རེ་འཁྲབ་རྒྱུ་འདུག གློག་བརྙན་གྱིས་སྤྱི་ཚོགས་ལ་དཔེ་བལྟས་ནས་འཁྲབ་བཞིན་འདུག སྤྱི་ཚོགས་ཀྱིས་གློག་བརྙན་ལ་ལད་མོ་བྱས་ནས་འཁྲབ་བཞིན་འདུག ཁྲུས་ཁང་གི་མེ་ལོང་དུ་ལྟ་ཐེངས་རེར་ཁ་ངོ་དང་དབུ་སྐྲ་ལ་བྱིལ་བྱིལ་གྱིས། རང་གི་རེ་བའི་ནང་གི་ཟླ་བ་ཉ་གང་ལྟ་བུའི་རྫོགས་པའི་ང་དེ་མངོན་ཐབས་སུ་འཁྲབ་བཞིན་འདུག སྤྱི་ཚོགས་ཀྱི་ག་ས་གང་དུ་མེ་ལོང་གིས་ཁེངས་འདུག འདོད་ས་ཞིག་མཐོང་ན་རང་ཉིད་དེ་དང་འདྲ་ཆོག་ཨང་སྙམ་ནས་འཁྲབ་བཞིན་འདུག མི་འདོད་ས་ཞིག་མཐོང་ན་དེ་དང་ཅི་ཙམ་མི་འདྲ་ཐབས་འཁྲབ་བཞིན་འདུག དེ་འདྲའི་སེམས་ཚོར་བཀག་ཀྱང་མི་ཁོག་པར་སེམས་སུ་འཛུལ་ནས་ཡོང་། ངའི་ལུས་སེམས་ན་འཁྲབ་མཁན་ང་གཅིག་མིན་པར། ང་གཉིས། ང་གསུམ། ང་མང་པོ་འདུག དེ་ཚོ་རྟག་ཏུ་ཕན་ཚུན་ཁ་རྩོད་བརྒྱག གཅིག་གིས་སྡིགས་ཟེར་ན། གཞན་དེས་མ་སྡིགས་ཟེར། ངའི་སེམས་འདི་གྲུ་གུ་ལྡིང་ལྡིང་རེད། ངའི་ལུས་འདི་རུས་སྦལ་ནུར་ནུར་རེད།
འདྲེས་མའི་སྐད་སྒྲ་སྒྲོག་པའི་ཁ་བརྡ་ཡི་གནས་འདི།།
སྣ་ཚོགས་བྱ་རིགས་འདུས་སའི་ནགས་ཀློང་དང་འདྲ་བྱུང་།།
མི་མཐུན་སེམས་ཀྱི་ཁ་དོག་བསྣོལ་ས་ཡི་གཞི་འདི།།
མཁའ་ལ་ལྷོད་ཀྱི་ཤར་བའི་མཇའ་གུར་དང་འདྲ་བྱུང་།།
་་་་་་་་་་་་་་་་་་་་་་་་་་་་་་་་་་་
པད་མ་ཚེ་རིང་གིས་མཚོ་སྔོན་སློབ་གསོའི་སྟེང་གི་རྩོམ་དེའི་མིང་ལ་”གངས་དཀར་སེམས་སུ་བཞུར་བའི་ཆུ་ཕྲན་”ཟེར་ཞིང་། དེས་ཁོ་རང་ཡོད་སའི་རྨ་ལྷོ་འཕྲོད་བསྟེན་སློབ་གྲྭའི་དགེ་རྒན་སྐོར་ཞིག་ལ་ཕོག་ཐུག་བཏང་སྟེ་སློབ་གྲྭ་དེ་ནས་འདུག་མ་ཐུབ་སྐད། ཁོ་རྒྱ་གར་དུ་འབྲོ་དུས་ངས་ཀྱང་ཁོའི་གྲོགས་པོ་རྒྱ་གྲོལ་གྱི་རེ་འདུན་བཞིན་ཞལ་འདེབས་ཤིག་རྒྱག་མྱོང་བསམ། རྩོམ་ཡིག་དེ་མ་ཡིན་པ་ཞིག་ང་དང་ངའི་གྲོགས་པོ་འགས་མགོ་བརྩམས་པའི་མདོ་སྨད་ཀྱི་དགོན་པའི་དུས་དེབ་ཐོག་མ་”ལྗང་མྱུག་”གི་སྟེང་དུ་བཀོད་མྱོང་ན་ཡང་ལོ་ལོན་ནས་མིང་མི་དྲན་གི ཕལ་ཆེར་གྲོང་གསེབ་ཀྱི་གློག་བརྙན་ཞིག་ལ་ལྟ་དུས་ཀྱི་སྐོར་ཞིག་ཡིན་པ་ཡོད། པད་མ་ཚེ་རིང་གསར་བུ་སྣང་བ་སྐྱིད་པོ་གང་བསམས་དེ་ལས་དགོས་པ་ཞིག་ཡོད། ཁམས་དྭངས་མིན་རེ་ཡོད་ལ་ཁམས་དྭངས་དུས་རྩོམ་ཡིག་ཡག་པོ་འབྲི་ཐུབ།
ལྕགས་རྒྱ་འགྲམ་ནག་ལགས། མཚོ་སྔོན་སློབ་གསོའི་སྟེང་བཀོད་པའི་པདྨ་ཚེ་རིང་གི་རྩོམ་ཡིག་དེ་ངས་ཀྱང་བཀླགས་མྱོང་ལ་སྐབས་དེར་ང་རང་སློབ་འབྲིང་གི་སློབ་མ་ཞིག་ཡིན། རྩོམ་ཡིག་དེ་ཁོ་རང་རེབ་གོང་སྨན་སློབ་དུ་ཡོད་སྐབས་བྲིས་པ་ཞིག་ཡིན་པ་དང་རྩོམ་དེའི་དབང་གིས་ཁོ་རང་སློབ་གྲྭ་དེ་ནས་རྩ་དགོངས་སམ་ཕྱིར་འབུད་དགོས་ཆགས་པ་རེད། ང་རང་དུ་རྒྱ་གར་དུ་འབྱོར་སྐབས་ཁོས་བོད་གཞུང་ཕྱི་དྲིལ་ནང་བོད་མིའི་རང་དབང་ཐོག་ལས་ཀ་བྱེད་གི་འདུག སྦིར་སློབ་ཏུ་ཁོས་གཡག་གུའི་ཧུར་སྒྲ་ཞེས་པའི་སློབ་མའི་དུས་དེབ་ཅིག་གི་རྩོམ་སྒྲིག་པ་བྱས་འདུག་ལ། སྦིར་སློབ་དུ་མདོ་ཁམས་སློབ་ཕྲུག་བར་གླེང་རྙོག་བྱུང་སྐབས་ཁོ་རང་ཡང་བསྐྱར་སློབ་གྲྭ་དེ་ནས་རྩ་དགོངས་སམ་ཕྱིར་འབུད་བཏང་ཡོད་འདུག སྦིར་སློབ་ཀྱི་རྩོད་རྙོག་དེའི་འབྱུང་རྩ་གཡག་གུའི་ཧུར་སྒྲ་ཡིན་ཚུལ་སྐབས་དེའི་བོད་གཞུང་གི་ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི་སྐུ་ངོ་ཞིག་གིས་བཤད་བྱུང་། བདེན་མིན་མི་ཤེས། ང་རང་ཁོ་ལ་གསལ་ཆ་ཡོད་ལ་ཁོའི་རྩོམ་ཡིག་ཀྱང་གང་འཚམས་བཀླགས་མྱོང་། ཁོའི་རྩོམ་ཡིག་ཁྲོད་ཡག་ཤོས་ནི་རྷ་སའི་ཉིན་ཐོ་ཁག་དང་བོད་ནང་གི་རྩོམ་པ་པོ་བཀྲ་ཤིས་ཟླ་བའི་སྐོར་ལ་དཔྱད་བརྗོད་རིང་མོ་སྤེལ་འདུག་དེ་རེད་སྙམ། དཔྱད་རྩོམ་དེ་ཁོས་ཨ་མྱེས་རྨ་ཆེན་གྱིས་གོ་སྒྲིག་བྱས་པའི་རྒྱལ་ཡོངས་བོད་ཀྱི་རྩོམ་པ་པོའི་ཚོགས་ཆེན་ཐོག་ཆེད་དུ་སྤེལ་བ་ཞིག་རེད་འདུག་ལ། ངས་ཁོ་ལ་དེའི་བུ་ཡིག་ཅིག་བསླངས་པ་བཞིན་སྤྲད་བྱུང་། ཁོ་ལྷོ་ཕྱོགས་སུ་སོང་རྗེས་རྷ་སར་ཐེངས་གཅིག་དང་རྡོ་གདན་དུས་དབང་སྐབས་ཐེངས་གཅིག་ཐུག་པ་མ་གཏོགས་ད་བར་ཁོའི་གནས་ཚུལ་ཞིབ་གསལ་གང་ཡང་གོ་མ་སོང་། ཁོ་རང་ངས་བཤད་པའི་རྩོམ་པ་པོའི་ནང་མེད་ནའང་ཁོ་མི་༼ ཚོར་བ་རྣོན་པོ ༽དང་ཨ་མདོའི་༼ ཞེན་ཁོག་ཚ་བོ་༽ཞིག་ཏུ་མཐོང་སོང་ལ། དེ་བཞིན་ཁོ་ལའང་གསལ་འདེབས་བྱས་མྱོང་།
རྭ་རྒྱ་བློ་དབང་གི་ཟིན་བྲིས་ང་སྦེ་ཏེ་ནས་ངུ་བ་ཡིན་ཞེས་པ་དེ་ངོ་མས་ཡག་པོ་མཐོང་སོང་། དུས་བབ་རྩོམ་སྒྲིག་པས་ཚད་མཐོའི་གདེང་འཇོག་བྱས་པ་དོན་ལ་གནས་འདུག ཁྱོད་ཀྱིས་བཤད་པའི་༼ རྩོམ་སྟངས་༽དེ་ཁོའི་ཟིན་བྲིས་འདིའི་སྟེང་ནས་མངོན་འདུག་སྙམ། ཨ་རིག་འགྱུར་མེད་རིག་མྱོང་ནའང་ངོ་ཤེས་དང་འདྲིས་པོ་མེད། ཁོ་ལྷོ་ཕྱོགས་སུ་མ་སོང་གོང་འདི་ནས་ཐེངས་མང་པོར་རིག་མྱོང་ལ། དུས་བབ་གསར་ཁང་གི་གསར་འགོད་པ་ཞིག་ཡིན་ས་རེད། ཁོའི་ཟིན་བྲིས་དང་མཆན་བུ་ཁག་ལ་གཟབ་ནན་གྱིས་བལྟས་མྱོང་ཞིང་སེམས་ཚོར་ལ་ད་དུང་སྤྱི་ཚོགས་སྟེང་བརྩུད་བརྡར་མང་པོ་བྱེད་དགོས་པའི་གསར་བུ་རེ་བ་ཅན་ཞིག་ཏུ་མཐོང་སོང་། དམིགས་བསལ་ཁོའི་ལས་གནས་ཀྱི་སྟེང་ནས་བརྩུད་བརྡར་བྱེད་དགོས་པ་མཐོང་སོང་ལ། དེ་ཁོ་དང་ཁོའི་ལས་གནས་ལ་མཚོན་ན་གལ་ཆེན་པོ་ཞིག་ཏུ་ཚོར་སོང་།
ཡ། ད་དེ་ཡིན་ན་ང་ཚོ་ཚང་མ་པད་མ་ཚེ་རིང་གི་ངོ་ཤེས་ཏག་ཏག་རེད། དགའ། སྤྲོ།
ར་རྒྱ་བློ་དབང་གི་རྩོམ་དེའི་ནང་གི་རྒྱ་གར་ས་གནས་ཡུལ་མི་སྟེ་སྤི་ཏི་བ་ཚོས་བོད་ཀྱི་རྒྱལ་གླུ་ཡིན་ན་དེ་གྱེར་སོང་ཟེར་བའི་མཚམས་སུ་བསླེབས་དུས་བླ་རྒན་གྱི་མིག་མཐའ་ཅི་ཞིག་གིས་བརླན་སོང་། གསར་བུ་འདི་ཚོས་བླ་རྒན་ང་ས་མཐའ་ནས་སེམས་པ་བདེ་མོ་བྱས་ནས་འཆི་གི་མི་འཇུག་གི་ཡ།
མི་མང་པོ་ཞིག་གིས་ཁ་རྩོད་ཚིག་རྩོད་ཀྱིས་ངར་བསྡད་ཡོད་པའི་ཟིང་ཟིང་ལོང་ལོང་ནང་སྤྲོ་སྣང་དང་བཅས་ཞུགས་ཏེ་མི་སུ་ཞིག་ལ་ཁ་རྡུང་གཏོང་དགོས་བསམ་ཡོད་ཀྱང་། ལྕགས་རྒྱ་དང་འབིག་གཉིས་ཀྱིས་ལྷོད་ལྷོད་ཀྱིས་ཁ་བརྡ་བྱས་བསྡད་ཡོད་པ་འདིའི་ཕྱོགས་སུ་རང་བཞིན་གྱིས་དྲངས་སོང་།
ད་ལྟ་པད་མ་ཚེ་རིང་གང་ན་ཡོད་པ་རེད། ཁོ་ངའི་སེམས་སུ་ཡང་ཡང་འཁོར་ཡང་གང་ན་ཡོད་ཆ་མ་འཚལ།
སྦིར་སློབ་གྲྭའི་རྙོག་དྲ་དེའི་འབྱུང་ཁུངས་གཡག་གུའི་ཧར་སྒྲ་མ་རེད། དེའི་ཁུངས་རྒྱ་ལོ་དོན་གྲུབ་ལ་ཐུག་ཡོད་པ་རེད། པད་མ་ཚེ་རིང་གིས་མགོ་ཁྲིད་ནས་ཨ་མདོ་བ་མང་ཆེ་བ་དང་། གཞན་ཆོལ་ཁ་གཉིས་ཀྱི་སློབ་ཕྲུག་སྐོར་ཞིག་བཅས་དྷ་སར་སྐད་འབོད་ལ་ཕྱིན་པ་རེད། ཁོ་དེ་སྐབས་ཕྱིར་འབུད་བྱེད་རྒྱུའི་སྐད་ཆ་བྱུང་བ་རེད། ཡིན་ན་ཡང་། དགེ་རྒན་ཁ་ཤས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཕྱིར་འབུད་བྱེད་མ་ཐུབ་པ་རེད།
རྗེས་སུ་ཁམས་དང་ཨ་མདོ་གཉིས་རྒྱག་རེས་ཐུག་པའི་སྐབས་དེར་ཁོ་ཡང་ཕྱིར་འབུད་བྱས་པ་རེད། ག་རེ་རེད་ཟེར་ན། རྡུང་རེས་དེའི་རྩ་བ་ཁོ་ལ་ཐུག་ཡོད་པ་རེད།
ཁོ་ལ་ཐུན་མོང་མ་ཡིན་པའི་གཤིས་ཀ་དམིགས་བསལ་བ་ཞིག་ཡོད། རྩོམ་རིག་གི་སྐོར་དམིགས་བསལ་གྱི་དོ་སྣང་ཡོད་པ་ཞིག་ཡིན། ཁོ་རྩོམ་པ་པོ་ཡག་པོ་ཞིག་ཡོང་བའི་རེ་བ་ཡོད་ཀྱང་བར་སྐབས་ཤིག་ནས་གར་སོང་གི་རྗེས་མགོ་མ་ནོན།
