—-གླིང་གཅེར་བུ།
མང་གཙོའི་ལམ་ལུགས་ནང་འོས་ཤོག་ནི་མི་མང་གི་འབོད་སྒྲ་ཡིན། རང་ཉིད་ཀྱི་འོས་ཤོག་ནི་རང་ཉིད་ཀྱི་འབོད་སྒྲ་མཚོན་བྱེད་ཡིན། འདི་ལོ་ང་ལ་རང་ཉིད་ཀྱི་འབོད་སྒྲ་ཡོད་ཀྱང་། འོས་ཤོག་གིས་མཚོན་ཐབས་མི་འདུག རང་ཉིད་ཀྱི་འབོད་སྒྲ་མེད་པའི་འོས་ཤོག་ཅིག་ངས་ལྡུག་སྤོབས་མ་མཆིས་པས། ངས་འདི་ལོ་འོས་མི་ལྡུག་རྒྱུའི་བློ་ཐག་བཅད་ཟིན། འོས་ལྡུག་རྒྱུ་དེ་ཡུལ་མི་ཚད་ལྡན་ཞིག་གི་འོས་འགན་ཡིན་ན། འོས་མི་ལྡུག་རྒྱུ་དེ་ཡང་མི་སྒེར་གྱི་རང་དབང་ལ་ཐུག་ཡོད་པས། ངས་རང་ཉིད་ཀྱི་རང་དབང་ཆ་ཚང་བེད་སྤྱད་བྱེད་རྒྱུ་ཡིན།
ངས་འདི་ལོ་འོས་མི་ལྡུག་རྒྱུའི་རྒྱུ་མཚན་ནི་ངས་རང་ཉིད་བཙན་བྱོལ་བོད་མི་ཞིག་དང་། ན་གཞོན་སློབ་གཉེར་བ་ཞིག་ཡིན་པའི་ཆ་ནས་འགན་འཁུར་སྟངས་ཤིག་ཡིན། གཅིག་བྱེད་ན་ཁྱེད་ཚོས་འདི་ནི་བྱེད་ཐབས་མི་འགྲིག་པའམ་མི་འཚམ་པ་ཞིག་རེད་ཅེས་ཁ་བརྡུང་གཏོང་སྲིད་མོད། ང་རང་ཉིད་ལ་མཚོན་ན་འདི་ནི་ལམ་མཆོག་ཅིག་ཡིན།
ངས་འདི་ལོ་འོས་མི་ལྡུག་རྒྱུའི་བློ་ཐག་བཅད་དོན་ནི། ང་མི་སྒེར་ཞིག་གི་འབོད་སྒྲ་མཚོན་བྱེད་ཡིན། ངས་འདི་ལོའི་འོས་བསྡུའི་བརྒྱུད་རིམ་ཆ་ཚང་མཐོང་ཡོད་ལ། དེར་དངོས་སུ་ཞུགས་ཡོད། བཙན་བྱོལ་སྒྲིག་འཛུགས་འདི་ཉིད་དབུ་བརྙེས་ནས་དུས་རབས་ཕྱེད་ལྷག་འདས་ཟིན་ལ། སྒྲིག་འཛུགས་འདི་ཉིད་ཚད་ལྡན་མང་གཙོའི་སྲིད་གཞུང་གི་ངོ་བོར་བསྒྱུར་ནས་མི་ལོ་ལྔ་ལྷག་ཕྱིན་ཟིན། ང་ཚོ་འོས་བསྡུ་ཐོག་མར་བྱེད་མཁན་གྱི་རྒྱལ་ཁབ་དེ་མིན་ལ། ང་ཚོས་འོས་ལྡུག་པ་ཐེངས་དང་པོ་ཡང་མིན། འོན་ཀྱང་འདི་ལོའི་“’འོས་བསྡུ་ལྷན་ཁང་”གི་ལས་འགན་སྒྲུབ་སྟངས་དེ་ང་ཚོ་ཚང་མས་མཐོང་མེད་ཀྱང་གོ་ཡོད་ངེས་རེད། ལྐོག་ཇུས་ཅི་ཞིག་བཤམ་བརྩི་ཡོད་མེད་ངས་མི་ཤེས་མོད། གང་ལྟར་ལག་ལེན་ཐོག་བཀོལ་ཐབས་མེད་པའི་སྒྲིག་གཞི་ཡ་མ་ཟུང་དེ་དག་དང་། སྔ་ན་མ་བྱུང་བའི་སྒྲིག་གཞི་ཁྱད་མཚར་དེ་འདྲ་གསར་བཟོ་བྱས་ཏེ་བཙན་བྱོལ་བོད་མིའིི་མང་གཙོའི་ཁོར་ཡུག་ལ་རྨ་ཁ་བྱིན་སོང་སྙམ། རྒྱལ་ཁབ་ཀྱི་འོས་བསྡུ་དེ་འགྲོ་ཞོར་འདུག་ཞོར་གྱི་ལས་ཀ་ཞིག་མིན་ལ། འོས་བསྡུའི་སྒྲིག་གཞི་དེ་མི་སྒེར་ཁ་ཤས་ཤིག་གི་ལག་ལ་འཇོག་ཨེ་ཉེན། ངས་སྒེར་གཅོད་ཅེས་པའི་ཐ་སྙད་འདིིའི་དཔེ་གསོན་པོ་འདི་ལོ་མཐོང་སོང་ལ་མྱོང་ཡང་སོང་བས་ཡིན། ངས་“འོས་བསྡུ་ལྷན་ཁང་”གཅིག་པོ་ལ་སྐྱོན་བརྗོད་བྱེད་པ་མིན། ད་དུང་དེ་དང་འབྲེལ་བའི་གོང་རིམ་པ་དེ་ཚོ་ལ་ཡང་བརྗོད་ཀྱི་ཡོད།
