ཅོག་མྱི།
ཨ་དཀོན་རིན་པོ་ཆེ་དགྲོངས་བའི་ལག་དམར་གཉིས་ལ་རྒྱ་ནག་གིས་སྲོག་ཁྲིམས་བཅད་པ་ལས་བསད་པ་སྟོང་གི་ཞལ་ལྕེ་ལ་བསམ་བློ་གཏོང་བ།
གསར་ལམ་ལྟར་ན་དེ་རིང་རྒྱ་ནག་ཁྲུན་འདུ་འབྲིང་རིམ་ཁྲིམས་ཁང་གིས་ཨ་དཀོན་རིན་པོ་ཆེ་དགྲོངས་བའི་ལག་དམར་ཐུབ་བསྟན་སྐལ་བཟང་དང་ཚེ་རིང་དཔལ་འབྱོར་གཉིས་ལ་སྲོག་ཁྲིམས་བཅད་འདུག ཁྲིམས་ཁང་གི་བཅད་ཁྲ་འདི་ན་སྦྱར་ཡོད་པའི་དྲ་གྲོགས་རྣམས་ཀྱིས་ཀློག་པར་འཚལ།
བཅད་ཁྲའི་གསལ་བརྗོད་ནང་ལག་དམར་གཉིས་ཀྱིས་སྒོར་མོ་ས་ཡ་གཉིས་དང་འབུམ་བདུན་གྱི་ལས་ཚགས་སློང་དུས་ཨ་དཀོན་རིན་པོ་ཆེ་དང་མ་འཆམ་པར་ལག་དམར་གཉིས་ཀྱིས་རིན་པོ་ཆེ་དང་ཁོང་གི་ཚ་བོ་དང་ཁ་ལོ་བ་བཅས་ལ་གྲིས་གཙགས་ཏེ་དགྲོངས་ཟེར། རྒྱ་ནག་དབུས་གཞུང་གི་སྲིད་གྲོས་ཀྱི་ཚོགས་གཙོ་ཟུར་བས་ཨ་དཀོན་རིན་པོ་ཆེ་ཐུག་འཕྲད་བྱས་བའི་པར་ཞིག་ཀྱང་གསར་ལམ་ན་བཞག་འདུག
བཙན་པོ་སྲོང་བཙན་སྒམ་པོ་ནས་བཟུང་བོད་ཀྱི་སྲོག་ཁྲིམས་གཅོད་པའི་ལུགས་སྲོལ་མཚམས་བཞག ཁྲིམས་ལུགས་ཀྱི་ལེགས་སྲོལ་བཟང་བོ་དེ་གཡུ་འབྲུག་སྒྲོག་པའི་ཞལ་ལྕེ་སོགས་བརྒྱུད་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བར་དུ་བསྐྱངས་ནས་མཐར་རྒྱ་ནག་གི་དབང་སྒྱུར་འོག་སྲོག་ཁྲིམས་ཀྱི་ལུགས་སྲོལ་བསྐྱར་དར་བྱས། དེས་ན་ང་ཚོ་བོད་པ་སངས་རྒྱས་ཀྱི་རྗེས་འབྲངས་བ་དང་བཙན་པོ་གདུང་བརྒྱུད་ལ་ཁས་འཆའ་བ་རྣམས་ཀྱིས་རྒྱ་ནག་ཁྲིམས་ཁང་གི་བཅད་ཁྲ་དེ་ལ་མོས་མཐུན་བྱེད་དགོས་པ་རེད་དམ་ངོ་རྒོལ་བྱེད་དགོས་པ་རེད།