རྒྱལ་ཡོངས་བོད་ཀྱི་རྩོམ་པ་པོའི་ཚོགས་ཆེན་དང་པོའི་ཐོག ཁོས་རྟོག་པ་རང་ཡན་གྱི་རྩོམ་རིག་སྐོར་གླེང་བ་རེད། བོད་ཡིག་ནང་རྟོག་པ་རང་ཡན་གྱི་རྩོམ་ཡིག་འབྲི་མཁན་དང་པོ་ལྗང་བུ་དང་ཁོང་གི་རྩོམ་གྱི་སྐོར་དང་། ཁུངས་ཐུག་ས་བཀྲ་ཤིས་ཟླ་བ། དེ་ནས་ཡར་མ་ཡོན་གྱི་རྩོམ་གྱི་སྐོར་སོགས་བྲིས་ཡོད་པ་རེད་སྙམ།
ཀླད་པ་ཁེངས་སོང་། གྲོད་ཁོག་ལྟོགས་བྱུང་། ཁ་བརྡ་འདི་ལ། མཚམས་ཚིགས་ཅི་ཡོད། མགོན་པོ་ཕྱག་གཉིས། རྩོམ་མཁན་རྙིང་པ། རྩོམ་གཤིས་མི་གཤིས། ཆུ་འོ་མཉམ་འདྲེས། བདུད་རྩི་ཁམ་རེ། བཙན་གྱིས་མིད་ཀྱང་། རྒྱུ་ཁུག་མ་ཤོངས། ཁ་ནས་སྐྱུགས་སོང་། ས་མཐའི་བདུད་རྩི། ཅི་འདྲའི་སྐྱུར་བ། མགོན་པོའི་རྩོམ་ཚིག བློ་ལ་འཇགས་འདུག མགོན་ཚེ་མགོན་ཚེ། གཏིང་ནས་དྲན་སོང་། སང་ལོ་གནང་ལོ། ཡུན་གྱིས་མཇལ་ཆོག
ངས་ཁྱེད་ཚོར་པད་མ་ཚེ་རིང་ཟེར་བའི་གི་སྒྲུང་ཞིག་བཤད་ཆོག ང་ཉིན་ཞིག་གྲོགས་པོ་ཞིག་དང་མཉམ་དུ་འགྲོ་དུས་མི་ཨ་ར་རིང་པོ་བཞག ལྷམ་འཇིར་རྟ་ཡུ་རིང་དང་གོས་ཐུང་ཁ་དོག་ནག་པོ་པ་ཁུག་མང་པོ་ཡོད་མཁན་ཞིག་དང་ཐུག་སོང་། ཁོ་གཉིས་ཀྱིས་ཁ་བརྡ་བྱེད་ཀྱི་འདུག་པས་ང་ཟུར་ནས་ལངས་བསྡད་པ་ཡིན། མི་དེ་ལ་རྣམ་འགྱུར་སྟོན་སྟངས་ཁྱད་མཚར་དཔེ་འདུག སྐད་ཆ་བཤད་ཞོར་ལ་ང་ལ་ཡང་སེ་ཡང་སེ་ལྟ་བ་དང་དགོད་ལ་ཁད་རེ་བྱས་ནས། མིག་གི་རྫི་མ་དཀྲུགས་དཀྲུགས་གཏོང་སྟངས་དང་ལག་པས་ཨ་ར་དཀྱུས་རིལ་བརྒྱག་སྟངས་དེ་ཡ་མཚན་ཞིག་རེད། ངའི་གདོང་ལ་འབུར་ནས་ལྟ་སྟངས་དེ་ཞེ་མདོག་ཁ་བོ་ཞིག་འདུག་་་་་་་་་་་་་།
ཚུར་ཡོང་ནས་ངས་གྲོགས་པོར་མི་དེ་སུ་རེད་དྲིས་པ་ཡིན། ཁོས་ཁོ་པད་མ་ཚེ་རིང་ཟེར་བའི་རྩོམ་པ་པོ་ཞིག་རེད་ཟེར། ཁོས་ད་དུང་མི་དཔེ་ཁྱད་མཚར་ཡོད་པ་རེད། ཡག་པོ་བཤད་ན་གཅིག་ཀྱང་ཉན་གི་མ་རེད་ཟེར། ཁ་སྔོན་གསུངས་ཆོས་ཞིག་ལ་ངེད་གཉིས་མཉམ་དུ་སོང་བ་དང་། གཞི་ཆགས་བུ་མོ་ཞིག་སྔུན་ནས་་བསྡད་པ་ཡིན་ཟེར། དེ་ནས་བུ་མོ་དེས་དགོངས་ད་ས་ཆ་སྟོང་པ་མ་རེད་མི་ཡོང་གི་རེད་འདུག་ལབ་ཀྱང་། པད་མ་ཚེ་རིང་ཟེར་པས་མ་ཉན་པར་ང་གཉིས་འདི་ནས་འདུག་གི་ཡིན། མི་ཡོང་ན་ཕར་འགྲོ་ཆོག་ཟེར་ནས་སོང་མི་འདུག དེ་ནས་གསུངས་ཆོས་གྲོལ་ལ་ཡོད་ཀྱང་བུ་མོ་དའི་བཤད་པའི་མི་སླེབས་མི་འདུག དེ་ནས་པད་མ་ཚེ་རིང་ཟེར་བའི་རྩོམ་པོ་དེ་རླུང་ལངས་ཏེ་ཁ་ཕྱིར་ལ་འཁོར་ནས་བུ་མོ་དེར་ཁྱེད་ཀྱི་མི་ཡོང་གི་རེད་ནས་རྫུན་མ་བཤད་འདུག མི་ག་བ་ཡོད་ཅེས་བུ་མོ་དེའི་གདོང་མིག་འབུར་ནས་གདང་ནག་པོ་བསྟན་པ་དང་། ད་དུང་ཁྱེད་ཀྱིས་གསར་འབྱོར་ལ་མཐོང་ཆུང་བྱས་པ་རེད་ཟེར་ནས་སྡུག་སྐྱག་བཤད་འདུག བུ་མོ་དེས་ཞེད་སྣང་ལ་བསད་ས་རེད་ད་ལབ་ནས་ཡ་མ་བྱས་ལོག་སོང་ཟེར། པད་མ་ཚེ་རིང་དེ་ཡིན་ན་དེ་ལྷོ་ཕྱོགས་སེ་ར་ན་ཡོད་ཐལ།
འོ། ད་དུང་སྐྲ་རིང་པོ་དང་རྗོར་པོ་དཔེ་འདུག སྐམ་པོ་སྐམ་པོ་རེད། སེམས་པ་སྐྱིད་པོ་མེད་པ་འདྲ་བོ་འདུག མི་དེ་ཁྱེད་མཚར་དཔེ་མཐོང་སོང་།
ད་ཡིན་ན་ཐམས་ཅད་ཀྱིས་སྐུ་ཞབས་པད་མ་གླེང་གི་འདུག་པས་ང་ཡང་མགོ་མི་ཤོང་སར་སྐེ་ཞིག་བསྲིང་ན་འདོད་སོང་། མི་དེ་ཁོ་རང་ལ་ལྟ་བ་དང་དམིགས་ཡུལ་ངེས་ཅན་ཡོད་མཁན་ཞིག་རེད་འདུག་ལ། ཁོ་རང་གི་ལྟ་བ་དང་དམིགས་ཡུལ་དེའི་དོན་དུ་ག་རེ་ཡིན་ནའང་བློས་གཏོང་ཐུབ་མཁན་ཞིག་རེད། ཁོ་རྡ་ས་ནས་ཁ་བྲལ་ཏེ་ལྷོ་ཕྱོགས་སུ་སོང་ནས་དགོན་པ་ཞིག་ཏུ་དགེ་རྒན་ལོ་ཁ་ཤས་ལ་བྱས་འདུག དེ་ནས་ཧི་མ་ལ་ཡའི་མཐོ་རིམ་སློབ་གླིང་གི་རིག་གནས་དགེ་རྒན་ལོ་གཉིས་ལྷག་བྱས་པ་རེད། དུས་དེར་ང་ཁོ་ལ་ཐེངས་ཤིག་ཐུག་སོང་ལ་མི་དེ་འགྱུར་བ་ཞེ་དྲག་ཐེབས་ཤག གནའ་ཡིན་ན་མི་འདི་ཆོས་ལ་དོ་སྣང་ཡོད་མཁན་ཞིག་མིན་མོད་དུས་དེ་ནས་ཁོ་རང་གི་ནང་ཆོས་ལ་ལྟ་སྟངས་ཐད་འགྱུར་བ་ཐེབས་སོང་ཟེར། ད་དུང་ཁོས་ཟེར་ན་ཁོ་རང་སྡོད་གནས་བརྗེ་སྤོར་ཡང་ཡང་བྱེད་པ་འདིར་དགོས་པ་ཞིག་ཡོད་ལ་ཉམས་མྱོང་མང་པོ་བསགས་པའི་རྗེས་སུ་དེབ་འདྲ་འབྲི་བསམ་པ་ཡིན་ཟེར། སྐབས་དེ་ཤེད་ཅིག་ནས་མི་དེ་བརླག་སོང་བ་རེད། ལོ་ཁ་ཤས་ལ་འཆི་གསོན་གྱི་སྐད་ཆ་ཡང་གོ་མ་ཐལ། ཁ་ཉིན་སྟབས་ཡག་ནས་མི་ཞིག་གི་ཟེར་ན་ཁོ་བལ་ཡུལ་ཨ་ནེ་དགོན་པ་ཞིག་ན་འདུག་ཟེར། ཨ་ཆེ་དག
འབིག་ལགས་སུ། ངས་ལྟས་ན་ཁྱེད་ཀྱིས་མིའི་རྩ་དོན་ངོ་མ་དེ་ག་རེ་ཡིན་མིན་ངོ་ཤེས་ཀྱིན་མི་འདུག་པར་སྐད་ཆ་རྫིག་པོ་འདི་བེད་སྤྱད་ནས་ཡར་སློག་མར་སློག་བྱས་ཀྱིན་འདུག གལ་ཏེ་ཧོར་གཙང་འཇིགས་མེད་འདི་ཆ་ལ་བཞག་ནས་ཁྱེད་ཀྱིས་ཁོང་གི་རྩོམ་ཡིག་དང་མི་གཤིས་ལ་ཞིབ་བསྡུར་བྱས་ཀྱིན་ཡོད་ན། ཐོག་མར་ཁྱེད་ཀྱིས་ཧོར་གཙང་འཇིགས་མེད་ངོ་ཤེས་པ་བྱེད་དང་། དེ་ནས་སྐད་ཆ་བཤད་ན་ངས་ཁྱེད་ལ་དགའ ་བསུ་ཞུ། ཧོར་གཙང་འཇིགས་མེད་མི་ཀུ་ཡངས་པོ་དང་ཞིབ་བདེ་བོ། ཁ་དཀར་བློ་དཀར་ཞིག་ཡིན། ཡིན་ན་ཡང་ང་ཚོ་ཚང་མ་མི་རེད། ང་ཚོ་ཚང་མ་རང་རང་དགའ་ས་དང་། འགྱུར་བག་ཡོད་པ་རེད། མི་གང་ཞིག་ལ་ཕར་ལྟ་་སྐབས་དང་པོ་ནས་ཤོག་དུ་དཀར་བོ་ལྟར་དུ་ཚད་མ་བཟུང་ན་འགྲིག་གི་མ་རེད། དམིགས་བསལ་གྱིས་སྙན་ངག་པ་མང་པོ་ཞིག་ཚོར་བ་མི་གཞན་ལས་རྣོ་བ་དང་དེ་དང་བསྟུན་ནས་འགྱུར་བ་འགྲོ་སྐྱེན་པོ་ཡོད་པས་ཁོ་ཚོའི་དགའ་སྡང་ཆགས་གསུམ་གྱིས་མི་གཞན་གྱི་སྣང་ངོར་ཁོ་ཚོ་ནམ་རྒྱུན་དང་མི་འདྲ་བར་རྩ་ཚང་གི་མ་རེད་ཟེར་ནས་བཤད་སྲོལ་ཡོད། ཡིན་ན་ཡང་ཁྱེད་ཀྱིས་སྤྱི་ཚོགས་སྟེང་གི་སྐད་ཆ་ཟེར་སྒྲོས་ཤིག་ཁྱེར་ཡོང་ནས་ཁྱེད་ཀྱང་དེའི་རྗེས་ཀྱི་སྐད་ཆར་རྒྱུག་ན་དེ་འོས་མཚམས་མ་རེད། མིའི་རྩ་དོན་གྱི་ནང་དུ་རང་གི་རྣམ་དཔྱོད་བེད་སྤྱོད་བཏང་ཏེ་གང་བྱུང་དུ་གཞན་ལ་སྐྱོན་འཛུགས་མི་བྱེད་རྒྱུ་དེ་ཡང་ཡོད། ད དུང་མིའི་རྩ་དོན་ལ་མིའི་རིགས་སྤྱི་ལ་འགན་ཡོད་པས་རྩོམ་པ་པོར་གཅིག་པུ་འགན་ཡོད་པ་ཞིག་མ་རེད། དེ་ལས་ཀྱང་ངས་ཁྱེད་་ལ་བརྗོད། གལ་ཏེ་ཧོར་གཙང་འཇིགས་མེད་ཀྱིས་དེ་ལྟར་བྱས་ཡོད་ན། ཅིའི་ཕྱིར་མི་རྣམས་ཀྱིས་ཧོར་གཙང་འཇིགས་མེད་ཀྱི་ཨ་མ་གང་འདྲ་ཞིག་ཡིན་པར་བསམ་བློ་བཏང་མ་མྱོང་བ་རེད་དམ།
ཨ་མདོའི་བུ་མོ་ལགས། ཧོར་འཇིགས་མི་གུ་ཡངས་དང་འདྲིས་བདེ། ཁ་གཀར་བློ་དཀར་སོགས་ཁོའི་སྟེང་གི་ཡག་ས་རྒྱན་ས་རྐྱང་རྐྱང་དྲུད་ནས་ཡོང་ན་ལྕགས་རྒྱ་མགྲན་ནག་གིས་བཤད་པ་ལྟར་ང་ཡང་ཁོའི་སྟེང་ནས་དགའ་ས་མང་། འོན་ཀྱང་ངས་འདིར་བཤད་པའི་སྒྲུང་ནི་མིའི་རྩ་དོན་གཞིར་བཞག་ནས་བཤད་ཡོད་ཚུལ་མཆན་བུ་སྔོན་མ་ཚོའི་ནང་ནས་གསལ་བོ་བཟོས་ཡོད། མིའི་རྩ་དོན་ལ་ཁྱོད་ཀྱིས་ངེས་འཛིན་གསལ་བོ་ཞིག་བྱེད་ཐུབ་གི་མི་འདུག་ལ། དེ་བཞིན་དྭངས་ལེན་གྱང་བྱེད་ཐུབ་གི་ཡོད་ས་མ་རེད། འདི་སྐད་ཆ་དྲང་མོ་ཡིན། སྐད་ཆ་ཞིག་གོ་བ་དང་གནམ་ལ་ལྡང་རྒྱུ་ལས་ཅུང་ཙམ་ཁུ་སིམ་པོར་བསྡད་ནས་བསམ་བློ་ཞིག་བཏང་ན་མི་འགྲིག་ཨེ་ཡོད་བསམ་གི་འདུག
