ཤར་ཕྱོགས་ཁུག་རྟ།
ལོ་མང་པོའི་གོང་ནས་བོད་དུ་དགེ་བཅུའི་ཁྲིམས་ཟེར་བ་ཞིག་བཙུགས་པས། འཇིག་རྟེན་པའི་འཚོ་བ་རོལ་སྟངས་དང་ཆོས་ཕྱོགས་ཀྱི་བཟང་སྤྱོད་དང་འབྲེལ་བའི་བསླབ་བྱ་ལག་ལེན་བར་འགལ་ཟླ་ཆགས་ཏེ། གཞོན་སྐྱེས་མཁྱེན་ལྡན་མང་པོ་ཞིག་གིས་དགེ་བཅུའི་ཁྲིམས་སྲོལ་འཛུགས་མཁན་ལས་བརྒལ་ཏེ། ནང་པའི་ཆོས་ཀྱི་བསླབ་བྱ་གཞན་ཕན་དང་སྙིང་རྗེ་སོགས་ལའང་དོགས་སློང་ཐེ་ཚོམ་གནང་བའི་གནས་ཚུལ་གོ་ཐོས་འདུག་ལ། སེར་སྐྱ་རིས་སུ་མ་ཆད་པའི་མཁས་དབང་རྒན་གྲས་མང་པོ་ཞིག་གིས་ལས་དོན་དེ་དག་དགོས་མེད་དུ་གཟིགས་ཡོད་ནའང་མི་སྨྲ་བའི་རྟུལ་ཞུགས་བཟུང་སྟེ་བཞུགས་ཡོད་པ་གོ་སོང་།
བོད་ནས་རྒྱ་གར་དུ་གནས་མཇལ་ཡོང་མཁན་རེ་ཟུང་གིས་ལས་གཞི་འདིས་མི་མང་བརྡབ་གསིག་གཏོང་གི་ཡོད་པའི་གནས་ཚུལ་ཞིབ་ཚགས་བཤད་ཀྱི་འདུག ༧གོང་ས་སྐྱབས་མགོན་ཆེན་པོས་ཀྱང་ ༢༠༡༢ ལོར་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་གནང་སྐབས། ཁོར་ཡུག་སྲུང་སྐྱོབ་ཀྱི་བཀའ་སློབ་གནང་བ་ལས་འཕྲོས་ཏེ། བོད་མིའི་སྔར་སྲོལ་འབྲོག་པའི་འཚོ་བའི་གོམས་གཤིས་མུ་མཐུད་གནས་དགོས་པའི་བཀའ་གནང་བ་མ་ཟད། བོད་ལ་ས་ཐོབ་ཀྱི་སེམས་དཔའ་ནམ་མཁའི་སྐར་ཚོགས་བཞིན་བྱོན་ཡང་། བོད་རྒྱལ་ཡོངས་ལ་རྦད་དེ་དཀར་ཟས་བསྟེན་དགོས་ཞེས་གསུང་མཁན་བྱུང་མྱོང་མེད་པ་དང་། སྙིང་རྗེ་ཁྱོན་ནས་མེད་པར་ཟོག་ལུག་བཤས་རྭར་བསྐྱལ་བ། སྡེབས་གསོད་སྡེབས་ཚོང་རྒྱག་པ་ལས། བོད་མི་ཚོས་ཟོག་ལུག་ཅིག་བཤས་རྗེས་མཆོད་མེ་འཇོག་པ་དང་མ་ཎི་འདོན་པ་འདི་ཅུང་ཙམ་དྲག་པ་ཡོད་ཅེས་བཀའ་གནང་བ་ནི་ཕྱོགས་ཁྱོན་ཡོངས་ཀྱི་གནས་ཚུལ་མཁྱེན་ཏེ་གསུང་བ་མ་གཏོགས། རྒྱུ་མཚན་རེ་ཟུང་ཁོ་ནའི་དབང་གིས་བཀའ་གནང་བ་མིན་པ་ཤེས་གསལ་རེད། ཡིན་ནའང་། གནས་ཚུལ་དེ་མཁན་པོ་ལགས་ཀྱིས་གསན་ཡོད་ཤག་གིས་ད་བར་ཅི་ཡང་ཞུས་མེད།
ཁ་སང་དེ་རིང་གི་གནས་ཚུལ་ལྟར་ན་མཁན་པོ་ལགས་ཀྱིས་ཡང་། རྙིང་མའི་རྗེས་འཇུག་པར་བསྡུས་གྲྭ་མི་དགོས་ཞེས་ནན་གསུང་གནང་བའི་གཏམ་བཤད་ཅིག་ཁྱབ་བརྡལ་འགྲོ་ཡི་འདུག་པ་མ་ཟད། གསུང་སྟངས་དེ་བསྡུས་གྲྭ་སྦྱངས་ན་དགེ་སྐྱོན་ཅི་ཡོད་རང་གི་ཉམས་མྱོང་དང་སྦྱར་ནས་གསུང་བ་མིན་པར། བོད་ཀྱི་གྲུབ་མཐའ་ནང་ཁུལ་གྱི་སློབ་གཉེར་ལམ་སྲོལ་ལ་སྐྱོན་བཙུགས་ཏེ། མདོ་དོན་གྲུབ་མཐའ་གཅིག་གིས་གྲུབ་མཐའ་གཞན་ཞིག་ལ་བར་ཐག་དང་འབྲེལ་འདྲིས་འཛུགས་མི་ཐུབ་པའི་རྒྱུ་རྐྱེན་ཆགས་གཞི་ཞིག་གསུང་འདུག
དེ་དང་འབྲེལ་ནས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་དང་གཡུང་དྲུང་བོན་དང་བཅས་པའི་ནང་། རྙིང་མའི་བླ་མར་ཁས་འཆེ་བ་མང་པོའི་འཆལ་སྤྱོད་ཀྱི་གནས་སྟངས་སྐྱོ་ཤས་རེད་ཅེས་དམའ་འབེབས་ཡོང་གཞི་ཞིག་ཏུའང་རང་བཞིན་གྱིས་གྱུར་སོང་བས། གསུང་བབ་འདི་གྲུབ་མཐའ་དང་དགེ་འདུན་པ་ནང་ཁུལ་དམ་གཙང་མཐུན་བཤིབ་མི་ཡོང་རྒྱུའི་རྒྱུ་རྐྱེན་ཆགས་ཀྱི་ཡོད་མ་ཟད། སྤྱི་ཚོགས་ཁྱོན་ཡོངས་ལ་བརྡབ་གསིག་འགྲོ་གཞིའི་འགལ་རྐྱེན་ཞིག་ཆགས་ཀྱི་ཡོད་པའང་ཀུན་གསལ་ཡིན་སྟབས། རང་རང་གི་གནས་བབ་དང་ཁ་སྟབས་ལ་དཔག་སྟེ་མཛད་འཕྲིན་སྐྱོང་རྒྱུ་དང་གཏམ་བཤད་གནང་རྒྱུ་ནི་དྲན་ཤེས་བསྟེན་དགོས་པའི་གནད་དོན་གལ་ཆེན་ཞིག་མ་རེད་དམ།
ནང་ཆོས་དང་བོད་ཀྱི་སྤྱི་ཚོགས་བར་གྱི་འབྲེལ་ཐག་ནི་དམིགས་བསལ་ཅན་ཞིག་ཡིན་པས། ཆོས་ཕྱོགས་ཀྱི་བྱེད་སྒོ་ཅི་སྤེལ་ཐད་དགོན་པ་གཅིག་དང་བླ་མ་བྱེ་བྲག་པའི་མདུན་ལམ་ཁོ་ནའི་ཆེད་ཐག་གཅོད་གནང་ན་འགྲིག་ཐབས་མེད་པས། ངེས་པར་དུ་ལས་དོན་ཅི་བྱས་ཀྱིས་སྤྱི་ཚོགས་ཁྱོན་ཡོངས་ལ་ཕན་གནོད་ཅི་འབྲེལ་དང་པོ་ནས་ཐུགས་ཐག་གསལ་གཅོད་གནང་ཐུབ་དགོས། དཔེར་ན། རྙིང་མ་པས་བསྡུས་གྲྭ་སློབ་མི་དགོས་ཟེར་བའི་གསུང་མཁན་དངོས་གནས་ཤིག་ཡོད་དབང་དུ་བཏང་ན་རྙིང་མ་སྤྱིའི་དབུ་འཛིན་གྱི་བགོ་སྐལ་དུ་འབབ་པ་མ་ཟད། དེ་ལྟར་གསུང་རྒྱུར་ཐག་གཅོད་གནང་ཕྱོགས་ཀྱང་རྙིང་མ་ནང་ཁུལ་སྤྱི་མོས་ཡོད་པས་ཀྱང་མི་འགྲིག་པར། དེ་འབྲེལ་ཆོས་བརྒྱུད་གཞན་བར་གྱི་མཐུན་ལམ་དང་སྤྱི་ཚོགས་ཁྱོན་ཡོངས་བཅས་ལ་འགན་འཁུར་ནས་གསུང་དགོས་པ་རེད་མ་གཏོགས། དྲན་ཚོད་བཤད་རྐྱང་གིས། རང་ས་ཆེན་པོ་དང་། རང་ཉིད་སྟོན་པར་འཁྲུལ་ན་འགལ་རྐྱེན་ཚབས་ཆེན་ཡོང་ངེས།
ལར་ནས། མདོ་དོན་སྙིང་བོ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཅི་སྤེལ་མི་རིགས་ཀྱི་མདུན་ལམ་ཐད་གནོད་གཞིར་མི་འགྲོ་བ་དང་། འཛམ་གླིང་སྤྱི་འགྲོས་ལྟར་བོད་མི་རིགས་ཀྱང་དཔལ་འབྱོར་དང་ཆབ་སྲིད། ཁྲོམ་རྭའི་སྨྱོ་ཧམ་སོགས་ཀྱི་གཡུལ་ས་ནས་སྲོག་མགོ་ཐོན་ཏེ་མི་རབས་ཕྱི་མ་ཚོར་འཚོ་གནས་ལམ་བུ་ཞིག་ངེས་པར་དུ་བསྐྲུན་རྒྱུའི་ལམ་དུ་འགྲོ་དགོས་སྟབས། ཆོས་པའི་མཚན་ཐོགས་ནས་འཇིག་རྟེན་པའི་ཁྲོད་ལས་དོན་གནང་སྐབས་ཕྱོགས་ཁྱོན་ཡོངས་ལ་ཐུགས་འགན་བཞེས་ཏེ་གཟབ་གཟབ་གནང་དགོས་པའི་དུས་ལ་སླེབས་འདུག ཞོར་དུ་འདི་ཡང་ཞུ་འདོད་དེ། མྱི་མང་ནང་ནས་ཁ་མ་སྔ་ཟེར་བའི་ཉེས་པ་དེ་འབབ་རྒྱུ་ཡོད་ན། དེ་ང་ལ་མིན་པར་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ལ་འབབ་པ་ཡིན། མཁན་པོ་ལགས་མཁྱེན་ཡོན་ཆེན་པོ་ཡིན་ནའང་། མཚམས་རེར་སྟོན་པ་ཐུགས་རྗེ་ཅན་གྱི་རྒྱལ་ཚབ་ཀྱང་གནང་མདོག་ཁ་པས། གསལ་འདེབས་འདི་མི་ཞུ་ཐབས་མེད་ཆགས་སོང་། བོད་ནང་གི་གྲོགས་པོ་ཚོས་འདི་ཁོང་ལ་འཕྲོད་ཐུབ་ཅིག་གནང་རོགས།
༢༠༡༦། ༡། ༢༡། ཉིན།། བཞུགས་སྒར་ངྷ་རམ་ཤཱ་ལ་ནས་བྲེལ་སྟབས་སུ་བགྱིས།།
གཞན་ནས་དྲངས།
ཁ་ལོ་བས།
ཉེ་ཆར་དྲྭ་ལམ་ཁག་ཏུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ནས་བསྡུས་གྲྭ་ལ་དགག་པ་བྱས་འདུག་ཟེར་ནས་བསྡུས་གྲྭ་ལ་དུང་ཞེན་ཡོད་མཁན་གྱི་བོད་སྐྱ་སེར་གཉིས་ཀྱི་ཕྱོགས་ནས་མཁན་པོ་ཚང་ལ་སྐད་ཡིན་ཟེར་བ་འདྲ། དགག་ལན་ཡིན་ཟེར་བ་འདྲ། གང་ལྟར་ཚ་ཚ་འུར་འུར་གྱི་ངང་ནས་ཚིག་མཚོན་དང་སྐུར་འདེབས་ཀྱིས་གང་བའི་ཡིག་ཉོག་དང་སྐད་ཆ་འདྲ་མིན་མང་པོ་སྤེལ་གྱིན་འདུག