ཁོ་བོས་བསམ་ཚུལ་ཡིན་ན་ངོ་རྒོལ་བྱེད་དགོས་པ་རེད། ཞལ་ལྕེའི་བསམ་བློ་ནི་བོད་ཀྱི་གདོད་མ་ནས་ད་ལྟ་བར་དུ་བརྒྱུད་པའི་ཁྲིམས་རྒྱུན་དང་སྲོལ་རྒྱུན་ཡིན་པས་ང་ཚོར་རང་དབང་བསྐྱར་གསོའི་གོ་སྐབས་ཤིག་བྱུང་ན་སྲོག་གཅོད་ཀྱི་ཁྲིམས་དེ་ཁ་བ་ཡུལ་གྱི་ས་ཐོག་ནས་སྤངས་དགོས། དེ་ནི་ང་ཚོ་མི་རིགས་ཀྱི་རང་གཤིས་དང་ཐུན་མོང་མ་ཡིན་པས་ཁྱད་ཆོས་ཡིན་པ་མ་ཟད། ང་ཚོར་ཁྱད་དུ་འཕགས་པའི་ཁྲིམས་ཡོད་པའི་དཔང་རྟགས་ཞིག་ཀྱང་ཡིན།
དེ་ཕྱིར་ལག་དམར་གཉིས་རྒྱ་ནག་གི་ཁྲིམས་འོག་ནས་སྲོག་བསླུ་བའི་ཆེད་དུ་ང་ཚོས་རྒྱ་གཞུང་ལ་འབོད་སྐུལ་བྱས་ནས་ཁོང་གཉིས་ལ་ཚེ་བཙོན་གྱི་ཁྲིམས་ཐག་ལ་བསྒྱུར་བར་འབད་པ་བྱེད་དགོས།
དེ་མིན་རིན་པོ་ཆེ་ཞིག་ཡིན་ནའང་ཉམ་ཆུང་གཞན་ལ་གླ་ཆ་མི་གནང་བ་སོགས་ཀྱི་བརྙས་བཅོས་མི་གནང་བར་འཚལ། དེས་བསམ་གྱིས་མི་ཁྱབ་པའི་སྡིག་པ་གསོག་ངེས་པ་དེ་འདིར་མཚོན་ཡོད་པ་དེ་རེད།
་་་་་་་་་་ དེས་ན་ང་ཚོ་བོད་པ་སངས་རྒྱས་ཀྱི་རྗེས་འབྲངས་བ་དང་བཙན་པོ་གདུང་བརྒྱུད་ལ་ཁས་འཆའ་བ་རྣམས་ཀྱིས་རྒྱ་ནག་ཁྲིམས་ཁང་གི་བཅད་ཁྲ་དེ་ལ་མོས་མཐུན་བྱེད་དགོས་པ་རེད་དམ་ངོ་རྒོལ་བྱེད་དགོས་པ་རེད། ་་་་་་་
ཅེས་དང་།
་་་་་་་་་ དེ་ཕྱིར་ལག་དམར་གཉིས་རྒྱ་ནག་གི་ཁྲིམས་འོག་ནས་སྲོག་བསླུ་བའི་ཆེད་དུ་ང་ཚོས་རྒྱ་གཞུང་ལ་འབོད་སྐུལ་བྱས་ནས་ཁོང་གཉིས་ལ་ཚེ་བཙོན་གྱི་ཁྲིམས་ཐག་ལ་བསྒྱུར་བར་འབད་པ་བྱེད་དགོས། ་་་་་་་་
ཁོང་གཉིས།
སྲོག་ཁྲིམས་ནས་ཚེ་བཙོན་ལ་བསྒྱུར་ཐུབ་ཐབས་ལ། བརྩོན་དགོས་རེད་སྙམ་ལགས།
ཀརྡོས།
ཨ་དཀོན་རིན་པོ་ཆེ་ཚེ་ལས་འདས་པ་དེ་ལ་ད་དུང་དོགས་གཞི་ཡོད་
སྦྱིར་སྲོག་ཁྲིམས་མེད་ན་ཡག་པོ་ཡོད་ཀྱང་། སྲོག་ཁྲིམས་ཡོད་པ་མ་རེད་ཟེར་ནས་མི་གསོད་ཁྲག་སྦྱོར་མང་པོ་འབྱུང་གི་རེད། རྒྱ་གར་གྱིས་སྔོན་ཐོན་རྒྱལ་ཁབ་ལྟར་རྒྱ་གར་གྱི་རྩ་ཁྲིམས་ནང་ནག་ཉེས་རྩ་ཁྲིམས་ནང་སྲོག་ཁྲིམས་དགོས་མིན་སྐོར་གླེང་སློང་སྣ་ཚོགས་ཡོད