—-མཁན་ཆེན་ཚུལ་ཁྲིམས་བློ་གྲོས།
དྲ་བའི་ཐོག་ནས་ཡིན་ན་མང་པོ་ཞིག་མཐོང་རྒྱུ་ཡོད་པ་རེད། དཔེར་ན་ང་ལྟ་བུ་འདྲ་ཞིག་ཡིན་ན། གཞན་གྱིས་སྐྱོན་བརྗོད་བྱས་པ་མང་པོ་ཞིག་ཡོང་གིན་འདུག འགའ་ཞིག་གིས་སྲོག་བླུ་བྱས་ན་འགྲིག་ཁུ་མི་འདུག་ཟེར་བ་དང་། ཁ་ཤས་ཀྱིས་ཚིག་མཛོད་བསྒྲིག་ན་དེའང་འགྲིག་གི་མི་འདུག་ཟེར་བ། ཡང་ལ་ལས་ཨེ་ཛི་སྔོན་འགོག་བྱེད་རྒྱུ་ནི་གྲྭ་པ་ཞིག་གི་བྱ་བ་མ་རེད་ཟེར་ནས་དགག་པ་སྐྱོན་མཁན་ཡང་ཡོང་གིན་འདུག ཐ་ན་སེམས་ཅན་གྱི་སྲོག་གཅོད་རུང་གི་མ་རེད་ཅེས་ལབ་ན། དེ་ལ་སྲོག་གཅོད་དུ་འཇུག་དགོས་པ་རེད་ཅེས་དགག་པ་རྗོད་མཁན་གྲྭ་པ་ཚོའི་ནང་ནའང་དེ་འདྲ་ཡོད་པ་རེད།
འོན་ཀྱང་ང་ལ་སྐྱོན་བརྗོད་དེ་དག་གིས་ཕན་པ་མ་གཏོགས་གནོད་པ་གང་ཡང་མེད། ཅིའི་ཕྱིར་ཟེར་ན། གལ་ཏེ་ང་ལ་དངོས་སུ་སྐྱོན་དེ་ཡོད་ན། དེ་ལ་བསྒྱུར་བཅོས་བྱེད་རྒྱུར་སྐྱོན་བརྗོད་བྱས་ན་ཧ་ཅང་ཡག་པོ་རེད། གལ་ཏེ་མ་ཉེས་ཁ་ཡོག་ཡིན་ནའང་། ངས་ཉམས་ལེན་ཟེར་ན་ཅང་ཤེས་ཀྱིན་མི་འདུག་སྟེ། དེ་ཕྱོགས་ལ་བསམ་བློ་ཅུང་ཙམ་བཏང་ན་ཕན་ཐོགས་ཆེན་པོ་རེད། ཁྱེད་ཚོས་ཡར་མར་ལ་ཁ་རྩོད་བཀྱེ་ཁུ་མ་འདུག དེ་ཧ་ཅང་ཐབས་ཆག་ཅིག་རེད། ང་ཚོས་མཐུན་སྒྲིལ་དང་རིས་མེད་ཅེས་ནམ་རྒྱུན་ཤོད་རྒྱུ་ཡོད་པ་རེད།
དེ་བཞིན་ཆོས་སྒར་འདི་ལ་སྐྱོན་ཞིག་བརྗོད་ཡོང་ན་ཡང་། ཐོག་མར་སྐྱོན་དེ་ཡོད་མེད་ལ་བརྟགས་ནས། གལ་ཏེ་ཡོད་ན་དེ་ལ་བསྒྱུར་བཅོས་བྱེད་རྒྱུ་མ་གཏོགས་གཞན་གྱི་ཐོག་ལ་སྤྲོ་ལངས་ནས་ཚིག་ངན་འདྲ་མི་འདྲ་སྨྲས་ན་ཡག་པོ་མ་རེད། མ་ཟད་ང་ཚོའི་ཆོས་སྒར་འདི་ལ་ཡང་གནོད་རྒྱུ་རེད། སྐད་ཆ་དང་བྱ་བ་གང་ཞིག་ཡིན་ཡང་། རང་ཉིད་ཀྱིས་འགན་ཁུར་ཐུབ་པ་ཞིག་ངེས་པར་བྱེད་དགོས། གལ་ཏེ་སྐྱོན་དེ་མེད་ནའང་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་འདྲ་ཡིན་ན་གསལ་བཤད་རེ་གནང་བཞག་ན་དེ་ལ་འགལ་བ་ཅང་ཡོད་རྒྱུ་མ་རེད་འགྲིག་གི་རེད། འོན་ཀྱང་ཆགས་སྡང་གི་རྣམ་པ་འདྲ་བོ་ཆགས་སོང་ན་ནི། ཧ་ཅང་ཐབས་སྐྱོ་བོ་རེད། དེ་བས་ཅི་ཡང་མི་ཟེར་བར་བཏང་སྙོམས་སུ་བཞག་ན་དེ་བཟང་གི་རེད། ཚང་མས་གོ་སོང་ངམ།
༡་་་་་ཚིག་མཛོད་བཟོས་ན་འགྲིག་གི་མི་འདུག་ཟེར་བ་མ་རེད། ཅ་དངོས་གསར་པ་ལ་མིང་འདོགས་སྟངས་འགྲིག་གི་མི་འདུག་ཟེར་གྱི་ཡོད་རེད། འཛམ་གླིང་ཐོག་ཏུ་ཁྱབ་ཆེ་བའི་ཅ་དངོས་གསར་པའི་དངོས་མིང་བསྐྱར་ནས་ཅ་དངོས་གསར་པ་རྣམས་ལ་མིང་ལྷག་རེ་བཏགས་ན་འགྲིག་གི་མི་འདུག་ཟེར་གྱི་ཡོད། རྒྱུ་མཚན་ཡོད་མེད་བལྟ་དགོས་པ་ལས་ཁྱི་འབོད་དང་སྐྱག་འབོད་འཐེན་ནས་ཚིག་ངན་ལབ་བསྡད་ན་རང་གཞན་གཉིས་ལ་ཕན་ཐོགས་ཡོང་མི་སྲིད་པ་རེད། སོ་སོའི་རྗེས་འབྲངས་པ་ཡིན་ཟེར་མཁན་གྱི་ཀླད་མེད་ཚོས་ཚིག་ངན་ལབ་བསྡད་པ་རྣམས་ལ་འགན་ཁུར་ན་ཡག་པོ་རེད་བ། ཁྱོད་ཀྱི་རྗེས་འབྲངས་པ་ཡིན་ཟེར་ནས་དྲ་ཐོག་ཏུ་རྒྱུགས་བསྡད་མཁན་དེ་དག་གིས་གཞན་ལ་ཚིག་ངན་ལབ་བསྡད་པ་དེ་དག་ཁྱོད་ལ་འགན་ཡོད་དགོས་ངེས་རེད།
༢་་་་་སྲོག་བླུ་བྱས་ན་འགྲིག་གི་མི་འདུག་ཟེར་བའི་རྒྱུ་མཚན་ཅི་ཡིན་བལྟ་དགོས་པ་རེད། འབྲོག་པ་ཚོས་གཡག་སྲོག་གཅོད་མི་ཆོག་པ་དང་། རོང་བ་ཚོས་ཕག་པ་གསོ་མི་ཆོག་པ་བཟོས་ན་འགྲིག་གི་མི་འདུག་ཟེར་གྱི་ཡོད། བོད་མི་རིགས་ཀྱི་འཚོ་བ་བསྐྱེལ་དགོས་པ་རེད། ཁྱོད་ཀྱི་དབང་ཤུགས་ཀྱི་འོག་ཏུ་ཡོད་པའི་རོང་བ་ཚོ་ལ་ཕག་རྐང་རྫོགས་ཚར་བ་རེད།