དེའི་ཕྱིར་ངས་མཁས་པའི་གོ་སར་གནས་ཀྱང་ཁོང་གི་གསུང་དོན་ལ་གོ་ནོར་ཐེབས་སོང་བའི་རྒན་ཤེས་ཡོན་པ་དག་དང་། གྲུབ་མཐའི་ཆགས་སྡང་གིས་ཕྱོགས་སུ་ལྷུང་ནས་དམ་པ་ཁྱི་རུ་བཟུང་བའི་བླུན་པོ་དགག་རྐྱང་བྱེད་མཁན་དག་ལ་གསལ་འདེབས་ཤིག་བྱེད། མཁན་པོ་ཁོང་ནི་གྲུབ་མཐའ་ལ་ཆགས་སྡང་དང་ཆོས་ལུགས་ལ་འཐེན་འཁྱེར་བྱེད་མཁན་ཞིག་ཡིན་མིན་ཁོང་གིས་ལྗགས་ཁྲིད་གནང་བའི་ལམ་གཙོ་རྣམ་གསུམ་དང་།རྟེན་འབྲེལ་བསྟོད་པ། ཞེན་པ་བཞི་བྲལ་སོགས་དང་། རྗེ་ཡབ་སྲས་གསུམ་དང་། ས་ཆེན་གོང་མ་རྣམ་ལྔ། བཀའ་བརྒྱུད་མར་མི་དྭགས་གསུམ་སོགས་ཀྱི་ཆེ་བ་བརྗོད་པ་ཙམ་གྱིས་ཀྱང་ཉན་ཤེས་མཁན་ཞིག་ཡིན་ན་གསལ་བོར་ཤེས་ངེས། འོན་ཀྱང་། བོད་གངས་ཅན་པར་མཚོན་ན་སྔར་ནས་ད་ལྟའི་བར་བཀའ་བབས་ཀྱི་ཆུ་བོ་ཆེན་པོ་བཞི་དང་། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་སོགས་རང་རང་གྲུབ་མཐའ་གང་ལ་གནས་ཀྱང་གཞན་པའི་གྲུབ་མཐའ་ལ་དག་སྣང་དང་རང་གི་གྲུབ་མཐའ་རྩལ་འདོན་བྱེད་བཞིན་རང་རང་གི་གཞི་ལམ་འབྲས་གསུམ་ནས་མཁས་པའི་གོ་འཕང་ཐོབ་ཅིང་། གྲུབ་པའི་ས་མཐོར་གཤེགས་པའི་སྐྱེས་ཆེན་བགྲང་གིས་མི་ལོངས་བ་མང་པོ་བྱོན་ཡོད་པ་ཤེས་གསལ་ལྟར་རེད།ཅི་སྐད་དུ་ཡང་། མཁྱེན་པའི་དབང་ཕྱུག་ས་སྐྱ་པ། །སྨྲ་བའི་དབང་ཕྱུག་དགེ་ལྡན་པ། །རྟོགས་པའི་དབང་ཕྱུག་བཀའ་བརྒྱུད་པ། །ནུས་པའི་དབང་ཕྱུག་རྙིང་མ་པ། །ཞེས་གསུངས་པ་ལྟར་ངོ་མཚར་ཆེ་བའི་བཀའ་བབས་བཞིས་གྲུབ་མཐའ་རྩལ་འདོན་མཛད་ཚུལ་ཡང་ཁ་ཁ་རེད། བྱས་ཙང་། མཁན་པོ་ཁོང་གིས་ཀྱང་མེ་ཏོག་གང་ལ་ཕོག་པའི་ཆོས་སྐལ་སྔ་འགྱུར་རྙིང་མ་བའི་སློབ་གཉེར་བ་དག་ལ་བསླབ་བྱ་གནང་བ། བསྡུས་གྲྭ་མི་དགོས་ལུགས་དང་། དམ་པ་གོང་མའི་ལུགས་སྲོལ་མདོ་རྒྱུད་སེམས་གསུམ་ལ་ཉམས་ལེན་དགོས་ཚུལ་སོགས་གསུང་པ་འདི། བྱེ་བྲག་སྤྱི་ལ་འཁྲུལ་ནས་མང་པོ་ཞིག་གིས་མཁན་པོས་བསྡུས་གྲྭ་མི་དགོས་ཟེར་ནས་དགག་འདུག་ཟེར་བཞིན་དགེ་ལུགས་པ་སོགས་ཆོས་བརྒྱུད་ཡོངས་ཀྱི་མགོ་ལ་ཚིག་དེ་སྦྱོར་གྱིན་འདུག་མོད། དེ་ནི་སྔ་རྒོལ་གྱི་འབེན་མ་མཐོང་བར་ཕྱི་རྒོལ་གྱི་མདའ་འཕངས་པ་ཙམ་ལས་དོན་ཅི་ཡང་མི་འདུག དེ་ཡིན་ན་ངས་མཁན་པོ་ཚང་ལ་དགག་པ་གཏོང་ཁུལ་བྱེད་བཞིན་པའི་མི་བུ་དག་ལ་དྲི་བ་ཞིག་འདྲི། དཔེར་ན་རི་བོ་དགེ་ལྡན་པའི་དམ་པ་ཞིག་གིས་དགེ་ལྡན་པའི་བསྡུས་གྲྭའི་རིགས་ལམ་ལ་སློབ་སྦྱོང་བྱེད་རྒྱུ་ལས་སྔ་འགྱུར་བའི་སྲོལ་ལྟར་མདོ་རྒྱུད་སེམས་གསུམ་ཉམས་ལེན་བྱེད་མི་དགོས་ཞེས་གསུང་ན། རི་བོ་དགེ་ལྡན་པའི་དགེ་སློབ་ཡོངས་ལ་རྒྱུན་ལྡན་ཞིག་ལས་སེམས་ཚོར་གསར་བ་ཞིག་ཐོན་རྒྱུ་རེད་དམ་མ་རེད། དེ་བཞིན་མཁན་པོ་མཆོག་ནས་ཀྱང་རྙིང་མ་པ་ལ་བསྡུས་གྲྭ་མི་དགོས་གསུང་པ་ཙམ་ལས། ཆོས་བརྒྱུད་གཞན་པ་དག་ལ་མི་དགོས་གཏན་ནས་གསུངས་ཡོད་པ་མ་རེད། དེའི་ཕྱིར་བོད་གངས་ཅན་པའི་མཁས་བླུན་གཉིས་ནས་བོད་ཆོས་སྲིད་གཉིས་ལ་མཛད་རྗེས་བླ་མེད་འཇོག་བཞིན་པའི་དམ་པ་ཁོང་ལ་ཕྲག་དོག་དང་ངན་སེམས་སྤངས་ནས། བློ་གཟུ་བོའི་སྒོ་ནས་གསུང་བཤད་དེ་ལ་དཔྱད་པ་ཡང་དག་རེ་བྱེད་པ་དམན་པ་ཁོ་བོས་ཀྱང་སྙིང་ཁུང་ནས་རེ་བ་དང་ཞུ་བ་བྱས་པ་ཡིན། ང་ནི་མཁས་དབང་ཁོང་ལ་དད་མོས་བྱེད་མཁན་ཞིག་ཡིན་པ་བདེན་ཡང་། དེ་ལས་ཀྱང་བདེན་པ་དང་གནས་ལུགས་ལ་བརྩི་བཀུར་བྱེད་མཁན་ཞིག་ཡིན་པས་སྐད་ཆ་འདི་དག་དགའ་ཕྱོགས་དང་། ཕྱོགས་རེའི་དབང་གིས་ལབ་པ་ཞིག་གཏན་ནས་མིན་ནོ།།
བཙན་བྱོལ་ཨ་མདོའི་གྲོགས་པོ་ཚོས་དགོངས་པ་ཆེར་བཞེས་ཀྱི་དུས་ལ་བབས་འདུག དགེ་ལུགས་དང་རྙིང་མ་བའི་དམག་འཁྲུག་ཅིག་ལ་རྒྱ་མི་གུང་བྲན་ཏང་གིས་རེ་བ་རྒྱག་གི་ཡོག་རེད་ལ། ལས་ཀའང་དེ་ལྟར་བྱེད་ཀྱི་ཡོག་རེད། ད་ཡིན་ན་སྐུ་ངོ་དར་དམར་ཅན་མཆོག་གིས་དབུ་ཁྲིད་འདི་ལྟར་གནང་ཡོང་བསམ་མེད།
དགོས་མི་དགོས་གཉིས་ཀ་ལག་པ་མ་བསྲིང་ན་བཟང་། འདི་ནི་ཆོས་ཀྱི་དབུ་ཁྲིད་ཚོ་དང་གྲུབ་མཐའི་མཁན་སློབ་དག་གིས་ཐག་གཅོད་གནང་དགོས་པའི་གནད་དོན་ཞིག་ཡིན། ཆོས་བརྒྱུད་དེ་ཁག་ལ་བསྡུས་གྲྭ་དགོས་མིན་ཀྱང་ཆོས་བརྒྱུད་དེ་ཁག་གི་ཉམས་ལེན་དང་སློབ་སྦྱོང་། དམིགས་ཡུལ་བཅས་ལ་གཞི་བཞག་ནས་བཤད་དགོས་པ་ཞིག་ཡིན། དེ་བས་ཆོས་བརྒྱུད་དེ་ཁག་ལ་རྒྱུས་ལོན་དང་ཉམས་ལེན། སློབ་སྦྱོང་སོགས་གང་ཡང་མེད་པ་དག་གིས་འོད་ཚོད་ཀྱིས་འགྲིན་མིན་བཤད་པ་འདི་ནི་དགོས་ངེས་ཅན་དུ་མཐོང་གི་མེད།
༄༅།།བསྡུས་གྲྭའི་གོ་དོན་དང་དགོས་པ་རགས་ཙམ་གླེང་བ་མཁན་ཚུལ་ལ་སྤྲིངས་པའི་ཞུ་འཕྲིན།
___ཞི་བ་འཚོལ་འམ་རྨ་གླིང་འཇམ་དབྱངས་བསྟན་སྐྱོང་གིས།
ལྷ་མིའི་རྣམ་འདྲེན་ཤཱཀྱའི་རྒྱལ་བོ་དང་།།
རྒྱལ་ཚབ་མགོན་པོ་ཤིང་རྟ་ཆེ་རྣམས་དང་།།
རིག་པའི་དབང་ཕྱུག་ཕྱོགས་གླང་ཆོས་གྲཊ་སོགས།།
འཕགས་བོད་རིག་པའི་ཁྱུ་མཆོག་རྣམས་ལ་འདུད།།
༧ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པས།
གྲོགས་བཤེས་དགའ་པའི་དགའ་སྟོན་ཡིན།།
མཁས་པ་རྣམས་ལ་སྐྱེས་བཟང་ཡིན།།
བླུན་པོ་མཁས་པ་སྦྱོར་བྱེད་ཡིན།།
ཀུན་མཁྱེན་ཐོབ་པའི་དངོས་རྒྱུ་ཡིན།།
ཞེས་གསུང་པར་ལྟར་འཕགས་ཡུལ་པཎ་གྲུབ་ཀུན་དང་ཁྱད་པར་དུ་རིག་པའི་དབང་ཕྱུག་རྣམ་གཉིས་ཀྱིས་མཛད་པའི་ཚད་མ་སྡེ་བདུན་མདོ་དང་བཅས་པའི་དགོངས་དོན་ཕྱིན་ཅི་མ་ལོག་པར་སྟོན་པའི་རིགས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་གྲྭ་སྟེ་བསྡུས་གྲྭ་ཞེས་ཡོངས་སུ་གྲགས་པའི་ཆོས་ཚུལ་ཟབ་མོ་འདི་ཉིད་ལ་སྦྱང་ཞིང་འབད་ན་གཞུང་ལུགས་ཟབ་མོའི་དགོངས་དོན་འགྲེལ་བ་ལ་འཇུག་བདེ་ཞིང་མྱུར་ཏུ་རྟོགས་སླ་བ་སོགས་ཀྱི་དགེ་མཚན་རྨད་དུ་བྱུང་བ་དུ་མ་ཡོད་པ་ལས་འདིར་ཅུང་ཟད་ཙམ་བརྗོད་ན། བསྡུས་གྲྭའི་ངོ་བོ། བསྡུས་གྲྭ་སྦྱང་བའི་དགོས་པའམ་ཕན་ཡོན། མ་སྦྱང་བའི་ཉེས་དམིགས། གསལ་བཤད།
ཞོར་འཕྲོས་དང་ལྔ་ལས།
དང་བོ།
མདོ་རྒྱུད་བསྟན་བཅོས་ཀུན་གྱི་དགོངས་དོན་དྲི་མ་མེད་པའི་ལམ་སྲོལ་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་བཟང་དངོས་སུ་གསལ་བར་སྟོན་པའི་རིགས་པ་ཕྱོགས་གཅིག་ཏུ་བསྡུས་པ་ནི་བསྡུས་གྲྭའི་གོ་དོན་ནོ།།
གཉིས་པ་ནི།
བསྡུས་གྲྭའི་རིག་ལམ་ལ་སྦྱང་ཞིང་འབད་ན་མ་རིག་པ་འགག་ཅིང་རིག་པ་ཡེ་ཤེས་གོང་འཕེལ་ཏུ་སོང་ནས་མཐར་རྣམ་མཁྱེན་གྱི་ངོ་བོར་འགྱུར་པའི་ཕྱིར།
དཔེ་ཆུང་ས་ཞིག་ནས་བཤད་ན་ཁ་དོག་ཡིན་ན་དམར་པོ་ཡིན་པའི་མ་ཁྱབ་ཀྱི་སྐྱོན་ཤེས་པ་ནས་ཤེས་བྱ་མང་བོ་ཞིག་ལ་ངེས་པ་རྙེད་པ་རེད་དེ་གཞི་ཁ་དོག་ཡིན་ཚད་བློ་ངོར་ངེས་ཤིང་མདོག་དང་དབྱིབས་ལ་སོགས་པ་རྣམ་གྲངས་མང་བོ་ཞིག་ལ་རྨོངས་པའི་མ་རིག་པ་ཀུན་འགག་པའི་ཕྱིར།
གསུམ་པ་ནི།
བསྡུས་གྲྭའི་རིག་ལམ་མ་ཆགས་ན་སྐད་ཆ་བཤད་ཀྱང་ཞིབ་ཚགས་མེད་པ་གཞུང་གི་གོ་བ་རགས་པ་ལས་ཕྲ་ཞིང་ཕྲ་བ་མི་ལོན་པ་དཔེར་ན་ཉེ་སྔོན་བླ་རུང་མཁན་པོ་ཚུལ་བློའི་ལུང་དང་རྟོགས་པའི་བསྟན་པའི་དངོས་འཛིན་ལྟ་བུ་ཞིབ་ཆ་མ་ཐོན་པ་དེ་རེད།
ད་དུང་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་ཞལ་ནས།
འདི་མི་ཤེས་ན་མི་ཡི་ལུས།།
ཕྱུགས་ཀྱི་གོ་འཕངས་ཅན་དུ་ངེས།།
གསུང་པ་བཞིན་རིག་པའི་ཚུལ་ལུགས་ཡག་པོ་ཞིག་མེད་པ་འམ་ལེགས་ཉེས་འབྱེད་པའི་ཤེས་རབ་དང་མི་ལྡན་ན་གཞུང་ལུགས་ཟབ་མོར་འཇུག་ཁུལ་བྱས་ཀྱང་བླུན་པོ་ཕྱུགས་རྫི་ལྟ་བུ་ལས་ཅི་ཡང་མ་ཡིན་ནོ།།
བཞི་བ་གསལ་བཤད་ནི།
དེ་ཡང་བསྡུས་གྲྭ་ཟེར་བ་ནི་ཚད་མ་སྡེ་བདུན་མདོ་དང་བཅས་པའི་རིགས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ལ་ཟེར་ཞིང་བསྡུ་ཚུལ་ཡང་བློ་རབ་འབྲིང་ཐ་གསུམ་དུ་བསྡུས་ནས་བཤད་ཡོད། བློ་གསར་བ་འམ་དང་བོ་རྣམས་ལ་ཕན་པའི་ཕྱིར་བསྡུས་ཆུང་གི་རྣམ་བཞག་དང་འབྲིང་བོ་རྣམས་ལ་བསྡུས་འབྲིང་གི་རྣམ་བཞག་ཆེན་པོ་རྣམས་ལ་བསྡུས་ཆེན་རྣམ་བཞག་དང་དེ་ལས་གོང་དག་ལ་རྟགས་རིགས་རྣམ་བཞག་སོགས་ལས་བརྩམས་ཏེ་ཚད་མ་སྡེ་བདུན་གྱི་རྣམ་བཞག་གཏན་ལ་ཕབ་པ་ཡིན་ཏེ།
དང་བོ་ཁ་དོག་དཀར་དམར་རྣམ་བཞག་ཀྱང་ཚད་མ་རྣམ་འགྲེལ་ལས།
