—-བསྟན་པ་དར་རྒྱས
ཚེ་འབར།
བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་སྐུ་གཤེགས་པ་དང་། ཁྲི་མུན་བཙོན་ཁང་ནས་དམྱལ་བ་མི་ཡུལ་དུ་བསླེབས་པ་ལྟ་བུའི་མནར་གཅོད་མྱངས་དང་མྱོང་བཞིན་པའི་རླབས་ཆེ་བའི་སྤུན་ཟླ་ཚོ་དང་། ལྷག་ཏུ་ད་སྔ་བྱུང་མ་མྱོང་བའི་འཛམ་གླིང་གི་ཆེས་ཚད་མཐོ་བའི་ལས་འགུལ་རང་ལུས་མེར་བསྲེགས་པའི་རྒྱལ་གཅེས་དཔའ་པོ་དཔའ་མོ་རྣམས་ཀྱི་ནང་མི་དང་གཉེན་ཉེ་ཚོ་ལ་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དུ། ངས་བོད་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་དུ་ལོ་སར་མི་བྱེད་པའི་དམ་བཅའ་བཞག་ཡོད།
དགོས་འདུན།
1• རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས།
2• པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་ཡོད་ཚད་གློད་གྲོལ་གཏོང་དགོས།
3• བོད་ནང་གི་དངོས་ཡོད་གནས་སྟངས་གང་ཡིན་རྒྱུས་ལོན་ཕྱིར་རྒྱལ་སྤྱིའི་རང་དབང་ལྡན་པའི་ཚོགས་སྡེ་དང་གསར་འགོད་པ་སོགས་བོད་ནང་ལ་གཏོང་དགོས།
འགྲེལ་བཤད།
[1] ངས་ཆ་རྐྱེན་མེད་པར་༧ གོང་ས་མཆོག་བོད་ནང་ལ་གདན་འདྲེན་ཞུ་རྒྱུའི་དགོས་འདུན་བཏོན་པ་ཡིན།
༧ གོང་ས་རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་འཇུག་མིན་ནི་རྒྱ་ནག་གཞུང་གིས་ཁ་མིན་དོན་གྱིས་བོད་ལ་ཆོས་དད་རང་དབང་སྤྲོད་མིན་ལ་རག་ལས་པ་ཞིག་ཡིན། བོད་ནང་གི་བོད་མི་ཚོས་༧ གོང་ས་རྒྱལ་བ་རིན་པོ་ཆེའི་གསེར་ཞལ་ལ་མཇལ་རྒྱུ་དེ་རང་ཉིད་ཀྱི་ཚེ་སྲོག་ལས་ཀྱང་གལ་ཆེ་བར་རྩི་བཞིན་ཡོད། རྒྱ་ནག་གཞུང་གིས་འདི་ལྟ་བུ་དོན་མེད་སྣང་ཆུང་དུ་བཞག་པ་ཡིན་ན། མངོན་སུམ་འཛེམ་མེད་དུ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་རྡོག་བརྫིས་བཏང་བར་བདེན་དཔང་བྱས་པ་ཡིན། རྩ་ཁྲིམས་དོན་ཚན་སོ་དྲུག་པར། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་དད་ཀྱི་རང་དབང་ཡོད། རྒྱལ་ཁབ་ཀྱི་ལས་ཁུངས་དང་། སྤྱི་ཚོགས་ཀྱི་ཚོགས་པ། མི་སྒེར་བཅས་གང་ཡིན་རུང་བཙན་ཤེད་ཀྱིས་སྤྱི་དམངས་ཆོས་ལ་དད་མོས་བྱེད་དུ་འཇུག་པའམ་ཆོས་ལ་དད་མོས་བྱེད་མི་འཇུག་པ་བྱས་མི་ཆོག” ཅེས་ཁྲིམས་སུ་བཅས་པའི་ཤོག་ལྷེ་དེ་དག་ཉི་མ་དེ་ནས་བཟུང་གད་སྙིགས་ལྟ་བུ་ལས་རིན་ཐང་ཅི་ཡང་མེད། དེ་བས། བོད་རྒྱ་ཆེའི་མི་དམངས་ལ་༧ འཛམ་གླིང་ཞི་བདེའི་དེད་དཔོན་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་བསྐྲུན་དགོས་པ་ཁྱེད་ཅག་གིས་བླ་ན་མེད་པའི་རྩ་ཁྲིམས་ཀྱི་དགོངས་དོན་ཡིན་སྟབས། དེ་དག་ལག་ཏུ་ལེན་པ་ལས་ལྡོག་སྟེ་མི་གཙང་བའི་གད་སྙིགས་ཁྲོད་དུ་གཡུག་དོན་ཅི།
[2] ངས་ཉེས་མེད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་ཞེས་དགོས་འདུན་བཏོན་པ་ཡིན།