་ཀྱང་། མཐར་རྒྱ་གར་གཞུང་གིས་བར་སྐབས་སྲོག་ཁྲིམས་རྒྱུན་གནས་དང་སྲོག་ཁྲིམས་གང་ཉུང་ཉུང་གཏོང་བར་ཐག་གཅོད་བྱས་ཡོད།སྔོན་ཐོན་ཨ་རིིའི་ནང་དུ་མངའ་སྡེ་ཚོ་ལའང་སྲོག་ཁྲིམས་ཡོད་མེད་གཉིས་ཀ་ཡོད། ཡིན་ནའང་།སྲོག་ཁྲིམས་གཅོད་པར་ཉུང་ཉུང་རེད། རྒྱ་ནག་ལྟ་བུ་ཡིན་འཛམ་གླིང་ནང་གི་ལོ་རེའི་སྲོག་ཁྲིམས་མང་ཤོས་གཅོད་ཀྱི་ཡོད། གང་ལྟར་ཨ་འབྲུག་བླ་མ་གསོད་མཁན་གཉིས་ཆབ་སྲིད་དང་འབྲེལ་བ་མེད་དུས་སྲོག་ཁྲིམས་གཅོད་དགོས་ངེས་རེད།ོ
ཨ་འབྲུག་བླ་མ་ཟེར་བ་ཨ་དཀོན་རིན་པོ་ཆེ་ཞེས་ཐུགས་སྣང་མཛོད།
རིན་པོ་ཆེ་དཀྲོངས་རྐྱེན་དེའི་རྒྱབ་ན་སུ་ཡོད་མེད་ལ་གསལ་བོར་རྩད་གཅོད་དགོས།
ཏག་ཏག་རེད། ད་མྱི་ངན་ཚང་མ་ལ་བསྟོད་བཟོ་འཐེན། རང་ཚུགས་ཅན་དང་ལ་རྒྱ་ཅན་རྣམས་བསད་གཏུབ་འབུད་འཇོམས་གཏོངས་སོགས་ངོ་མ་ཡག་ཀི་ཡ། མི་རིགས་འདིའི་བྱས་ལུགས་ལ་ལྟོས་དང་།
ཨ་ཀོང་འགྲོངས་མཁན་དེ་གཉིས་ཀྱི་སྲོག་ཐོག་དེ་ཚེ་བཙོན་ལ་བསྒྱུར་ཐུབ་ན་ལེགས། དེའི་ནུས་པ་དེ་ཨ་ཀོང་གི་གཅུང་པོ་བླམ་ཡེ་ཤེས་ལ་ཡོད། ཁོང་ནས་རྒྱ་ནག་གཞུང་ལ་སྲོག་ཐོག་དེ་ཚེ་བཙོན་བཟོ་དགོས་ཞེས་སྙན་ཞུ་འབུལ་བའི་ཐོབ་ཐང་ཡོད།
རྗེ་བཙུན་མི་ལས་ཚེ་བསྟོད་མི་བསད་ཚེ་སྨད་ཆོས་བསྒྱུབས་ནས་ད་ཆ་བོད་པ་ཀུན་གྱི་གསོལ་བ་གདབ་ཡུལ་ཏུ་གྱུར་ཡོད། ཉེས་ཅན་པ་གཉིས་ཡང་དེ་ལྟར་ཡོང་བའི་སྨོན་ལམ་འདེབས།
http://tibettimes.net/%E0%BD%96%E0%BD%BC%E0%BD%91%E0%BC%8B%E0%BD%98%E0%BD%B2%E0%BC%8B%E0%BD%82%E0%BD%89%E0%BD%B2%E0%BD%A6%E0%BC%8B%E0%BD%A3%E0%BC%8B%E0%BD%A6%E0%BE%B2%E0%BD%BC%E0%BD%82%E0%BC%8B%E0%BD%81%E0%BE%B2%E0%BD%B2/
བོད་མི་གཉིས་ལ་སྲོག་ཁྲིམས་བཅད།
བོད་ཀྱི་དུས་བབ། ༡༠:༤༩ རིག་པ། (༠)
སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཨ་དཀོན་རིན་པོ་ཆེ་མཆོག་འགྲོང་མཁན་ཐུབ་བསྟན་ཀུན་གསལ་དང་ཚེ་རིང་དཔལ་འབྱོར་གཉིས་ལ་སྲོག་ཁྲིམས་བཅད་ཡོད་འདུག
74b3a7be-ecfa-4dac-b166-a3cf27a965d7ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོར་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས། རྒྱལ་སྤྱིའི་རོགས་པ་ཚོགས་པའི་ཚོགས་གཙོ་ཨ་དཀོན་རིན་པོ་ཆེ་མཆོག་འགྲོང་མཁན་ཐུབ་བསྟན་ཀུན་གསལ་དང་ཚེ་རིང་དཔལ་འབྱོར་གཉིས་ལ་སྲོག་ཁྲིམས་དང་། ཉེས་ཅན་སྦེད་སྐོང་བྱས་པའི་ནག་ཉེས་འོག་དགེ་འདུན་རྒྱ་མཚོ་(格递江措)ཟེར་བ་ཞིག་ལ་ལོ་གསུམ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ཡོངས་བསྒྲགས་བྱས་འདུག
ཨ་དཀོན་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མ་མཆོག་ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༡༠ ཚེས་ ༨ ཉིན་གྱི་སྔ་དྲོར། སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་གྱི་བོད་མིའི་འདུས་སྡོད་ཁུལ་ཝུའུ་ཧོ་སིའི་མགྲོན་ཁང་ཞིག་ཏུ་སྐུ་བཀྲོངས་ཡོད་པ་དང་། སྐབས་དེར་ཁོང་གི་ཚ་བོ་བློ་དགའ་དང་ཁ་ལོ་བ་འཇིགས་མེད་དབང་རྒྱལ་གཉིས་ཀྱང་མཉམ་དུ་དམར་གསོད་བཏང་ཡོད་པ་རེད།
གསར་འགོད་པ། པདྨ་མཚོ།
འདི་ཡང་རྒྱ་གཞུང་གིས། བོད་མི་ནང་དཀྲུགས་ནས། བོད་མི་མི་འབོར་ཉུང་དུ་བཟོ་ཐབས་ཅིག་ལས་མ་འདས།།
ཨིན་ཡུལ་གྱི་ཆོས་ཚོགས་ཀྱི་བདག་པོ་བླ་ཡེ་དང་ཨོ་ཉི་ཟེར་བ་འདི་ཚོ་ཤི་སོང་མེད་ན་སྲོག་བླུ་རེ་བྱས་ན་ཅི་མ་རུང་།
