• གུང་ཐང་འབྲུག་བྷེ།
__བོད་རང་བཙན་འཐབ་རྩོད་པ་སྤྱི་འཐུས་ཀརྨ་ཆོས་འཕེལ་ལ་བསྔོ་ཡིག་གི་ཚབ་ཏུ།
ཀརྨ་ཆོས་འཕེལ་ནི་ངས་ཀློག་པར་སྤྲོ་བའི་བརྩམས་ཆོས་ཤིག་ཡིན
བརྩམས་ཆོས་དེ་ལས་ཤ་རུས་ཀྱི་གསེང་དུ་འཚང་རྩིས་བརྒྱབ་མྱོང་ལ
བློ་སྙིང་མཆིན་གསུམ་གྱི་བྲང་ལ་ཟུག་འདར་སློང་མྱོང
རྡ་ས་འདི་ལྷ་ས་ལས་ཆར་ཞོད་ཆེ་ས་ཡིན་པས
ལྷབ་ལྷུབ་གཡོ་བའི་ཆར་ཞོད་དེའི་ཀློང་ནས
ཀརྨ་ཆོས་འཕེལ་ལ་ཅི་ལྟར་བརླན་མྱོང་ཡང
རང་ཉིད་ལ་དབང་བའི་སྒལ་ཚིགས་དེ་ལོ་རྒྱུས་མཐོ་སར་བརྩེངས་ཡོད
གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་དེ་བྱ་ཆེན་བཞིན་འཕུར་བར་བྲེལ་དུས
ཁྱེད་ནི་བྱ་ཆེན་དེའི་གཤོག་ཟུང་ཆ་གཅིག་ཡིན
གཤོག་ཟུང་དེའི་འོག་ནས་ཁྱེད་ཀྱི་ཕུགས་བསམ་གྱི་རྒྱལ་ཁབ་ཅིག་རྙེད་པར
ནམ་ཡང་འཕུར་ལྡིང་ཆད་མ་མྱོང
དེ་རིང རྡ་ས་ནས་ཞི་བར་གཤེགས་པའི་ཀརྨ་ཆོས་འཕེལ
རང་ཉིད་ལ་རྨི་ལམ་ཞིག་ཡོད་པ་མ་མངོན་པའི་སྔ་ནུབ་འདིར
ཆོས་ཉིད་ཀྱི་གདུག་རྩུབ་འདི་ཡིས་གློ་བུར་ཁྲིད་པར་བརྩམས་ཡང་
སང་ཉིན་གྱི་སྨིག་རྒྱུ་ལྟ་བུའི་བོད་འདིའི་ཆེད་དུ
ང་ཚོས་ནམ་ཡང་རྨི་ལམ་དེ་རུམ་ཆོག
2016.1.30 ཉིན་ཨོ་སི་ཁྲི་ལི་ཡ་རུ།
ཀརྖོས། འདས་པར། ཀརྡོས། མྱ་ངན། གུས་དུད། ཞུའོ།།
སྐྱེས་པའི་མཐའ་མར་ཤི།
འདུས་པའི་མཐའ་མར་བྲལ།
བསགས་པའི་མཐའ་མར་ཟད་འགྲོ་བའི་མི་རྟག་པའི་ཆོས་ཉིད་འདི་དེ་རིང་ཁྱེད་ཀྱི་ཐོག་ཏུ་བབ། སང་ཉིན་ངའི་ཐོག་ཏུ་ཡོང་ངེས་ལ་གནངས་ཉིན་ཁོའི་ཐོག་ཏུ་ཡང་བབ་ངེས་རེད། འཇིག་རྟེན་ཁམས་འདི་ལ་འདྲ་མཉམ་གཅིག་ཁོ་ནར་ཡོད་པའི་གནས་ལུགས་ནི་མི་ཚང་མ་ཤི་དགོས་པ་འདི་ཡིན། འཇིག་རྟེན་ཁམས་འདི་ལ་དྲང་བདེན་གཅིག་ཁོ་ན་ཡོད་པ་ནི་འཆི་བ་མི་རྟག་པ་འདི་ཡིན།
འཆི་བ་མི་རྟག་པ་འདིས་མི་ཐམས་ཅད་ལ་དབྱེ་འབྱེད་མི་བྱེད། འདིས་ཕྱུག་བདག་གི་རྒྱུ་ལ་མི་བལྟ། དཔོན་ཆེན་གྱི་དབང་ལ་མི་བལྟ། བླ་ཆེན་གྱི་ངོ་ལ་མི་བལྟ། ཉམ་ཆུང་ལ་ཐུབ་ཚོད་མི་གཏོང་། སྤྲང་པོ་ལ་བརྙས་བཅོས་མི་བྱེད། འདི་ནི་འཇིག་རྟེན་ཁམས་ཀྱི་དྲང་ཤོས་དང་བདེན་ཤོས་དེ་ཡིན།
རྒྱལ་གཅེས་པ་ཁྱེད་འཆི་བའི་ལམ་དུ་དེད་སོང་ཡང་ཁྱེད་ཀྱི་རྒྱལ་གཅེས་ཀྱི་ལྷག་བསམ་དེ་ནམ་ཡང་འཆི་མི་སྲིད། རྒྱལ་གཅེས་པ་ཁྱེད་འཆི་ཡང་ཁྱེད་ཀྱི་སེམས་ཁུང་གི་རེ་འདུན་རང་དབང་རང་བཙན་འདི་བོད་བཙན་པོའི་ཁྲག་རྒྱུན་གྱི་དྲོད་ཡོད་པའི་བོད་ཕྲུག་རྒྱལ་གཅེས་པ་ཚོས་བསྒྲུབ་ངེས་རེད། ཐུགས་བདེ་པོའི་ཐོག་ནས་ཕེབས་རོགས།