སྲོག་བླུ་ཐུབ་ཡོད་མེད་ཁྱོད་ཀྱི་ཚེ་ཐར་བཏང་བའི་ར་ལུག་དང་གཡག་སོགས་ཀྱི་སྲོག་འགོ་ཐོན་འདུག་གམ་མི་འདུག ཚེ་ཐར་དེ་དག་སྤྱང་ཀིས་བསད་པ་རྣམས་སྤྱང་ཀིས་ཟོས། རྐུ་མས་དེད་པ་རྣམས་རྐུ་མས་དེད། མང་ཆེ་བའི་སྲོག་འགོ་འཐེན་མེད་པ།
ཤི་བའི་བསྔོ་རྟེན་དང་གསོན་པོའི་སྐྱབས་རྟེན་ཕུལ་བའི་སྒོར་མོ་རྣམས་རྒྱ་ཉ་པའི་ལག་ཏུ་བཞག་ནས་ཉ་སྲོག་བླུ་མདོག་བྱས་བསྡད་པའི་ཉ་མོ་དེ་དག་གི་སྲོག་འགོ་ཐོན་ཡོད་དམ། རྒྱ་ཡུལ་དུ་ཉ་གསོད་མི་འགྲོ་སའི་ཆུ་ཞིག་ཁྱོད་ལ་ཡོད་དམ། རྒྱ་མཚོ་ནང་དུ་དེ་རིང་ཉ་མོ་ཕར་བཏང་ན་སང་ཉིན་རྒྱ་ཉ་པས་ཚུར་ཟིན་ནས་ཡོང་གི་མ་རེད་དམ། སྒོར་མོ་དེ་དག་ཕམ་པོ་རེད་ཟེར་གི་ཡོད།
ཁྱོད་ཀྱི་སྒར་མཐའ་བསྡད་མཁན་གྱི་ཉམ་ཐག་པའི་བོད་མི་དེ་དག་ལ་ལྟོས་དང་། སྒོར་མོ་ཡོད་ན་ཉམ་ཐག་དེ་དག་ལ་ཟ་མ་རེ་སྤྲོད་ན། མེ་ཤིང་རེ་ཉོ་རོགས་བྱེད་ན། ཁྱོད་ཀྱི་སྒར་མཐའ་བསྡད་པའི་བོད་མི་ཉམ་ཐག་དེ་དག་་མཐོང་ནས་ང་ནི་སེམས་མི་སྐྱིད་པ་ཆགས་སོང་། བུད་ཤིང་མེད་ནས་དཀའ་ལས་ག་ཚོད་རྒྱབ་བཞིན་མི་འདུག་གམ། དགུན་རླུང་གྲང་མོའི་ནང་དུ་ཤིང་ཁུར་ནས་ཡོང་གི་ཡོད་པ་མཐོང་དུས་བྱང་ཆུབ་ཀྱི་སེམས་མེད་ཀྱང་མིག་ནས་མཆི་མ་ཐོན་འོང་གི་འདུག་ག
སྐད་ཆ་འདི་དག་བཤད་དགོས་པའི་རྒྱུ་མཚན་ཁྱོད་ལ་མ་དགའ་བ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་དེ་འདྲ་རྩ་བ་ནས་མིན། ང་རང་སྒེར་གྱི་དོན་དག་སྤུ་ཙམ་མེད། བོད་མི་ཉམ་ཐག་དེ་དག་གི་དཀའ་ངལ་གྱི་ཆེད་དུ་བཤད་བཞིན་ཡོད། ཉམ་ཐག་བོད་མིའི་འཚོ་རྟེན་ལ་གནོན་པའི་ཁྲིམས་ལུགས་བཙུགས་པ་དེ་དག་ངོས་ལེན་བྱེད་ཐབས་རྩ་བ་ནས་མེད་ཟེར་གྱི་ཡིན།
