—–སྤུ་གྲི།
བློ་བཟང་སེང་གེས་རང་ཉིད་“ལོ་རྒྱུས་ཀྱི་མི་སྣ་”བཟོ་རྒྱུའི་རྨི་ལམ་རྨི་བཞིན་ཡོད། དབྱིན་སྐད་དུ་ Historical Figure འམ། བོད་སྐད་དུ་ལོ་རྒྱུས་མི་སྣ་ཟེར་བ་ནི། སྙན་གྲགས་ཆེ་བའི་མི་སྣ་རླབས་ཆེན་གྱི་ཨེལེཀས་ཛན་ཌར་(Alexander the Great)དང་། གྷན་དི། ནཱེ་པོ་ལིཡོན(Napoleon)། དངོས་ཁམས་ཚན་རིག་གི་ཡབ་ཆེན་ཨེན་སི་ཐན་ལྟ་བུ་ནི་ད་གཟོད་ལོ་རྒྱུས་ཀྱི་མི་སྣ་དང་། ད་དུང་། རང་ཅག་གི་དུས་རབས་ཀྱི་སྟོན་པ་ཆེན་པོ་༧གོང་ས་ཏཱ་ལའི་བླ་མ་ལྟ་བུ་ནི་འབྱུང་འགྱུར་བོད་དང་འཛམ་གླིང་ལོ་རྒྱུས་ཀྱི་དེབ་ཐེར་ནང་ངེས་པར་འཁོད་དགོས་པའི་མི་སྣ་ཡིན། སློབ་གྲྭ་ག་གེ་མོ་ཞིག་ནས་ལག་ཁྱེར་ཐེབས་ཆག་ཅིག་ལོན་པ་དང་། མི་གྲངས་སྟོང་ཕྲག་ཁ་ཤས་ཀྱི་འོས་ཤོག་ཐོབ་པ་ཙམ་གྱིས་ལོ་རྒྱུས་ཀྱི་མི་སྣར་འགྱུར་མི་སྲིད་པ་ཞིག་ཡིན། ལོ་རྒྱུས་མི་སྣ་ཟེར་བ་ཚོས་རང་གི་རྣམ་དཔྱོད་ཀྱི་རྩལ་དང་། དེ་ཉིད་ལག་ལེན་ལ་བསྟར་ནས་ཡུལ་དུས་གནས་སྐབས་སོ་སོའི་སྐྱེ་འགྲོའི་བསམ་བློ་དང་། འཚོ་བ། རིགས་པའི་གཞུང་ལུགས་བཅས་པར་ལེགས་ཕྱོགས་ཀྱི་འགྱུར་བ་མངོན་གསལ་བསྐྲུན་མཁན་ཚོ་ཡིན།
བློ་བཟང་སེང་གེས་བཀའ་ཤག་གི་རྐུབ་སྟེགས་བཟུང་པ་ནས་བཟུང་། ཁོས་ནམ་ཀུན་རང་ཉིད་ངོམ་སྟོན་དང་། རང་གི་ཁེ་གྲགས་ཁོ་ན་སྒྲུབ་བཞིན་པ་མ་ཟད། ༧གོང་ས་མཆོག་གར་ཕེབས་ས་ལ་རྒྱུགས་པ་དང་། པར་ཆས་ཀྱི་མདུན་ལ་སྤྲེའུ་མཆོང་མཆོང་བྱས་པས། ཡུ་རོབ་ཁུལ་གྱི་མི་སྣ་འགས་ཁོ་ལ་ “ཁྱོད་ཏཱ་ལའི་བླ་མའི་སྐུ་སྲུང་ཡིན་ནམ” ཞེས་ཟུར་ཟའི་ཚུལ་ཏུ་སྐད་ཆ་དྲིས་ཡོད།
བར་སྐབས་ཤིག་ནས་བཟུང་། བློ་བཟང་སེང་གེས་ “༧གོང་ས་མཆོག་གིས། རིང་ནས་སྙིང་དུ་བརྣགས་པའི་འདོད་པའི་དོན་དེ་གྲུབ་སོང་གསུངས་ནས། སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་ཐམ་ཀ་ང་ལ་གནང་པ་རེད།” ཟེར་ནས་བྱིས་པར་མངར་ཆ་རག་ལ་ལྟར་གང་སར་སྒྲོགས་བཞིན་ཡོད།