ཨ་མདོའི་བུ་མོ་ལགས། ཁྱེད་ཀྱིས་༼ དེ་ལས་ཀྱང་ངས་ཁྱེད་་ལ་བརྗོད། གལ་ཏེ་ཧོར་གཙང་འཇིགས་མེད་ཀྱིས་དེ་ལྟར་བྱས་ཡོད་ན། ཅིའི་ཕྱིར་མི་རྣམས་ཀྱིས་ཧོར་གཙང་འཇིགས་མེད་ཀྱི་ཨ་མ་གང་འདྲ་ཞིག་ཡིན་པར་བསམ་བློ་བཏང་མ་མྱོང་བ་རེད་དམ། ༽ཞེས་པ་འདི་སྐབས་འདིར་ངོ་མས་གལ་ཆེན་པོ་རེད། ཧོར་འཇིགས་ཀྱི་ཨ་མ་གང་འདྲ་ཞིག་ཡིན་མིན་ཁོས་ད་བར་འགྲེལ་བརྗོད་བྱས་མི་འདུག་ལ། བཤད་སྟངས་ལ་བལྟས་ན་ཁྱོད་ཀྱིས་གསལ་བོ་ཤེས་ཡོད་ཚོད་འདུག་པས། དེ་རིང་ཁྱོད་ཀྱིས་ཧོར་འཇིགས་ཀྱི་ཚབ་གནང་ནས་ང་ལ་འགྲེལ་བརྗོད་ཅིག་བྱེད་རོགས། ངས་ཁྱེད་ལ་ཐུགས་རྗེ་ལན་མང་ཞུ་ས་རེད།
སྐྱོ་གདུང་སེམས་ཀྱི་རི་མོ་འགྲོས།།
ཚོར་སྣང་མིག་ཆུ་བཞུར་བའི་རྒྱུན།།
རང་དབང་གཏན་ཚིགས་དང་འགྲོགས་ཏེ།།
ཁ་བརྡའི་གྲོགས་ཀྱིས་ལོངས་སྤྱོད་གྱུར།།
འོན་ཀྱང་ཕྲག་དོག་གཏུམ་པོ་ཡིས།།
སྙིང་གི་འབབ་སྟེགས་འཛིན་པ་དག།
གཞི་མེད་འཁྱོགས་བཤད་ཚིག་གི་མདའ།།
འཕེན་པའི་རྟུལ་ཞུགས་ལེན་འདིར་མཚར།།
མནའ་མ་མེད་ན་མནའ་མ་བཙལ་བས་ཆོག
ཨ་མ་མེད་ན་ཨ་མ་གང་དུ་འཚོལ། །
སྲིད་པའི་གཏམ་དཔེ།
མ་གྱུར་སེམས་ཅན་ཐམས་ཅད་ཟེར་བ་བདེན་ནམ།
ཁྱེད་ཚོས་པདྨ་ཚེ་རིག་གླེང་གི་འདུག་པས། ངས་ཀྱང་པདྨ་ཚེ་རིང་གླེང་འདོད་བྱུང་། པདྨ་ཚེ་རིང་སེར་བྱེས་སློབ་འབྲིང་གི་དགེ་རྒན་བྱས་ནས་ལོ་བཞི་ལྔ་ཞིག་ལ་བསྡད་པ་རེད། སྐབས་དེ་དག་ཏུ་ཁོ་ལ་ཟླ་ཕོག་ཧ་ཅང་ཉུང་ངུ་ཞིག་ལས་མེད། ཐ་ན་ཟླ་བ་རེའི་འགྲོ་གྲོན་ཙག་ཙིག་གཏོང་ཐེབས་ཀྱང་མེད། འོན་ཀྱང་བློ་གཅིག་སེམས་གཅིག་སེམས་གཅིག་གིས་གྲྭ་ཕྲུག་ཚོར་སློབ་ཁྲིད་བྱེད་ཞོར། རང་ཉིད་འཐུས་ཚང་ལ་རྣམ་པ་ཀུན་ཏུ་གཞོལ་གྱིན་འདུག ངེད་གཉིས་ནི་སྐབས་དེར་ཆེས་འདྲིས་པའི་གྲོགས་པོ་ཞིག་ཡིན་ལ། ངའི་སྣང་ངོར་ཁོ་ནི་རིག་གནས་ཀྱི་སེམས་ཁམས་རྣལ་མ་ཆགས་པའི་མི་ཞིག་ཏུ་མཐོང་སོང་། འོན་ཀྱང་ཁོའི་བསམ་པའི་ཟུར་གཅིག་ན་ཨ་མདོའི་ཕོ་གསར་ཚོའི་རང་མགོ་མཐོ་བའི་ང་རྒྱལ་དེ་ནི་ནམ་ཡང་ཡོད་པ་འདྲ། ཁོས་བསམ་བློ་གཏོང་ཕྱོགས་དང་རིག་གནས་གསར་འཚོལ་གྱི་སེམས་ཤུགས་ནི་བློ་ལས་འགོངས་པ་ཞིག་ཡིན། སྐབས་ཤིག་རྒྱུ་རྐྱེན་ཅི་ཡིན་ཆ་མ་འཚལ་མོད་ཁོ་རང་གནས་གང་ཞིག་ཏུ་བུད་སོང་། འགྲོ་ཁར་གྲོགས་པོ་ཚོས་ཀྱས་གསལ་བོ་ཞིག་ཤེས་མེད་ལ། ངེད་གཉིས་ཕན་ཚུན་ལ་གཡར་རེས་བྱས་ཡོད་པའི་དཔེ་དེབ་རྣམས་ཀྱང་ཕར་ལེན་ཚུར་སྤྲོད་མ་བྱས། ཁོའི་རྩོམ་དེབ་གངས་སེང་འཚོལ་དུ་ཕྱིན་པ་ལྟ་བུའི་རྩོམ་རིག་སྒྱུ་རྩལ་གྱི་དེབ་ཅིག་དེ་སྔ་བཙན་བྱོལ་བོད་ཡིག་དཔེ་དེབ་ཁྲོད་ཕལ་ཆེར་མེད་པ་ལྟ་བུ་ཞིག་རེད་ལ། ད་དུང་དཔེ་དེའི་ནང་གི་བསླུ་བྲིད་ཀྱིས་བསླངས་པའི་རྡོ་རིང་ཞེས་པའི་དཔྱད་བརྗོད་དེ་ནི། ཧོར་འཇིགས་ཀྱི་ཁྲག་ཐིགས་ལས་སྐྱེས་པའི་ལྗང་མྱུག་ལ་རིན་ཐང་ཆེས་ཆེར་ལྡན་པ་མ་ཟད། གཅིག་བྱས་ན་ཧོར་འཇིགས་ཀྱིས་པདྨ་ཚེ་རིང་གི་རྩོམ་ཡིག་དེའི་དཔེ་དབྱིབས་ལས་ཅུང་ཙམ་ཞིག་ནང་འདྲེན་བྱས་པའི་ཚོར་ཞིག་ཀྱང་དབང་མེད་དུ་སྐྱེ་རུ་འཇུག ཨོ་ངས་གོ་ཚོད་པདྨ་ཚེ་རིང་ད་ལྟ་བལ་ཡུལ་ཞིག་ན་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད་རབས་ཟེར། ཁོ་ནི་ངེས་པར་རྩོམ་རིག་གི་གར་སྟེགས་ལ་འབུད་དགོས་པའི་མི་ཞིག་ཡིན།
གླེན་པ་ལུག་མི་འཚུབ་ལི་ཞིག་ཡིན་པས། པདྨ་ཚེ་རིང་སྐོར་གྱི་མཆན་བུ་དེར་ཡིག་སྐྱོན་ཁ་ཤས་ཤོར་འདུག་ལ། དེའི་ངེས་པར་ནོར་བཅོས་བྱེད་དགོས་པ་ཞིག་ནི《ཧོར་འཇིགས་ཀྱི་ཁྲག་ཐིགས་ལས་སྐྱེས་པའི་ལྗང་མྱུག་ལ་རིན་ཐང་ཆེས་ཆེར་ལྡན་པ་མ་ཟད། 》ཞེས་པ་དེ་རེད། ངས་བརྗོད་འདོད་པ་ནི། ཧོར་འཇིགས་ཀྱིས་ཁྲག་ཐིགས་ལས་སྐྱེས་པའི་ལྗང་མྱུག་ལས་རིན་ཐང་ཆེས་ཆེར་ལྡན་པ་མ་ཟད། ཟེར་འདོད་པ་ཡིན།
ང་ལ་མཚོན་ན་ཆེས་ཐོག་མར་ཐག་ཉེ་ས་ནས་རྩོམ་རིག་གི་རྟོགས་པ་སད་རྒྱུར་ཤུགས་རྐྱེན་ཐེབས་པའི་མི་གསུམ་ཡོད་པ་ནི། ༡ གྲོགས་པོ་རྒྱ་གྲོལ། ༢ གཅེན་པོ་ལྡོང་ཕྲུག་ཡེ་ཤེས་བཟང་པོ། ༣ པདྨ་ཚེ་རིང་།
ཧོར་འཇིགས་ལགས་ཀྱི་ཁྲག་ཐིགས་དེ་ཕྱོགས་བསྡུས་དང་སྣ་འཛོམ་ཞིག་ཏུ་མཐོང་། ཡིན་ན་ཡང་ངའི་ཤེས་ཚད་ཀྱིས་མ་ལྡེངས་པས་དེ་ཙམ་གནད་དུ་ཁེལ་བ་ཞིག་ཡིན་པར་མ་མཐོང་། དེབ་གཅིག་གི་ནང་དུ་མི་ཚང་མའི་འདོད་པ་ཁེངས་པ་ཞིག་སྤྱིར་ན་ཡོང་ཐབས་ཡོད་རྒྱུ་མ་རེད།
ཨ་ཁུ་ཀླུ་སྨྱོན་ལགས། ཁྱེད་རང་བདེ་མོ། ཧོར་འཇིགས་ཀྱི་ཚིག་སྦྱོར་གྱི་སྙན་ཆ་དང་། མཚོན་སྟངས་ནི་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་ཞིག་ཡིན་པ་བོད་ཕྱི་ནང་གཉིས་ཀར་ཡོངས་སུ་གྲགས་ཡོད། འོན་ཀྱང་རྩོམ་རིག་གི་རྩ་བའི་གཤིས་ཁམས་ཀྱི་ཕྱོགས་ལ་ཁོ་རང་དེ་ཙམ་རྒྱུས་མངའ་མེད་པ་ལྟར་སྣང་། དེར་མ་ཟད་ང་ལ་མཚོན་ན་ཁོའི་སྐྱོན་ཆེ་ཤོས་ནི། སྒྱུ་རྩལ་ཁྲོད་ཀྱི་ཕྱོགས་རིས་དེ་རེད་འདོད། དཔེར་ན་ཁོའི་སྙན་དེབ་གདོན་འཕྲུལ་ལྟ་བུའི་བཟི་ཁ་ཞེས་པའི་ནང་བོད་མི་སྒེར་བའི་ཆེད་དེབ་ཕྱོགས་སྒྲིག་གི་ཐོག་མ་ཁོ་རང་ཡིན་རབས་བཤད་པ་དང་། ཁྲག་ཐིགས་ལས་སྐྱེས་པའི་ལྗང་མྱུག་ནང་གང་ཅི་ཐུབ་ཀྱིས་དོན་གྲུབ་རྒྱལ་ལ་སྐྱོན་ཞིག་འཛུགས་ཨེ་ཐུབ་བྱས་པ་ལྟ་བུ་རེད། དེ་ལྟར་བྱས་པས་ངའི་མཐོང་སྣང་གི་དེ་སྔའི་ཧོར་འཇིགས་དེ་ཕྱེད་ཀ་ཞིག་ཏུ་གྱུར་སོང་ལ། རིག་གནས་འདུ་ཤེས་ཁྲོད་ང་རྒྱལ་གྱིས་འགྱིང་ཞིང་བློ་རྒྱ་དོག་པའི་མི་རང་འགའ་བ་ཞིག་ཏུའང་བསམ་སོང་།
འབིག ལོ་མང་པོ་ཞིག་གི་སྔོན་མི་ཞིག་གིས་ཧོར་འཇིགས་ལ། ཨ་མ་བོད་ལ་ཡོད་དུས་དྲན་གླུ་ལེན།། ཨ་མ་ཁྱིམ་ལ་སླེབས་དུས་སྒོ་རུ་ཕུད།། ཟེར་བ་ཞིག་འབྲི་གི་ཡོད་པ་ངས་མཐོང་སོང་། པར་སྐྲུན་བྱས་ཡོད་མེད་མ་ཤེས། (ཁྱེད་ཀྱི་མཆན་འདིའི་ནང་སྐྱེ་བོ་སྒེར་ལ་དམོད་པའི་ཚིག་ལན་དུ་མར་འཁོད་འདུག་པས། མཆན་གྱི་ལྷག་མ་རྣམས་གསུབ་པ་ཡིན། ཁ་བརྡས།)
ཨོ་རེད། ཁ་བརྡས་བསུབ་པ་ལ་ཁག་མི་འདུག ད་ང་ཚོའི་གླེང་གཞི་འདི་ཧོར་འཇིགས་མ་བུ་གཉིས་ཀྱི་ཕྱོགས་གཅིག་པོར་འཁོར་བསྡད་ན་ཁྱད་མཚར་འདུག མ་གཞི་མཚམས་ལན་རེར་སྐྱེ་བོ་སྒེར་སྟེང་ནས་འཕྲོས་ཏེ་གླེང་ན་གནད་དུ་ཁེལ་བའི་གོ་བ་དང་སེམས་འགུལ་ཆེ་བ་སྐྱེད་ཀྱིན་འདུག དེ་མིན་ཚིག་ཟུར་གཅིག་པོས་འཐུས་པ་བྱས་ཏེ་རབ་རིབ་མག་མོག་ཅིག་ནས་གླེང་སྟེ་བསླབ་བྱ་ལྟ་བུ་རེ་གནང་བསྡད་ན་དེ་ཙམ་གནད་དུ་འཁེལ་གྱིན་མི་འདུག
ཁ་བརྡའི་དྲ་དཔོན་གྱིས་ཆོ་མེད་ཀྱི་སྡིགས་དམོད་ཀྱི་ཚིག་རྣམས་བསུབ་པ་ལ་རྒྱབ་སྐྱོར་དང་དགའ་བསུ་ཡོད།
ཧོར་འཇིགས་ཀྱི་སྙན་ངག་ལ་བརྗིད་ཉམས་ཆེ། ཡིན་ན་ཡང་དགེ་ཆོས་ཀྱི་སྙན་ངག་ལྟ་བུའི་སྐྱོ་གདུང་དང་སེམས་ཚོར་དྲག་པོ་དེ་ཙམ་མེད་པར་འདོད། ང་ནི་སྙན་ངག་ལ་ཆ་རྒྱུས་མེད་པ་ཞིག་པས་གཅིག་བྱས་ན་ནོར་ཡོད་འགྲོ། གང་ལྟར་ཧོར་འཇིགས་ཀྱིས་ཁྲག་ཐིགས་ནང་དུ་སྨྱུག་མིང་འདོགས་སྟངས་ཐད་དུ་སྨྱུག་མིང་བཀོལ་མཁན་ཚང་མ་རྩ་མ་ཚང་བའི་མི་ཡི་གྲས་སུ་བཞག་འདུག་པས། རྒྱུགས་པ་ལེབ་རྡུང་རེད་ཨང་བསམས་བྱུང་། ཧོར་འཇིགས་ལ་མཚོན་ན་གནའ་ནས་འཚོ་བའི་ཕྱོགས་སུ་དཀའ་ངལ་ཆེན་པོ་ཞིག་མ་འཕྲད་པར་ད་བར་དུ་ཆེད་ལས་རྩོམ་པ་པོ་ལྟ་བུ་ཞིག་ཡིན་ན་ཡང་། དེ་དང་འདི་ཡི་ལག་རྗེས་ཤིག་ད་དུང་མ་མཐོང་། མདོ་སྨད་ལོ་རྒྱུས་དེ་ཀློག་འདོད་ཆེན་པོ་ཞིག་ཡོད་ཀྱང་ད་དུང་ལོ་འགའ་འགོར་ས་རེད། དེའི་ཕྱོགས་ནས་ཅང་མ་གོ?