རྒྱལ་གཅེས་པ་ཁྱེད་ཀྱི་སྐུ་ཕུང་ལ་བོད་ཆེན་པོའི་རྒྱལ་ཁབ་ཀྱི་རྒྱལ་དར་གྱོན་ཆོག་པའི་ཐོབ་ཐང་ཡོད། ཁྱེད་ཀྱི་རྗེས་སུ་རྒྱལ་གླུ་ལེན་དགོས་པའི་འོས་བབ་ཡོད། རྒྱལ་གཅེས་པ་ལགས། ང་ཡང་ཁྱོེད་ཀྱི་རྗེས་སུ་ཡོང་ངེས་པས་སྐྱེ་བ་ཕྱི་མ་ཟེར་འདི་ཡོད་ན་ཕྱི་མའི་ལམ་དུ་ཁྱེད་དང་མཇལ་བའི་སྨོན་ལམ་ཡོད།
གསོན་ལུས་རྣམས་ལ།
སེམས་པ་ཚབ་ཚུབ་མ་གནང་། །
ཆང་རག་མང་པོ་མ་འཐུང་། །
དར་དུས་འཕྲོད་བསྟེན་གཟོབ་དང་། །
མི་ཚེ་རིང་བར་ཕན་ངེས། །
ལོ་འདིར་བོད་རང་བཙན་འཐབ་རྩོད་པར་ལས་རླུང་མ་རྒྱུགས་པའི་ལོ་ནག་ཅིག་ཡིན། རང་བཙན་འཐབ་རྩོད་པ་ཀླུ་མཁར་བྱམས་ལ་ཁ་བརྡུང།། རང་བཙན་འཐབ་རྩོད་པའི་ཚོགས་པ་གཞོན་ནུ་ལྷན་ཚོགས་དུམ་བུ་འཐོར་ཞིག་ཏུ་འགྲོ་བའི་དུས་དང།། རང་བཙན་འཐབ་རྩོད་པ་ཀརྨ་ཆོས་འཕེལ་སྐུ་གཤེགས་པའི་གནས་ཚུལ་སོགས་བྱུང་བ་ནི་རང་བཙན་འཐབ་རྩོད་པ་གཅིག་པོར་གྱོང་རྒུན་མིན་ཅིང་འདི་ནི་བོད་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུར་འགལ་རྐྱེན་ཞིག་ཏུ་གྱུར་ཡོད། རང་བཙན་མ་ཐོབ་པའི་སྔ་རོལ་དུ་ཁྱེད་བོད་མིར་སྐྱེས་ཏེ་སླར་རང་བཙན་འཐབ་རྩོད་ཀྱི་ལས་ལ་ཞུགས་ཏེ་རང་དབང་རང་བཙན་གྱི་རྒྱལ་ཁབ་ཞིག་ཏུ་འགྱུར་བའི་ཁྱེད་ཀྱི་རྨི་ལམ་དེ་མངོན་པར་གྱུར་ཅིག
སྐུ་ངོ་ཀརྨ་ཆོས་འཕེལ་ལགས་སྐུ་གྲོངས་བར་མྱ་ངན་དང་ནང་མི་རྣམས་ལ་སེམས་གསོ་གྲངས་མེད་ཞུ།
རྒྱལ་གཅེས་པ་ཀརྨ་ཆོས་འཕེལ་ནི་སྤྱི་འཐུས་གྲོས་ཚོགས་ཀྱི་ཀ་བ་ཞིག་རེད། གྲོས་ཚོགས་ཀྱི་གཟི་བརྗིད་ཞིག་ཀྱང་རེད། ཁོ་ལྟ་བུའི་རྒྱལ་གཅེས་པ་ཚོར་སྤྱི་ཚོགས་ནས་གནོད་ཤུགས་སྤྲད་ནོ་གྲངས་མེད་ཡིན། ད་ནི་མི་ངན་ཚོ་མགོ་ཇེ་མཐོ་ཡིན་པ་ནི་བོད་ཀྱི་བསོད་ནམས་ཉམས་པའི་རྟགས་རེད་དོ།
སྤྱི་འཐུས་ལས་ཐོག་པ་ཅིག་གྲོངས་པར་བརྟེན་གཞུང་འབྲེལ་མྱ་ངན་བྱེད་དགོས་པ་དང་། ཚབ་གསར་གང་མགྱོགས་བསྐོ་དགོས། ངའི་མིང་རོགས་ཅིག་གྲོངས་པར་མྱ་ངན་གུས་དུད་ཞུ།། །།
པདྨ་དང་པདྨའི་ནག་རིལ་ཡང་བསླེབས་བྱུང་། ཧཧ། རྙིང་མ་པ། ཧོ་ཧོ། རྫོགས་ཆེན་པ། ངོ་མི་ཚའམ།། །།
བོད་མི་མང་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས།
http://www.rfa.org/tibetan/sargyur/chitue-karma-chophel-passed-away-at-dharamsala-01302016114559.html
འཆི་བ་སྒོམས་ལ་་་
སྤྱི་འཐུས་འཆི་བདག་སློད་མ་སོང་། །
ཚོགས་གཙོ་འཆི་བདག་སློད་མི་སྲིད། །
སྲིད་སྐྱོང་ཡིན་ཡང་འཆི་བདག་དེད། །
དེས་ན་ལས་འབྲས་བསྲུངས་ན་ལེགས། །
ལས་འབྲས་སོམས་་་