རླབས་ཆེ་བའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འགྲོ་བ་མིའི་ཐོབ་ཐང་ཁོ་ནའི་ཆེད་དུ་ཁྲི་མུན་བཙོན་དུ་ཚུད་པ་ལས་ཁོང་ཚོ་ལ་ནག་ཉེས་སྤུ་ཉག་ཙམ་ཡང་མེད། རྒྱ་ནག་གཞུང་གི་རྩ་ཁྲིམས་དོན་ཚན་སོ་ལྔ་པར། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་གཏམ་བརྗོད་དང་། དཔེ་སྐྲུན། འདུ་ཚོགས། ཚོགས་འཛུགས། ཁྲོམ་སྐོར། རྔམ་སྟོན་བཅས་བྱེད་པའི་རང་དབང་ཡོད།” ཅེས་པ་དེའི་ཟུར་གང་ལའང་རྒྱབ་འགལ་དུ་སོང་མེད། རུས་པ་ལྕགས་ལས་སྲ་བའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་མིན་དེ་རྒྱ་ནག་གཞུང་གིས་རྩ་ཁྲིམས་ལག་ལེན་ལ་བསྟར་མིན་ཁོ་ནར་ཐུག་ཡོད།
[3] ངས་གསར་འགོད་པར་རང་དབང་སྤྲོད་དགོས་ཞེས་དགོས་འདུན་བཏོན་པ་ཡིན།
རྒྱལ་སྤྱིའི་རང་དབང་ལྡན་པའི་ཚོགས་སྡེ་དང་གསར་འགོད་པ་རྣམས་བོད་ནང་ལ་གཏོང་དགོས་ཞེས་པ་ནི། རྒྱ་ནག་གཞུང་གིས་སྒྲོག་བཞིན་པའི་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ག་འདྲ་ཡིན་མིན་ཕྱི་གསལ་ནང་གསལ་ཡོང་བའི་སླད་དུ་ཡིན། རྒྱ་ནག་གཞུང་གིས་ངོ་འབག་མཐུག་པོ་ཞིག་གྱོན་ནས། ཏཱ་ལའི་རུ་ཚོགས་ཀྱིས་རྫུན་བཟོ་བྱས་ཏེ་བོད་ནང་རང་དབང་མེད་ཚུལ་བརྗོད་པ་ནི་རྫུན་གཏམ་ཁོ་ན་སྟེ། དོན་དངོས་ཐོག་བོད་ནང་གི་བོད་མི་རྣམས་ལ་འོད་སྟོང་ལྡན་པའི་མདུན་ལམ་གསར་བ་ཞིག་བསྐྲུན་ཡོད་ཚུལ་ཤོད་ཀྱིན་པ་དེ་འཛམ་གླིང་མི་དམངས་ལ་ཕྱི་གསལ་ནང་གསལ་ཡོང་བའི་ཕྱིར་དུ་ཡིན། ཅིའི་ཕྱིར། རྒྱ་ནག་གཞུང་གིས་ཁ་མིན་དོན་གྱིས་བོད་པ་ཚོར་བདེ་སྐྱིད་ལྡན་པའི་བྱ་བཞག་ཅིག་བསྒྲུབས་དང་སྒྲུབ་མུས་སུ་ཡོད་ན་འཛམ་གླིང་གི་མིག་མདུན་དུ་སྟོན་མི་ཐུབ་པའི་རྒྱུ་མཚན་ཅི། ཕྱི་གསལ་ནང་གསལ་ལ་ཞེད་སྣང་སྐྱེ་དོན་ཅི།
ཕྱི་ལོ་༢༠༡༦ ཟླ་ ༢ ཚེས་ ༩ ཉིན། ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ནས།
་་་་་་་་་ རྩ་ཁྲིམས་དོན་ཚན་སོ་དྲུག་པར། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་དད་ཀྱི་རང་དབང་ཡོད། རྒྱལ་ཁབ་ཀྱི་ལས་ཁུངས་དང་། སྤྱི་ཚོགས་ཀྱི་ཚོགས་པ། མི་སྒེར་བཅས་གང་ཡིན་རུང་བཙན་ཤེད་ཀྱིས་སྤྱི་དམངས་ཆོས་ལ་དད་མོས་བྱེད་དུ་འཇུག་པའམ་ཆོས་ལ་དད་མོས་བྱེད་མི་འཇུག་པ་བྱས་མི་ཆོག” ཅེས་ཁྲིམས་སུ་བཅས་པ་་་་་་་་
་་་་་་་་ རྒྱ་ནག་གཞུང་གི་རྩ་ཁྲིམས་དོན་ཚན་སོ་ལྔ་པར། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་གཏམ་བརྗོད་དང་། དཔེ་སྐྲུན། འདུ་ཚོགས། ཚོགས་འཛུགས། ཁྲོམ་སྐོར། རྔམ་སྟོན་བཅས་བྱེད་པའི་རང་དབང་ཡོད།” ་་་་་་་་་་
བོད་སྐད་དང་བོད་ཡིག་འདི་སློབ་བདེ་བའི་སྐད་ཅིག་ཡིན་ནམ།
http://tibettimes.net/blog/%E0%BD%96%E0%BD%BC%E0%BD%91%E0%BC%8B%E0%BD%A6%E0%BE%90%E0%BD%91%E0%BC%8B%E0%BD%91%E0%BD%84%E0%BC%8B%E0%BD%96%E0%BD%BC%E0%BD%91%E0%BC%8B%E0%BD%A1%E0%BD%B2%E0%BD%82%E0%BC%8B%E0%BD%A0%E0%BD%91%E0%BD%B2/
་་་་་་་་་་ ད་ལྟ་ཡོད་པ་རྣམས་ནི་ཡིག་སྐད་ཀྱི་ཁྲིམས་ཙམ་པོ་བའམ་ཡང་ན་ལོ་སྟོང་གཅིག་ཙམ་གྱི་རྒད་པོ་ཞིག་ཡིན་པས། ད་ལྟའི་སྐད་ཀྱི་འགན་ནམ་འཚོ་ཚིས་བྱེད་ཐུབ་ཀྱི་མེད། ་་་་་་་་་་
ཐུགས་རྗེ་ཆེ།