ཧོར་འཇིགས་ཀྱི་སྙན་ངག་དང་པོ་འཇིགས་ཆེ་ཡང་
ཞིབ་ཞིབ་ཏུ་བཀླག་ཚེ་ཚིག་ཉམས་ཙམ
ཀླུ་སྨྱོན་གྱི་རྩོམ་ཡང་སྐབས་སྐབས་སུ
རུལ་མ་ཡིས་གད་བདར་བྱས་དང་འདྲ
རྡ་ས་ཡི་རི་གྲོང་ཆུང་ཆུང་ན
པད་ཚེ་ཡི་རྩོམ་རྩལ་ལ་དོ་བ་ཞིག
ནོར་ནག་ངས་ད་བར་མཇལ་མ་སོང
པད་ཚེ་ཁོང་རྩོམ་ལས་མོ་དད་ཆེ་
མོ་མཚན་ཕྱིར་ཤི་ཡང་འགྱོད་མེད་རིགས
ྐ
སྔོན་ཡིན་ན། ཁོ་ལ་མོ་དད་གཞན་ལས་ཆེ། ལག་ཡོང་གཞན་ལས་ཆུང་། ཡིན་ན་ཡང་། ཐེངས་མ་གཅིག་དགོང་མོ་ཞབས་བྲོ་འཁྲབ་ས་ཞིག་ནས་ཨ་ལྕག་ལགས་གཅིག་ལག་ལ་ཡོང་བ་ངས་ཤེས་ཀྱི་ཡོད།
ཨ་ཁུ་ཀླུ་སྨྱོན་ལགས། ཧོར་འཇིགས་ལགས་ཀྱི་མདོ་སྨད་ལོ་རྒྱུས་ལ་ཁྱོན་བསྡོམས་དེབ་གྲངས་དྲུག་ཡོད་པ་དང་། རྒྱབ་ཤའི་ཇུས་འགོད་ནས་རྩོམ་ལུས་ཚུན་ཆད་དེང་རབས་ཀྱི་དཔེ་དབྱིབས་གཞིར་བཟུང་བ་ཞིག་རེད། ངས་ཞིབ་ལྟ་བྱེད་མ་ཐུབ་ཀྱང་དེབ་ཀྱི་རྒྱབ་ཤ་སྒྲིག་ས་ཞིག་ནས་ཅུང་ཙམ་མཐོང་སོང་། ཕལ་ཆེར་ཟླ་གཅིག་གཉིས་ཀྱི་རྗེས་སུ་པར་བསྐྲུན་བྱེད་ཚར་ས་ཡོད། དཔར་ཁང་ལ་བཞག་ནས་ཟླ་གཅིག་ཕལ་ཆེར་འགོར་སོང་།
ཨ་ཁུ་ཀླུ་སྨྱོན་ལགས། ཧོར་འཇིགས་ལགས་ཀྱི་ཁྲག་ཐིགས་ནང་དུ།《གནའ་དེང་གི་རྩོམ་པ་པོ་རྣམས་མང་བོས་མིང་ཟུར་དུ་སྨྱོན་ཡིག་འཇོག་དོན་ཅི་ཡིན་ནམ་ཞེ་ན། དེ་ནི་ཧ་ཅང་ཡག་རྟགས་ཤིག་མིན་ཏེ། བླ་གྲྭ་སེར་མོ་བར་གྱུར་བའི་རྩོམ་པ་པོ་རྣམས་ཀྱིས་དགེ་ཚུལ་སློང་གི་ཁྲིམས་ལུགས་ཧ་ཅང་མང་པོ་ཚུལ་བཞིན་སྲུང་བརྩི་མ་ཞུས་ན། མཐོང་དང་སྙན་གྲགས་ཡོད་ཚད་ཡལ་འགྲོ་བཞིན་ཡོད་སྟབས།་རྣལ་འབྱོར་བ་དང་གྲུབ་ཆེན། གསང་སྔགས་ཀྱི་རྟོགས་པ་བརྙེས་པའི་ལུང་ཤུར་ལ་འཛུལ་ནས་ཆོས་འདུལ་བའི་བཅས་ཁྲིམས་དང་འགལ་བའི་བྱ་སྤྱོད་ཀྱི་མགོ་ཚུགས་ཀྱི་ཡིན་པའི་སྔོན་བརྡ་བཏང་བ་ཞིག་ཡིན་པ་ནི་འབྲུག་སྨྱོན་ཀུན་ལེགས་ལྟ་བུས་མཚོན་ལ། ཞེས་བཤད་འདུག་པ་འདི་ལ་རྒྱུ་མཚན་དང་དགོས་པ་ཆེ་བར་མ་ཟད། བརྗོད་དོན་འདིའི་ཕྱོགས་ལ་སྟོན་པ་ཤཀྱཱ་ཐུབ་པའི་རྗེས་འབྲངས་སེར་མོ་བ་ཚོས་ངེས་པར་གཟབ་དགོས་པར་སྣང་། དཔེར་ན་ཉེ་དུས་བོད་དུ་དགེ་འདུན་པ་ཞིག་མི་མང་ཁྲོད་གཅེར་བུར་བུད་པ་དང་། བེ་རི་འཇིགས་མེད་ཀྱིས་དགེ་བཤེས་ཀྱི་མིང་རྟགས་ཁུར་བཞིན་དུ་མ་ཇིག་ཀྲི་ལའི་ཆགས་སྲེད་སྙན་ངག་ཏུ་བཞེངས་པ་ལྟ་བུ་ནི་ཅིས་ཀྱང་མི་འོས་པར་མཐོང་བས། ཨ་ལགས་ཉིད་ནས་ཀྱང་ཐུགས་གཟབ་གནང་བའི་རེ་བ་ཞུ།
འབིག་ལགས། ངས་ཁྱེད་རང་དུས་དྲ་ཚིགས་ནས་གློ་བུར་དུ་བོར་སོང་བས་ཡར་མར་ལ་སྐད་བཞག་སྟེ་འཚོལ་ཐབས་བྱས་ཀྱང་དེ་རིང་རྙེད་མ་སོང་། འབིག་ལགས། ཁྱེད་རང་ངའི་ཟིན་བྲིས་ནང་འཛུལ་ནས་གློ་བུར་དུ་ཁ་བརྡ་ནང་དུ་སྤོར་རྒྱུ་ཡིན་ན་ང་ལ་བརྡ་ཞིག་མི་རྒྱག་དོན་ཅི་ཡིན། ངས་ཁྱོད་མ་རྙེད་པར་དཀའ་ངལ་མང་པོ་མྱང་སོང་། མི་སེམས་མེད་ཟེར་ནོ་ཁྱོད་རེད། ཁྲེལ་མེད།
དྲ་གྲོགས་ཚོ ང་བུད་མེད་ཡིན་པའི་འདུ་ཤེས་བརྟན་པོ་ཡོད། མ་ཟད་ང་བུད་མེད་ཡིན་ན་ངེས་པར་དུ་སྐྱེས་པ་དང་མཉམ་པོ་ཡོད་དགོས་བསམ་གྱིན་མེད། ངས་བུད་མེད་ལ་ཡོད་པའི་ལྷན་སྐྱེས་མང་པོ་ཞིག་ལ་ཁྱད་ཆོས་མང་པོ་མཐོང་གི་ཡོད། མ་ཟད་ངས་དེ་དག་ལས་མཛེས་སྡུག་དང་བརྩེ་དུང་མང་པོ་མཐོང་གི་ཡོད། དེ་ནི་ནམ་ཡང་སྐྱེས་པ་ཚོས་ཚོར་མི་ཐུབ་པར་བུད་མེད་ཁོ་ནར་ཡོད་པའི་ལྷན་སྐྱེས་ཀྱི་མཛེས་སྡྭུག་ཡིན། དེ་བཞིན་སྐྱེས་པ་ཚོ་ལ་ཡང་དེ་བཞིན་གྱི་སྐྱེས་པ་རང་ཉིད་ལ་ཡོད་པའི་མཛེས་སྡུག་རྨད་བྱུང་གི་ཁྱད་ཆོས་ཡོད་ངེས། ཡིན་ན་ཡང་ངག་རྒྱུན་དུ་བུད་མེད་ལ་ཕྲག་དོག་ཆེ་བའི་བཤད་སྲོལ་ཡོད། ཡིན་ན་ཡང་ཨ་མདོའི་ཕོ་རྒོད་ཚོར་ཕྲག་དོག་ཟེར་བ་འདིའི་བསླུ་བྲིད་རང་ལ་ལྷུང་འདུག དེ་བས་ཀྱང་ངས་མི་མང་པོ་ཞིག་གིས་ཧོར་གཙང་འཇིགས་མེད་ལ་བཟུང་བའི་ལྟ་བ་ལས་གསལ་བོ་ཧ་གོ་བྱུང་། ངས་དང་པོ་ནས་བཤད་ཡོད་དེ། ཧོར་གཙང་འཇིགས་མེད་ང་ཚོ་དང་འདྲ་བའི་མི་ཞིག་རེད། ཁོ་ཤོག་བུ་དཀར་པོའི་ཚུལ་དུ་བཟུང་ན་ག་ལ་འགྲིག ཡིན་ན་ཡང་ཕྲག་དོག་གིས་ཁོའི་ངོས་གཞན་པ་དེ་ཡང་ནག་པོར་བཟོས་འདུག དེ་བས་ངས་གོ་ཐོས་ལ་ཨ་མདོའི་མི་ལ་ཕྲག་དོག་ཆེན་པོ་འདུག་གྰ་ཞེས་པའི་ཚིག་འདི་ཚོ་བདེན་པ་རེད་བསམ་གྱིན་ཡོད། ད་དུང་གོང་དུ་མི་ཁ་ཤས་ཀྱིས་ཧོར་གཙང་འཇིགས་མེད་ཀྱི་རྩོམ་རྩལ་གླེང་གིན་འདུག ང་ངོ་མ་ཨ་མདོ་ཕོ་གསར་འགའི་ཅོལ་ཆུང་གི་སྐད་ཆར་རྒོད་ཀྱི་ཡོང་གི། འབིག་ལ་ཞུ་རྒྱུ་ ཁྱེད་ཀྱིས་མི་གཤིས་ཟེར་བ་དེ་ག་རེ་ཡིན་པ་ཧ་གོ་གི་མི་འདུག མ་ཟད་རང་གིས་མི་གཤིས་ལ་རྡོག་རོལ་གཏོང་བཞིན་ད་དུང་མི་གཤིས་ལ་འགྲེལ་བཤད་རྒྱག་གིན་འདུག མི་གཤིས་ཟེར་བ་དེ་ཁྱེད་ཀྱིས་འགྲེལ་བཤད་རྒྱབ་ནས་ཁྱེད་ཀྱིས་རྡོག་རོལ་གཏོང་རྒྱུ་ཞིག་མ་རེད། ཧོར་གཙང་འཇིགས་མེད་ལ་མིག་ཡ་གཅིག་གིས་མ་གཏོགས་ལྟ་མི་ཐུབ་པ་འདིས་ཁྱེད་ཀྱིས་ཐ་ན་ཕ་རོལ་བོ་ལ་མིའི་གཞི་རྩའི་རིན་ཐང་ཡང་སྤྲོད་ཐུབ་པའི་མི་གཤིས་ཙམ་ཡང་མི་འདུག ད དུང་ཁྱེད་ཀྱིས་མི་གཤིས་བཤད་གི་འདུག མི་གཤིས་གལ་ཆེན་པོ་ཡིན་པས་དུས་ནམ་ཡང་དོན་དག་ག་རེ་ལ་ལྟ་ཡང་ཕྱོགས་གཉིས་སུ་མ་ལྷུང་བ་བྱེད་དགོས མ་ཟད་ དྲ་གྲོགས་ཚོ ཁ་དཔེར་མི་ལ་མི་བཞད་མེད་ན་ཟེར་ནས་བཤད་སྲོལ་ཡོད། མི་བཞད་མེད་པའི་རྣམ་པའི་ཐོག་ནས་རང་མི་ལ་རང་གི་མི་གཤིས་ཆུ་ལ་གཡུག་ནས་ད་དུང་མི་གཤིས་མི་འདུག་མ་ཟེར། སྐྱེས་པ་ཕོ་ལ་འདི་ལྟ་བུའི་སེམས་པ་ལས་མེད་ན་ ད་ག་རེ་བྱེད་དགོས་སམ
ད དུང་དྲང་པོ་བཤད་དགོས་པ་ཞིག་ལ་འདི་ཧོར་གཙད་འཇིགས་མེད་ལ་ཚིག་ཟུར་གང་རུང་ནས་སྨྲད་པ་རེ་བྱེད་ཨེ་ཐུབ་ལྟ་མཁན་ཚང་མ་ཧོར་གཙང་འཇིགས་མེད་ཀྱི་འགྲན་ཡ་ཏག་ཏག་མིན་པ་ངས་དེ་རིང་བཟི་དཔང་ཞིག་གི་ཚུལ་གྱིས་ཁྱེས་ཚོའི་སྐྱེས་པ་འགར་བཤད་པ་ཡིན། ད དུང་ཤེས་ཁུལ་དང་བསམ་ཤེས་ཡིན་མདོག་གིས་མི་གཞན་ལ་འཚང་འདྲུ་སྐབས་མི་དཔྱོད་ཤེས་པ་ཅིག་གིས་ལྟས་ན་ཚོར་བ་གཞན་པ་ཞིག་སྟེར་ངེས། ད་དུང་བུད་མེད་ཚོའི་མིག་ནང་ནས་ཀྱང་ཁྱེད་ཀྱི་མི་གཤིས་མེད་པའི་ཚིགས་ཀ་དེ་སྐྱུག་བྲོ་བ་ཞིག་ཡིན་ངེས།
ཚེ་སྐྱིད་ཁྱོད་ཚེ་རིང་མ ཁྱོའི་གསུང་སྐད་གོ་ཐེངས་རེར ང་ཆགས་པ་ལངས་ནས་མི་བ་ཀི ངས་བོང་མཇེ་མཁར་ནས་མི་ཧྲོན་ཀི
ཨ་མདོ་བུ་མོའམ། ལས་གྲོགས་ཚེ་རིང་སྐྱིད། ཁྱོད་ཀྱི་ཨ་མའི་ཞེ་དགུ་ཚང་མེད་པ་ཤེས་པར་གྱིས། འདིར་ཡོང་ནས་ཧོར་འཇིགས་རྩོད་གི་མ་འདུག ཁྱོད་ངོ་མ་ཚ་ན་ང་སེམས་ཕམ་གི རྩོད་རྒྱུ་ཡོད་ན་ཐང་ར། སྔུན་ལ་ཨ་མའི་ཞེ་དགུ་ཚང་ཆུགས། དེ་ནས་རྩོད། ཁྱོས་ལྟོས་ར། གོང་གི་རྩོམ་ཡིག་དེ་ཁྱེད་ཀྱི་ཨ་མའི་འདས་མཆོད་ཅིག་གི་ཆེད་དུ་བྲིས་པ་ཡིན་ཚེ། ད་ནི་གཡུལ་ས་ཞིག་ཏུ་གྱུར་འདུག་ལ། ཁྱེད་རང་ཡང་གཡུལ་ས་འདིར་དངོས་སུ་ཞུགས་པ་དེས། ང་ངུ་མི་འདོད། དགོད་མི་འདོད་པ་ཞིག་ཏུ་བཏང་སོང་།