ལ་ལར་འཆད་འགྱུར་དཀར་སོགས་བཞིན།།
གཟུགས་སོགས་བཞིན་དུ་ངེ་མིན་ཏེ།།
དེ་དག་འབྱུང་དང་དབྱེར་མེད་ཕྱིར།། ཞེས་དང་།
མཛོད་ལས།
གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ། ཞེས་གསུང་བ་བཞིན་ཐོག་པར་བརྡ་སྤྲོད་སླ་ཞིང་འཇིག་བདེ་བའི་ཕྱིར་ཁ་དོག་དཀར་དམར་གྱི་རྣམ་བཞག་མཛད།
དེ་ནས་ཡོད་པ་དང་མེད་པའི་ཁྱད་པར་ལ་འཇིག་བདེ་བའི་སླད་ཡོད་རྟོགས་མེད་ རྟོགས་ཀྱི་རྣམ་བཞག་མཛད་པ་ཡིན།
དེ་ཡང་རྣམ་འགྲེལ་ལས།
དེ་ལ་དམིགས་རུང་རྣམས་ཀྱི་ནི།
ཡོད་པ་དམིགས་པ་ལས་གཞན་མིན།།
དེ་ཕྱིར་མ་ཤེས་ཤེས་བྱའི་ཕྱིར།།
མི་དམིགས་དཔེ་གཅིག་བཞེད་པ་ཡིན།།
ཞེས་སོགས་གསུང་བ་བཞིན་བསྡུས་ཚན་རེ་རེ་བཞིན་རྣམ་འགྲེལ་ལས་བྱུང་བའོ།།
ལྔ་བ་ཞོར་འཕྲོས་ནི།
ཉེ་སྔོན་དྲྭ་ལམ་ཁག་ཏུ་བླ་རུང་མཁན་པོ་ཚུལ་བློས་བསྡུས་གྲྭ་མི་དགོས་ཟེར་བའི་གཏམ་བཤད་ཅིག་གོ་བས་དེ་ལ་རང་གི་འདོད་ཚུལ་ཞུ་འདོད་བྱུང་ཡོད།
སྤྱིར་མཁན་པོ་ཁོང་ནི་མི་ལོ་དུ་མའི་རིང་ལ་ནང་ཆོས་ལ་སྦྱང་ས་ཤིང་མཁས་སྙན་ཆེ་བའི་མཁན་པོ་ཞིག་ཡིན་པས་ཁོང་གིས་སྐད་ཆ་གཅིག་ཙམ་བཤད་ན་ཁོ་བོའི་དད་སེམས་ཀྱིས་ཀུན་ནས་བསླངས་ནས་ཉན་བཞིན་ཡོད།
འོན་ཀྱང་ད་རེས་སྐད་ཆ་དེ་ཐོས་ཙམ་ནས་ང་རང་མཁན་པོ་མཆོག་ལ་ཐེ་ཚོམ་སྐྱེ་རུ་བཅུག།
གཅིག་མཁན་པོ་མཆོག་གིས་བསྡུས་གྲྭ་སྦྱང་མི་རིགས་ཤིང་བསྡུས་གྲྭའི་རིག་ལམ་ཆགས་ཀྱིན་ཆགས་ཀྱིན་ཇེ་རྨོངས་ཇེ་རྨོངས་སུ་འགྲོ་བ་ཡིན་ཞེས་མཁས་མཆོག་འཇུ་མི་ཕམ་པའི་གསུང་དུམ་བུ་གཅིག་དྲངས་ནས་འགྲེལ་ཁུལ་བྱས་ཀྱང་འདི་ནི་སྒྲུབ་བྱེད་མེད་པའི་སྐད་ཆ་ཞིག་སྟེ། རིག་པ་ཡེ་ཤེས་རྒྱུད་ལ་སྐྱེ་བའི་སྟོབས་ཀྱིས་མུན་པ་མ་རིག་པ་འགག་འགྲོ་བ་ཆོས་ཉིད་ཅིག་ཡིན་པས་འདི་ལྟར་སྨྲས་ན་མཁས་དབང་ཁོང་ནི་རྒྱང་འཕེན་པ་ལས་ཀྱང་ཐ་ཆད་ཅིག་མ་ཡིན་ནམ།
གཉིས་རྟགས་རིགས་དང་ཕྱོགས་ཆོས་འཁོར་ལོ་སོགས་རྣམ་འགྲེལ་ནི་སྦྱང་དགོས་པ་རེད་ཅེས་སྨྲས་པ་དེ་ནི་ནང་འགལ་སྟོན་པའི་འཁོར་ལོ་ཞིག་སྟེ་བསྡུས་གྲྭ་ཟེར་བ་དེ་ཡང་དེ་ལས་ལོགས་སུ་མེད་པས་སོ།།
ཡང་ཁོ་བོས་དགེ་ལུགས་པ་དག་ལ་གཞུང་གི་གོ་བ་མེད་པར་བསྡུས་གྲྭ་ཙམ་ཞིག་གིས་ཉི་མ་འགྲོ་ཐབས་བྱེད་ཀྱིན་ཡོད་ཅེས་བཤད་པ་འདི་ཡང་ཕྱོགས་ཞེན་ཁོ་ནའི་སྐད་ཆ་ལས་ཅི་ཡང་མིན་ཏེ་དགེ་ལུགས་པ་དག་གིས་མདོ་ཕྱོགས་བཀའ་པོད་ལྔ་དང་སྔགས་ཕྱོགས་རྒྱུད་སྡེ་བཞི་སྟེ་མདོ་སྔགས་ཟུང་འབྲེལ་གྱི་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་ཀྱིན་ཡོད་པས་སོ།།
མདོར་ན་མཁན་པོ་ལགས་ཀྱིས་བསྡུས་གྲྭ་མི་དགོས་ཟེར་བ་འདི་ལ་བསམ་ན་མཁན་པོས་བསྡུས་གྲྭའི་གོ་དོན་མ་ཤེས་པས་རེད་སྙམ། དེ་མིན་བསྡུས་གྲྭའི་གོ་དོན་ལེགས་པར་ཤེས་ན་དགག་དགོས་དོན་མེད་དེ།
ཐར་ལམ་གསལ་བར་བྱེད་པའི་ཡན་ལག་གམ་ཚད་མ་རྣམ་འགྲེལ་དང་རྟགས་རིགས་ལ་སོགས་པའི་རིག་ལམ་ཕྱོགས་གཅིག་ཏུ་བསྡུས་པའི་གཞི་ཡིན་པ་གང་ཞིག་གཞུང་དེ་དག་ལ་མཁན་པོོ་ཉིད་ཀྱང་དགའ་པའི་ཕྱིར།
ཡང་མཁན་པོ་ཉིད་ཀྱི་བཀག་ཀྱང་མི་རུང་སྟེ་དེང་སང་ཤེས་རབ་ཀྱི་ལེའུ་འགོ་འཛིན་ལ་ཡོད་པས་སོ།། དགེ་གྱུར་ཅིག།
ཅེས་བསྟན་པའི་གྲལ་མཐའ་བ་རྨ་གླིང་འཇམ་དབྱངས་བསྟན་སྐྱོང་ནས། མཁན་ཚུལ་ལ་སྤྲིངས་པའོ།། ༢༠༡༥ ༡༢ ༧།
ངས་ཀྱང་འུ་ཚོར་འུར་ཞིག་འོང་ཆེད། གཞན་རྩོམ་ཞིག་འདིར་དྲངས་ཡོད། རྩོམ་འདི་འདིར་དགོད་ཆོག་མིན་ཞུ་ས་མ་རག་པས། ཁྲིམས་འགལ་བྱུང་ཡོད་ན་དགོངས་དག
་རེད་རེད་ཆོས་ལུགས་དང་ཆོས་རྒྱུད་ཆོལ་ཁའི་ནང་ཁུལ་དཀྲུགས་ཤིང་བརྒྱབ་མཁན་དེང་སང་མང་དུ་མང་དུ་འགྲོ་བཞིན་ཡོད་འདུག་ལྷག་པར་དུ་ཚོགས་པ་འདྲ་མིན་གྱི་སྐད་འཕྲིན་ནང་དུ་བླ་སྤྲུལ་ག་གེ་མོས་ཆོས་ལུགས་གཞན་ལ་དམའ་འབེབས་ཚད་མེད་པ་བྱེད་ཀྱིན་འདུག དཔེར་ན་ཉེ་ཆར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ཟེར་བས་ཆོས་ལུགས་གཞན་དང་ཆོལ་ཁ་གཞན་ལ་དམའ་འབེབས་སེམས་ལ་དྲན་མི་ཤེས་པའི་ཁ་བརྡུང་བཏང་འདུག ཁོས་མི་རིགས་ལས་ཆོས་ལུགས་གཙིགས་ཆེ་ཟེར། མི་རིགས་ཀྱི་མཐུན་འབྲེལ་ལས་རང་ཉིད་ཀྱི་ཆོས་ལུགས་གལ་ཆེ་ཟེར་ནས་གཏམ་བཤད་མང་པོ་སྤེལ་ནས་ད་ལྟ་ཁོས་བཤད་སའི་ཆོས་ལུགས་དེ་དག་གི་ནང་དུ་ཁོ་ལ་ཁ་བརྡུང་བཏང་དང་གཏོང་བཞིན་པ་རེད་ཟེར།།
ཤར་ཁུག་ལགས་་་ཁྱེད་ཀྱི་ལག་པ་དེ་ཧ་ཅང་རང་གྲགས་སང་་་་བོད་ནང་ལ་ཆོས་ལུག་དང་ཆོལ་ཁས་ནད་ངན་དེ་མ་བཟོ་རོགས་་་་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལགས་ང་ཚོ་བོད་མི་ཡང་ལ་བཀའ་དྲུན་ཆེན་པོ་རེད།
མ་བརྟགས་པའི་གཏམ་མི་བཤད་པར་ཞུ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ནི་བོད་གངས་ཅན་གྱི་བསྟན་པའི་སྒྲོན་མེ་མཆོག་ཏུ་གྱུར་བ་ལ་ཁ་ངན་ཚིག་ངན་རེ་བཤད་ཐུབ་ན་དཔའ་བོ་དང་མཁས་པར་བརྩི་བའི་སྡེ་ཚན་གྱི་ཁོངས་སུ་མི་རྒྱུགས་པར་ཞུ། །སྤྱིར་རེ་བ་ཆེན་པོ་ཡོད་པའི་མི་སུ་ཞིག་ཡིན་ཀྱང་དེ་ལ་བསྟོད་པ་ཁོ་ན་མི་བྱ་བར་སྐབས་རེར་ལྡོག་ཕྱོགས་ནས་གསལ་འདེབས་རེ་ཐུབ་ན་ལེགས་ལམ་དུ་འགྱུར་བ་སྨྲོས་མེད་ལེགས་མོད། གཏམ་ཐོར་བུ། ཚིག་དུམ་བུ་རེ་འབེན་དུ་བཙུག་ནས་སྐྱོན་གྱི་མདའ་མོ་འབུམ་རེ་འཕེན་པ་ནི་མཁས་པའི་ལུགས་མིན་ལ། ལྷག་པར་ཆོས་ལུགས་འཐེན་ཁྱེར་གྱི་སྟེགས་བུར་རིམ་ཁྲིད་ཀྱི་ཐབས་ལམ་དེའང་འཛམ་གླིང་སྤྱི། བོད་མི་རིགས་ལ་གནོད་པའི་སྦྱོར་བ་ཤུགས་ཀྱིས་རྩོམ་པ་ཡིན་པས་གཏམ་གྱི་ཚོད་རིགས་པ་ཞིག་མཛད་པར་ཞུ། །མཁན་ཆེན་མཆོག་གི་རིང་ལུགས་ནི་ཞིབ་ཅིང་ཕྲ་བ་དུས་དང་འཚམས་པ་ཤ་སྟག་ཡིན་པས་གསུངས་ཀུན་ལ་རྒྱུས་ལོན་པར་བྱས་ཏེ་སྨྲས་ན་དོན་དང་ལྡན་ཞིང་གླེང་མོལ་བྱ་ཆོག གཞན་དུ་༧གོང་ས་མཆོག་གི་གསུང་གི་སྟྭ་རེ་ཕྱར་ནས་མཁན་ཆེན་དམ་པ་འཆི་ལམ་དུ་འདེད་པ་ཁྱོད་ཆབ་སྲིད་པའི་ལུགས་ཤིག་ཡིན་མཆི་ཡང་། སྐྱེས་མཆོག་དམ་པ་གཉིས་ལ་མི་གནོད་ཅིང་གཡོན་པོའི་གཏམ་གྱི་སྦྱོར་བ་ཡིན་པ་འཕྲལ་དུ་ཤེས་པས། བློ་ཆུང་སྤྲེའུ་གར་སྟབས་ལ་དཔའ་ཞིང་མཛང་བ་བློ་ཡི་དཀྱིལ་ཆེ་བ་སུ་ཞིག་གིས་ལན་འདེབས། ཕྲན་ལྟ་བུ་ལྷག་བསམ་ཟོལ་མེད་ཡིན་མདོག་ལ་ཤེས་ཡོན་མེད་པའི་བླུན་པོའི་གཏམ་འདི་བྱིས་པ་རྣམས་ལ་འཕྲོད་པས་ཁྱོད་ལ་ཅུང་ཟད་ཞུ་ན། ཁུག་རྟས། ( བོད་དུ་དགེ་བཅུའི་ཁྲིམས་ཟེར་བ་ཞིག་བཙུགས་པས། འཇིག་རྟེན་པའི་འཚོ་བ་རོལ་སྟངས་དང་ཆོས་ཕྱོགས་ཀྱི་བཟང་སྤྱོད་དང་འབྲེལ་བའི་བསླབ་བྱ་ལག་ལེན་བར་འགལ་ཟླ་ཆགས)༡༽དགེ་བཅུའི་ཁྲིམས་ནི་རང་མོས་ལས། བཙན་དབང་མེད་པ་ཡོངས་གྲགས་ཡིན། ལས་བྱེད་སྔོན་ཐོན་པ་འགའ་རེའི་བཤད་ཕྱོགས་ནོར་བ་ཡིན་ན་དེ་སྒྲིག་གཞིའི་དགོངས་དོན་མ་ཡིན་པས་མཁན་ཆེན་ལ་ཁག་དཀྲི་རྒྱུ་མེད། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཡིན་ཀྱང་བོད་ལ་༧གོང་ས་མཆོག་གི་བཀའ་ལ་རྒོལ་བ་བྱེད་པའི་དོལ་རྒྱལ་ཚོགས་པ་ལྟ་བུའང་ཡོད་པ་དགོངས་གསལ་ལོ། མཁན་ཆེན་མཆོག་གིས་ཀྱང་གྲྭ་བས་དཀར་ཟས་གནང་བ་དང་། སྐྱ་བོས་དུས་ཁྲིམས་ལྟ་བུ་དམར་ཟས་ཉུང་དུ་གཏོང་བ་དང་། སེམས་ཅན་སྡེབས་གསོད་མི་གནང་བར་བསྐུལ་བའི་གསུང་སྔ་རྗེས་ཀུན་ཏུ་གསལ་བ་དང་། དེའང་རེ་བ་དང་བསྐུལ་སློང་ལས་ཁྲིམས་འཇོག་མཁན་མིན་ལ། འཇོག་པའི་ནུས་པའང་མེད་ཅེས་གསུངས་པའི་བདེན་པ་ཁོ་བོ་རང་ལ་རྒྱུས་ཡོད། དཀར་ཟས་ཐད་རེ་བ་ཆེ་ས་ནས་བྱེད་པ་ལས། ལག་ལེན་དམའ་ས་ནས་གནང་གི་ཡོད་པ་རྒྱུས་ཡོད་ཀུན་ལ་ཉི་བཞིན་གསལ། འདི་ལ་རྒོལ་བ་དང་ཕྲ་མ། གསུངས་བཤད་ཁོལ་བཏོན་གྱིས་ལོག་པར་འགྲེལ་བའི་རིགས་ནི་ཕྲག་དོག་ཅན་གྱི་སྡེ་ཚན་ཡིན་པས་དེ་ལ་གསལ་བཤད་གནང་ཀྱང་དོན་དུ་མི་འགྱུར་བས་རེ་ཞིག་ངལ་གསོ་བ་ལས་བྱ་ཐབས་དབེན། ཁུག་རྟས། (རྙིང་མའི་རྗེས་འཇུག་པར་བསྡུས་གྲྭ་མི་དགོས་ཞེས་ནན་གསུང་གནང་བའི་གཏམ་བཤད་ཅིག་ཁྱབ་བརྡལ་འགྲོ་ཡི་འདུག་པ་མ་ཟད། )༢༽རྙིང་མ་ལ་བསྡུས་གྲྭ་མི་དགོས་ཟེར་བ་ཁོང་གཅིག་པོ་མ་རེད། རྒྱལ་སྲས་གཞན་ཕན་མཐའ་ཡས། འཇུ་མི་ཕམ། ཀཿཐོག་སི་ཏུ་པཎ་ཆེན་སོགས་ཀྱིས་མགྲིན་གཅིག་ཏུ་གསུངས་ཤིང་བཅའ་ཡིག་ཏུའང་བཀོད་པས་ཁོང་དམ་པ་དེ་དག་གི་རྗེས་སུ་འབྲངས་བ་ཡིན་པས་བཀས་བཅད་ལས་འགལ་བ་བྱེད་ག་ལ་རུང་། རྙིང་མས་བསྡུས་གྲྭ་དང་ཚད་མ་སོ་སོར་ངོས་འཛིན་ལུགས་ཀྱིས་དེ་ལྟར་བཤད་པ་སྟེ། རྙིང་ལུགས་ལ་བསྡུས་གྲྭའི་ཚིག་འཁྲི་དང་ཚད་མའི་རིགས་པ་མི་གཅིག་པར་བཞེད་པས། སྒྲུབ་པའི་སྡེ་དང་སྒོམ་སྡེ། དགོན་སྡེ་ཁག་ལ་བསྡུས་གྲྭ་གཙོ་བོ་མི་རུང་བ་ལས། བཤད་གྲྭ་ལ་མཐའ་གཅིག་ཏུ་བཀག་པ་མིན། རྩོད་གྲྭ་དང་བཤད་གྲྭའི་ཁྱད་ཆོས་འདོན་ཚུལ་མི་འདྲ་བ་སོ་སོའི་དགེ་མཚན་དུ་བརྩི་བ་ལས། གཅིག་སྡུད་རིང་ལུགས་ཀྱིས་ཁྱད་ཆོས་ཐམས་ཅད་ནག་འབྱམས་སུ་གཏོང་བ་རྒྱལ་བའི་བཀའ་དང་དངོས་སུ་འགལ་བ་སྟེ། ༧གོང་ས་མཆོག་གིས་རྒྱུན་དུ་ཆོས་རྒྱུན་སོ་སོའི་རིང་ལུགས་མ་ཉམས་པ་གནང་དགོས་པ་དང་། རིག་གཅིག་རྐང་འཛིན་དགོས་པའི་བཀའ་སློབ་དང་སུ་མཐུན་བློ་གཟུ་བོར་གནས་པས་ཚད་མའི་སྲང་ལ་གཞལ་བར་ཞུ། །སོ་སོའི་ཁྱད་མ་ཉམས་པར་བཟུང་པས་གྲུབ་མཐའ་གཞན་དང་འགལ་བ་འགལ་བར་མི་འགྱུར་ལ། སློབ་ཚན་གཅིག་ཉུང་དུ་སོང་བས་ཆོས་རྒྱུན་བར་མི་མཐུན་པ་འབྱུང་ན་ཆོས་རྒྱུན་བཞི་ཀའི་ཡི་དམ་གཙོ་བོ་རྣམས་ཀྱི་བསྐྱེད་རྫོགས་ཀྱི་ཁྱད་ཆོས་འདོན་ཚུལ་ཡང་མི་འདྲ་བས། བོད་ཀྱི་ཆོས་རྒྱུན་མཐུན་པའི་གོ་སྐབས་ཡེ་ནས་མེད་པས་དགོད་བྲོ་བའི་གཏམ་དེ་སྨྲ་བ་ཉུང་ན་ལེགས་སོ། །ཁུག་རྟས། (རྙིང་མའི་བླ་མར་ཁས་འཆེ་བ་མང་པོའི་འཆལ་སྤྱོད་ཀྱི་གནས་སྟངས་སྐྱོ་ཤས་རེད་ཅེས་དམའ་འབེབས་ཡོང་གཞི་ཞིག་ཏུའང་རང་བཞིན་གྱིས་གྱུར་སོང་བས།)༣༽ ལོ་རྒྱུས་ཀྱི་གནས་བབ་ལ་གཞིག་ན་རྙིང་མས་དམག་གཏོང་བ་དང་། གྲྭ་བ་ལྡེབ་གསོད་བྱེད་པ། བླ་མ་བཀྲོང་བ་སོགས་ཀྱི་ལོ་རྒྱུས་གང་དུའང་མེད། ཆང་དང་བུད་མེད་ཀྱི་སྐྱོན་ནི་ཅི་རིགས་བྱུང་བ་བདེན་ཡང་། དེའང་ཆོས་རྒྱུན་བཞི་ཀ་དོ་མཉམ་པས་རེ་རེ་ནས་བརྗོད་མ་དགོས།(མཁན་པོ་ལགས་མཁྱེན་ཡོན་ཆེན་པོ་ཡིན་ནའང་། མཚམས་རེར་སྟོན་པ་ཐུགས་རྗེ་ཅན་གྱི་རྒྱལ་ཚབ་ཀྱང་གནང་མདོག་ཁ་པས།) ༤༽དགེ་སློང་ཞིག་ཡིན་ཕྱིན་བདུད་ཀྱི་རྒྱལ་མཚན་སྙིལ་བ་པོ་དང་། བསྟན་པའི་རྒྱལ་མཚན་སྒྲེང་པ་པོ། སྟོན་པའི་རྗེས་འཇུག རྒྱལ་ཚབ་དམ་པ་ཡིན་པ་སྟོན་པ་རང་གིས་ཞལ་གྱིས་བཞེས་པས་སྟོན་པའི་གསུངས་རབས་ལ་རྒོལ་བ་ནི་མི་རུང་ལ། སྟོན་པའི་རྗེས་འཇུག་ཡིན་པའི་ཐུགས་འགན་བཞེས་པ་ནི་ཡོན་ཏན་ཏུ་མི་འགྱུར་རམ། །གང་བཤད་པར་ནོར་བ་ཡོད་ན་དགོངས་དག་ཞུ། །
ངའི་རེ་བ་ཆེ་ཤོས་ནི། ཆོས་བརྒྱུད་སོ་སོའི་སྤྱི་དོན་དང་ཕན་ཚུན་བར་གྱི་འབྲེལ་བའི་སྐོར་ཆོས་བརྒྱུད་དབུ་བླ་རྣམས་མ་ཟད། རང་ཅག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་ཆེན་པོ་ཞལ་བཞུགས་དུས། རྡོ་རྗེ་དྲིལ་བུ་བླ་མའི་ཕྱག་ཏུ་ཡོད། དཀྲོལ་དང་མི་དཀྲོལ་བླ་མས་མཁྱེན་གྱི་རེད་གསུང་བ་ནང་བཞིན། གཤོམ་འོག་ནས་འགན་བབ་ཁ་སྟབས་དང་བསྟུན་ནས་མཛད་འཕྲིན་བསྐྱངས་ན་མི་བཟང་ངམ་ཞེས་བློ་འདོན་གྱི་ཡོད་ལ། དཔེར་ན། ད་བར་དགེ་བཅུའི་ཁྲིམས་དང་འབྲེལ་ནས་བོད་ནང་སྐྱ་སེར་བར་ལའང་འགལ་རྐྱེན་མང་པོ་བྱུང་ཡོད་པ་གསལ་བོ་རེད། དེ་བཞིན་རྙིང་མས་བསྡུས་གྲྭ་སློབ་མི་དགོས་ཞེས་ཚིག་ཐལ་ཤོར་བ་ཙམ་མིན་པར། བསྡུས་གྲྭ་དགོས་མེད་དང་ཕན་མེད་ཀྱི་ཚིག་ཐལ་ཤོར་བ་ཡིན་ན་རྙོག་གླེང་མགོ་བཙུགས་ཚར་བ་རེད། སྐབས་དེར་མཁས་པ་ཚོས་ནང་ཕན་ཚུན་དུ་ལུང་འདྲེན་ཤག་འགྱེད་ཀྱི་ཡི་གེའི་གད་སྙིགས་སྤུངས་རྒྱུ་ཡིན་པ་མ་ཟད། གཤམ་འོག་དད་ལྡན་མི་མང་གིས་དེ་འབྲེལ་གྱི་ཁྱེད་དང་ང་ཞེས་ཚན་པའི་ཟོལ་དུ་ཆགས་ནས། མཐར་གྱོང་རེག་ས་དེ་བོད་མི་རིགས་ཡིན་པ་མི་ཤེས་མཁན་སུ་ཡོད། ངའི་ཞུ་དོན་ནང་གི་མར་ལོ་བོད་ཀྱི་ཆབ་སྲིད་དང་ཆིག་སྒྲིལ་གྱི་སྤྱིའི་གོང་བུའི་ནུས་པ་ཨང་དང་པོར་བཞག་སྟེ། ཆོས་པ་དང་ཆབ་སྲིད་པ་སུ་ཡིན་ཡང་མཛད་འཕྲིན་སྐྱོང་དགོས་པ་དུས་ཀྱི་དགོས་མཁོ་གལ་ཆེན་རེད་ལ། ལོ་རྒྱུས་ཀྱི་བསླབ་བྱའང་ཡིན་པ་ནན་བརྗོད་ཞུས་ཡོད་པ་དེ་ཡིན། དེ་མིན་ང་མི་སྐྱ་ཞིག་ལ་ཆོས་བརྒྱུད་གྲུབ་མཐའི་སྐོར་གླེང་བའི་འོས་བབ་མེད་པ་དང་། དམིགས་བསལ་ཅན་མིན་ན་གླེང་འདོད་ཡོད་མཁན་ཞིག་ཀྱང་མིན་པས་ཀློག་པ་པོ་ཚོས་བློ་གཡེང་མ་གནང་བར། ངས་གང་བཤད་འདུག་པ་མཁྱེན་རྟོགས་གནང་སྟེ་ལམ་སྟོན་དང་དགག་གཞག་སོགས་ག་རེ་གསུང་རྒྱུ་ཡོད་ན་དགའ་བསུ་ཞུ་བ་ཡིན། དེ་མིན་དེ་ཙམ་རེད།
བོད་མི་ཅིག་གིས་དགོས་པའི་བོད་དར་མ་འཁུར་གུང་བྲན་དམར་དར་ཁུར་ནས་ཁྲོམ་འབོད་སོང་ན་དཔའ་བོ་ཁྲི་སྟོང་མང་པོའི་རྣམ་ཤེས་ལ་ལག་དག་ཀི་ཨེ་ཡོད་དམ། བློ་བཟང་ཆོས་འབྱོར་ལགས།
སྙིང་ཉེ་བའི་ཤར་ཁུག་ལགས་ཐུགས་རྗེ་ཆེ་ཧ་ཅང་ཡག་པོ་གསུང་འདུག
ཤར་ཁུག་གིས་༧གོང་ས་མཆོག་དང་མཁན་པོ་ཚུལ་བློའི་བར་དང་རྙིང་མའི་ཆོས་རྒྱུད་དང་དགེ་ལུགས་ཆོས་རྒྱུད་ཀྱི་བར་ན་དབྱེན་སྦྱོར་གྱི་རྣམ་པའི་ཐོག་ནས་མཀན་པོ་ཚང་ལ་གླེང་གཞི་ཞིག་བཟོ་བཞིན་འདུག། ལར་ནི་ཟུར་མཆན་ ༡ དྲ་གྲོགས་དགའ་སྐུ་ནས་གསུངས་པ་དེས་མ་ཐུས་པ་མི་འདུག། སྤྱིར་བསྡུས་གྲྭའི་སྐོར་དེ་དགེ་ལུགས་པའི་སྒེར་ཆོས་མ་རེད་ལ། དེ་དགེ་ལུགས་པའི་སློབ་གཞི་རྩ་འཛིན་ཡང་མ་རེད། དགེ་ལུགས་པའི་གདན་ས་གསུམ་གྱི་ནང་དུ་བསྡུས་གྲྭའི་རིགས་ལམ་དར་ཁྱབ་བྱུང་བ་ལོ་རྒྱུས་རིང་པོ་མ་རེད། ཡོངས་གྲགས་སུ་བསྡུས་གྲྭའི་གཞུང་ལུགས་ནི། རྟ་ནག་གིས་རག་སྟོད་བསྡུས་གྲྭ་དང་བསྡུ་གྲྭ་ཆེ་ཆུང་གསུམ་གྱི་རིམ་པ་སྐོར་ཞིག་ཡོང་འཛིན་བྱམས་པ་རིན་པོ་ཆེས་གསུངས་པ་རེད། དེ་ཡང་མཛད་རྩ་ལས།་གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ། ཞེས་པའི་དབྱིབས་གཟུགས་གཉིས་ཟུར་འདོན་བྱས་ནས་ལས་དང་པོ་བའི་རིགས་ལམ་སློབ་གཉེར་བ་རྣམས་ལ་ཆེད་དུ་དམིགས་ནས་གསུངས་པ་ཞིག་རེད། བློ་རྟགས་དང་ཚད་མ་སོགས་མཚན་ཉིད་ཀྱི་གཞུང་ལུགས་གཞན་རྣམས་ལ་བསྡུས་གྲྭ་ཞེས་ཟེར་ནི་མ་རེད། དགེ་ལུགས་པའི་མཚན་ཉིད་རིག་པ་བ་ཡོངས་རྫོགས་ཀྱིས་ཡིན་ཅིག་བསྡུས་གྲྭ་རིམས་ལམ་སློབ་གཙོ་གཉེར་དགོས་པའི་ངེས་པ་ཡང་ཡོད་ནི་མ་རེད། དེ་དག་ནི་སེར་བྱེས་གྲྭ་ཚང་བཅས་གྲྭ་ཚང་ཁ་ཤས་ཀྱིས་ཕྱི་དར་རེད། འདི་ནི་ཤར་ཁུག་སོགས་དགེ་ལུགས་པའི་བསྡུས་གྲྭའི་སྐོར་གསལ་རྟོགས་མེད་མཁན་ཚོར་ཞུས་པ་ཡིན།
