རྔ་བློས་མཚམས་སྦྱོར་བྱས།
སྲིད་སྐྱོང་འོས་མི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཕྱིའི་ཡུལ་གྲུ་ཁག་ཅིག་ཏུ་འོས་བསྡུའི་ཆེད་ཕེབས་ཏེ། གཏམ་བཤད་གནང་བ་དག་ལས་ཁག་ཅིག་འདིར་བཀོད་ཡོད།
“ང་དོན་ཚན་གསུམ་བཞི་བརྩིས་ཏེ་ལྟ་གྲུབ་ཀྱི་བཟོ་འདྲ་བོར་དགའ་བོ་མེད། དེ་ནི་གསལ་བསྒྲགས་ཀྱི་བཟོ་འདྲ་བོ་ཞིག་རེད། ངས་ལས་ཀ་ག་རེ་བྱས་པ་ཡིན་ནའང་། ཡང་དག་པ་དང་ཕྱི་གསལ་ནང་གསལ། དྲང་པོ་དྲང་བཞག དངོས་ཡོད་དང་མཐུན་པ། དམིགས་ཚད་ཡོད་པ་བཅས་ཀྱིས་ལས་དོན་བསྒྲུབ་རྒྱུ་ཡིན།”
“ད་ལྟའི་ཆར་བོད་རྒྱ་ཞི་མོལ་ཚོགས་ཆུང་དེ་ཚོགས་ཆུང་ཞིག་རེད་མི་འདུག ཚོགས་ཆེན་ཞིག་ཆགས་འདུག སྔོན་མ་འཐུས་མི་ཉུང་ཉུང་ཞིག་ལས་མེད་ཀྱང་། ད་ལྟའི་ཆར་འཐུས་མི་20 ཙམ་འདུག ཁག་ཅིག་མར་གཡུགས། རང་གི་འདོད་འདུན་དང་མཐུན་པ་ཁག་ཡར་བཅུག་སོང་། དེ་འདྲ་ཞིག་གི་ཡོང་གི་མི་འདུག ངེས་པར་དུ་འགྱུར་བ་གཏང་དགོས་འདུག འབྲེལ་མོལ་སྐུ་ཚབ་ཅིག་ངེས་པར་དུ་བསྐོ་དགོས་འདུག་ཅིང་། ཁོས་ཆེད་དམིགས་དེའི་ཆེད་ལས་ཀ་བྱེད་དགོས་ཀྱི་འདུག”
“མི་ཚང་མ་ལ་ཞེན་ཁོག་ཡོད་པ་རེད། ཞེན་ཁོག་བྱེད་ཆོག་གི་རེད། ང་ལ་འང་ཞེན་ཁོག་ཡོད་དེ། ངས་ཞེན་ཁོག་དེ་ཡག་ས་ཞིག་དང་བོད་སྤྱི་ལ་ཕན་ས་ཞིག་ལ་གཏང་གི་རེད་མ་གཏོགས་སྡུག་ས་ཞིག་ལ་གཏང་གི་མ་རེད།”
“ང་མདོ་སྟོད་ལ་སྡང་བོ་ཡོད་པ་རེད་ཟེར་མཁན་སུ་རེད། ངས་སྔོན་མ་མདོ་སྟོད་ནང་ཁུལ་སྒྲིག་འཇགས་ཡོང་དགོས་འདུག ཕན་ཚུན་ཆ་རྐྱེན་མེད་པའི་ཐོག་ནས་མ་གཏོགས། ཆ་རྐྱེན་བརྩིས་བསྡད་ན་ཡོང་ཡ་རེད་མི་འདུག་ཅེས་ཕྱོགས་གཉིས་ཀར་བཤད་མྱོང་ཡོད། གལ་ཏེ་ང་མདོ་སྟོད་མི་ལ་སྡང་བོ་ཡོད་ན་དེ་འདྲ་བཤད་ཀྱི་མ་རེད། ངས་ག་དུས་ཡིན་ན། ལས་དོན་ཅི་ཞིག་བྱས་ན་འང་བོད་ཆོལ་ཁ་གསུམ་པོ་མཉམ་དུ་ཁྲིད་ཐུབ་པར་འབད་བརྩོན་བྱེད་མཁན་ཞིག་ཡིན།”