ད་དུང་ཨ་ཁུ་ཀླུ་སྨྱོན་དང་སྟག་སྨྱོན། ལྕགས་རྒྱ་འགྲམ་ནག འབིག གླེན་པ་ལུག ཨ་རིག་དགེ་མཐོང་། སྤོབས་པ་མཐའ་ཡས་སོགས་གོང་གི་མཆན་རྒྱག་མཁན་ཡོད་ཚད་པོ། སྤྱིར་ངས་ཁྱེད་ཚོར་ཚད་མཐོན་པོའི་སྒོ་ནས་གདེངས་འཇོག་བྱེད་ཀྱིན་མེད་ན་དཀོན་མཆོག་གསུམ། ཡིན་ནའང་། ཨ་མ་གྲོངས་ནས་ཉིན་འགའ་ལས་སོང་མེད་པའི་བུ་མོ་འདིའི་སྔུན་ནས་དགོས་མེད་ཀྱི་ཉོག་གཏམ་རྫོགས་མེད་ཅིག་བཤད་ཡོང་དུས། ཁྱོད་ཚོས་འདང་ཞིག་རྒྱོབས། རང་རང་གནས་སྟངས་འདི་ལྟ་བུ་ཞིག་གི་འོག་ན་ཡོད་དེ་གཞན་གྱིས་དེ་ལྟར་བྱས་ན་བཟོད་ཐུབ་ཀྱི་རེད་དམ།
གོང་གི་བསམ་ཚུལ་ཐུང་ཐུང་འདི་འབྲི་སྐབས་ང་ངུ་རྒྱུ་མ་ཡོང་ཐལ་ན། དཀོན་མཆོག་གསུམ།
རེད་ཡ། ཧོར་འཇིགས་དང་པད་མ་ཚེ་རིང་གཉིས་བཤད་མཚམས་འདི་ནས་འཇོག ད་བདེ་མོ་བྱོས། ཡིན་གཅིག་མིན་གཅིག་བཤད་དགོས་ན་ཁ་བྱང་ལ་ཧོར་འཇིགས་དང་པད་མ་ཚེ་རིང་གླེང་བ་ཞེས་པ་ཞིག་གི་འོག་ནས་གླེང་རྒྱུ་བྱེད། མཛངས་མ་ཚེ་རིང་སྐྱིད་ཀྱི་ཨ་མའི་མྱ་ངན་ཞུ་ཚིག་དེ་ང་ཚོས་ཉི་མ་གཏོང་ས་ཞིག་ཏུ་མི་བསྒྱུར་ནི་བྱེད། ཨ་རོགས་ཚོ། འགྲོ གཞན་ཞིག་ཏུ་འགྲོ
ལས་གྲོགས་ལགས།
རེད་དེ། ངའི་ཨ་མ་ཞེན་ཆགས་ཁྲོད་ནས་བཞུད་སོང་། ཡིན་ན་ཡང་ངའི་ཨ་མས་ང་ལ་དྲང་བདེན་སྐྱོང་དགོས་གསུངས་སོང་། ངའི་ཨ་མས་ང་ལ་རྩ་དོན་སྲུང་དགོས་གསུངས་སོང་། དེར་མ་ཟད་ང་འཚོ་དགོས་ཀྱང་གསུངས་སོང་། དེ་བས་ངས་མ་རུང་པ་མཐོང་གི་མི་འདུག དམིགས་བསལ་གྱིས་ནམ་ཡང་གཞན་གྱི་གདོང་མ་གཏོགས་རང་གི་རྐང་མགོའི་ལྷམ་མི་མཐོང་བའི་མི་ཁ་ཤས་ལ་ངས་ཀུ་ཡངས་གཏོང་ཐབས་མི་འདུག དེ་བས་ཀྱང་གནས་ལུགས་མེད་པའི་མི་བུ་གཞན་ལ་མཐོང་ཆུང་བྱེད་ན་ངས་ཀྱང་ལྟད་མོར་ལྟ་འདོད་མེད། ད དུང་ང་སྐྱོ་སྡུག་གིཁྲོད་ནས་མིག་ཆུ་གཏོང་འདོད་མེད།
ཁྱོད་ཀྱི་ཨ་མ་དེའི་སྐོར་དང་སྦྲེལ་ནས་ངས་ཚིག་འགའ་བཤད་འདོད་བྱུང་། ང་ལ་ཡང་ཨ་མ་ཞིག་ཡོད་ལ་འདི་ལོར་ལོ་དྲུག་ཅུ་རེ་བརྒྱད་ཡིན་བསམས། ང་ལོ་བརྒྱད་ཀྱི་སྔོན་དུ་བླ་མ་ཞིག་ལ་ངའི་ཨ་མ་དེ་ལ་ན་རྒྱུ་ཚ་རྒྱུ་མང་པོ་ཡིན། ང་རང་འདི་ལྟར་ས་མཐའ་ཞིག་ན་ཡོད་པས། ངས་མི་ཚེ་འདི་ལ་ཨ་མའི་རེ་བ་བཞིན་མོ་རང་ལ་ཐེངས་ཤིག་ཐུག་ཨེ་ཐུབ་ཀི་ཞེས་ཕྱག་མོ་ཞུས་པ་ཡིན། བླ་མས་གལ་སྲིད་འདི་ལོ་ནས་བརྩིས་པའི་ལོ་ལྔའི་ནང་དུ་མ་ཐུག་ན་རྗེས་ཕྱོགས་ནས་ཁག་པོ་འདུག་གསུངས་སོང་། དེ་ནས་ད་བར་ལོ་འདི་སྙེད་ཅིག་འགོར་སོང་ལ་ང་རང་འདི་ལྟར་ས་མཐའ་ཞིག་ཏུ་ལྷགས་སོང་། ངས་རང་གི་ཨ་མ་དེ་ལ་ཐུག་པའི་སྐལ་བ་ཞིག་དངོས་གནས་མེད་པ་ཡིན་ནམ། ངའི་ཨ་མ་དེས་སྐབས་རེར་ཁ་པར་ནང་ནས་མིག་ཆུ་དང་མཉམ་དུ་མ་ཤི་བར་དུ་ངོ་ཞིག་ཐུག་ན་འདོད་ཟེར་ལ། ཡང་སྐབས་རེར་ངེད་གཉིས་ངོ་མ་ཐུག་པར་ཨ་མ་ཤི་སོང་ན་ཁྱོད་ཀྱི་སེམས་ནང་ངའི་ཨ་མ་དེས་ང་རང་སེམས་ནང་བཟུང་ནས་ཤི་སོང་མ་བསམས། ཨ་མས་ཕྱིར་ཆགས་སེམས་ཆགས་ཅིག་ར་མི་ཡེད་ཟེར། གང་ལྟར་ང་རང་ངའི་ཨ་མ་དེ་ལ་ང་རང་མ་ཤི་བའི་སྔོན་ནམ་ཡང་ན་མོ་རང་མ་གྲོངས་བའི་སྔོན་དུ་ཐེངས་ཤིག་ཐུག་ན་འདོད།
རེད་ཡ། བུད་མེད་ཟེར་བ་འདིས་ཐུན་མོང་མིན་པའི་བྱམས་བརྩེ་ཆེན་པོ་ཞིག་བུ་དང་བུ་མོར་བཅོལ་ཐུབ། ཡིན་ན་ཡང་དུས་ཚོད་ཟེར་བ་འདི་ནི་འཇིགས་སུ་རུང་བ་ཞིག་རེད། དུས་ཚོད་ཀྱི་འགྱུར་བག་དང་དེ་ཡིས་བཞག་པའི་མནར་གཅོད་ནི་ངོ་མ་འཇིགས་སུ་རུང་བ་ཞིག་རེད། ཡིན་ན་ཡང་ཚེ་སྲོག་ལ་མཐའ་ཡོད་པས་སུ་ཡིས་ཀྱང་དེ་བདག་དབང་བྱེད་མི་ཐུབ་པས་འཆི་བ་ཟེར་བ་འདི་ངོས་ལེན་དགོས་ཨང་།
ང་རང་མཚོན་ན་ཡེ་ཤུའི་ཆོས་ལུགས་ལ་དད་པ་བྱེད་མ་མྱོང་ན་ཡང་། སྐབས་རེར་ཡེ་ཤུའི་ལྷ་ཁང་ལ་འགྲོ་གིན་ཡོད། རྒྱུ་མཚན་ནི་ཁོ་ཚོའི་ལྷ་ཁང་ནང་གི་ཡེ་ཤུའི་ཨ་མ་ཡིས་ཁོང་བྱིས་པ་ཡིན་དུས་པང་དུ་བཟུང་ནས་ལངས་བསྡད་ཡོད་པའི་སྐུ་བརྙན་དེས་ང་ལ་ཨ་མ་ཟེར་བ་དེ་ཇི་འདྲའི་རླབས་ཆེན་ཞིག་ཡིན་པའི་ཚོར་བ་དྲག་པོ་ཞིག་སྟེར་བཞིན་འདུག སྔོན་མར་ཡེ་ཤུའི་མི་ཚེའི་གློག་བརྙན་གྲགས་ཅན་བཟོད་སྒོམ་ཟེར་བ་དེར་ལྟ་དུས་སུ། ཡེ་ཤུས་ས་འོག་བཙོན་ཁང་དུ་མནར་གཅོད་དྲག་པོ་མྱོང་དུས་སུ། བཙོན་ཁང་གི་དྲང་ཐད་ཀྱི་ས་སྟེང་དེར་ཁོང་གི་ཨ་མས་རང་གི་བུ་ཡིས་ས་འོག་དེར་སྡུག་བསྔལ་མྱོང་གིན་ཡོད་པ་དེ་སེམས་ཀྱིས་ཤེས་པའི་མཚམས་དེར་བསླེབས་དུས་ངས་ངོ་མ་བསྲན་མ་ཐུབ་པར་ངུ་སྐད་དང་བཅས་གློག་བརྙན་ཁང་དུ་ངུས་པ་ཡིན། གློག་བརྙན་དེའི་དུམ་མཚམས་དེར་བསླེབས་དུས་སུ་ངོ་མ་ཨ་མའི་བརྩེ་བ་གསོན་པོ་ཞིག་གི་ཚོར་བ་མྱོང་རྒྱུ་འདུག
དགོངས་དག ངས་ཨ་མ་གྲོངས་ཟིན་པ་ཞིག་ལ་ཨ་མའི་སྐོར་མང་པོ་ཞིག་ལབ་པ་འདི་ལ་མི་འགྲིག་པའི་ཆ་ཞིག་ཡོད་ན་ངས་སེམས་གཏིང་ནས་དགོངས་དག་ཞུ་འདོད།
མཛངས་མ་ཚེ་རིང་སྐྱིད། ཁྱེད་ལ་རྩོམ་རྩལ་བཟང་རབས་དང་རྣམ་པ་མཛེས་རབས་ནི་བོད་ཕྱི་ནང་གཉིས་ན་འུར་དིར་སེ་འདུག དོན་དངོས་ཡིན་སྲིད། འོན་ཀྱང་གོང་དུ་ཁྱོད་ཀྱི་ལས་གྲོགས་འགྱུར་མེད་ཀྱིས་ལྷག་བསམ་དག་པས་སྐད་ཆ་ཁ་ཤས་བཤད་པ་དེར་ཁྱོད་ཀྱིས་སེམས་པ་རྣལ་དུ་ཕབ་ནས་འདང་ཞིག་ཨེ་བརྒྱབ། འཇིག་རྟེན་ན་ཨ་མ་གཅིག་ལས་མེད་པ་དང་དེ་བཞིན་ཨ་མའི་ཞེ་དགུ་ལ་ཡང་ཐེངས་གཅིག་ལས་སྒུག་དགོས་ཐུག་གི་མ་རེད། བུད་མེད་ལ་ཐོབ་ཐང་དགོས་པ་དང་མི་ལ་མི་གཤིས་དགོས་པ་ནི་བཤད་མི་དགོས་པ་ཞིག་རེད། འོན་ཀྱང་གངས་ཅན་བོད་པའི་འདས་མཆོད་ཀྱི་འགྲོ་སྲོལ་དང་། བུ་དང་བུ་མོ་ཡ་རབས་ཀྱི་སྲོལ་ཀ་དེ་ཡང་མཐའ་གཅིག་ཏུ་སྤངས་དགོས་པ་ཞིག་ག་ལ་ཡིན། ཁྱེད་ཀྱིས་ད་དུང་ནང་ཆོས་དང་རིག་གནས་ཀྱི་གཞི་རྐང་ཧ་ཅང་མཐུག་པའི་ཨ་ལགས་ཀླུ་སྨྱོིན་ལ་ཡང་ཆོས་བཤད་རྒྱག་གི་འདུག ངས་ངོ་མ་བཤད་ན་དེ་ནི་ཁྱོད་ལ་མི་མཛའ་བ་ཞིག་རེད། དོན་མེད་ཀྱི་སྟོང་གཏམ་བསྒྲགས་ནས་ཅི་བྱེད། དེ་སྔ་ཁྱོད་ཀྱི་ཨ་མ་འདས་རྗེས་ཀྱི་ཞག་འགའ་ཞེས་པའི་ནང་ཡང་རྒྱལ་བ་ཀརྨ་པ་ལ་བསླབ་བྱ་བརྒྱབ་ཚུལ་ཞིག་ཀྱང་བྲིས་འདུག སྐབས་དོན་སྟོར་ཞིང་དགོས་མེད་ཀྱི་ཚིག་རྙོག་དེ་འདྲ་དྲུད་ཡོང་བས་དྲ་གྲོགས་རེ་འགས་ཁྱོད་ཀྱི་རྩོམ་ཡིག་གི་སྒྲུབ་བྱ་ལ་དོགས་སློང་བྱས་པ་རེད། ཁོ་ཚོ་ལ་ཡང་ཁག་ཡོད་པ་མ་རེད། འཛམ་གླིང་ཧྲིལ་བོའི་མིའི་རིགས་ཀྱི་འགྲོ་སྟངས་དང་། བུ་མོ་ཁྱོད་ཀྱི་གནས་བབ། ཀརྨ་པའི་མངའ་ཐང་། སྐབས་དེར་ཁྱོད་རང་བསྔོ་ཞུ་འབུལ་དུ་སོང་བའི་གནས་ཚུལ་གང་ལ་ལྟོས་ཀྱང་ཁྱོད་ཀྱིས་རྒྱལ་བ་ཀརྨ་པར་བསླབ་བྱ་བརྒྱབ་པ་ལྟ་བུ་ནི་དངོས་གནས་ཁྱད་མཚར་ཞིག་ཏུ་གྱུར་ཡོད་པ་རེད། གལ་སྲིད་ཁྱོད་ལ་ཀརྨ་པར་རྟོགས་པའི་ཡོན་ཏན་ལས་ཁྱད་འཕགས་ཀྱི་འདུ་ཤེས་ཤིག་མེད་ན་ཁྱོད་རང་བསྔོ་རྟེན་འབུལ་དུ་སོང་བ་དེ་ཡང་གཟུགས་བརྙན་ཙམ་དུ་གྱུར་སོང་བ་དང་། ཁྱོད་རང་གིས་གལ་ཆེར་བརྩི་བའི་མི་གཞིའམ་མི་གཤིས་ཟེར་བ་དེར་མངོན་སུམ་དུ་རྒྱབ་འགལ་བྱས་པ་ཞིག་ཀྱང་རེད། ཕྱིན་ཆད་འདི་འདྲའི་དོ་མི་མཉམ་པའི་བྱ་གཞག་རྣམས་བསྐྱུར་ཏེ། རང་ངོ་རང་གིས་ཆོད་པ་ཞིག་ལ་ཅིས་ཀྱང་འབད་པར་མཛོད།