རྒྱ་ནག་གི་སྲིད་འཛིན་ཞིན་ཅན་ཕིང་གིས་ཕག་གསོའི་ཁྱད་ལས་སློབ་སྦྱོང་བྱས་མྱངས་བ་རེད། རྒྱ་མི་རིགས་ཀྱི་འཚོ་རྟེན་གྱི་ཆེད་དུ་རེད། རྒྱུ་མཚན་དེ་ལ་བལྟས་ན་ཞིན་ཅན་ཕིང་མི་སེར་གྱི་འཚོ་རྟེན་རྩ་ཆེ་བརྩི་མཁན་ཞིག་ཡིན་པར་གསལ་པོ་རེད། ཉམ་ཐག་མི་དམངས་ཀྱི་འཚོ་རྟེན་ལ་བསམ་བློ་བཏང་མཁན་གྱི་དཔོན་པོ་དེ་ནི་དཔོན་བཟང་རེད་ཅེས་བཤད་ཆོག་གི་རེད།
དཔེ་ན་་་ཆོས་པ་ཚོས་ཟླ་ཆུའི་ནང་གི་ཉ་མོ་དེ་དག་བོད་མི་རྣམས་ལ་བཟའ་མི་བཅུག ཟླ་ཆུའི་ནང་གི་ཉ་མོའི་ཤ་ནི་འཛམ་གླིང་ཐོག་ཏུ་འགྲན་ཟླ་བྲལ་བའི་ཟས་ཆོག་རེད། ལུས་ལ་ཕན་པ། ནད་ན་ཚ་སྔོན་འགོག་ཐུབ་པ། ཟས་ཡག་པོ་དེ་དག་བོད་མི་རྣམས་ལ་བཟའ་མི་བཅུག ཟས་ཀྱི་ནང་གི་མཐའ་མ་རྒྱ་ཡུལ་ནས་ཁུར་ཡོང་བའི་ཕག་ཤ་ལ་རུང་རྙིང་པ་རྣམས་བོད་མི་རྣམས་ཀྱིས་ཟོས། དུ་ཁར་བཀལ་ནས་སྐམ་པོ་བཟོས་པའི་ཕག་ཤ་ལ་རུང་གིས་མི་ལ་སྐྲན་ནད་ཡོང་གི་ཡོད་པར་ཚན་རིག་པ་ཚོས་བཤད། བོད་མི་མང་པོའི་ཕོ་ཁར་སྐྲན་ནད་ན་བསྡད་པ་ཡང་ཕག་ཤ་ལ་རུང་དང་འབྲེལ་ཡོད་པ་དངོས་ཡོད་རེད། འཛམ་གླིང་་སྐོར་བའི་ཉམས་མྱོང་གི་ཐོག་ནས་བཤད་ཀྱི་ཡོད།
ཅོ་རི་ཉི་མ་ལེགས། ༡༽ཚིག་མཛོད་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཁོ་ནས་ཐག་བཅད་པ་ཞིག་མ་རེད། ཚིག་རེ་བཞིན་གྲོས་བསྡུས་བྱས་ཏེ་བོད་ཀྱི་མཁས་དབང་སུམ་བཅུ་ཙམ་ཞིག་གིས་ཞིབ་བསྡུར་འོག་གཏན་པ་ཕབ་པ་ཞིག་རེད། ཚུལ་ཀྲིམས་བློ་གྲོས་ཀྱིས་འགྲོ་གྲོན། དུས་ཚོད། གཏམ་སྙན་རྣ་སྡུག་ཆད་དུ་བསད་དེ་གདོང་པ་བཙོང་ནས་མཁས་པ་རྣམས་གདན་འདྲེན་སོགས་དཀའ་ལས་བྱས་པ་ལ་སྐུ་དྲིན་ཆེ་མི་ཞུ་བར་ད་དུང་སྨོད་པ་ཞུ་བ་ནི་ཡིད་སྐྱོ་བ་ཞིག་རེད། ༢༽སྲོག་སླུ་དང་དཀར་ཟས་རིགས་ལ་ཕྲན་རང་མཐའ་གཅིག་ཏུ་རྒྱབ་སྐྱོར་མེད། འོན་ཀྱང་སྲོག་སླུ་རྣམ་དཀར་གྱི་དགེ་བ་མིན་ཞུ་མཁན་རྒྱ་བོད་ཀྱི་མཁས་གྲུབ་སུ་ཡང་བྱུང་མྱོང་མེད། དེ་བཞིན་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལ་གཞན་གྱིས་སྲོག་སླུའི་སྒོར་མོ་ཕུལ་བ་དམིགས་ས་དེ་རང་ལ་གཏོང་བ་འགན་ཁུར་བའི་ལས་ཀ་ཞིག་རེད། ཁོང་གིས་བོད་ཕྲུག་བདག་མེད་ལས་ཀ་མེད་པ་སྟོང་ལ་བརྒལ་བར་སློབ་སྦྱོང་དང་འཚོ་བ་བསྟབས་པ་མིག་ལྡན་ལ་གཟུགས་རེད། ཁོང་ལ་རྒྱལ་ཁབ་ཀྱི་དངུལ་མཛོད་དབང་བ་མིན་པས་དེ་ཙམ་ཞིག་ནས་རོགས་གནང་བའི་ནུས་པ་མེད་པ་མངོན་གསལ་རེད། རྒྱལ་ཁབ་ཞིག་གིས་བྱེད་མ་ནུས་པ་མང་པོ་ཞིག་བོད་ཀྱི་གྲྭ་རྐྱང་ཞིག་གིས་གནང་བཞིན་པ་ངོ་མཚར་མི་ཆེའམ། ཁོང་བོད་ཡུལ་གང་དུ་ཕེབས་ཀྱང་ས་གནས་ཀྱི་འབུལ་བ་དེ་ག་རང་དུ་གནང་བའི་ཚུལ་ས་གནས་དེར་འབྲེལ་བ་བྱོས་དང་ཤེས། །༣༽མེ་ཤིང་ནི་སྒར་གྱི་གྲྭ་བ་རྣམས་ཀྱིས་ཀྱང་སྒྲིག་གི་འདུག་པས་དེ་ཙམ་དཀའ་ངལ་ཆེ་བ་རང་མ་རེད། །བཟའ་བཏུང་གི་དཀའ་ངལ་ནི་དེང་དུས་བོད་ལ་ཡོད་མཁན་ཉུང་ཤོས་རེད། སློབ་གསོའི་དཀའ་ངལ་ཡོད་པ་ཀུན་ཀྱིས་ཤེས། དཀའ་ངལ་ཡོད་པ་མཐོང་ན་ཁྱོད་ལྟ་བུ་ཕྱི་རྒྱལ་དུ་བཞུགས་མཁན། སྟོབས་ལྡན་གྱི་རྒྱལ་ཁབ་ཏུ་འཚོ་བ་རོལ་མཁན། རྣམ་དཔྱོད་དང་འཇོན་ཐང་ཡོད་པ་ཚོས་ཁ་གཞན་ལ་གདངས་། རེ་བ་མི་ལ་མི་བྱེད་པར་ཐབས་ཤེས་རེ་གཏོང་པར་སྣང་། ཁང་པ་ཞིག་ཡིན་ན་ལྕམ་དང་དྲལ་མ་ཀ་བ་སོགས་རེ་རེའི་ངོས་ནས་ལྗིད་ཁུར་བ་བཞིན། རང་རེ་བོད་མའི་ཕྱི་ཚོགས་ཀྱིས་ཀྱང་མི་རེ་གཉིས་ལ་རེ་བ་ཡོད་ཚད་བཅོལ་ནས་མི་འདུག་པར་རང་ཉིད་འགུལ་དགོས་ཤིང་། རང་ནུས་བཏོན་ཏེ་རང་ཚོད་ལ་དཔག་པའི་ལས་ཀ་རེ་སྒྲུབས་དགོས་པར་སེམས། །ཕྲན་རང་