“ང་གནད་དོན་ག་རེ་ཡིན་ནའང་ཡག་པོ་ཞིག་ཤེས་ཐབས་ལ་འབད་བརྩོན་བྱེད་མཁན་ཞིག་ཡིན། ག་ཚོད་ཤེས་རྟོགས་མང་བ་ཡོད་ན་དེའི་ཚོད་ཀྱིས་དབང་ཤུགས་ཆེ་བ་ཡོད་པ་རེད། མི་ལ་ཕར་དབང་ཡོད་བྱེད་མ་དགོས་པར་མི་ཚུར་ལ་ཡོང་གི་རེད། དེ་ག་རེ་རེད་ཅེས་སྐད་ཆ་འདྲི་བ་དང་བཀའ་སློབ་ཞུ་རུ་ཡོང་བ་ཆོས་ཉིད་རེད།”
“ང་སྲིད་སྐྱོང་ལ་ལངས་དོན། ཕར་བལྟས་ཡོང་དུས་ཆེ་ས་ནས་གོང་ས་མཆོག་ལ་མཛད་དཀའ་བཟོ་མི་ཡོང་ངམ་སྙམ་དང་། ཆུང་ས་ནས་འཛིན་སྐྱོང་གི་ཁྲིམས་དང་སྒྲིག་གཞི་མང་པོ་ཞིག་ལ་དོ་ཕོག་འགྲོ་བཞིན་འདུག ད་དུང་ལོ་ལྔ་དེ་འདྲ་བྱས་ནས་འགྲོ་བ་ཡིན་ན། དཀའ་ངལ་འཕྲད་ཀྱི་རེད་ལ། རྗེས་མ་སླར་གསོ་བྱེད་རྒྱུ་ཁག་པོ་ཆགས་ཀྱི་རེད། དེར་བརྟེན་ང་སྲིད་སྐྱོང་ཆགས་པ་ཡིན་ན། དེ་འདྲའི་རིགས་ངེས་པར་དུ་འགྱུར་བ་གཏང་དགོས་དང་གཏང་ཐུབ་པའི་གདེང་ཚོད་ཡོད།”
“བར་སྐབས་ཤིག་ནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གནས་བབ་དེ་ཉམས་ཆགས་སུ་ཕྱིན་སོང་། དེའི་རྒྱུ་མཚན་གཅིག་ནི་བོད་མིའི་སྒྲིག་འཛུགས་ལ་བོད་དོན་རྒྱབ་སྐྱོར་ཟེར་ན་འདི་འདྲ་དགོས་པ་རེད་ཅེས་ཁ་གསལ་བའི་སྲིད་ཇུས་ཤིག་མེད་པ་རེད་ལ། ཚང་མ་འདྲེས་བསྡད་པའི་ཟོལ་འདྲ་བོ་ཞིག་རེད། ལོ་མང་རིང་བོད་དོན་རྒྱབ་སྐྱོར་བྱེད་མཁན་ཚོར་མཐོང་སྤྲད། གུས་རྩིས་ཞུས། ཆེ་བསྟོད་གནང་དགོས་པ་ཏན་ཏན་ཆགས་ཡོད། འོན་ཀྱང་ཕར་གཟེངས་རྟགས་གནང་རྒྱུའི་ཚབ་ལ་སོ་སོས་གཟེངས་རྟགས་བླངས་ནས་བསྡད་ཡོད།”
“གཞུང་དང་ཚོགས་གང་ཞིག་ཡིན་ནའང་། ཁྲིམས་དང་སྒྲིག་གཞི་ལས་གང་ཟག་དབང་ཆེ་བ་ཆགས་པ་ཡིན་ན། ཉིན་དེ་ནས་བཟུང་གཞུང་དང་ཚོགས་པ་དེ་འཐོར་འགོའམ་ཉམས་འགོ་འཛུགས་པ་རེད།”
“རྒྱ་གར་གྱི་འཛིན་སྐྱོང་འོག་ཡོད་པའི་བོད་སློབ་ཁག་བོད་མིའི་སྒྲིག་འཛུགས་ཀྱིས་རྩིས་ལེན་བྱེད་ཐུབ་ཀྱི་ཡོད་ན་མེད་ན་ཐག་གཅོད་དགོས་ཀྱི་འདུག དེ་ལྟར་མ་བྱས་བར་ལོ་དང་ལོ་བསྟུན་ནས་ཡར་མིན་མར་མིན་གྱིས་བསྡད་ན། སློབ་གྲྭའི་འཛིན་སྐྱོང་དང་སློབ་མའི་སློབ་སྦྱོང་ལ་འཐུས་ཤོར་ཧང་སང་བ་ཆེན་པོ་རེད།”
“ཨ་རིའི་དོན་གཅོད་ལ་རྒྱ་རིགས་འབྲེལ་མཐུད་པ་མེད་པར་ཧ་ལམ་ལོ་འགྲོ་སོང་། སྔོན་མའི་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ཡག་པོ་འདུག་ཅེས་གོང་ས་མཆོག་གིས་གསུངས་སོང་། རེད་དེ་ཁོང་རྡ་ས་ལ་བླངས། ཚབ་ལ་མི་ཡང་མ་བཞག དེ་འདྲ་བྱས་ན། སྔོན་མ་འབྲེལ་བ་ཡོད་པའི་རྒྱ་མི་ཚོ་ཡང་བརླག་འགྲོ་གི་རེད་ལ། མི་གསར་བ་ཞིག་བསླེབས་པའི་དབང་དུ་བཏང་ནའང་། གཞི་ནས་འབྲེལ་བ་བྱེད་ས་འཚོལ་དགོས་ཀྱི་རེད། དེ་འདྲའི་བར་ནས་འཐུས་ཤོར་འགྲོ་བ་གཏན་འཁེལ་བ་རེད།”
“འཛིན་སྐྱོང་གི་ལས་ཀ་ག་འདྲ་བྱེད་བཞིན་ཡོད་མེད་གསལ་བོ་བཟོ་ས་གྲོས་ཚོགས་འཚོགས་འདུ་རེད། སྤྱི་འཐུས་རྣམ་པས་འདྲི་བ་ལྔ་དྲིས་ན། ལན་གསུམ་རྒྱག་གི་རེད། དེ་ལྟར་བྱས་ན་གནད་དོན་གང་ཡིན་ཡང་ཁྱོན་ནས་གསལ་བོ་ཆགས་ཐུབ་ཀྱི་མི་འདུག དེ་ནི་འཛིན་སྐྱོང་དང་གྲོས་ཚོགས་ཡང་ན་མི་མང་བར་གྱི་དཀའ་ངལ་ཞིག་རེད།”
གྲོས་ཚོགས་ནང་འཛིན་སྐྱོང་གི་ལན་ཆ་ཚང་གནང་གི་
མེད་ན་དེའི་འགན་དེ་འཛིན་སྐྱོང་ལ་ཡོད་རེད་གྲོས་ཚོགས་
ལ་ཡོད་རེད་ཧཧཧཧཧ
སྐུ་དྲག་གསར་པའི་སྐུ་ངོ་ལྐོག་རུལ་དེ་ཚོ་ཕམ་འགྱུར་ཅིག །
མི་རབས་གསར་པའི་ནུས་ལྡན་གཞོན་སྐྱེས་དེ་ཚོ་རྒྱལ་འགྱུར་ཅིག །