དྲ་གྲོགས་ཚོས། སྐད་ཆ་མང་པོ་བཤད་སོང་། ཡིན་ཡང་ང་ལ་མཚོན་ན་ཨ་མ་འདས་པའི་གནད་དོན་འདི་འཇིགས་སུ་རུང་བའི་མནར་གཅོད་གཞན་ཞིག་ཡིན་པས་དང་ལེན་བྱས་མ་མྱོང་བའི་མི་མང་པོ་ཞིག་གིས་འདི་ལྟ་བུའི་འཇིགས་རུང་གི་གནས་ནས་ཐ་ན་རང་ཉིད་ཀྱི་རྩ་དོན་ཡང་བརྗེད་དགོས་པ་ལྟ་བུ་བཤད་ཞོར་གོ་སྐབས་རེ་བཙལ་ནས་སྐད་ཆ་ཤོད་བཞིན་འདུག འོན་ཏེ་ངས་བརྗོད་འདོད་པ་ནི་ཁྱོད་དང་ང་ཚོའི་བསམ་བློ་ཐ་དད་རེད། མྱ་ངན་ཞུ་སྟངས་དང་སེམས་པ་སྐྱོ་སྟངས་ཀྱང་ཁ་ཁ་རེད། ཁྱེད་ཀྱིས་མྱ་ངན་ཞུ་སྟངས་དེ་ལྟར་ངས་མི་ཞུ། དེ་གོམས་སྲོལ་ཡིན་ཡང་འགྲིག ཡིན་ཡང་ང་དེའི་རྒྱ་རུ་མེད། དགོངས་པ་མ་ཚོམ།
ངས་རང་གི་ཕ་མ་དང་བླ་མ་དཔང་དུ་བཞག་ཏེ་རྒྱུ་འབྲས་ཀྱི་སྐད་ཆ་ཤོད་གིན་ཡིན། ངས་ཁ་མི་གྲགས་པར་མྱ་ངན་ཞུ་མི་སྲིད ང་བློས་མི་མཐོང་བར་སྨྱོ་འདོད་མི་འདུག ང་སེམས་མ་ཤེས་པར་ངུ་འདོད་ཀྱང་མེད།
གལ་ཏེ་སུ་ཞིག་གིས་ཨ་མའི་འདས་མཆོད་ལ་ཁ་གྲགས་མི་ཉན་པར་འདོད་པ་ཚོས་འདིར་ཡོང་ནས་ཁ་མ་གྲགས་ན་འགྲིག
མགྱོགས་བྲིས་ཚན་པ་གཉིས།
༡
ཉི་མ་གཟའ་ཡིས་བཟུང་ཏེ་ས་འཛིན་མུན་པས་གཡོགས་དུས
སྡོང་ལོ་རླུང་བུས་ཁུར་སོང་
གླིང་དེ་ནས་ཁྱེད་ཀྱིས་ཉི་མ་མཐོང་ངམ
ངའི་གངས་དཀར་སེམས་སུ་མུན་པས་འཚང་ཁ་རྒོད
ས་ཆུ་མེ་རླུང་གི་འབྱུང་བ་འཁྲུགས་པས
ང་རང༌། མུན་ཁྲོད་ནས་འཐེན་པའི་རྐང་ལམ་དེད་དེ
གླིང་གཞན་འགྲིམས་པའི་སྡུག་ཡུས་བཏུས
ངས་ལམ་སྣེ་རེ་ནས་ཞུ་ཕྱིར་མིག་རེ
ལན་ཆགས་ལྕི་མོ་ཞིག་ལྟག་རྒྱབ་ནས་ལུས་སོང་བས
ངའི་ཡ་ཆུང་དྲན་ཤིང་གི་ལོ་མ་རླུང་གིས་ཁུར་ཞིང་
མཆི་མའང་ཁྲག་མདོག་ལ་འགྱུར་ཡོད།
༢
ཨ་མ ང་རང་བྱ་བཞིན་འཕུརཤུལ་ན
སྡུག་ཡུས་ཀྱི་མཆི་མ་འཐུ་བཞིན་
ཁྱེད་ལ་རྨི་ལམ་གྱི་ཁ་དོག་མང་ཞིང་
དྲན་གདུང་གི་སེམས་ཁྲལ་ལྕི་ཨང༌།
དུང་མདོག་གི་སྐྲ་ལོ་རླུང་གིས་གཡོ་ཞིང་
ཟུངས་ཟད་ཀྱི་ལུས་པོ་མཁར་བར་བརྟེན་ནས་
དད་མདུན་གྱི་འགྲེང་ཞིང
རེ་སྒུག་གིས་འཚོ་བ་བསམ་ན་
ངའི་འཇིག་རྟེན་ན་སྐར་ཚོགས་མེད་ལ
མེ་ཏོག་ཀྱང་མེད།
ཨ་མ།
ལ་ཁའི་ཉི་མ་ལྟ་བུའི་ངའི་ཨ་མ
བདག་གི་སྐྲ་ལོ་ཡིན
གནག་ཅིང་སྣུམ་པའི་སྐྲ་ལོ
ངའི་ལང་ཚོའི་མཛེས་རྒྱན་ཡིན
སྐྲ་ལོ་ཤད་ཐེངས་རེ་ལ
གཉེར་མས་ཁེངས་པའི་ངོ་གདོང་དེ
ངའི་ཡ་ཆུང་གི་དྲན་ཤིང་ཡིན
མི་ལོ་ཉི་ཤུའི་སྔོན་གྱི་གསང་རྒྱ་ཡང་དེ་ལ་བཅོལ་ཡོད།
ལཁའི་ཉི་མ་དང་འདྲ་བའི་ངའི་ཨ་མ
ཉི་ཟླའི་ཤར་ནུབ་ཀྱི་བར་ན
རེ་སྒུག་གི་མིག་ཆུ་པང་ཁར་སྤུངས་ཞོར
རི་འདབས་ཀྱི་ལམ་ཆུང་དེའི་སྣེ་ན
སྐྱོ་ངལ་དང་སྡུང་ཡུས་ཁྲོད་འབྱར་ཡོད་སྐད
ཨ་མ ངའི་ཡ་ཆུང་གི་དྲན་ཤིང་དམར་པོ་ཡིན།
རྒྱང་རིང་ནས་ཁྱེད་རང་གཅིག་པུ་དྲན།
སེམས་ཀྱི་བདེ་སྡུག་མོད་པའི་འཚོ་བ་འདིའི་ཀློང་དུ།།
བྱམས་དང་བརྩེ་བས་འཛུམ་པའི་བདག་སྙིང་གི་ལྷ་མོ།།
འཁྲེང་སེམས་མཆི་མའི་ཀློང་གི་བུ་མོ་ངའི་ཕྱོགས་ལ།།
སྙིང་གཏམ་ཐེངས་གཅིག་གླེང་བར་མྱུར་མྱུར་དུ་ཕེབས་དང༌།།
མཐིང་སྨུག་སྦྲ་ཆུང་ནང་དུ་བྱམས་བརྩེ་ཡིས་འཚོ་བའི།།
བདེ་སྡུག་ལས་ལབཅོལ་བའི་དད་ལྡན་གྱི་མ་ལོ།།
ཐག་རིང་རྒྱང་ན་ལུས་པའི་བུ་མོ་ངའི་ཕྱོགས་ལ།།
སེམས་ཀྱི་འཚོ་བ་གླེང་བར་མྱུར་མྱུར་དུ་ཕེབས་དང༌།།
དྲིན་ཆེན་ཕ་ལོར་མ་ཐུག་ནོངས་འགྱོད་གྱི་གཏམ་རྒྱུད།།
ཤ་དང་རུས་པའི་གསེང་གི་ན་ཟུག་ལ་གྱུར་སོང༌།།
ཨ་མའི་ལྷག་བསམ་ཁ་བའི་རང་མདངས་དཔེ་གཞིན་ཡིན་པས唰
ལནགཅིག་གདུང་བ་འཇོམས་པར་མྱུར་མྱུར་དུ་ཕེབས་དང༌།།
རེ་སྒུག་ལོ་ཟླར་བསྲིངས་པའི་ཡུན་རིང་གི་འདོད་མདུན།།
བསླུ་བྲིད་གར་དུ་རྩེན་པའི་ཆོས་ཉིད་ཀྱིས་གཏོར་ཡང༌།།
གཅེས་པའི་བུ་མོར་བརྩེ་བའི་ཞེན་མདངས་ཞིག་ཡོད་ན།།
བདག་ལ་འཛུམ་གྱིས་བསུ་བར་མྱུར་མྱུར་དུ་ཕེབས དང༌།།
མཆི་མའི་དྲན་སྣང་བརྗོད་པར་ངལ་བ་རུ་མི་འདོད།།
ཕ་མར་ཞེན་ཆངས་ཤོར་བ་ཁྲེལ་མེད་དུ་མི་འདོད།།
མཐིང་སྨུག་སྦྲ་ཆུང་ནང་གི་ཨ་མ་ཁྱེད་དྲན་པས།།
གདུང་བའི་གཡང་ལས་སྐྱོབ་པར་མྱུར་མྱུར་དུ་ཕེབས་དང༌།།
མི་ཚེ་བགྲོད་ལམ་རིང་མོར་ཡིད་ཐང་ཅིག་ཆད་དེ།།
ཨ་མར་མཇལ་རྒྱུའི་རེ་བ་རྦ་རླབས་བཞིན་འཕྱུར་དུས།།
ལྷད་མེད་བྱམས་བརྩེ་མངར་མོ་ཕྱག་ཟུང་གིས་འདེགས་བཞིན།།
རྒྱང་རིང་བུ་མོའི་ཕྱོགས་ལ་མྱུར་མྱུར་དུ་ཕེབས་དང༌།།
ཐག་རིང་མཚར་སྡུག་ལྡན་པའི་རྩྭ་ཐང་གི་ཐོག་ཏུ།།
ལྟེ་ཕྲག་ས་ལ་འཐོར་སའི་མཐིང་སྨུག་གི་སྦྲ་རུ།།
ཐུགས་ལ་རེ་སྒུག་སྒོམ་བཞིན་ཉིན་ཞག་རང་བརྩི་བའི།།
དྲིན་ལྡན་མ་ལོར་མཇལ་བར་བྲེལ་བ་ཞིག་ལངས་སོང༌།།
འབོད་པ།
ཁྱེད་ཀྱིས་རང་ཉིད་ལ་གཅེས་སྤྲས་གནོངས་དང་
ང་ཡོང་གིན་ཡོད
གྲང་ངར་ཆེ་པའི་འཁྱག་ཀློང་ནས
ན་བཟའ་འཐུག་པོ་རེ་གྱོན་དང༌།
བརྩེ་དྲོད་བརྗེད་མེད་པའི་ང་རང་
ཁ་བ་འཐུག་པོ་ཞིག་གི་ཚུར་རོལ་ན་ལམ་ལ་ལངས་ཡོད།
ཉིད་ཀྱིས་སྤྱན་ཆབ་མ་བསིལ་དང་
ང་ལམ་ལ་ཆས་ཡོད
ངག་འདར་བའི་གསུང་ཚིག་དྲོན་མོ་རེ་དྲན་ཚེ
དལ་ཅག་གེར་བཞུད་ཟིན་པའི་ལོ་ཟླ་ལ་འཁང་ར་ཤོར
ཨ་མ ང་ལ་གདུང་བ་དང་ཁེར་རྐྱང་གི་མནར་གཅོད་ཡོས་པས
ངས་གོམ་པ་མྱུར་སྟབས་གྱིས་ལེན་བཞིན་ཡོད
སྔས་འགྲམ་དུ་རྨི་ལམ་འཁྱིལ་ཐེངས་རེ་ལ
ང་ཧ་ཅང་སྐྲག་ལ་ཧ་ཅང་བྲེལ
ཁེར་རྐྱང་གི་ང་ལ་ཕྱིར་མིག་རེ་འཕེན་རོགས
ཨ་མ ཁོ་མོ་ཁེར་རྐྱང་གིས་བཞག་སྟེ་མ་ཕེབས་རོགས
རེ་བལྟོས་ལ་མཛེས་སྡུག་གི་སྐྱེས་སྟོབས་འབར་ཚེ
ངའི་རྨི་ལམ་ཡང་འཇིགས་པ་ལས་གྲོལ་ངེས་པས
ཨ་མ ང་ཁེར་རྐྱང་དུ་མ་འཇོག་རོགས
ངའི་རྨི་ལམ་ན་རྟག་ཏུ་འཇིགས་སྐྲག་ཆེ
ངའི་སྔས་འགྲམ་དུ་འཁྱིལ་བའི་དྲན་གདུང་
གཙང་ཆབ་སྔོན་མོ་ལྟར་བཞུར་ངེས་པས
ཁྱེད་ཀྱིས་ཁོ་མོ་ཁེར་རྐྱང་དུ་མ་འཇོག་རོགས
ངའི་རྨི་ལམ་དུ་བརྩེགས་པའི་དྲན་གདུང་
བྲག་རི་ལས་མཐོ་ངེས་པས
ཁྱེད་རང་སྐུ་རྐྱང་དུ་མ་ཕེབས་རོགས་གནང་
ལསསྐལ་གྱི་གོད་ཆག་ཐེངས་གཅིག་གིས
ངའི་སེམས་པ་འཁྱག་རློང་ན་ལྡིང་ཡང་་
ངའི་སྙིང་ཁ་རུ་ད་དུང་ཁྱེད་བཞུགས་ཡོད་པས
སེམས་གཏིང་གི་མགྲོན་པོ་ཐོག་མ་ཡང་ཁྱེད་ཡིན
ཨ་མ ངའི་གློ་སྙིང་མཆིན་གསུམ་དུ
ཡིད་དབང་འཕྲོག་པའི་གཏམ་རྒྱུད་སྤས་ཡོད་ལ
ངའི་བླ་སྲོག་གི་རུམ་ཁ་རུ
ཨ་མས་མཐོང་དགོས་པའི་མཛེས་སྡུག་གི་གསང་བ་ཡོད
ཨ་མ ཅིས་ཀྱང་ང་ཁེར་རྐྱང་དུ་མ་འཇོག་ལ
ཁྱེད་སྐུ་རྐྱང་དུ་མ་ཕེབས་རོགས་གནང༌།
ངས་སྣ་གདོང་ནང་གཟེར་ཤེད་ཅིག་དང་མཉམ་དུ།
མིག་མཐའ་དྲོད་ལམ་ལམ་དུ་གྱུར་སོང།
ཧ་ལམ་དྲན་གདུང་རྣོ་ཞིག་གིས་མིག་ཆུ་བརྟོལ་བ་འདྲ།
ཁྱོད་ལ་ཁག་མེད། ངའི་སེམས་ནའང་།
བཤད་མི་ནུས་པའི་མནར་གཅོད་མང་པོ་ཁུར་ཡོད།
འོན་ཀྱང་དུས་ཚོད་མི་འདུག་པས།
འབྱོར་ཐོ་ཙམ་ལས་འགོད་མ་ཐུབ།
གཅིག་བྱས་ན་དོ་ནུབ་གླེང་ཆོག་་་་་་་་་་་་་
ཉིན་བྲོ།