ཉིད་ཡིན་ཀྱང་བདོག་པ་ཡོད་ཚད་ཀྱི་བརྒྱ་ཆའི་བདུན་ཅུ་ཙམ་སྤྱི་ཚོགས་ལ་གཏོང་གི་ཡོད། ནུས་པ་ཆེན་པོ་མི་འདུག་སྟེ། ལྷག་བསམ་དང་འགན་ཁུར་བའི་ཟོལ་ཡིན། དེ་དག་རང་གི་རྨོངས་འཆར་ལགས་པས་ནོར་འཁྲུལ་ཡོད་སྲིད། དགོངས་འགལ་མེད་པར་ཞུ། །
བཏང་སྙོམས་སུ་བཞག་ན་བཟང་ངོ་།།
དེ་བཞིན་ཆོས་སྒར་འདི་ལ་སྐྱོན་ཞིག་བརྗོད་ཡོང་ན་ཡང་། ཐོག་མར་སྐྱོན་དེ་ཡོད་མེད་ལ་བརྟགས་ནས། གལ་ཏེ་ཡོད་ན་དེ་ལ་བསྒྱུར་བཅོས་བྱེད་རྒྱུ་མ་གཏོགས་གཞན་གྱི་ཐོག་ལ་སྤྲོ་ལངས་ནས་ཚིག་ངན་འདྲ་མི་འདྲ་སྨྲས་ན་ཡག་པོ་མ་རེད། ་་་་་་་་་་་་
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས།
དྲི་མེད་ལྷག་བསམ་གྱིས་གསུངས་ལ་མངོན་པར་བསྟོད།
བོད་པ་ལ་ཡོད་པ་དང་། མེད་པའི་སྐོར་ལ་བརྙ་ཐུང་ཅིག
http://www.khabdha.org/?p=79619#comment-222663
རང་གི་རྐུབ་གཡོག་པ་འགས། ཁྱོད་ཀྱིས་བཙུགས་པའི་དགེ་བཅུའི་ཁྲིམས་ཁ་ནས་བོད་མི་ནང་གསོད་བྱེད་རེས་བྱས་ཡོད་པ་དེ་འགྲིག་གམ།
དེ་ནི། བགྱིད་དུ་བསྩལ་བ་དང་བགྱིད་པ་ལ་རྗེས་སུ་ཡིད་རང་བྱས་བའི་ཉེས་བ་མེད་དམ།
ཆོས་ལ་ལག་ལ་སྲིང་ན་དགའ་བ་ཡོད་པ་ལས། ཁྲིམས་ལ་ལག་པ་སྲིང་ནས་བྱས་ཉེས་སྤལ་ན། ཁྱོད་རང་ལ་དགའ་དང་གུས་བ་རྟུལ་ཙམ་ཡང་མེད་དོ།
ཉམས་ལེན་བྱེད་སྤྱད་ལ་ཕན་ཐོག་ན་དེ་ལྟར་བྱོས། ཁོང་ཁྲོའི་རྒྱུ་འཕེལ་སྤྱད་ལ་སོང་ན། ངེད་གཉིས་ཀྱིས་ཉེས་ལྟུང་མཉམ་དུ་འཁུར། དེ་ཙམ་ཡིན་བདེ་མོ།