ཡིན་ལོག་མིན་ལོག་ཕྲུག་གུའི་རྟགས་གསལ་ཡིན། དགེ་བཤེས་ཆེན་པོའི་སྔོ་ལོ་ཕྱར་ཡ་རེད། །
སྤྱི་བྱེ་བྲག་ཉིན་མ་འགྲོ་རོགས་རེད། འགལ་མི་འགལ་སྣང་བ་འཁྲུལ་རོགས་རེད། །
ན་ནིང་ཡང་ཀ་བ་བུམ་པ་རྩོད་བསྡད་བཞག ད་ལོ་ཡང་ཀ་བ་བུམ་པ་རྩོད་བསྡད་འདུག །
བསྡུས་གྲྭ་ནི་ལྟ་བ་དང་གྲུབ་མཐའ་དམ་ཚིག་དང་སྡོམ་པ་ཟེར་བ་སོགས་ལ་ཧ་ཅང་ལྟོས་མི་དགོས་པར་སྣང་བ་བདེ་སངས་ངེར་རྩོད་པ་རྒྱག་རྒྱུ་ལ་མི་དགའ་མཁན་སུ་ཡོད་དམ། །
བཙུན་ཆུང་རྣམ་པ་མཛེས་པོ་ཁ་བདེ་པོ་དེ་ཚོས་ཡིན་ལོག་མིན་ལོག་དང་སྤྱི་བྱེ་བྲག་དང་འགལ་མི་འགལ་སོགས་ཀྱི་རྟགས་གསལ་སྙིང་རྗེ་པོ་རེ་བཏང་བྱུང་ན་ཁྱེད་རང་ཚོ་བསྡུས་གྲྭ་ལ་རང་དབང་མེད་པར་ཕྱག་འཚལ་དགོས་ཐུག་ཡོང་ད། །
བོན་པོ་ལ་རིགས་པས་དཔྱད་ན་དཔྱད་ཡུལ་གྱི་སྣང་བ་བདེ་སང་ངེ་འདྲ་ཨེ་ཡོད་དམ། ཧཧཧཧ་་་་་་་་ཁྱོད་ལྷ་སར་འགྲོ་མ་མྱོང་ན་ངས་གང་བཤད་རེད་ཟེར་འགུ་ལེ་་་་་་་སྙིང་རྗེ་ཡུལ་རེད་གདའ་རང་་་་་་་
མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་རྙིང་མ་བས་བསྡུས་གྲྭ་སྦྱང་མི་དགོས་ཤེས་གསུངས་ཡོད་ན། དེ་ནི་ཧ་ཅང་གི་གདམས་ངག་རྩ་ཆེན་ཞིག་རེད། གང་ཟག་གཅིག་སངས་རྒྱ་བ་ལ་བསྡུས་གྲར་བརྟེན་མ་དགོས་པ་སུས་བལྟས་ན་ཤེས་སླའོ། ལྷག་པར་ཆོས་སྙིང་ནས་ཉམས་སུ་ལེན་མཁན་ཞིག་ཡིན་ན་ཉག་ཉོག་མང་པོ་ལ་བརྟེན་ན་བར་ཆད་ཆེ་ཤོས་ཏེ་རེད། ངས་འདིར་བཤད་འདོད་པ་ཞིག་ནི་བོད་ཀྱི་སྔ་རབས་མཁས་པ་ཚོ་དང་ནུབ་ཕྱོགས་ཀྱི་མཁས་པ་ཚོ་བསྡུར་ན་ནུབ་ཕྱོགས་ཀྱི་མཁས་པ་ཚོས་་མི་དམངས་ལ་མི་ཚེ་ལས་སླ་བོ་བསྐྱལ་སྟངས་ལ་ཕན་ཆེན་པོ་བཏགས་འདུག གསལ་བཤད་ཅིག་ཞུ་ན། བོད་ཀྱི་སྐད་ཡིག་ལ་ཆ་བཞག་ན་བོད་པ་བརྒྱ་ཆ་དགུ་བཅུ་ནས་གོ་ལྔ་ཙམ་གྱིས་བོད་སྐད་བཤད་ཀྱང་བོད་ཡིག་འབྲི་ཤེས་ཀྱིན་མེད་པ་དེ་རེད། དབྱིན་ཡིག་ལ་ཆ་བཞག་ན་དབྱིན་སྐད་ཤེས་པ་ཙམ་གྱིས་དབྱིན་ཡིག་འབྲི་ཐུབ་ཀྱི་ཡོད་པ་དེ་རེད། འདི་ནི་སྔ་རབས་པའི་མཁས་པ་ཚོས་བྱས་རྗེས་ཆེ་ཤོས་དེ་རེད། སྐད་ཡིག་ཁོ་ནས་དོན་ལ་མི་ཆེ་སྐྱལ་མ་དགོས་པ་དང་། དེ་ལ་བརྟེན་ནས་དཀའ་ལས་ཆེན་པོ་རྒྱག་མ་དགོས་པར་སོ་སོའི་འཇིག་རྟེན་འདིའི་ཚོ་བ་སྐྱིད་པོ་ཞིག་རོལ་ཐུབ་ཀྱི་ཡོད་པ་དེ་རེད། འཇིག་རྟེན་གྱི་ཐད་ནས་བཤད་ན་དེ་ལས་ལྷག་ཅིག་མ་དགོས་པ་རེད། བོད་ཡིག་ལ། དབུ་ཅན་དང་དབུ་མེད་གཉིས། འཁྱུགས་བྲིས། འདི་གསུམ་ཡག་པོ་ཞིག་ཤེས་དགོས་ན་དུས་ཚོད་ཐུང་ངུ་ཞིག་གི་བྱ་བ་ག་ལ་ཡིན། རྩོམ་པ་པོ་ཚད་ལྡན་ཞིག་ཆགས་དགོས་ན་དེའི་ཁར་ལ་ཛ་དང་ཝ་རྟི་རི་མོ་བཅས་མ་སྦྱང་ཐབས་མེད་པ་ལྟ་བུ་ཆགས་ཡོད། ཡིག་སྐུར་རེ་འབྲི་དགོས་ན་འཁྱུག་ཡིག་འབྲི་བཞིན་ཡོད། འཁྱུག་ཡིག་འབྲི་མཁན་ཀྱང་དཀོན་ལ་ཀློག་མཁན་ཀྱང་དཀོན། ཡིན་ཀྱང་བོད་ཀྱི་གོམས་སྲོལ་རེད། བོད་སྔ་རབས་པའི་མཁས་པ་ཚོས་ཁ་ནས་འཇིག་རྟེན་ཆོས་བརྒྱད་སྤོངས་གསུངས་བཞིན་དུ་སོ་སོས་འཇིག་རྟེན་ཆོས་བརྒྱད་ཁོ་ན་ལས་མ་འདས། དེབ་ཞིག་རྩོམ་ན་དེའི་དབུ་ལ་སྐད་གསུམ་དགོས་པའི་རྒྱུ་མཚན་ཅི་ལེགས། རྒྱུ་མཚན་ནི་རང་ཉིད་མིའི་མགོ་ནས་འཁོར་དགོས་ན་གཞན་ལས་ལྷག་ཅིག་ཡིན་དགོས། མི་དཀྱུས་མ་ཞིག་གིས་འདི་ཚང་མ་སྦྱང་འདོད་ཡོད་ཀྱང་དུས་ཚོད་ཡོད་པ་མ་རེད། སྔོན་ཆད་རྒྱལ་ཁབ་ཁ་ཤས་ནས་་སྐུ་དྲག་གི་བུ་ཕྲུག་ཚོ་མ་གཏོགས་མི་དཀྱུས་མ་ཚོས་སྐད་ཡིག་སྦྱང་ཆོག་གི་མེད་པ་རེད། དེ་ནི་སྐུ་དྲག་ཚོས་མི་དམངས་དབང་བསྒྱུར་བར་སྟབས་བདེའི་ཡིན་པའི་ཕྱིར་རོ། ཕྱོགས་མང་པོ་ཞིག་ལ་བསམ་བློ་བཏང་ན་བོད་སྔ་རབས་པ་ཕལ་མོ་ཆེས་ཆོས་རྣམ་དག་ཅིག་ལག་ལེན་དུ་སྟར་མི་འདུག །
ཏྲེ་ཧོར་བྱམས་པ་རིན་ཆེན་ལགས།
ྷཁོ་རེ་དེ་འདྲ་ཞིག་ངས་ག་བར་ལབ་འདུག མཆན་ཐབས་ཆག་དེ་ཡག་པོ་བྱས་ནས་ཀློག་ཨ། གཞན་ལ་སྙིང་རྗེ་རྒྱུ་ཧ་ཅང་སྔ་སོང་ན་སྙིང་རྗེ་མཁན་རང་ཉིད་སྙིང་རྗེའི་ཡུལ་དུ་གྱུར་འགྲོ་བ་རེད་ད། ཧཧཧ
བསྡུས་གྲྭ་ཙམ་ཡང་མི་ཤེས་མཁན་གྱིས་མཁན་པོས། རྒྱུན་དྲུག་མཆོག་གཉིས་དང་། གྲུབ་ཆེན་བརྒྱད་ཅུའི་རྗེས་སུ་དྲངས་མི་ཐུབ་པར། བླུན་སྒོམ་ཁྱུ་གཅིག་བཟོ་གྲྭའི་མཁན་པོར་ངེས་པས། དེ་དོན་གཟབ་པར་འཚལ་ལོ།།
བསྡུས་གྲྭ་ཨེ་དགོས་ཞེ་ན་དགོས་ཞེས་སྨྲ། །
བསྡུས་ཚན་ཚང་མ་མི་དགོས་ཕྱེད་ཙམ་དགོས། །
ཡིན་ལོག་མིན་ལོག་ཆ་བའི་རྫས་ལྡོག་སོགས། །
མི་དགོས་ཡུལ་ཅན་སྤྱི་བྱེ་གཅིག་ཐ་དགོས། །
བདེན་པ་ཡིན་པ་འདྲ། མཁན་པོ་ཁོའི་དགེ་བཅུའི་ཁྲིམས་ཀྱིས་རྟ་ནོར་ལུགས་ཀྱི་ཚེ་སྲེག་སྐྱབས་པའི་ཆེད་དུ། ཁོའི་རྐུབ་གཡོག་པ་འགས་བོད་མི་འགའ་རྨོས་གསོད་བྱས་ཡོད་པ་རེད་ཟེར།
ཨ་ཁ།
ཁོའི་ཆོས་ཀྱིས་རང་རྒྱུད་མི་འདུལ་བར། གཞན་རྒྱུད་འདུལ་བསམ་བྱེད་པ་ནི་ཁ་ཆེ་ཆོས་དཔོན་ཚོའི་བྱེད་ལས་དང་གཅིག་པ་ཆགས་ཚར་བ་རེད།
ངོ་མ་སེམས་སྐྱོ་ཡ་འདྲ་ཞིག་འདུག། སྡིག་པ་ལ་སྐྲགས་ནིའི་དཀོར་ཟན་པ་ཡོད་ཆོག་ན་ཡང་། དགེ་སྡིག་གང་ཡོང་གིས་འཇིག་རྟེན་འཁོར་བ་སྐོར་ས་ཁ་གོག་དེ་བཙུམ་ཐུབ་ན། སྐྱིད་པ་ལ།
ནང་ལ་གསོད་རེ་བྱེད་དུ་བཅུག་ན་ཡང་། ཅིག་ཅིག་དྲིན་ཆེན་མུག་མུག་རྟོག་ལྡན། སྐྱགས་པ་ཟོ།
ཤར་ཁུག་སོགས་བོད་མི་རིགས་ལ་བྱས་རྗེས་གང་ཡང་མེད་པའི་རྒྱལ་ཚོང་བ་དེ་ཚོས་བོད་མི་རིགས་ཀྱི་ཉི་ཟླ་ལྟ་བུའི་མཁན་ཆེན་ཁོང་ལྟ་བུ་ལ་བསྐུར་འདེབས་བྱས་པ་དེ་ནི་ཆོས་ལུགས་ཞེན་ཁོག་གི་མ་བཟོད་པ་ཡིན་ཤས་ཆེ།
དེང་སང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ། སྔོན་འགྲོ་གཏོང་། གཅོད་གཏོང་། རྫོགས་ཆེན་སྒོམས་ཟེར་མཁན་མང་ཡང་། ནང་ཆོས་ཁུངས་ལྡན་ཤོད་མཁན་དང་། བྱེད་མཁན་ཉུང་ཉུང་མིན་ནམ་སྙམ་པའི་དོགས་པ་ཅིག ངམ་ངམ་ཤུགས་ཀྱིས་འོང་བགྱིད་འདུག འདི་ང་དག་སྣང་ཆུང་དྲགས་པའམ། ཡང་ན། སྙིགས་ལྔའི་རང་གདངས་ཆེ་དྲགས་པ་ཅིག ཕྱི་ལ་ཐོན་པ་ཡིན། ཅང་ཤེས་མ་སོང་ལགས།