ཨོ་རེད། ད་ཡིན་ན་གོ་བྱུང་། ཨ་མདོ་བུ་མོ་ཡིན་ནམ་དེ་ཚེ་རིང་སྐྱིད་ཡིན་ན་མོས་གླེང་གཞི་འདི་ལས་འཕྲོས་ཏེ་ཅིག་གླེང་ན་དགའ་བསུ་ཞུ་གི་ཡོད་པ་འདྲ་ལ་དེ་ཡང་མོའི་ཨ་མའི་འདས་མཆོད་ཀྱི་ཆ་ཤས་ཤིག་ལ་བརྩི་རྒྱུ་ཡིན་ཟེར་གྱིན་ཡོད་པ་འདྲ། དེ་ལྟར་ཡིན་ན་ང་ཚོས་འདིར་དོལ་རྒྱལ་སོགས་ལས་འཕྲོས་ཏེ་གླེང་མོལ་ཧ་ཅང་མང་པོ་བྱས་པ་ལ་སྐྱོན་མི་འདུག་མོད། གླེང་གཞི་འདི་དང་འབྲེལ་བ་ཡོད་པ་མང་པོ་ཞིག་མི་འདུག་པ་ཅུང་ཞན། དོལ་རྒྱལ་དང་དགེ་ལུགས། ཧོར་འཇིགས་དང་པདྨ་ཚེ་རིང་སོགས་ལ་བཤད་ལུང་བཤད་མང་པོ་ཞིག་བྱས་ཀྱང་རྩོམ་འདི་དང་རྩོམ་པ་མོ་འདི་ལས་འཕྲོས་ཏེ་གླེང་དེ་ཐུབ་མེད་པ་འདྲ་བས་ད་ནི་ཚང་མས་ཤུགས་བརྒྱབས་ཏེ་རྩོམ་འདི་དང་རྩོམ་པ་མོ་འདི་ལས་འཕྲོས་ཏེ་གང་ཐུབ་ཐུབ་ཅིག་གླེང་ན་ག་འདྲ་འདུག མོས་འདི་ལས་བུད་མེད་ཀྱི་ལ་རྒྱ་དང་ཐོབ་ཐང་། མིའི་ཀུན་སྤྱོད་ཀྱི་ཚད་གཞི། སྐྱེས་པ་ཕོ་ཡི་ཡང་ལྗིད་སོགས་རྒྱ་ཆེ་གཏིང་ཟབ་ཀྱི་བརྗོད་གཞི་ཤ་སྟག་ལ་འཇུས་ཡོང་གིན་འདུག་པས་ད་ནི་ང་ཚོས་ཁ་ན་རྒྱུ་ཞིག་བཤད་མ་ཐུབ་ན་མོའི་འདོད་པ་སྐོང་མི་ཐུབ་པ་འདྲ།
ཁ་བརྡ་འདི་མི་ཆེན་དོན་ཆེན་ཏག་ཏག་གི་ཐོག་ལ་འཕྲོས་ནས་ད་ཉན་འདོད་རུང་ཉན་མི་ཤེས་པ་བཤད་འདོད་རུང་བཤད་རྒྱུ་མེད་པ་ཞིག་ཏུ་གྱུར་འདུག འབིག་ལ་ལྟད་མོ་ཇེ་ཆེར་སོང་ཡོད་པ་ཐག་གིས་ཆོད།
ལྕགས་རྒྱ་འགྲམ་ནག་ལགས། ང་ལའང་ལྟད་མོ་གང་ཡང་མི་འདུག ངས་ཧོར་གཙང་གི་སྒྲུང་དེ་མིའི་རྩ་དོན་གྱི་སྟེང་ནས་བཤད་པ་ཡིན། འོན་ཀྱང་དྲ་གྲོགས་མང་པོ་ཞིག་གིས་ཧོར་གཙང་གི་ཁུག་ཁུག་སེང་སེང་ཚང་མ་བསྔོགས་ནས་མཆན་བཏབས་ཡོང་གི་འདུག ཁ་བརྡས་རྣོ་ལྕགས་ཀྱི་མཆན་བུའི་འཕྲོས་བསུབས་པར་ངས་ཀྱང་བསྔགས་བརྗོད་དང་རྗེས་སུ་ཡི་རིང་ཞུ་གི་ཡོད། ད་ང་ཡང་གཡར་ས་ནས་ཁ་བརྡ་རུ་སྤོས་ནས་དགུན་ས་དུས་བབ་ཟིན་བྲིས་ནང་འགྲོ་དགོས་བྱུང་། དེར་ངའི་རུ་སྐོར་ཨ་རིག་དགེ་མཐོང་སོགས་ཀྱིས་བསྒུགས་ནས་བསྡད་འདུག ཁོམ་སྐབས་ཡོད་ན་ངེད་ཚང་གི་དགུན་སར་ཤོག་དང་། ཇ་དང་གཏམ་གྱིས་མཚན་བསྐྱལ་ཆོག
ཨོ་ཡ། དུས་བབ་ཚང་ང་བུ་ཞིག་སྐྱེས་སོང་ཟེར། དེ་ཚང་གི་བུ་སྟོན་གྱི་ཁྲོམ་ཚོགས་ཀྱི་ཐོག་ནས་ཐུག
ཁྱེད་ཀྱི་རྩོམ་ཡིག་འདི་ངས་ཐེངས་གཉིས་བ༸ཐྲྤཀླགས་མྱོང་ལ། ༸ཐྲྤཀློག་ཐེངས་རེ་རེར་ང་ལ་རང་དབང་མེད་པར་མིག་ཆུ་ཐེངས་མ་འགའ་ཤོར་སོང་། གལ་སྲིད་ངའི་མིག་ཀོང་ནས་སེམས་ཀྱི་ཟབ་སར་ལྷུང་སོང་བའི་ན་ཟུག་གི་མཆི་མའི་དོག་པ་དེ། ངའི་འཁྲིས་ཀྱི་ཕོ་གསར་དེས་མཐོང་ཡོད་ཚེ། ང་སེམས་ཁམས་མི་ཐང་བའི་གྲྭ་པ་ཞིག་རེད་བསམ་སྲིད། གལ་སྲིད་ཕོ་གསར་དེས་དེ་ལྟར་བསམ་ཡོད་ཚེ། དེས་མཐོང་བ་ནི་ངའི་ངོ་གདོང་གི་སྐྱིན་པགས་ཙམ་རེད་ལ། ངས་མཐོང་བ་ནི་ཁྱེད་ཀྱིས་རྩོམ་ཡིག་འདི་འབྲི་བའི་སྐབས། སྐྱོ་གདུང་དང་ཞེན་ཆགས། ཕྱིར་དྲན་འདྲེས་བའི་ན་ཟུག་གི་མིག་ཆུ་ཧ་ཅང་མང་པོ་ཞིག་ཡིག་འབྲི་རེ་རེར་སྟིམ་ནས་འབྲི་བཞིན་པའི་ཁྱེད་ཀྱི་གཟུགས་བརྙན་ཞིག་རེད། ཡང་གཅིག་བཤད་ན་ཁྱེད་ཀྱིས་རྩོམ་ཡིག་འདིའི་ནང་ངརང་བྲིས་ཡོད་པ་ལྟ་བུའི་ཚོར་འགྱུ་ཞིག་གིས་ངའི་མིག་ཆུ་དེ་ལྟར་ལྷུང་སོང་ནའང་ཐང་།
མ་གཞི་མཚམས་རེར་རང་ཉིད་གཅིག་པོས་ཕྱིར་དྲན་བྱས་ཚེ། ངའི་འཁྲིས་ཀྱི་ཕོ་གསར་དེས་བསམ་སྲིད་པ་ལྟར་ང་ཡང་རྩ་མི་ཚང་བའི་མི་ཞིག་ཡིན་པ་འདྲ། ནམ་རྒྱུན་སྒྲུང་དེབ་ཅིག་༸ཐྲྤཀློག་དུས་སམ་གློག་བརྙན་ཞིག་ལ་ལྟ་སྐབས། དེའི་ནང་གི་མི་སྣ་གཙོ་བོ་དེ་དག་དང་མཉམ་དུ་ང་ཐེངས་གང་མང་བགད་ཅིག་ངུ་མྱོང་བས་སོ། ཡང་གཅིག་བཤད་ན། དགོད་པའི་ཁ་ལ་བལྟས་ནས་དགོད་བྲོ་བ
ཐེ་བོ་ཤེས་རབ་ཀྱིས་ཚེ་རིང་སྐྱིད་ལ་བཏབ་པའི་མཆན།
༡་ ཁྱེད་ཀྱི་རྩོམ་ཡིག་འདི་ངས་ཐེངས་གཉིས་བཀླགས་མྱོང་ལ། ཀློག་ཐེངས་རེ་རེར་ང་ལ་རང་དབང་མེད་པར་མིག་ཆུ་ཐེངས་མ་འགའ་ཤོར་སོང༌། གལ་སྲིད་ངའི་མིག་ཀོང་ནས་སེམས་ཀྱི་ཟབ་སར་ལྷུང་སོང་བའི་ན་ཟུག་གི་མཆི་མའི་དོག་པ་དེ། ངའི་འཁྲིས་ཀྱི་ཕོ་གསར་དེས་མཐོང་ཡོད་ཚེ། ང་སེམས་ཁམས་མི་ཐང་བའི་གྲྭ་པ་ཞིག་རེད་བསམ་སྲིད། གལ་སྲིད་ཕོ་གསར་དེས་དེ་ལྟར་བསམ་ཡོད་ཚེ། དེས་མཐོང་བ་ནི་ངའི་ངོ་གདོང་གི་སྐྱིན་པགས་ཙམ་རེད་ལ། ངས་མཐོང་བ་ནི་ཁྱེད་ཀྱིས་རྩོམ་ཡིག་འདི་འབྲི་བའི་སྐབས། སྐྱོ་གདུང་དང་ཞེན་ཆགས། ཕྱིར་དྲན་འདྲེས་བའི་ན་ཟུག་གི་མིག་ཆུ་ཧ་ཅང་མང་པོ་ཞིག་ཡིག་འབྲི་རེ་རེར་སྟིམ་ནས་འབྲི་བཞིན་པའི་ཁྱེད་ཀྱི་གཟུགས་བརྙན་ཞིག་རེད། ཡང་གཅིག་བཤད་ན་ཁྱེད་ཀྱིས་རྩོམ་ཡིག་འདིའི་ནང་ངརང་བྲིས་ཡོད་པ་ལྟ་བུའི་ཚོར་འགྱུ་ཞིག་གིས་ངའི་མིག་ཆུ་དེ་ལྟར་ལྷུང་སོང་ནའང་ཐང༌།
མ་གཞི་མཚམས་རེར་རང་ཉིད་གཅིག་པོས་ཕྱིར་དྲན་བྱས་ཚེ། ངའི་འཁྲིས་ཀྱི་ཕོ་གསར་དེས་བསམ་སྲིད་པ་ལྟར་ང་ཡང་རྩ་མི་ཚང་བའི་མི་ཞིག་ཡིན་པ་འདྲ། ནམ་རྒྱུན་སྒྲུང་དེབ་ཅིག་ཀློག་དུས་སམ་གློག་བརྙན་ཞིག་ལ་ལྟ་སྐབས། དེའི་ནང་གི་མི་སྣ་གཙོ་བོ་དེ་དག་དང་མཉམ་དུ་ང་ཐེངས་གང་མང་བགད་ཅིག་ངུ་མྱོང་བས་སོ། ཡང་གཅིག་བཤད་ན། དགོད་པའི་ཁ་ལ་བལྟས་ནས་དགོད་བྲོ་བ་དང༌། ངུ་བའི་ཁ་ལ་བལྟས་ནས་ངུ་བྲོ་བའི་དཔེ་ལྟར་ཡིན་ནའང་ཐང༌། གང་ལྟརཧཧ
ཁྱེད་ཀྱི་རྩོམ་ཡིག་འདི་ངས་ཐེངས་གཉིས་བ༸ཐྲྤཀླགས་མྱོང་ལ། ༸ཐྲྤཀློག་ཐེངས་རེ་རེར་ང་ལ་རང་དབང་མེད་པར་མིག་ཆུ་ཐེངས་མ་འགའ་ཤོར་སོང་། གལ་སྲིད་ངའི་མིག་ཀོང་ནས་སེམས་ཀྱི་ཟབ་སར་ལྷུང་སོང་བའི་ན་ཟུག་གི་མཆི་མའི་དོག་པ་དེ། ངའི་འཁྲིས་ཀྱི་ཕོ་གསར་དེས་མཐོང་ཡོད་ཚེ། ང་སེམས་ཁམས་མི་ཐང་བའི་གྲྭ་པ་ཞིག་རེད་བསམ་སྲིད། གལ་སྲིད་ཕོ་གསར་དེས་དེ་ལྟར་བསམ་ཡོད་ཚེ། དེས་མཐོང་བ་ནི་ངའི་ངོ་གདོང་གི་སྐྱིན་པགས་ཙམ་རེད་ལ། ངས་མཐོང་བ་ནི་ཁྱེད་ཀྱིས་རྩོམ་ཡིག་འདི་འབྲི་བའི་སྐབས། སྐྱོ་གདུང་དང་ཞེན་ཆགས། ཕྱིར་དྲན་འདྲེས་བའི་ན་ཟུག་གི་མིག་ཆུ་ཧ་ཅང་མང་པོ་ཞིག་ཡིག་འབྲི་རེ་རེར་སྟིམ་ནས་འབྲི་བཞིན་པའི་ཁྱེད་ཀྱི་གཟུགས་བརྙན་ཞིག་རེད། ཡང་གཅིག་བཤད་ན་ཁྱེད་ཀྱིས་རྩོམ་ཡིག་འདིའི་ནང་ངརང་བྲིས་ཡོད་པ་ལྟ་བུའི་ཚོར་འགྱུ་ཞིག་གིས་ངའི་མིག་ཆུ་དེ་ལྟར་ལྷུང་སོང་ནའང་ཐང་།
མ་གཞི་མཚམས་རེར་རང་ཉིད་གཅིག་པོས་ཕྱིར་དྲན་བྱས་ཚེ། ངའི་འཁྲིས་ཀྱི་ཕོ་གསར་དེས་བསམ་སྲིད་པ་ལྟར་ང་ཡང་རྩ་མི་ཚང་བའི་མི་ཞིག་ཡིན་པ་འདྲ། ནམ་རྒྱུན་སྒྲུང་དེབ་ཅིག་༸ཐྲྤཀློག་དུས་སམ་གློག་བརྙན་ཞིག་ལ་ལྟ་སྐབས། དེའི་ནང་གི་མི་སྣ་གཙོ་བོ་དེ་དག་དང་མཉམ་དུ་ང་ཐེངས་གང་མང་བགད་ཅིག་ངུ་མྱོང་བས་སོ། ཡང་གཅིག་བཤད་ན། དགོད་པའི་ཁ་ལ་བལྟས་ནས་དགོད་བྲོ་བ་དང་། ངུ་བའི་ཁ་ལ་བལྟས་ནས་ངུ་བྲོ་བའི་དཔེ་ལྟར་ཡིན་ནའང་ཐང་། གང་ལྟར་་་
དྲ་གྲོགས་ཚེ་རིང་བུ།《ངས་ཁོང་གི་སྐུ་པར་ལ་མཇལ་འདོད་ཀྱང་མཇལ་ཐུབ་ཀྱི་མི་འདུག ངའི་བཟོད་ཀྱི་མི་འདུག ང་ཁེར་རྐྱང་ལ་ངུས་པ་གྲངས་མེད་ཡིན། བྱིས་པ་བསམ་མེད་བཞིན་ངུས་པ་ཡིན། མི་ལོ་བཅུ་བཞིར་ང་ལ་རེ་སྒུག་བྱས་པའི་ཕ་དྲིན་པོ་ཆེ་སྙིང་རེ་རྗེ་ཟེར་ནས་ངུས་པ་ཡིན། སྐབས་སྐབས་སུ། རང་གིས་རང་ལ་འགྲམ་ལྕག་རེ་གཞུ་དགོས་ཀྱི་འདུག རང་གིས་རང་ལ་ལེ་འདའ་བྱས་པ་གྲངས་མེད་ཡིན། 》ཁྱོས་སྐད་ཆ་དེ་ཚོས་ངའི་སེམས་པ་འཁྱག་སོབསོབ་ཏུ་བསྒྱུར་ཐལ །ཚེ་རིང་བུ་ལགས །
dear friends . sorry here i have to write again English . up to now i try to use Tibetan language in my laptop . but its really impossible . so forgive me .