༄།མཁན་ཚུལ་ཁྲིམས་བློ་གྲོས་མཆོག་ནས་བསྡུས་གྲྭའི་རིག་ལམ་ཐོག་བླང་དོར་བཀའ་སློབ་གནང་བར་བསྔགས་བརྗོད་ཞུ།དྲ་འབུ་འགས་ཕྱོགས་སྔའི་ནམ་མ་ལངས་གོང་དགག་པའི་ཉི་མ་ཤར་འདུག་མཁན་ཆེན་མཆོག་ནས་རིག་ལམ་རྩ་བ་ཉིད་ནས་མི་དགོས་གང་དུ་ཡང་གསུང་མི་འདུག་རིག་ལམ་སྦྱོང་བཏང་ཡང་རྟག་ཆད་ཀྱི་མཐའ་གཉིས་སུ་མ་ལྷུང་བ་དགོས་ཡ་དེ་གལ་ཆེན་པོ་རེད་དཔེ་ན་སྔོན་མའི་མཁས་དབང་རྣམས་ཀྱིས་གསུང་རྒྱུན་ལ་རྣམ་འགྲེལ་རིག་པ་ཧ་ཀྱང་རྩོད་ཆེ་ན་གཞུང་ཆེན་མོའི་གོ་བར་གནོད་རེད་ཟེར་ནས་རྣམ་འགྲེལ་དགུན་ཆོས་ཆེན་མོ་རྭ་བ་བསྟོད་པ་མ་གཏོགས་གདན་སའི་ནང་ལ་འཚོགས་སྲོལ་མི་འདུག་པས་གནད་འགག་དེ་རེད་འདུག
མཁན་ཆེན་མཆོག།
ཐུགས་སྣང་གནང་རིན་ཡོད་པའི་སྐྱོན་རྗོད་པ་ཞིག་གང་ན་འདུག བྱིས་པ་བསམ་བློ་མ་སྨིན་པ། ཁུངས་འཁྱོལ་པའི་ཤེས་བྱ་སྣ་གཅིག་མི་ཤེས་མཁན། རྒྱུས་མེད་ཇུས་གཏོགས་ལ་ཧ་ཅང་དགའ་མཁན་རྐྱང་རྐྱང་རེད། དེ་བས་ཁྱེད་ཀྱི་ཕྱོགས་ནས་དཔྱིད་དཔལ་ཤར་ཅིང་། དབྱར་མགོ་ཚུགས་ཟིན་པས། འབྲས་བཟང་སྟོན་གྱི་དགའ་སྟོན་ཉམས་སུ་མྱོང་བའི་སྐལ་བཟང་ཞིག་འཆར་རྒྱུའི་རེ་བ་ཧ་ཅང་ཆེ།
གཟུར་གནས་རྣམ་དཔྱོད་ཡོད་པ་ཞིག་ཡིན་ནས་བཟུང་།
ཀུན་མཁྱེན་ཚུལ་ཁྲིམས་བློ་གྲོས་ཀྱིས་བཀའ་རྙིང་ས་བོན་སོགས་ལ་བསྡུས་གྲྭ་མི་དགོས་གསུངས་པར་ཤིན་ཏུ་རྨད་དོ། རྒྱལ་བ་རིན་པོ་ཆེས་དོལ་འདྲེ་དགག་པ་དང་གཏན་ནས་འདྲ་ས་མ་རེད། མ་ཚད་རྒྱལ་བ་ཚང་གིས་དག་སྣང་དང་ལུང་བསྟན་ལ་ཡིད་ཆེས་མེད་ཅེས་དང་སྤྲུལ་སྐུ་ཚོ་ཕག་ཕྲུག་ནང་བཞིན་ཆོ་མི་འདུག ཅེས་དང་འབྲུག་པ་བཀའ་བརྒྱུད་ཀྱི་ཞྭ་མོ་དགག་པ་དེ་ཚོ་དངོས་ནས་རིས་མེད་དང་མཐུན་ལམ་ཞི་བདེ་དང་བོད་དོན་གཅིག་ཡིན་ནམ།
བཀའ་རྙིང་བོན་གསུམ་ནང་ལ། རིགས་ལམ་དང་རིགས་པ་འགྲོ་ས་མེད་ན། མུན་སྒོམ་བྱས་ནས་སྡོད་ཅིགུ
མཁན་ཆེན་མཆོག་གིས་གཞན་གྱི་ཐོག་ལ་ཁྲོ་ལངས་ནས། གསུངས་པ་དེ་ཡི་གེ་འབྲི་མཁན་གྱིས་སྤྲོ་ལངས་ནས། ཞེས་བྲིས་སོ་སྙམ །