འཐེན་འཁྱེར་གྱི་མྱོ་བས་ཀརྡོ་ཕྱག་གཉེར་དང་ཇུས་ཏོག་གཉིས་བློ་སེང་གི་ཟོག་རུལ་སྲིད་འཛིན་མུ་མཐུད་རྒྱུན་གནས་ཐུབ་ཐབས་སུ་བསྐོ་གཞག་བྱས་པའི་མིང་རྫུན་གྱི་གདོང་ཁེབ་གོན་པའི་སྤྱི་འཐུས་རེ་གཉིས་ཞིག་ཡོད་པ་དེ་ཚོ་རེད་།
དབྱིན་ཡིག་གི་འཇམ་ནོར་ལྟ་བུའི་དྲ་རྒྱའི་ཐོག་བློ་སེང་གི་ཆེད་བཙུགས་བྱས་པའི་རྒྱབ་སྐྱོར་གཅིག་གཉིས་ཡོད་པ་ལྟར་ཁ་བརྡའི་ཐོག་ཏུ་ལས་འགོས་འགན་ལེན་དེ་ཀརྡོ་ཆག་མྱོས་དང་ཇུས་ཏོག་ཚང་གཉིས་ཀྱི་འགན་འཁུར་བྱེད་ཀྱི་ཡོད་།
དྲ་གྲོགས་ཚོས་མཁྱེན་དགོས་པ་ཞིག་ལ་བློ་སེང་དང་བློ་མཐུན་སྙིང་ཉེ་བ་ཁག་ཅིག་གི་བར་གསང་གྲོས་བྱས་པའི་ནང་དོན་སྐད་ཆ་ཞིག་ཕྱིར་གསལ་ཡོང་གི་ཡོད་པ་དེ་ནི་་༧གོང་ས་མཆོག་གི་བློ་སེང་མུ་མཐུད་ནས་ལོ་ལྔ་སྲིད་སྐྱོང་བྱེད་ཐུབ་ན་ལས་མཇུག་སྐྱོང་རྒྱུར་ཡག་པོ་འདུག་ཅེས་པའི་སྐད་ཆ་རྫུན་མ་ཞིག་སྤྲམ་རྒྱུའི་ཇུས་གཏིང་ཡོད་པ་ཤེས་རྟོགས་ཐུབ་རྒྱུ་ཡོད་པ་རེད་
ཀརྡོ་གཉེར་ཆག་པས་ལས་འགན་དེ་སྒྲུབ་ཀྱི་ཡོད་པ་རེད་
མི་གཉིད་ལ་ཤོར་བ་ཞིག་ཡར་ལངས་ཆོག་ཀྱང་གཉིད་རྫུན་ཁུག་ནས་སྡོད་མཁན་ཞིག་རྨོང་གཉིད་སེལ་ཐབས་མེད་པ་རེད་ བོད་མིར་མགོ་བསྐོར་མ་གཏོང་མཁན་ཞིག་རྒྱལ་འགྱུར་ཅིག་།
༧གོང་ས་མཆོག་རང་གི་ཆབ་སྲིད་ཀྱི་ཁེ་ཕན་ཆེད་བེད་སྤྱོད་གཏོང་མཁན་དེ་བློ་སེང་རེད་།
ནེའུ་ཡོག་གི་ལྷག་བསམ་ཁ་རི་ཁ་ཐུག་ཟེར་བས་ཁོ་རང་གི་དགའ་ཉེ་གྲོགས་པོ་ཁག་ཅིག་ལ་སྔ་ས་ནས་དུས་འཁོར་དབང་ཆེན་དེ་བློ་སེང་གི་འོས་ཤོག་ཐུབ་རྒྱུའི་ཆབ་སྲིད་སྩལ་ཆེ་ཤོས་དེ་ཡིན་པ་ངོ་སྤྲོད་བྱས་པའི་གནས་ཚུལ་ཡོངས་གྲགས་རེད་།
བློ་སེང་གི་ཨ་རི་དོན་གཅོད་བསྐོ་སྟངས་དེ་ད་ཆ་མང་ཚོགས་ཀྱི་དོ་སྣང་བྱ་ཡུལ་ཞིག་ཆགས་ཡོད་།
དད་པོ་ལོག་སྤྱོད་པ་སྤེན་ཚེ་ཕག་གདོང་འདི་ད་དུང་ཀླུ་བྱམས་ཀྱི་བསྒྲགས་གཏམ་བཞི་པོར་ནད་རྙིང་མི་ཐེག་པར་སྡུག་སྐད་གང་སར་འདོན་བཞིན་འདུག། མི་འདི་ལ་ངོ་ཚ་ཟེར་བ་ཞིག་མེད་ཁོ་ཐག། མི་གསོད་ལག་དམར་གྱི་བགྱོད་གཞི་ཐག་མ་ཆོད་པར་ཀ་སྟག་སྤྲུལ་སྐུའི་རྣམ་ཤེས་ཀྱིས་མི་ངན་འདི་ཐར་པ་གང་ནས་གཏོང་།
བློ་སེང་འོས་ཤོག་ཐོབ་ཀྱི་མ་རེད་བསམ་ནས་ད་ལྟ་ནས་ངུ་སྐད་ཤོར་མཁན་མང་བ་ལ་སྙིང་རེ་རྗེ་།
#3 ཨ་གུ་རྡོ་རྗེ་ལགས་ ་ལགས་ཀྱིས་སྤེལ་དོན།:
January 31st, 2016 at 12:09 pm
འཐེན་འཁྱེར་གྱི་མྱོ་བས་ཀརྡོ་ཕྱག་གཉེར་དང་ཇུས་ཏོག་གཉིས་བློ་སེང་གི་ཟོག་རུལ་སྲིད་འཛིན་མུ་མཐུད་རྒྱུན་གནས་ཐུབ་ཐབས་སུ་བསྐོ་གཞག་བྱས་པའི་མིང་རྫུན་གྱི་གདོང་ཁེབ་གོན་པའི་སྤྱི་འཐུས་རེ་གཉིས་ཞིག་ཡོད་པ་དེ་ཚོ་རེད་།
དབྱིན་ཡིག་གི་འཇམ་ནོར་ལྟ་བུའི་དྲ་རྒྱའི་ཐོག་བློ་སེང་གི་ཆེད་བཙུགས་བྱས་པའི་རྒྱབ་སྐྱོར་གཅིག་གཉིས་ཡོད་པ་ལྟར་ཁ་བརྡའི་ཐོག་ཏུ་ལས་འགོས་འགན་ལེན་དེ་ཀརྡོ་ཆག་མྱོས་དང་ཇུས་ཏོག་ཚང་གཉིས་ཀྱི་འགན་འཁུར་བྱེད་ཀྱི་ཡོད་།
དྲ་གྲོགས་ཚོས་མཁྱེན་དགོས་པ་ཞིག་ལ་བློ་སེང་དང་བློ་མཐུན་སྙིང་ཉེ་བ་ཁག་ཅིག་གི་བར་གསང་གྲོས་བྱས་པའི་ནང་དོན་སྐད་ཆ་ཞིག་ཕྱིར་གསལ་ཡོང་གི་ཡོད་པ་དེ་ནི་་༧གོང་ས་མཆོག་གི་བློ་སེང་མུ་མཐུད་ནས་ལོ་ལྔ་སྲིད་སྐྱོང་བྱེད་ཐུབ་ན་ལས་མཇུག་སྐྱོང་རྒྱུར་ཡག་པོ་འདུག་ཅེས་པའི་སྐད་ཆ་རྫུན་མ་ཞིག་སྤྲམ་རྒྱུའི་ཇུས་གཏིང་ཡོད་པ་ཤེས་རྟོགས་ཐུབ་རྒྱུ་ཡོད་པ་རེད་
ཀརྡོ་གཉེར་ཆག་པས་ལས་འགན་དེ་སྒྲུབ་ཀྱི་ཡོད་པ་རེད་
མི་གཉིད་ལ་ཤོར་བ་ཞིག་ཡར་ལངས་ཆོག་ཀྱང་གཉིད་རྫུན་ཁུག་ནས་སྡོད་མཁན་ཞིག་རྨོང་གཉིད་སེལ་ཐབས་མེད་པ་རེད་ བོད་མིར་མགོ་བསྐོར་མ་གཏོང་མཁན་ཞིག་རྒྱལ་འགྱུར་ཅིག་།
དོ་སྣང་དགོས་པའི་SANGAY འི་གསུང་བཤད།