བདག་པོས་ངོས་ལན་མེད་ན་ཀྲུངས་དབྱང་ལ་སྲོག་ཁྲིམས་གཅོད་པའི་དབང་ཆ་མེད་པར་ཁྲིམས་ཡིག་ཏུ་གསལ། དེས་ན་ད་ལན་ཨོ་ཉི་ཟེར་བའི་དག་ེསྡིག་མེད་པའི་མག་པ་དེ་དང་བླ་ཡེ་ཟེར་བའི་ཨ་ཀོང་གི་ཉེ་བ་ལས་འབྲས་མེད་པ་དེ་ཚོ་ལ་བརྡ་ལན་གསལ་བོ་བསྟན་པ་རེད། མ་ཚད་ཀརྨ་ནག་རིལ་ལ་ཡང་འབྲེལ་བ་ཤིན་ཏུ་ཟབ་པར་བདུད་མོ་ཆོས་རྗེ་ཟེར་བ་དང་ཏྰ་ཡི་སི་ཏུས་བྱང་ཆུབ་སེམས་ཟེར་བ་གཞན་ལ་འགོ་སྐོར་ཆེད་དུ་མིན་པར་ལག་ཏུ་བླངས་དང་ཀརྨ་པ་རེད། དེ་མིན་ཕུ་དཀྲུག་མདའ་དཀྲུག་དམར་ནག་ཁྲག་གི་གཞི་ཁྱིམ་དེ་གངས་ཅན་སྤྱི་དམངས་ལ་བསྒྱུར་ན་སྙིང་རྗེ་མེད་པའི་ལས་འཆར་མ་ཡིན་ནམ།
གསར་འགོད་པ་དང་། སྨྱུག་འཚིན་པ་རྣམས་ལ་གདམས་པའི་སྐོར།
http://tibettimes.net/%E0%BD%82%E0%BD%A6%E0%BD%A2%E0%BC%8B%E0%BD%A0%E0%BD%82%E0%BD%BC%E0%BD%91%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%99%E0%BD%93%E0%BC%8B%E0%BD%90%E0%BD%BC%E0%BC%8B%E0%BD%93%E0%BD%82/
གསར་འགོད་པའི་སྙན་ཐོ་ནག་པོ།
བོད་ཀྱི་དུས་བབ། ༡༡:༥༠ རིག་པ། (༠)
རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ཀྱིས་བཏོན་པའི་ཞིབ་འཇུག་སྙན་ཐོའི་ནང་འདས་པའི་ལོ་ ༢༥ ནང་གསར་འགོད་པ་ ༢༢༩༧ ལྷག་དམར་གསོད་བཏང་ཡོད་སྐོར་འཁོད་འདུག ་་་་་་་་་་་
་་་་་་་་་་ སྲིད་གཞུང་དག་གིས་རྒྱལ་ནང་གི་གསར་འགོད་པ་དམར་གསོད་གཏོང་མཁན་ཚོའི་ཉེས་ཆད་ཆག་ཡངས་སུ་གཏོང་གི་ཡོད་་་་་་་་་་་་
སྲོག་སླུ་རེ་ནུས་ན་ལེགས། ཁོང་ཚོའི་བར་གྱི་རྩོད་པ་དངུལ་ཁོ་ན་མིན་པ་དང་། རྒྱབ་ལྗོངས་ཀྱི་ལོ་རྒྱུས་གསལ་བོ་ཐོན་མེད་པ་སོགས་མངོན་གསལ་རེད། ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཁྲིར་འཁོད་པ་ལ་བཀའ་དྲིན་ཆེ་བའི་མི་བཞི་ཡོད་དེ། སི་ཏུ་རིན་པོ་ཆེ། ཨ་ཀོང་རིན་པོ་ཆེ། འཇང་དྲུང་པ་རིན་པོ་ཆེ། རྡོ་རིང་ཀརྨ་བཅས་རེད། ཕྱི་མ་གསུམ་ཕར་ངོ་ཤེས། རྒྱུས་ཡོད། གཏེར་སྟོན་རྡོ་རིང་ཀརྨས་ཨོ་རྒྱན་འཕྲིན་ལས་མཆོག་གི་མཚན་ཐོ་མགོ་ལོག་དང་ནང་ཆེན། ལྷ་ས་སོགས་ཀྱི་བླ་ཆེན་མང་པོའི་སྐུ་མདུན་དུ་བཞག་ཏེ་འཁྲུངས་རྟགས་ངོ་མཚར་བའི་སྐོར་ཞུས་ཤིང་བླ་མ་མང་པོས་ལེགས་སོ་བརྗོད་འདུག མཐར་ཀརྨ་པར་གྱུར་བ་ཡང་ཁོང་གི་དྲིན་རེད། འཇང་དྲུང་པ་རིན་པོ་ཆེས་རྒྱ་ནག་གཞུང་ལ་ཡི་གེ་ཕུལ་ཏེ་ཆོག་མཆན་ཐོབ་པར་གྲོགས་བླ་མེད་གནང་འདུག ད་ལྟ་ཁོ་རང་གིས་རང་ཉིད་ཀརྨ་པ་ཡིན་ཚུལ་གསུང་གི་ཡོད་པ་འདྲ། ཨ་ཀོང་རིན་པོ་ཆེ་ཚར་ལྔ་ཙམ་རྒྱ་ནག་ཏུ་ཕེབས་ཤིང་སི་ཏུ་རིན་པོ་ཆེ་དང་རྒྱ་བོད་ཀྱི་ཟམ་པ་གནང་འདུག སྐབས་དེར་ཕན་ཚུན་དྲི་བ་དང་དྲིས་ལན། འབྲེལ་བ་བྱུང་བའི་བརྒྱུད་རིམ་སོགས་སྐབས་དེའི་ལྷ་སའི་གསར་འགོད་པའི་སྐད་སྒྱུར་རྩོམ་པ་པོ་ལྗང་བུ་དང་། རྒྱ་ནག་གི་གསར་འགོད་པ་ཧང་མེ་ཀྲུའུ། ཝང་བིའི། ཐེན་ཅིན་ཡིག་མཁན་ཚོགས་པའི་ཚོགས་གཞོན་རྩོམ་པ་པོ་ཝང་ཡུའུ། ལྷ་ས་ཆབ་སྲིད་གྲོས་མོལ་ལྷན་ཚོགས་ཀྱི་ཚོགས་མི། རྩོམ་པ་པོ་སྐུ་གཤེགས་འབྲོང་བུ་ཚེ་རིང་རྡོ་རྗེ་སོགས་ལ་རྒྱུས་ཡོད་འདུག །འབྲེལ་ཡོད་མི་སྣ་ཁག་ལ་གཅར་འདྲི་བྱས་པའི་རྙན་ཐག་གཏུབ་སྒྲིགས་མ་བྱས་པ་ཅི་བཞིན་པ་ཞིག་ལྗང་བུའི་ཕྱག་ཏུ་ཡོད་པ་དང་། ཤིན་ཏུ་རྒྱས་ཤོས་གནས་ཚུལ་ཆ་ཚང་ཞིག་འབྲོང་བུའི་སྐྱེས་མ་དང་། འཇང་དྲུང་པ། རྒྱ་ནག་པཎ་ཆེན་འོས་སྤྲུལ་གྱི་ཕྱག་ཏུ་འདུག་ཆེས་ཁོང་གིས་མཚན་ཞབས་པ་ཞིག་གིས་བཤད་སོང་། དེ་དག་ལ་ཞིབ་ཏུ་གཟིགས་ན་ཨ་ཀོང་རིན་པོ་ཆེའི་འགལ་ཟླའི་ཕྱོགས་གསལ་བོར་འགྱུར་ངེས། རྒྱ་ནག་གི་ཚོང་པ་ཁ་ཤས་དང་། གཏེར་ཁ་རྔོག་འདོན་ལ་ཡང་འབྲེལ་བ་ཡོད་ཟེར་བའི་བཤད་སྲོལ་ཅིག་ཀྱང་འདུག