འདི་སྔོན་ཆད་ཞིག་ལ་ཁོང་གིས་བཤད་པའི་སྐད་ཆ་རྙིང་པ་ཞིག་རེད།ད་སྐབས་ཁོང་སྔོན་བཞིན་མིན་ལ།ཁོང་གི་སྐད་ཆ་ཡང་སྔོན་ལྟར་བཤད་ཀྱིན་མི་འདུག དཔེར་ན།༼ང་ཚོས་མཐུན་སྒྲིལ་དང་རིས་མེད་ཅེས་ནམ་རྒྱུན་ཤོད་རྒྱུ་ཡོད་པ་རེད་༽འདི་སྔོན་ཆད་ཀྱི་སྐད་ཆ་རེད་ལ། ཉེ་ཆར་ཁོང་གིས་བསྡུས་གྲྭ་དགོས་མིན་གྱི་སྐད་ཆ་དེར་ང་ཚོ་རྙིང་མ་དང་།ཁོང་ཚོ་བཀའ་རྒྱུད་དང་དགེ་ལུགས་ཞེས་ཆོས་རྒྱུད་དབྱེ་འབྱེད་ཀྱིས་མཐུན་སྒྲིལ་ལ་གནོད་པའི་སྐད་ཆ་མང་པོ་ཞིག་བཤད་འདུག སྐབས་དེར་སྔོན་ཆད་ཀྱི་མཐུན་སྒྲིལ་དང་རིས་མེད་བརྗེད་ཚར་འདུག་ལ་དེ་ལས་ལྡོག་སྟེ་ཁ་གཡས་ལོག་དང་རྣ་གཡོན་ལོག་གི་ཚིག་ངན་ཏག་ཏག་བེད་སྤྱོད་བྱེད་ཀྱིན་པ་དེའོ།
ང་རྒྱལ་ཅན་ནི་གཞན་ལ་མཐོང་ཆུང་དགའ། ཕྲག་དོག་ཅན་ནི་གཞན་གྱི་ཡོན་ལ་རྒོལ།འགྲན་སེམས་ཅན་ནི་གཞན་གྱི་དོན་མི་བསམ། གཡོལ་སྒྱུར་ཅན་ནི་རང་འདོད་སྒྲུབ་ལ་མཁས། ཉེན་མོང་ཆེ་བའི་མི་ལ་འདི་དག་འབྱུང་།
རྒན་འཇམ་དཔལ་ལགས་ཀྱིས།
སྤྲོ་ལངས་མ་རེད། ཁྲོ་ལངས་རེད་ཅེས་གསུངས།
མཁན་ཆེན་ཁོང་གི་ཕྱག་གཡོག་རྣམས་ཀྱིས་བྱེད་སྟངས་མ་ཤེས་པ་དང་ཐལ་དྲགས་པ་དེ་འདྲ་མང་པོ་མཐོང་ཡ་འདུག་ག་་་་་་
མཁན་ཆེན་གྱིས།
https://www.youtube.com/watch?v=FNWsh1X5nn8
མཁན་ཆེན་ལགས་ཀྱིས་དགེ་བཅུའི་ཁྲིམས་ལ་རྒྱུན་སྐྱོང་དང་སློབ་གསོའི་ལས་འགུལ་སོགས་ལ་ཡི་རངས་ཞུ། དེ་མིན་བསྡུས་གྲྭ་དགག་པ་དང་རྒྱ་ནག་སྐམ་ས་ཆེན་པོའི་ཆེན་པོའི་ཡུལ་ལོང་ཁག་ཏུ་རང་ལྟ་མཆོག་འཛིན་གྱིས་ཆོས་སྡེ་གཞན་ལ་དམའ་འབེབས་དང་མཐོང་ཆུང་བྱས་པ་སོགས་གོ་ཐོས་བྱུང་བའི་དེ་ལྟར་མི་བྱེད་པའི་རེ་བ་ཤིན་ཏུ་ཆེ།།