ལེགས་པའི་ཤེས་བྱ་ཞིག་ཡིན་ཕྱིན་མི་མཁོ་པ་དང་མི་དགོས་པ་གཅིག་ཀྱང་མེད་མོད། སྐབས་ཐོབ་གང་གཙོ་བོར་བྱེད་པ་དེ་ལས་གཞན་དུ་མགོ་འཁོར་ན་ཤེས་རབ་འཆལ་བའི་རྒྱུ་ཡིན་ཅེས་དགེ་ལྡན་པའི་གདན་ས་ཆེན་པོ་རྣམས་ལ་ཡོངས་སུ་གྲགས། སྔ་འགྱུར་པའི་མཁས་གྲུབ་གོང་མ་རྣམས་དང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་ཀྱང་དེ་བཞིན་བཞེད། བསྡུས་གྲྭ་ཁོ་ན་གཙོ་བོར་འདོན་པ་དགེ་ལྡན་པས་ཀྱང་མི་འདོད་དེ། གུང་ཐང་བསྟན་པའི་སྒྲོན་མེས། མ་མཐོང་ཤག་འགྱེད་ཚིག་འཁྲི་སྐམ་པོ་དང་། རིགས་པས་དཔྱད་པ་མི་བཟོད་གོ་ཐོབ་ཀྱི། །བམ་བཤད་འདིས་ཀྱང་གདར་ཤ་མི་ཆོད་པས། །གོ་རིགས་ཟུང་དུ་འབྲེལ་བར་སྐྱོངས་ཤིག་ཨང་། །ཅེས་དང་། ཐོས་པ་དོན་ལྡན་ཅིག་བྱེད་ན། །གང་ཤེས་རྒྱུད་ཐོག་ལ་སྦྱོར་ཅིག །མཁས་པ་དོན་མེད་ཅིག་བྱེད་ན། །ཐ་སྙད་ཚིག་སྐམ་རང་སྒྲུགས་ཤིག །ཅེས་པའི་དོན་ཅི་ལྟར་འགྲེལ་ཚུལ་ལོ། ། རྒྱུན་དྲུག་མཆོག་གཉིས་དང་ཀྱི་སྐབས་སུ་ཚད་མ་ལས་བསྡུས་གྲྭའི་ཚིག་འཁྲི་ཡོད་པའི་ལོ་རྒྱུས་མེད། གྲུབ་ཆེན་བརྒྱད་ཅུའི་ནང་གི་བདུན་ཅུ་ཙམ་གྱིས་དཔེ་ཆ་གཟིགས་མྱོང་མེད་པས་བསྡུས་གྲྭ་བཤད་མ་དགོས། མི་ལ་རས་པས་རྩོད་པས་ཕམ་ཏེ་རས་ཆུང་པ་རྒྱ་གར་དུ་རིགས་པ་སྦྱོང་བར་ཕེབས་འདོད་ཀྱི་ལན་ལ་གཟིགས། ཀརྨ་པ་ཆོས་གྲགས་རྒྱ་མཚོ་དང་རང་བྱུང་རྡོ་རྗེ་ཙམ་ལས་སྐུ་ཕྲེང་རིམ་བྱོན་ལ་ཚད་མར་མཁས་པ་ཆེར་མ་བྱུང་ལ། བསྡུས་གྲྭར་མཁས་པའི་གཞུང་ཡང་བཞག་མེད་པར་གཟིགས། སྔོན་གྱི་ཕྱག་རྫོགས་ཀྱི་་གྲུབ་ཐོབ་ཐམས་ཅད་བླུན་སྒོམ་ཁྱུ་གཅིག་དང་། བཟོ་གྲྭའི་མཁན་པོར་ངེས་སོ་ཞེས་བཤད་ཕོད་ན་ལན་མེད། བཟོ་གྲྭའི་མཁན་པོ་ཡིན་ན་ངན་པ་ཡིན་མི་དགོས། ཀརྨ་པ་སྐུ་ཕྲེང་རིམ་བྱོན་ལག་ཤེས་ཀྱི་ཅན་གྱི་མཁན་པོ་ཡིན། མི་ལ་རས་པ་ཁང་བཟོ་ཡིན། རྒྱལ་དབང་ལྔ་བས། བཀའ་བརྒྱུད་པ་ལ་མར་མི་ནས་བརྒྱུད་པའི་སྒྲུབ་ཚུགས་ལེགས་པོ་ཞིག་ཡོད་པ་འབྲུག་པ་པད་དཀར་གྱིས་དབུ་ཁྲིད་དེ་ཐ་སྙད་རིག་གནས་ལ་འུར་ལངས་ནས་ཉམས་པར་བྱས། ཅེས་པ་གདམས་ངག་དངོས་ཏེ། འབྲི་གུང་གི་རང་གི་གདམས་པ་ལ་བདག་པོ་རྒྱག་ཐུབ་པ་ཙམ་ལས། འཇམ་མགོན་ཀོང་སྤྲུལ་ཀྱིས་བཀའ་བརྒྱུད་སྔགས་མཛོད་དང་ཕྱག་ཆེན་རྒྱ་གཞུང་སྒྲིག་ཚེ་གདམས་པའི་རྒྱུན་ཆད་པ་མང་པོ་བྱུང་བ་དང་། འགའ་ཞིག་དབང་དང་ཁྲིད་ལུང་གི་རྒྱུན་ལྟ་བུ་ལས་མེད་པ་ཐུགས་ཀྱིས་མ་བཟོད་པ་དཀའ་བ་ཆེན་པོས་བསྒྲིགས་པའི་ཚུལ་གྱིས་ཤེས། གདམས་ངག་མཛོད་དུ། རྙིང་མ་དང་དགེ་ལུགས་ཀྱི་སྐོར་མང་པོ་མེད་དོན་སོ་སོའི་རང་ལུགས་རྐང་ཚུགས་པས་ཡིན་ཅེས་གསུངས་པའང་དོན་དང་ལྡན། དེས་ན་སོ་སོའི་རིང་ལུགས་མ་འདྲེས་པར་འཛིན་པ་དང་། གཞན་ལུགས་ཀུན་ལ་དག་སྣང་དང་དང་རིས་མེད་གནང་ཐུབ་པ་ནི། རིས་མེད་བསྟན་པའི་བདག་པོ་༧གོང་ས་མཆོག་གིས་བཀའ་ཡིན་པས་དེ་དོན་ལ་རྗེས་སུ་ཡི་རང་བྱའོ། །
དགེ་བཤེས་ཐེབས་ཆགས་མང་པོས། བསྡུས་གྲྭ་ཡག་པོ་མི་ཤེས་པ་ཡང་། དགེ་ལྡན་རང་དང་ལུགས་སུ་བཞེད་པས། འགོ་བསྡུས་ཤེས་རྒྱུ་ཡང་དཀའ་མོ་ཡིན་པ་ལོ་རྒྱུས་མང་།
དེས་ན་བསྡུས་གྲྭ་ཤེས་ཞེས་པའི་དོན་ནི། གཏན་ཚིག་རིགས་པ་ལ་བྱང་ཆུབ་ཞེས་པའི་དོན་ཡིན་པས། ངེས་འབྱུང་། བྱང་སེམས་དང་། ཡང་དག་པའི་ལྟ་བའི་རྟོགས་པ་རྒྱུད་ལ་སྐྱེས་པ་ལ། བསྡུས་གྲྭ་འདི་ཡང་ཤིནད་ཏུ་མཁོ་ཆེ།
དེ་མིན་གསང་བ་སྙན་བརྒྱུད་དང་། གདམས་ངག་ཙམ་ལ་རེ་མཁན་ག་ཚོད་མང་པས། དེ་ཚོད་ཀྱིས་མུན་སྒོམ་པ་མང་བ། སུས་བལྟས་ཀྱང་ཤེས་ཐུབ་པ་མི་འདུག་གམ། ལགས།
བསྡུས་གྲྭ་དགོས་དོན་མེད་ཀི དེ་ལས་དངོས་གཙོ་རྩོད་སྒྲུབ་དང་སེམས་གཙོ་རྩོད་མེད་གཉིས་ལ་སེམས་བློ་བཏང་ནས་རང་རང་གི་ཉམས་རྟོགས་གོང་འཕེལ་བྱ་དགོས། ཁ་བཤད་ཆུ་ཡི་ལྦུ་བ་ལྟ་བུའི་རིག་ལམ་བོད་གངས་ཅན་ལ་ད་བར་མི་ཛའོ། ཕྱིས་སུ་བོད་ཀྱི་སྟོབས་འབྱོར་དབྱར་གསུམ་གྱི་ཆུ་བཞིན་རྒྱས་དུས་བསྡུས་གྲྭ་བརྩད་ན་ཆོག
ཤར་ཁུག་གི་གིས་གསལ་འདེབས་བྱེད་ཁུལ་གྱིས་མཁན་ཆེན་ནག་ཚུབ་བེ་གཏོང་ངེས། ཉམས་ཞོགས།
སྔོན་ནས་ད་བར་དུ་བོད་ཀྱི་དགེ་འདུན་འབུམ་ཕྲག་མང་པོ་ཞིག་རྩོད་པ་ཁོ་ན་ལ་མི་ཚེ་བསྐྱལ་ནས་ས་ལམ་གྱི་རྟོགས་པ་གང་ཡང་མ་སྐྱེས་པར་ཆུད་ཟོས་སུ་བཏང་བ་སྨོས་མེད་རེད། སྔོན་ནས་ད་བར་དུ་སྒྲུབ་པ་ཉམས་ལེན་གཙོ་བོ་བྱས་ཏེ་ས་ལམ་གྱི་རྟོགས་པ་མཐོན་པོར་སླེབས་ཟིན་པའི་རྣལ་འབྱོར་པའི་ཁྲོད་ན་རིགས་ལམ་ལ་མ་སྦྱངས་པར་ས་ལམ་གྱི་རྟོགས་པ་འཁྲུངས་མེད་ཟེར་བའི་ལོ་རྒྱུས་ཙམ་ཡང་ཡོད་པ་མ་རེད་ལ། མ་འོང་བར་ཡང་འབྱུང་མི་སྲིད། རིགས་ལམ་ནི་གལ་ཆེན་པོ་རེད། བསྟན་པ་འཛིན་པས་སོ། རྒྱུ་མཚན་ནི་རིགས་ལམ་དེ་ལ་བརྟེན་ནས་མང་པོ་ཞིག་མཉམ་དུ་གནས་ཐུབ་པ་དེ་རེད།དེའི་ནང་ནས་ལས་དང་སྐལ་ལྡན་པ་རེ་གཉིས་རིགས་ལམ་གྱིས་འཆིང་བ་ལས་གྲོལ་ནས་སྒྲུབ་པ་ཉམས་ལེན་གཙོ་བོ་བྱས་ཏེ་ས་ལམ་གྱི་རྟོགས་པ་སྐྱེ་མཁན་ཡོད་པ་ལགས་སོ། །
མཁན་ཚུལ་བློས་རྙིང་མ་པར་བསྡུས་གྲྭ་མི་དགོས་གསུངས་ཡོད་ན་དེ་ནི་ཁོང་གི་འོས་བབས་རེད།། རྙིང་མ་བ་ཚོས་གུས་འདུད་བྱེད་ས་ཞིག་རེད་དེ་ལ་ཆོས་རྒྱུད་གཞན་པ་ཚོས་དེ་ངེས་པར་དུ་དགོས་ཀྱི་རེད་ཟེར་བ་ནི་བླུན་རྟགས་རེད།། དཔེར་ན་དགེ་ལྡན་པར་རྫོགས་ཆེན་མི་དགོས་ཞེས་དགེ་ལྡན་པའི་བླ་མ་ཞིག་གིས་གསུངས་ན་འོས་བབས་རེད།། སྤྱིར་བསྡུས་གྲྭ་མི་དགོས་གསུངས་ན་གནད་དོན་ཁ་ཁ་རེད།
གངས་ལྗོངས་འཇམ་དབྱངས་རྣམ་གསུམ་གྱི་ཡ་གྱལ་རྗེ་ཙོང་ཁ་པར་ཡང་སྔ་རྩོམ་ཕྱི་རྩོམ་ལ་དཔྱད་པ་རྫོགས་མ་རྫོགས་ཀྱི་ཁྱད་པར་ཡོད་ན། རང་བཞིན་གྱིས་བླ་མ་དགེ་བཤེས་ཚོ་ལ་འགྲིག་མ་འགྲིག་ཡོང་
པ་བཤད་མ་དགོས་པ་རེད། དེ་ག་ནང་བཞིན་མཁན་ཆེན་ཚུལ་ཁྲིམས་ཀྱིས་བློ་གྲོས་ཀྱིས་གནས་ཚུལ་
ཇི་བཞིན་མ་རྟོགས་པ་དང་། སྐད་ཆ་བཤད་སྟངས་མ་ཤེས་པ། གང་ལྟར་མགོ་མ་ཚོས་པའི་གནས་ཚུལ་
བྱུང་དང་འབྱུང་གི་རེད། དཔེར་ན་མཚན་ཉིད་རིགས་ལམ་སྦྱོང་མཁན་ཚོས་བསྡུས་གྲྭ་སྦྱོང་མི་དགོས་
པ་རེད་གསུང་ན་འཐད་པ་མེད། དེ་ལྟ་ན། སྤྱི་ཚོགས་མྱོང་ཅན་དང་ཤེས་ཡོན་པ་ཚོས་གསེད་དཀྲོལ་
ལམ་སྟོན་གནང་རྒྱུ་གལ་ཆེན་རེད། ལྟོས་འཇོག་གིས་བཤད་ན་དེང་དུས་བོད་ལྗོངས་སུ་སློབ་གསོ་བ་དང་
སྤྱི་ཚོགས་ཞབས་ཕྱི་ཞུ་མཁན་ཚོའི་ནང་ནས་མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་སློབ་སྦྱོང་གི་འཐུས་སྒོ་ཚང་ཤོས་དང་། འགན་ཁུར་ཀུན་སྤྱོད་ཡག་ཤོས་ཀྱི་གྲངས་རེད། སྤྱི་ཚོགས་སུ་ནུས་པ་ཆེ་ཤོས་ཀྱི་གྲངས་
རེད། དེ་འདྲ་ཡིན་པར་སོང་། སྐྱོན་འཛུགས་བྱེད་མཁན་ཚོས་ཀྱང་གནས་ཚུལ་ཆ་ཚང་ཧ་གོ་བའི་ཐོག་
སྐྱོན་འཛུགས་གནང་རྒྱུ་ལས། མི་སྒེར་ངོས་ནས་དང་ལེན་བྱེད་ཐུབ་མ་ཐུབ་དང་། རྒྱབ་ལྗོངས་ཀྱི་གནས་
ཚུལ་ག་གེ་མོས་ཕྲག་པ་ན་སྡུག་གྱོང་རེད། (བོད་ནས་རྒྱ་གར་དུ་གནས་མཇལ་ཡོང་མཁན་རེ་ཟུང་གིས་ལས་གཞི་འདིས་མི་མང་བརྡབ་གསིག་གཏོང་གི་ཡོད་པའི་གནས་ཚུལ་ཞིབ་ཚགས་བཤད་ཀྱི་འདུག ༧གོང་ས་སྐྱབས་མགོན་ཆེན་པོས་ཀྱང་ ༢༠༡༢ ལོར་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་གནང་སྐབས། ཁོར་ཡུག་སྲུང་སྐྱོབ་ཀྱི་བཀའ་སློབ་གནང་བ་ལས་འཕྲོས་ཏེ། བོད་མིའི་སྔར་སྲོལ་འབྲོག་པའི་འཚོ་བའི་གོམས་གཤིས་མུ་མཐུད་གནས་དགོས་པའི་བཀའ་གནང་བ་མ་ཟད། བོད་ལ་ས་ཐོབ་ཀྱི་སེམས་དཔའ་ནམ་མཁའི་སྐར་ཚོགས་བཞིན་བྱོན་ཡང་། བོད་རྒྱལ་ཡོངས་ལ་རྦད་དེ་དཀར་ཟས་བསྟེན་དགོས་ཞེས་གསུང་མཁན་བྱུང་མྱོང་མེད་པ་དང་། སྙིང་རྗེ་ཁྱོན་ནས་མེད་པར་ཟོག་ལུག་བཤས་རྭར་བསྐྱལ་བ། སྡེབས་གསོད་སྡེབས་ཚོང་རྒྱག་པ་ལས། བོད་མི་ཚོས་ཟོག་ལུག་ཅིག་བཤས་རྗེས་མཆོད་མེ་འཇོག་པ་དང་མ་ཎི་འདོན་པ་འདི་ཅུང་ཙམ་དྲག་པ་ཡོད་ཅེས་བཀའ་གནང་) ཞེས་ལུང་འདྲ་མིན་དྲངས་ནས་མཁན་ཆེན་
མཆོག་གིས་སྤྱི་ཚོགས་སུ་དགེ་སྐུལ་ལམ་ཞབས་ཕྱི་ཞིག་ཞུ་ཡི་ཡོད་པ་དེ་ནག་པོ་བཟོ་སྤྱད་བྱས་ན་ཡག་པོ་མ་རེད། དགེ་བཅུའི་ཁྲིམས་ཟེར་བའི་སྐད་ཆ་བསྒྱུར་ནས་སྤྱི་ཚོགས་ལ་བཀའ་རྒྱ་གཏོང་རྐྱང་དང་། ཞེ་པོ་ཞིག་