ངས་འདི་ལོ་འོས་མི་ལྡུག་རྒྱུ་བྱེད། ངས་བཙན་བྱོལ་བའི་སྤྱི་ཚོགས་ཁྲོད་ཀྱི་གཞུང་འཛིན་པ་རུལ་སུངས་དེ་དག་དང་། ཚོགས་པ་སྐྱིད་སྡུག་དག་གི་རྐུབ་སྟེགས་འཛིན་མཁན་སྒེར་གཅོད་པ་དེ་དག་ལ་གཏད་ནས་བཤད་ཀྱི་ཡོད། ཁོ་ཚོས་འདི་ལོའི་འོས་བསྡུ་དང་སྟབས་བསྟུན་ཏེ་རང་ཉིད་ཀྱི་གདོང་ལྤགས་ཧྲིལ་བོ་བཤུས་སོང་། ཁོ་ཚོས་རང་ཉིད་ཀྱི་རྐུབ་ཀྱག་དང་དབང་ཤུགས་སྤྱད་དེ་ཚོགས་པ་སྐྱིད་སྡུག་ཁོངས་གཏོགས་ཀྱི་འོས་འཕེན་པ་ཚང་མའི་ཚབ་མཚོན་ཡིན་མདོག་གིས་འོས་མི་ལ་ལའི་གཏམ་བཤད་ཀི་རང་དབང་བཀག་སོང་ལ། འོས་འཕེན་པའི་གནས་ཚུལ་ཤེས་རྟོགས་ཀྱི་རང་དབང་ཡང་འཕྲོག་སོང་། འདི་ལྟའི་ཁོར་ཡུག་ཅིག་ནང་འོས་བསྡུ་ཚད་ལྡན་ཞིག་ཡོང་སྲིད་དམ། མང་གཙོ་ཚད་ལྡན་ཞིག་ཡོང་སྲིད་དམ།
ངན་པ་གཉིས་ལས་ཅུང་བཟང་བ་དེ་ལ་འོས་ལྡུག་པ་དེ་གང་ལྟར་ངན་པ་ཞིག་ལ་འོས་ལྡུག་པ་ཡིན་ཞེས་པའི་དབྱིན་ཇིའི་བཤད་སྟངས་ཤིག་ཕྱིར་དྲན་བྱེད་དགོས་བྱུང་། འདི་ལོའི་འོས་ཤོག་ནང་ང་ལ་འོས་མི་མེད་ལ་འབོད་སྒྲ་ཡང་མེད་པས་ངས་འོས་མི་ལྡུག ངས་རྒན་འཁོགས་ཚོར་རེ་བ་འཆང་གི་མེད་མོད། རང་དང་ན་མཉམ་ཡིན་པའི་ན་གཞོན་ཚོར་རེ་སྐུལ་བྱེད་རྒྱུ་ཡིན།
༢༠༡༦།༢།༡༣ཉིན།
ངས་འོས་བསྡུའི་ནང་ཆ་ཤས་ལེན་གྱི་ཡིན་ དེའི་རྒྱུ་མཚན་དེ་ཡིན་ཞེས་གསལ་པོ་ཡིག་ཕྲེང་གཉིས་གསུམ་ཞིག་བྲིས་རྒྱུའི་ཡིག་རྙོག་དེ་འདྲ་བྲིས་ནས་ག་རེད་གནང་གི་ཡིན་ནམ་།
ངས་འོས་བསྡུའི་ནང་ཆ་ཤས་ལེན་གྱི་མིན་ དེའི་རྒྱུ་མཚན་དེ་ཡིན་ཞེས་གསལ་པོ་ཡིག་ཕྲེང་གཉིས་གསུམ་ཞིག་བྲིས་རྒྱུའི་ཚབ་ཏུ་ཡིག་རྙོག་དེ་འདྲ་མང་པོ་བྲིས་ནས་ག་རེད་གནང་གི་ཡིན་ནམ་།
པ་སངས་དབོ་གཟེར། ཡིན་ནམ། པ་སངས་འོད་ཟེར་རེད། ལགས།
རང་ཚུགས་མེད་པའི་རྩོམ་ཐུང་ཞིག་ལས་གང་ཡང་མི་འགུ་་་་་
མདོར་བསྡུས་ན་རྩོམ་ཉོག་འདིའི་འབབ་ས་ཚོགས་སྐྱིད་ཁག་གིས་ཀླུ་མཁར་ལ་སྨྲ་བརྗོད་སྟེགས་བུ་མ་སྤྲད་པ་དེ་རེད་འདུག་ག སྨྲ་བརྗོད་གདེངས་ཆ་སྤྲོད་མིན་ཡང་ཚོགས་སྐྱིད་ཁག་གི་རང་དབང་ལ་ཐུག་ཡོད་དུས་ཕ་མགོ་བུས་རྡུང་མཁན་ཞིག་ལ་དགའ་དང་བསྟོད་ཟེར་ན་སྐྱག་རྫུན་མིན་འགྲོ
རྒྱ་ནག་དམར་གཞུང་གཅིག་འདུས་རིང་ལུགས་པ་དང་། ཁ་གཏད་བཅོག་དགོས་ན། ངེས་པར་དུ་འོས་བླུག་ལ། ཕེབས་རོགས་གནོངས།