this last days i am joine with your guys khadha . for me its like that i found a new Tibetan book. but another hand my girl friend think that i dont love her any more because i am always with you guys . but never mind .
Today i would like to sympathy with Tseringkye for her mothers death . and also would like to say her everyone its can happing . so you have to be strong for your self .
yeah here in Khadha right moment everyone give a comment to Tseringkhys dairy . and you guys speak lot about Pema tsering and Horjiag. sounds so good . but tseringkye is kind of not satisfied with others people who speak about Horgiag .its up to you . but for me my self . Horgiag is not like that . and he is really most selfish person in Amdo society. he can be so many different man. and i also read all his all books . and i love some of his poetry . since i arrived to india . i start to disgusting his character because we drink tow times together and speak lot things . finally i am disgusting to him. and what he think around him . and also that night he speak lot about Sa kar worser and many things . for me its seems that he like a man who is never being a school . i was so sad that night . such narrow mind man . such jealous writer . all this things shit things i found from him . few months later Sa kar worse and Horjia was on the stage .
but finally he cant give any good answer even with Sakhar worser . so for me since i arrived to india . Horgia is just simpal tibetan writer . not great writer . also other some our famous writer really likes still small baby . i am sorry if you guys dont agree this things . but for me i already speak with them and i also toke tibtean course some of them . even their cant explain Grammar book which is use to be child class book . anyway thanks your guys . and i would like to read more things from your guys .
see you tomorrow .
ཆོས་བཟང་། ཁྱེད་ཀྱི་མཆན་བུ་བྐླགས་པ་ཡིན། ཧོར་འཇིགས་ཀྱི་སྐོར་དེ་དེ་ཙམ་གྱིས་འཐུས་པ་འདྲ། ངའི་རེ་བར་ཁྱེད་ཀྱིས་བོད་ཡིག་བེད་སྤྱོད་གཏོང་ཐུབ་པའི་རེ་བ་ཡོད། དེ་ལྟར་མ་བྱུང་ཡང་གནད་ཆེན་རེ་འབྲི་རྒྱུ་ཡོད་དུས་ད་ལྟ་བཞིན་དབྱིན་ཡིག་བྲིས་ཀྱང་དེ་ཙམ་མ་འཐུས་པ་མི་འདུག
ཨོ་རེད། ཆོས་བཟང་གི་སྐད་ཆ་འདིས་ང་ལ་ངས་ཡུན་རིང་བརྗེད་པའི་སྨྱུག་ཐོགས་པ་གྲགས་འགུལ་ཆེན་པོ་ཞིག་མེད་ཀྱང་རེ་ཞིག་ཧོར་འཇིགས་དང་མཉམ་དུ་ཤག་འགྱེད་ཀྱི་རོལ་རྩེད་ལ་ཞུགས་མྱོང་མཁན་འོད་ཟེར་རྒྱ་བོ་དྲན་བྱུང་། འོད་ཟེར་ལགས་ཀྱིས་ཧོར་འཇིགས་དགག་པའི་དེབ་ཤམ་བྷ་ལའི་སྐོར་དེ་བཀླགས་པའི་མྱོང་ཚོར་རེ་གླེང་ན་ཇི་འདྲ་རེད། རང་རེའི་སྤྱི་ཚོགས་འདིར་དེབ་ཀློག་མཁན་དཀོན་པ་བཞིན་དཔེ་དེབ་དཔྱད་བརྗོད་པ་ཉུང་ལ་གལ་སྲིད་དེབ་ཅིག་ལ་དཔྱད་བརྗོད་སྤེལ་དུས་ཁ་ཡག་ངོ་བསྟོད་བྱས་ན་མ་གཏོགས་དེབ་དེའི་ཞན་ཆ་བརྗོད་ན་རྗེས་མར་དེབ་དེ་ཚོའི་རྩོམ་པ་པོ་ཚོར་མི་དངོས་སུ་ཐུག་ནས་ཁ་ཡང་མི་གྲགས་པའི་ཚད་དུ་འགྲོ་གིན་འདུག
ཨོ། འདིར་དྲ་གྲོགས་སྤོབས་པ་ལགས་སུ། ཁ་སྔོན་ཉིད་ཀྱིས་སྟོན་མཇུག་གི་སྙན་ངག་དེ་ཅིག་ཀློག་འདོད་གསུངས་པའི་རྗེས་སུ་ངས་ས་བཙལ་རྡོ་བཙལ་ཞིག་བྱས་པ་ཡིན་ཏེ་འདི་རུ་ཡོད་པའི་གཉན་ཐང་ཚོའི་ངོས་སུ་དེ་མི་འདུག གཞན་ནུབ་ཕྱོགས་འཕགས་ཡུལ་དུ་བསྐྱོད་པའི་གཏམ་ལྟ་བུ་རེ་ཟུང་འདུག་ལ། ལོ་མང་འགོར་ཟིན་པ་དང་རང་ཉིད་ལོ་ལོན་སོང་བས་དེ་ཚོ་འབྲི་མཁན་རང་ཉིད་ཡིན་པ་ཡང་མིང་ལ་བལྟས་ན་མ་གཏོགས་མི་ཤེས་ཀི ད་ངོ་མ། རྒ་བའི་སྡུག་བསྔལ་གཡོ་ཅན་གྱིས། །འཇབ་ཀྱིས་འོངས་ནས་ཅར་གྱིས་མནན༎ཞེས་པ་དེ་ང་ལ་བྱུང་འདུག
yah Alhack … still you are not sleep right ? i am sorry that i still use English. but here its really impossible.to write in Tibetan language . maybe i will go to india very soon . so i can ask to others how i can write Tibetan in my layptop. anyway its will be very soon . and i am so happy read that your guys poetry and comment . for me it really like that i found a new Tibetan Book .
yeah actually for my self i dont really dont understand any thing from Sakar Wosars book. its like a dream ….. and i believe the thing what i can see infront in my eyes … maybe you can explain to me about Saker Wosars book . both of you some camp . Dre_ Gomang Lumbing.. ……
དང་པོ་དེ་ལ། ཉིད་ཀྱི་གློག་ཀླད་དེ་དེང་སང་གི་ཐོན་གསར་ཝིན་སྒྲོ་ཝེ་སུ་ཏ་ཡིན་ན་དེའི་ནང་དུ་ཧི་མ་ལ་ཡ་ཞེས་པའི་བོད་ཡིག་དེ་བཟོ་གྲྭ་དེས་དང་པོ་ནས་དབྱིན་ཡིག་ནང་བཞིན་བླུགས་ཡོད་པས་མར་ཕབས་ནས་བེད་སྤྱོད་བྱེད་རྐྱང་གནོངས། གཞན་ཁྱེད་ཀྱི་བོད་ཡིག་བེད་སྤྱོད་གནང་མི་ཐུབ་པའི་དཀའ་ངལ་དེ་གསལ་བོ་ཞིག་མ་ཤེས། ས་དཀར་འོད་ཟེར་གྱི་དེབ་དེའི་ནང་ཤམ་བྷ་ལའི་དག་ཞིང་ཞིག་ཡིན་པ་མ་གཏོགས་ཧོར་འཇིགས་སོགས་ཀྱིས་བཤད་པའི་བོད་ཡུལ་ལྟ་བུའི་མ་དག་པའི་འཇིག་རྟེན་ཞིག་མིན་ལུགས་བརྗོད་འདུག དེ་མིན་ན་རྒས་རྫི་ལྡིབ་ཏུ་གྱུར་ནས་མང་པོ་ཞིག་མི་དྲན།
ཝིན་སྒྲོ་ཝེ་སུ་ཏ་ལྷུ་ལག་ཅན་ཡིན་མིན་ལ་བརྗོད་པ་ཡིན།
ད་བཤད་ཐ་ཡ།
ཨ་མ་ཤི་གསོན་གཉིས་གའི་ཁ་འཆམ་དང་རེ་བ་། གྲུབས་མཐའ་གསར་རྙིང་བར་རྩོད་རྙོག་་་་ཨ་ཨཨ།
ཡ་ད་། རྡ་སར་ཚོགས་བཞིན་པས་དམིག་གསལ་ཚོགས་ཆེན་སྐོར་ཅིག་གི་མགོ་ཚུག་ད།
ཁ་བརྡ་ནང་སྡེ་ཚན་མང་པོ་འདུག རང་ག་རེ་ལ་དགའ་ན་བརྗོད་གཞི་དེའི་ནང་ཞུགས་ན་བསམ། ཆབ་སྲིད་རྐྱང་རྐྱང་ལས་མེད་ན་ཉོབ་ཏོ་རེད། སྔོན་མ་ཀླུ་སྨྱོན་གྱིས་སྙན་ངག་ཡིན་ཟེར་ནས་མང་པོ་བླུགས་ཡོང་གི་འདུག་པས། ངས་གཤེ་གཤེ་བཏང་བ་ཡིན། འོན་ཀྱང་ཁོས་ཁ་བརྡའི་ནང་སྙན་ངག་གི་ས་བཅད་དེ་སྟོང་པ་མ་ལྷག་ཆེད་འབྲི་གི་ཡོད་ཟེར་བས་བདེན་པ་རེད་བསམ་ནས། དེ་ནས་ངས་སྙན་ངག་མང་པོ་ཀློག་གི་མེད་ལ་འགོག་གི་མེད། ང་རང་དགའ་སའི་བརྗོད་གཞི་འདྲ་བྱུང་ན་ཇུས་གཏོགས་བྱས། མེད་ན་ཁོ་ཚོར་རྩོད་དུ་བཅུག་ནས་ང་རང་དགོད་ཤོར་ལ་བསྡད་ཡོད། སྟོས་དང་ཆབ་སྲིད་ཀྱི་བརྗོད་གཞི་གོང་ན་མང་པོ་འདུག་བསམ་སོང་། བསམ་ཚུལ་ཙམ་ཡིན། ཁ་བརྡ་འདི་མཇའ་མཚོན་མཛེས་པོ་ཞིག་དང་འདྲ་བར་རྒྱུད་གཅིག་ལ་མཚོན་རིས་མི་འདྲ་བ་མང་པོ་ཤར་ཡོད་པས་ཁྱེད་རང་ཁ་ཏོག་ག་རེ་ལ་དགའ་ན་དེ་ལ་ལོངས་སྤྱོད་ཆོག་པ་འདུག
རེད་ཡ། ཁ་བརྡའི་ནང་གི་ཚིག་རྩུབ་དེ་ཚོ་བསུབ་པའམ་འགོག་མིན་ནི་རྩོམ་སྒྲིག་པའི་ལས་ཀ་ཞིག་རེད་ལ་དེ་ཡང་ཀློག་མཁན་ཚོར་མང་མོས་འོས་བསྡུ་བྱས་ནས་ཐག་ཅིག་བཅད་ན་དམངས་གཙོའི་འགྲོ་ལུགས་དང་མཐུན་པ་ཞིག་རེད། དེ་མིན་དྲ་གྲོགས་ཚོས་རྩོམ་ཡིག་ཅིག་ལ་མཆན་འདེབ་དུས་ཁྱོད་ཀྱིས་དེ་འདྲ་མ་འབྲི་ཟེར་རྒྱུའི་ཚབ་ཏུ་ཁྱོད་ཀྱིས་དེ་འདྲ་ཞིག་བྲིས་འདུག་སྟེ་ང་རང་ཁྱེད་ཀྱི་ལྟ་ཚུལ་དེར་འདོད་མོས་མེད་ཟེར་ན་དམངས་གཙོའི་འགྲོ་ལུགས་དང་ཡང་མཐུན་ལ། དྲ་གྲོགས་ཚོའི་བར་གྱི་མཛའ་འབྲེལ་གོང་དུ་སྤེལ་རྒྱུར་ཡང་ཕན་རླབས་ཆེ་བ་འདུག་སྙམ།
testing
Dear friends.
This is my first time to write something in Khabdha, i am so happy to here and read a lots of things. i tried to write in Tibetan . but i couldn’t. anyway something is wrong with something!!!! hope you understand me. hopefully i can write in Tibetan next tiime.
Tsering Kyi is really a great poet and i read so many her poetry,
My deepest sympathy and condolence to you and your family. Hang in there and be strong. She will always be there in your heart. I know exactly how it feels. be strong dear!
བོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་ཚོགས་ཆེན་གྱི་ཚོགས་བཅར་བ་རྣམས་ལ་སྤྱི་ཟླ་ 11 ཚེས་ 23 ཉིན་བཀའ་སློབ་བསྩལ་གནང་སྐབས་ཏེང་ཞའོ་ཕིང་གི་སྐད་ཆ་བཤད་པ་དེར་གཞི་བཞག་ནས་དབུ་མའི་ལམ་དང༌། བོད་རྒྱ་གྲོས་མོལ་གྱི་འགོ་འཛུགས་གནང་བ་མ་ཡིན་པར་ 1974 ནས་ཐུགས་འདུན་ཡོད་སྐོར་གསུངས་པ་དེ་ཚང་མས་ཤེས་དགོས་རྒྱུ་གལ་ཆེར་མཐོང༌།