བདེན་རྫུན་དཔྱད་དགོས། ཨ་ཀོང་བོད་སྤྱིའི་སློབ་གསོ་ལ་ཤིན་ཏུ་བཀའ་དྲིན་ཆེ་ཡང་། སུ་ལ་ཡང་མཐུན་པ་ཞིག་ཀྱང་མ་རེད། དཔེར་ན།དང་པོ་ཟུར་མང་དྲུང་པ། དེ་རྗེས་ཞྭ་དམར་པ། དེ་ནས་སི་ཏུ་རིན་པོ་ཆེ། ཐ་མ་ལྷ་བཟོ་ལའང་མ་མཐུན་པའི་ལོ་རྒྱུས་ཡོངས་གྲགས་རེད། གཅིག་བྱས་ན་ཁོང་འཇོན་ཆེ་བས་གཞན་གྱིས་ཕྲག་དོག་བྱས་པ་ཡང་ཡིན་སྲིད། མཐར། ཁོང་དག་པའི་ཞིང་ཏུ་འཕོ་བ་དང་། ལག་དམར་རྣམས་ཐར་བའི་ལམ་དུ་ཞུགས་པར་སྨོན། ༀ་མ་ཎི་པདྨེ་ཧཱུྃ།
སྤྱིར་ཉེས་ཅན་ལ་ཆད་པ་གཅོད་པ་འོས་པ་ཡིན་མོད། ཕན་ཚུན་གྱི་དགྲར་འཛིན་གྱི་བསམ་བློ་དོར་ནས་མི་འཇིགས་པ་སྲོག་གི་སྦྱིན་པ་གནང་ཐུབ་ན་དེ་ལས་ཀྱང་དགེ་མཚན་ཆེ། སྙིང་རྗེའི་དབང་ཕྱུག་མཁྱེན། །ༀ་མ་ཎི་པདྨེ་ཧཱུྃ།
རྒྱ་ནག་གི་ཉེས་ཁྲིམས་ལྟར་ན་ལག་དམར་གཉིས་ལ་མགྱོགས་ནས་ཟླ་གསུམ་བཞི་དང་འགོར་ན་ལོ་གཉིས་ནང་ཚུན་ནས་སྲོག་གཅོད་ཀྱི་ཁྲིམས་ལག་བསྟར་བྱེད་ངེས་བས། ཁོང་གཉིས་ལ་དུས་ཚོད་མང་བོ་མེད། སྲོག་བླུ་རྒྱུ་ཡིན་ན་རེམ་དགོས། ལྷག་ཏུ་འབྲེལ་ཡོད་མི་སྣ་ཚེ་འདས་་ཀྱི་ཉེ་དུ་རྣམས་ཀྱིས་རྒྱ་གཞུང་ལ་ཞུ་བ་འབུལ་རྒྱུ་དེ་གལ་ཆེན་པོར་ཆགས་ཡོད།
གོང་ནས་ཀློང་ཆུང་ལགས་ཀྱིས་བཤད་་པ་དེ་བདེན་པ་རེད།
སྲོག་ཐོག་ཏུ་གཏོང་རྒྱུ་ནི་འཇིགས་སུ་རུང་ཞིང་ཡ་ང་བའི་གནས་སྟངས་ཤིག་ཡིན་པས། འདས་པོའི་ནང་མི་འབྲེལ་ཡོད་ནས་ཁོང་ཚོར་སྲོག་ཐོག་ཏུ་མི་གཏོང་བའི་ཞུ་འབོད་བྱས་ན་ནང་པ་སངས་རྒྱས་སུ་ཁས་འཆེ་བའི་ཀུན་སློང་ཡང་དག་པ་ཞིག་ཡིན་དུས་ངེས་པར་དུ་དགེ་བའི་ལས་ཞིག་ལ་བརྩོན་ན་ཡག་པོ་རེད།
བསམ་ཤེས་ན། མི་གཉིས་ཀྱི་ སྲོག་སླུ་ གཏོང་ཡ་བགྱི་ གོ་སྐབས་ ཆེན་པོ་ འདུག དེ་མིན། སྐྱེ་བ་ནས ་སྐྱེ་བར་གཅིག་གིས གཅིག་ལ་་་་་་་