མི་མང་ལ་དཀའ་ངལ་སྤྲད་ཀྱི་ཡོད་པ། བོད་ཀྱི་གོམས་གཤིས་སོགས་སུ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་
ཀྱི་ཡོད་རབས་བཤད་པ་ནི་དངོས་གནས་དྲང་པོ་མ་རེད། སྤྱིར་དཔེ་གཞུང་ཁྲིད་དུས་དགག་བཞག་གི་
ཚུལ་ཡོང་གི་ཡོད་པ་ནི་རིགས་པ་སྨྲ་བ་ཚོས་འགྲོ་སྟངས་ཤིག་རེད། བསྡུས་གྲྭ་སློབ་སྦྱོང་གནང་ན་ཡག་
པོ་མེད་རབས་གསུང་ན། དམིགས་བསལ་དགེ་ལུགས་པར་ཕོགས་ཐུག་འགྲོ་དགོས་དོན་ཡོད་མ་རེད།
རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་དགོན་པ་བཏབ། རྔོག་བློ་ལྡན་ཤེས་རབ་ཀྱིས་ཡར་རྒྱས་ཞེ་
དྲག་བཏང། རིགས་པའི་སེང་ཆེན་བརྒྱད་སོགས་བྱུང་སྟེ། ཕྱ་པ་ཆོས་སེང་གིས་བསྡུས་གྲྭའི་རིགས་ལམ་
གསར་གཏོད་གནང་པའམ་དེའི་རིང་ལ་དར་སྲོལ་བྱུང་པ་རེད། སྐབས་དེར་གདན་ས་གསང་ཕུ་བོད་
ཀྱི་ཆོས་བརྒྱུད་ཁག་གི་གྲྭ་ས་ཡོད་ན་མེད་ན་དེ་རེད། གླིང་བསྲེ་ཞེས་པའི་དགེ་བཤེས་ཀྱི་མཚན་རྟགས་ཀྱང་དེ་ནས་བྱུང་བ་རེད། ཀུན་མཁྱེན་བླ་མ་ཀློང་ཆེན་རབས་འབྱམས་དྲི་མེད་འོད་ཟེར་མཆོག་ཀྱང་གསང་
ཕུར་གྲྭ་སར་ཕྱིན་ནས་མཁས་པ་ཆགས་པ་རེད། བོད་ཀྱི་མཚན་ཉིད་བཤད་གྲྭ་ཁག་ལ་བསྡུས་གྲྭའི་རིགས་
ལམ་དར་སྲོལ་འགྲོ་དགོས་པ་ཞིག་རེད། ཉེ་དུས་མཁས་པ་འཇུ་མི་ཕམ་སོགས་ཀྱིས་བསྡུས་གྲྭ་བརྩམས་གནང་ཡོད་པ་རེད། འོན་ཀྱང་། ཉམས་དང་རྟོགས་པའི་དབང་ཕྱུག་རེ་ཟུང་གིས་བསྡུས་གྲྭའི་མཚན་ཉིད་རིག་པར་དགག་པ་བསྐྱོན་པ་བཞག་པ་ཡོད་ས་རེད། བསྡུས་གྲྭའི་རིག་པ་རྐྱང་པ་གོམས་པ་ཤུགས་ཆེ་སོང་
ན་གཞུང་སྤྱིའི་དཀའ་གནད་དང་གོ་སྟོབས་ལ་ཕན་ཐོགས་མེད་པར་མ་ཟད། གནོད་ཀྱི་ཡོད་པའི་ཞལ་
རྒྱུན་མང་ཚོད་རེད། ང་རང་ཚོ་བོད་སྤྱིའི་ཁས་ལེན་པའི་མཁས་གྲུབ་ཆེན་པོ་ཞིག་གིས་ཀྱང་བསྡུ་གྲྭའི་
རིགས་ལམ་གྱིས་སྒོམ་གོལ་སར་འགྲོ་བ་དང་། ལྟ་བ་རྟོགས་པ་ལ་གེགས་སུ་འགྲོ་བའི་ཉེན་ཁ་ཡོད་ས་རེད་ཅེས་པའི་བཀའ་གསུང་ཡང་དག་ཅིག་གོ་མྱོང་ཡོད། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་སྔ་འགྱུར་རྙིང་
མ་སྤྱིས་བསྡུས་གྲྭ་སྦྱང་ཡ་ཡོད་མ་རེད་ཅེས་གསུང་ཤེས་ཀྱི་མ་རེད། འོན་ཀྱང་། ཁོང་མཁན་ཆེན་འཇིགས་
མེད་ཕུན་ཚོགས་ཀྱི་སྐུའི་སྐུ་ཚབ། གསུང་གི་གསུང་ཚབ་སོང་ཙང་། ཁོང་གིས་མཚོན་རྒན་རབས་པ་
ཚོས་གསེར་བླ་རུང་གི་སློབ་ཚན་ག་འདྲ་ཞིག་བསྒྲིག་མིན་དང་སློབ་སྦྱོང་གི་ཁ་ཕྱོགས་ཀྱི་ག་འདྲ་ལ་ཁྲིད་ཀྱི་ཡིན་མིན་གྱི་འགན་བབ་རེད།
བསྡུས་གྲྭ་འདི་རྒྱ་གར་གྱི་སློབ་དཔོན་ཕྱོགས་གླང་ཆོས་གྲགས་སོགས་ཀྱི་གསུང་གི་གཅེས་བསྡུས་བྱས་ནས་བྱུང་བ་ཞིག་ལས། དགེ་ལུགས་པའི་བླ་མའི་གསར་བཟོ་བྱས་པ་གང་ཡང་མ་རེད། ཛམ་གླིང་མཁས་དབང་ཚོས་ཚན་རིག་ཀྱང་བསྡུས་གྲྭའི་རིགས་ལམ་ཐོག་ནས་སྦྱང་ཐུབ་མིན་བརྩོན་བཞིན་པའི་སྐབས་ལ། བོད་ལུགས་རྙིང་མ་པ་འགས། དེ་ལ་མོས་མཐུས་མ་ཐུབ་པ་ནི། རང་ཉིད་རྗེས་ལུས་སྒང་ལ་རྗེས་ལུས་འགྲོ་གཞིར་ལས། ཉམས་ལེན་ལ་ཅང་མི་ཐོགས་ཆེ་བ་ཞིག་གང་ཡང་མ་མཐོང་ལགས།
་་་་་་་་་ རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་དགོན་པ་བཏབ། རྔོག་བློ་ལྡན་ཤེས་རབ་ཀྱིས་ཡར་རྒྱས་ཞེ་
དྲག་བཏང། རིགས་པའི་སེང་ཆེན་བརྒྱད་སོགས་བྱུང་སྟེ། ཕྱ་པ་ཆོས་སེང་གིས་བསྡུས་གྲྭའི་རིགས་ལམ་
གསར་གཏོད་གནང་པའམ་དེའི་རིང་ལ་དར་སྲོལ་བྱུང་པ་རེད།
སྐབས་དེར་གདན་ས་གསང་ཕུ་བོད་ཀྱི་ཆོས་བརྒྱུད་ཁག་གི་གྲྭ་ས་ཡོད་ན་མེད་ན་དེ་རེད། གླིང་བསྲེ་ཞེས་པའི་དགེ་བཤེས་ཀྱི་མཚན་རྟགས་ཀྱང་དེ་ནས་བྱུང་བ་རེད།
ཀུན་མཁྱེན་བླ་མ་ཀློང་ཆེན་རབས་འབྱམས་དྲི་མེད་འོད་ཟེར་མཆོག་ཀྱང་གསང་ཕུར་གྲྭ་སར་ཕྱིན་ནས་མཁས་པ་ཆགས་པ་རེད། བོད་ཀྱི་མཚན་ཉིད་བཤད་གྲྭ་ཁག་ལ་བསྡུས་གྲྭའི་རིགས་ལམ་དར་སྲོལ་འགྲོ་དགོས་པ་ཞིག་རེད། ཉེ་དུས་མཁས་པ་འཇུ་མི་ཕམ་སོགས་ཀྱིས་བསྡུས་གྲྭ་བརྩམས་གནང་ཡོད་པ་རེད། ་་་་་་་་་་་་་
ཁུག་རྟ་འདིས་ག་དུས་ཡིན་ཡང་ཕྱིན་ཅི་ལོག་ལས་བཤད་མི་ཤེས་དོན་ཅི་ཡིན་ནམ། སྤྱིར་བསྡུས་གྲྭ་མི་དགོས་ཟེར་བ་འདི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གསར་དུ་གསུངས་བཞག་པ་ཅང་མ་རེད། རྙིང་མའི་མཁས་པ་ཆེན་པོ་འཇུ་མི་ཕམ་གྱིས་ཀྱང་བསྡུས་གྲྭ་སྦྱང་མི་དགོས་པར་གསུངས་ཡོད་ལ། ཐེག་དམན་གྱི་དགེ་སློང་རྣམས་ཀྱིས་ཀྱང་བསྡུས་གྲྭ་དང་ཚད་མ་རིག་པ་དེ་ཚོ་སངས་རྒྱས་ཀྱི་གསུངས་མ་ཡིན་པས་སྦྱང་མི་འོས་པར་གསུངས་ཡོད་འདུག དེས་ན་རྙིང་མ་པས་བསྡུས་གྲྭ་སྦྱང་འདོད་མེད་ན་རྙིང་མ་རང་ཉིད་ཀྱི་རང་དབང་རེད་ལ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ནི་རྙིང་མ་ཡོངས་ཀྱིས་བཀུར་ཡུལ་ཞིག་ཡིན་པས་བསྡུས་གྲྭ་སྦྱང་འོས་མི་འོས་ཀྱི་ལམ་སྟོན་གནང་བའི་འོས་བབ་ཡང་ཁོང་ལ་ཡོད་པ་རེེད། གོང་ས་མཆོག་གི་སྟ་རེ་ཕྱར་ནས་མི་གཞན་གྱི་མགོ་ལ་ཞུ་རུ་འགྲོ་བའི་བྱ་སྤྱོད་འདིས་གོང་ས་མཆོག་གི་མཚན་མཐོང་ལ་གནོད་བསྐྱལ་གྱི་ཡོད་པ་དེ་ཡང་ཧ་གོ་བར་གྱིས། ཆོས་རྒྱུད་བར་ལ་དཀྲུག་ཤིང་སློང་འདོད་ན་མ་གཏོགས་ཁ་བཙུམས་ན་ཡག་གི་རེད། དེང་སང་ཆོས་རྒྱུད་གཅིག་གིས་གཅིག་ལ་བཀའ་གཏོང་བའི་དུས་ཚོད་དེ་ཡོལ་ཟིན་པ་ཤེས་པར་གྱིས།
ཡིག་རྨོངས་པ་ཚོ་ཡང་སླེབས་སོང་། ཅིག་ཧ་གོ་མདོག་དང་ཤེས་མདོག་གིས་སླེབས་སོང་། སུན་པ་ལ།
ང་ནི། བོད་ཡིག་མཁས་པ་ཚོ་དང་། ཡིག་རྨོངས་ཚོ་ཁ་བརྡ་ཀློག་པ་དང་། ཁ་བརྡར་བྲིས་པ་ལ་དགའ་བསུ་ཡོད།
ཡིན་ན་ཡང་། ཡིག་རྨོངས་ཚོ་ལ། སུམ་དག་སྙན་གསུམ་སློབས་ནས་སློབ་དཔོན་གྱིས། མཁས་པ་ཚོ་ཡིས་ཀྱང་། ནོར་པ་དང་། འཕྱུགས་པ་བྱུང་ན་ཡང་ཡོ་སྲང་གྱིས།
ཡིག་རྨོངས་ཚོས་ཀྱང་ཡར་རྒྱས་ཐོངས། མཁས་པ་ཚོས་ཀྱང་། རང་ནོར་འགན་འཁུར་བགྱིས་ན། བོད་ཀྱི་སྐད་ཡིག་འདི་ཡང་། གཞིས་བྱེས་གཉིས་ལ། དབྱར་གྱི་ཆུ་བོ་བཞིན་དུ་དར་ཞིང་རྒྱས་པར་འགྱུར་རོ།།
ཤར་ཁུག་གིས་གནད་དོན་འདིའི་ཐད་ཆེས་སྤྱིར་བཏང་གི་ཀི་ཞིག་བཏབ་པ་དེ། ནགས་ལ་སྟ་རེ་དང་ཆུ་ལ་ཐུམ་བུ་མ་རེད་སུས་ཟེར་སྤོབས་ཏེ། བསྡུས་གྲྭ་ནི། བོད་མི་མཁས་པ་རང་གིས་གསར་གཏོད་བྱས་པའི་རིག་གནས་ཤིག་ཡིན་པ་མ་ཟད། བོད་མི་མཁས་པའི་ཕྱི་རྗེས་ཤིག་ཀྱང་ཡིན་ཙ་ན། ལར་གསར་གཏོད་ཀྱི་རིག་གནས་དང་། རིག་གནས་དེ་གསར་གཏོད་མཁན་གཉིས་ནི། རྒྱལ་ཁབ་དང་མི་རིགས་ཤིག་ལ་མཚོན་ན། ནམ་ཞག་རྒྱུན་ལྡན་སྲུང་སྐྱོབ་ངེས་དགོས་ཡུལ་ཡིན་པས། བོད་མིས་སྲུང་སྐྱོབ་དགོས་པ་གང་ཞིག་ལ། སྐྱ་སེར་དང་མཁས་བླུན་གྱི་ཁྱད་མིན་པ། ཁྱོད་རང་བོད་མི་ཞིག་ཡིན་མིན་དེ་མིན་ནམ། རིག་གནས་དང་རིག་གཞུང་དགག་སྒྲུབ་ཟེར་བ་དེ། བཟའ་རྒྱུ་ཞིག་མིན་པ་ཙམ་ཤེས་པ་དག་གིས་ཐེངས་འདིའི་དོན་དག་སྐོར་ལ་མཆུ་མ་བརྒྱབ་ན་འཚམ་ཤོས་རེད། ད་དུང་གནད་དོན་འདི་སུས་སུ་ཞིག་ལ་བཤད་པ་ཡིན་པས་སྐྱོན་མེད་རབས་སོགས། བྱིས་པའི་སྐད་ཆ་དག་ལ་ངོ་མ་དོ་སྣང་བྱེད་རིན་ཞིག་མི་འདུག
-ཧ ཧ ཧ