https://www.facebook.com/fan.page.of.dr.lobsangsangay/videos/951187931641429/
དོ་སྣང་དགོས་པའི་བཀའ་སློབ་རྙིང་པ་ཞིག
https://www.facebook.com/rangzenismybirthright/videos/10207334804313894/
བོད་དོན་རོགས་སྐྱོར་ཚོགས་པ་ཟེར་བ་དང་རྒྱབ་སྐྱོར་ཚོགས་པ་ཟེར་བ་དེ་ཚོ་བློ་སེང་གི་སྐབས་ལ་ཉུང་དུ་སོང་བ་ནང་བཞིན་སྤེན་ཚེ་སྲིད་སྐྱོང་ལ་ཁེལ་ནའང་ཉུང་དུ་འགྲོ་རྒྱུ་ཡིན་པ་གསལ་བོ་རེད། རྒྱུ་མཚན། ཁོ་གཉིས་སུ་ལ་ཡང་བོད་དོན་རྒྱབ་སྐྱོར་འཚོལ་སྟངས་ཐད་གཟུར་བོར་གནས་པའི་ལངས་ཕྱོགས་དང་འཆར་གཞི་ཞིབ་ཚགས་ལྡན་པ་གང་ཡང་མེད།
དེ་སྔ་བོད་དོན་རྒྱབ་སྐྱོར་དང་ཕྱི་ཕྱོགས་འབྲེལ་མཐུད་ཀྱི་ཐད་ནས་འཐུས་ཤོར་ཅི་འདྲ་ཞིག་བྱུང་ཡོད་ན་ཡང་། དེ་ཚོ་ཚང་མ་བློ་སེང་གཅིག་པུའི་མགོར་གཡུག་ཆོག་ཆོག་ཅིག་མིན་ལ། གལ་གཡུགས་བཞག་པའི་དབང་དུ་དང་ནའང་། ལས་རྒྱུ་འབྲས་ལ་རུང་བ་ཞིག་མ་རེད།
དོ་སྣང་བྱེད་དགོས་པའི་གཏམ་བཤད་དང་། དྲི་བའི་ལན།
https://www.facebook.com/jampa.thutop/videos/951289468299283/
དོ་སྣང་བྱས་ན།
https://www.facebook.com/fan.page.of.dr.lobsangsangay/videos/906506969442859/
རླུང་འཕྲིན་ཁང་གི་དྲི་བར་ལན་འདེབས།
https://www.facebook.com/fan.page.of.dr.lobsangsangay/?fref=nf
འདི་ལྟར་ཟླ་བ་འགའ་ཤས་ཤིག་སོང་ན་དྲ་འབུ་མང་པོ་ཞིག་ལ་སྲོག་རླུང་གི་ན་ཚ་ཡོང་ས་རེད་་་རང་རྒྱལ་གཞན་ཕམ་དང་ཆོལ་གའི་འཐེན་འཁྱེར་ཞིག་གི་འོག་ནས་ངུ་སྐད་དེ་ཆད་རྒྱུ་ཞིག་མི་འདུག་་་་་་་མིང་མཐོང་ན་སུན་སྣང་ཡོང་སའི་དྲ་འབུ་འགའ་ཤས་ཤིག་ཁ་བརྡ་ཚང་གི་ཉིན་སྲིབ་ན་འདུར་རྒྱུག་བྱས་ནས་མི་ཚེ་བསྐྱལ་གྱིན་འདུག་་་་སྙིང་རྗེ་