ཐོག་མར་ཁུག་རྟས་བསྡུས་གྲྭ་ལ་བལྟ་མྱོང་མེད་པ་ལས་ཕྱོགས་ཞེན་གྱི་དྲི་མ་ཁ་འདུག དོན་ངོ་མ་རྒྱལ་བ་རིན་པོ་ཆེས་ལ་དྭགས་ནས་ས་སྐྱ་བཀའ་རྙིང་གི་བླ་མ་སྤྲུལ་སྐུ་ཚོ་ཕག་དང་ཕག་ཕྲུག་འདྲ་བོ་དང་གཏེར་ཆོས་དང་ལུང་བསྟན་དང་དག་སྣང་ལ་ཡིད་ཆེས་མེད་བཤད་པ་དང་། འབྲུག་པ་བཀའ་བརྒྱུད་ཀྱི་ཞྭ་མོ་ཆོ་མེད་པ་རེད་བཤད་པ་དག་དང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་ཚིག་འཕྲི་བསྡུས་གྲྭས་རིག་ལམ་མི་དགོས་གསུངས་པར་ཆོས་ལུགས་ཀྱི་ཕྱོགས་ཞེན་མིན་པར་གྲུབ་མཐའ་སོ་སོའི་རྐང་མ་འཆོར་བའི་ཐབས་ཡིན་པར་གསལ་བོ་རེད།
ཚུལ་ཁྲིམས་བློ་གྲོས་དཀར་འདོན་ནི་དགེ་བཤེས་སེར་ཤུལ་དགེ་བཤེས་པས་ནས། ༢༠༡༦/༡/༢ ིན་ཕུལ་ཡིག་ལ་གཟིགས་དང་གསལ་བོ་ཤེས།། བུ་ཕ་ཡིས་མི་བསྟོད་དགྲ་ཡིས་བསྟོད་ཅེས་པ་ཅི་མ་བདེན།
xxxx
ཆོལ་ཁ་ཆོས་བརྒྱུད་ཀྱི་མཚོན་པའི་ཚོགས་སྡེ་ཞིག་ཕར་ཞོག་སྐྱེས་བུ་མི་སྒེར་ཞིག་ལའང་། དེང་གི་ཡོངས་ཁྱབ་འགྲོ་སྟངས་ལྟར་བྱས་ན། སུ་ཞིག་གི་ཁམས་མོས་བསམ་པ་ལ་མ་སྟུན་པར། ཁྱོད་ཀྱིས་ཆོས་དང་རིག་གནས་འདི་ཁས་བླངས་ནས་སྦྱོངས། དེ་སྦྱང་ཡང་མི་དགོས་ལ་ཁས་མ་ལེན་ཞེས་འུར་ན། དོན་དག་གང་ཞིག་ལ་ཐུག་ཡོད་ཤེས་སམ། མི་ཤེས་ན། བཀས་བཀོད་དང་སྒེར་གཅོད་ཅེས་པའི་མིང་ཚིག་གཉིས་པོར་བསམ་བློ་གཏང་རྒྱུ་རེད། ཡང་། སངས་རྒྱས་རང་ལུགས་སུ་བྱས་ནའང་དང་ཐོག་འདི་བྱོས་ཟེར་རྒྱུ་མིན་པར། འདི་བྱེད་དམ་ཟེར་དགོས་ལུགས་མདོ་བསྟན་བཅོས་ན་མཐོང་རྒྱུ་ཡོད་ཟེར་བ་མི་བདེན་ནམ། རེད། ཕྱི་རབས་ཀྱི་བོད་མི་མཁས་པ་ཚོས་རང་མིས་སྲོལ་གཏོད་པའི་བསྡུས་གྲྭའི་རིགས་ལམ་ལ་ཚད་མཐོའི་གདེང་འཇོག་འདི་འདྲ་གནང་འདུག་སྟེ། (ཚིག་ཇི་བཞིན་པ་མིན)རང་མི་མཁས་པས་སྲོལ་གཏོད་པའི་བསྡུས་གྲྭའི་རིགས་ལམ་འདི། ནང་བསྟན་མཚན་ཉིད་རིག་པ་གཅིག་པོར་སྦྱར་བས་མི་ཆོག་པར། མཚན་ཉིད་རིག་པ་སྤྱི་ལ་སྦྱར་བའམ། བསྡུས་གྲྭའི་རིགས་ལམ་འདིའི་སྟེང་ནས། མཚན་ཉིད་རིག་པ་ཀུན་ལ་སྦྱང་རྒྱུ་ཡོད་པ་ཞིག་བྱས་ན། དགེ་མཚན་ཆེ་བས། འདི་ནི་རིག་གནས་ཐད། བོད་པས་འཛམ་གླིང་སྤྱི་ལ་བྱིན་པའི་སྐྱེས་ཤིག་ཅི་ལ་མིན་ཟེར་བ་དེ་རེད།
དགའ་སྐུ་ལགས་དང་དྲི་མེད་ལྷག་བསམ་ཁོང་རྣམ་གཉིས་ཀྱི་མཆན་ལ་ཟུར་གནས་བློ་ཡི་དཔྱད་ན་གསལ་འདེབས་དེ་ག་རང་རེད། དེ་མིན་ཁུག་རྟའི་མིང་ཅན་གི་གསལ་འདེབས་དེ་རང་སྐྱོན་རང་གི་ངོས་མི་ཟིན་པ་འམ། ཡང་ན་གོང་དུ་ཚེ་རིང་ལགས་ནས་གསུངས་པ་བཞིན་ཆོས་ལུགས་ཞེན་གོག་གི་མི་བཟོད་པའི་ཕྲག་དོག་རང་རེད། ཡང་འགའ་ཞིག་ནས་རྙིང་མ་བ་ཁོང་ཚོ་དང་ཁོང་ཚོ་ཞེས་མ་གུས་པའི་ཚིགས་མང་པོ་བཤད་གིས་འདུག། བོན་པོ་ཁོང་ཚོ་དང་དགེ་ལུགས་པ་ཁོང་ཚོ་ཞེས་མང་པོ་བཤད་ན་ཅི་དགའ་ས་ཨི་རེད། དཔྱད་པ་ཐོང་ཨ། ཡིན་ལོག་མིན་ལོག་སྒྲུབ་པའི་རིགས་པ་ལས་ཕན་ཐོགས་ཆེ་ཡོང།
རྟ་དཀར་པོ་སོགས་ཁ་དོག་དཀར་དམར་གྱི་རྩོད་གཞིར་དགའ་ན་བསྡུས་གྲྭ་ལ་དང་འདོད་བྱོས། མནའ་སྔ་མོ་སློབ་དཔོན་ཕྱོགས་གླང་གིས་ཚད་མ་ཀུན་བཏུས་རྩམས་ནས་སྐབས་དེ་རྒྱ་གར་དཔལ་ན་ལན་ཌའི་པཎ་ཌི་ཏ་རྣམས་ཀྱིས་སློབ་དཔོན་ཕྱོགས་ཀྱི་གླང་པོ་པཎ་སྒྲུབ་ནས་ཕྱིར་ཕུད་མཛད་པ་དང་ཚད་མ་ཀུན་བཏུས་ཁྱིའི་རྔ་མར་རྟགས་ནས་གླིང་སྐོར་གྱིས་ནང་པའི་བསྟན་བཅོས་མིན་པ་བཟོས་པ་རེད། བསྡུས་གྲྭ་ནི་ཚད་མ་རིག་པའི་གཞུང་ལུགས་ལ་སློབ་གཉེར་གནང་མཁན་སྔོན་འགྲོའི་ལས་དང་པོ་བ་རྣམས་ཀྱི་ཆེད་དུ་རེད། དེ་ནི་ནང་ཆོས་སྒྲུབ་པར་དགོས་ངེས་ཞོག་མ་རེད་ལ། སྐབས་རེར་དེར་གོམ་པ་ཆེ་སོང་ན་ཁ་ཕྱིར་ལྟས་ཀྱིས་རྩོད་པ་འཕེལ་བའི་རྒྱུ་རུ་མི་འགྱུར་བའི་ངེས་པ་ཡང་མེད།
་་་་་་་་་་་ མནའ་སྔ་མོ་སློབ་དཔོན་ཕྱོགས་གླང་གིས་ཚད་མ་ཀུན་བཏུས་རྩམས་ནས་སྐབས་དེ་རྒྱ་གར་དཔལ་ན་ལན་ཌའི་པཎ་ཌི་ཏ་རྣམས་ཀྱིས་སློབ་དཔོན་ཕྱོགས་ཀྱི་གླང་པོ་པཎ་སྒྲུབ་ནས་ཕྱིར་ཕུད་མཛད་པ་དང་ཚད་མ་ཀུན་བཏུས་ཁྱིའི་རྔ་མར་རྟགས་ནས་གླིང་སྐོར་གྱིས་ནང་པའི་བསྟན་བཅོས་མིན་པ་བཟོས་པ་རེད། ་་་་་་་་་་ཟེར་བ་འདི་ཁུངས་མེད་ལུང་མེད་རེད་དོ། དད་ལྡན་དྲ་གྲོགས་ཚོ།
ངས་བརྗོད་བྱ་དང་འབྲེལ་བ་བཤད་འདོད་མ་བྱུང་། ཤར་ཁུག་ཁོ་རང་ལ་རྩོམ་གཤིས་འདི་འདྲ་ཞིག་མེད་པ་གསལ་པོ་རེད། ཡིན་ནའང་དེང་སང་ཁོའི་རྩོམ་ཡིག་འབྲི་སྟངས་ལ་འགྱུར་བ་ཕྱིན་འདུག ཡར་རྒྱས་རེད་ཅེས་བརྗོད་མི་ཐུབ། གང་ཡིན་ཟེར་ན་ཁོ་པ་དེང་སང་བརྗོད་བྱ་གཞན་དབང་ཤོར་བས་མ་ཚད་བརྗོད་བྱེད་ཀྱང་གཞན་དབང་དུ་ཤོར་ཟིན་པས་སོ། ཁོའི་རྩོམ་ཡིག་འདི་རིགས་ལ་གཞན་ཞིག་གིས་བཟོ་བཅོས་བྱེད་མཁན་ཞིག་ཡོད་ཐག་གཅོད་རེད་འདུག མི་དེ་སུ་རེད་དམ། ཅེས་ངས་དྲི་བ་གཏོང་སྐབས་ལམ་སང་མི་ཚང་མས་ཐུབ་བསྟན་ལུང་རིགས་རེད་ཅེས་བརྗོད་སྲིད། ཡིན་ནའང་ཐུབ་བསྟན་ལུང་རིགས་མ་ཡིན་པའི་གཞན་ཞིག་ཡོད་རེད་སྙམ།
བཀའ་འགྱུར་གྱི་དོན་ཤེས་ཕྱིར། བསྟན་འགྱུར་སྦྱོང་དགོས། དབུ་ཚད་ཤེས་ཕྱིར། བསྡུས་གྲྭ་སྦྱོང་དགོས་ཟེར་བ་ལས། བསྡུས་གྲྭ་སྦྱངས་ནས་མི་ཚེ་གང་པོ་ཚིག་སྐམ་པོའི་རྩོད་པར་བསྐྱལ་དགོས་རེད་ཟེར་མཁན། ཆོས་རྒྱུད་བཞི་ཀའི་དགེ་བའི་མཚན་ཉིད་ལྡན་པ་གཅིག་ཀྱང་ཡོད་མ་རེད་དོ།།
ཤར་ཁུག་གིས་མཁན་པོ་ཚང་ལ་འདི་ལྟར་ཞུས་པ་དེ་འགྲིག་མི་འདུག་ཞུ་རྒྱུ་མེད། མཁན་པོ་ཚང་གིས་ཀྱང་གསལ་འདེབས་དང་ལན་འདེབས་མི་དགོས། ཁོང་ལ་སྐྱོན་ཡོད་ན་ཁོང་ལའང་བློ་བསྐྱེད་ཡིན་གསུངས་པ་རེད། འོན་ཀྱང་། ཤར་ཁུག་གིས་མཁན་པོ་ཚང་གིས་བསྡུས་གྲྭ་དགོས་མིན་གྱི་སྐོར་གསུངས་པ་ལ་སྐྱོན་བརྗོད་ཀྱིན་ཡོད་ན་དེ་བླ་རུང་སྒར་དུ་གསུངས་པ་རེད། དེ་མཁན་པོ་ཁོང་ཚང་གི་དགོངས་ཚུལ་ཞིག་ལས་བཀའ་བཏང་བ་མ་རེད། དགོངས་ཚུལ་ཙམ་ཞིག་གསུང་ཆོག་པའི་དབང་ཆ་ཅིས་ཀྱང་ཡོད་ངེས། དགེ་ལུགས་ལ་བསྡུས་གྲྭ་དགོས་མིན་གླེང་བ་དེ་བས་ཀྱང་མ་རེད། སྐབས་འདིར་དགེ་བཅུ་ཁྲིམས་ཀྱི་དགེ་སྐྱོན་གླེང་གི་ཡོད་ན། མ་གཞི་བོད་སྤྱི་བའི་ཁྲིམས་ལུགས་བླ་རུང་སྒར་གྱིས་བཟོ་དགོས་པའི་དབང་ཆ་ཡོད་མ་རེད། འོན་ཀྱང་འཆལ་སྤྱོད་ཅན་གྱི་བོད་ཀྱི་སྤྱི་ཚོགས་སུ་ཆོས་དད་ལག་ཆར་བེད་སྤྱད་ནས་དགེ་བཅུ་ཁྲིམས་བསྡམས་པ་འདི་འབོད་སྐུལ་ཞིག་ཡིན་པ་ལས། མི་རེ་རེ་ལ་འདི་འདྲ་བྱེད་དགོས་ཡོད་ཅེས་བཀའ་ཕབ་པ་གཏན་ནས་ཡིན་རྒྱུ་མ་རེད་དྲན། བོད་པ་སུས་དགེ་བཅུའི་ཁྲིམས་ལས་འགལ་སོང་བ་དེ་ལ་བླ་རུང་སྒར་ནས་ཆད་པ་གཅོད་ཀྱིན་འདུག་ཟེར་བ་གོ་མྱོང་མེད། འོན་ཀྱང་སྤྱི་ཚོགས་ཆེན་པོ་དེར་དགེ་སྐྱོན་སྣ་ཚོགས་གླེང་མཁན་ཡོད་པ་ཐག་ཆོད། འགའ་ཞིག་ཆོས་ལུགས་དང་ཆོལ་ཁའི་ཕྱོགས་ཞེན་དང་། འགའ་ཞིག་རང་གིས་སྤང་མི་ཐུབ་པའི་རྒྱུ་མཚན་བཅས་ཀྱིས་་སོ།། མདོར་ན་དགེ་བཅུ་ཁྲིམས་ཀྱི་བོད་མིའི་ཀུན་སྤྱོད་ལ་ཡར་བསྐྱེད་བཏང་བ་མ་གཏོགས་ཉམས་ཆག་བཏང་ཡོད་པ་མ་རེད། དཔེར་ན་ཐུབ་པས་འདུལ་ཁྲིམས་བཅས་པ་དེ་སྤྱི་ཚོགས་ཀྱི་དགོས་མཁོ་ལ་དགོངས་པ་ལོས་ཡིན་ཡང་། མི་ཐམས་ཅད་འདུལ་ཁྲིམས་མ་བསྲུངས་པའི་ཉེས་ཆད་བཀལ་མེད་ལ་མི་ཚང་མས་འདུལ་སྡོམ་བསྲུང་དགོས་པའི་བཙན་དབང་བཏང་གནང་མེད། བླ་རུང་སྒར་གྱི་དགེ་བཅུའི་ཁྲིམས་ཀྱང་དེ་འདྲ་ཞིག་ལས་གཞན་ཡིན་རྒྱུ་མ་རེད་སྙམ། ང་རང་གི་བསམ་ཚུལ་ཙམ་ཡིན།