དོན་དངོས་ཐོག “རིང་ནས་སྙིང་དུ་བརྣགས་པའི་འདོད་པའི་དོན་དེ་” བློ་སེང་མིན་པ་ཁོ་རང་གིས་ཀྱང་ཤེས་བཞིན་ཡོད་ལ། རྒྱ་ཆེའི་མི་མང་གིས་ཀྱང་གསལ་པོར་ཤེས་བཞིན་ཡོད། ཡིན་ན་ཡང་། མི་མང་གིས་ཧ་མ་གོ་བར་ཡོད་བ་ནི། བློ་སེང་གིས་འཁྲབ་སྟོན་འདི་ལྟར་བྱེད་དོན་དེ་རེད། མི་མང་གིས་བློ་སེང་གིས་འདི་ལྟར་ངོ་ཚ་རྒྱབ་ཏུ་དོར་ནས་རང་བསྟོད་བྱེད་པ་འདི་༢༠༡༦ ལོའི་སྲིད་སྐྱོང་གི་རྐུབ་སྟེགས་དེའི་ཆེད་དུ་རེད་འདོད་བཞིན་ཡོད།
སྤྱིར་ན་དེ་ཡང་བདེན་པ་རེད། ཡིན་ན་ཡང་། ང་ཚོའི་བློ་སེང་ལ་དགོས་པ་དེ་ཙམ་མ་རེད་དཱ། ཁོས་དུས་དང་ནམ་པ་ཀུན་ཏུ་རང་ཉིད་ལོ་རྒྱུས་མི་སྣ་ཁོངས་སུ་འཇུག་རྒྱུའི་ཆེད་དུ་འབད་པ་བྱེད་བཞིན་ཡོད། རེད་དཱ། ཁོ་ “historical figure” བྱེད་རྒྱུའི་རྨང་གཞི་འདིང་བཞིན་པ་རེད། ངོ་མ། ངོ་ཚ་མེད་ན་འགྲན་ཟླ་མེད་ཟེར་བ་བདེན་པ་རེད་འདུག བློ་བཟང་སེང་གེས་མ་གཏོགས། བཙན་བྱོལ་གྱི་མི་ལོ་དྲུག་ཅུ་ལྷག་ནང་གི་ཆབ་སྲིད་པ་སུས་ཀྱང་རང་གིས་རང་ཉིད་ལ་མཁས་དབང་ཟེར་མྱོང་མེད། ལོ་རྒྱུས་མི་སྣ་བྱེད་འདོད་མཁན་ཞིག་ནི་པཱ་ཚེ་རིང་གི་Joke ནང་ལ་ཡང་སླེབས་མ་མྱོང་བའི་གནས་ཚུལ་ཞིག་རེད། ཡིན་ན་ཡང་། ཨ་རོག་་་་་ ང་ཚོའི་བློ་བཟང་སེང་གེས་དེ་ལྟའི་རྨི་ལམ་རྨིས་པ་མ་ཟད། ལག་བསྟར་བྱེད་བཞིན་འདུག་གོ
བོད་རྒྱལ་ཁབ་ཤོར་ཟིན་པ་ལེན་ཐུབ་ན་རང་བཞིན་གྱིས་ལོ་རྒྱུས་མི་སྣ་ཆགས་ངེས། དེ་མ་འཇོན་ན་སུ་གང་ལའང་ལམ་ཁ་དེ་མེད།
བློ་བཟང་སེང་གེ་བོད་དམངས་གཙོའི་གཞུང་གི་སྲིད་དབང་ཡོངས་རྫོགས་ལ་ཁ་ལོ་བསྒྱུར་བའི་སྲིད་སྐྱོང་ཐོག་མ་དང་། གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་གནང་ས་ཞིག་ཆགས་ཡོད་པ་འདི་ཁོ་ནས་ལོ་རྒྱུས་ཀྱི་དཀྱོག་མཚམས་ན་གཟི་བརྗིད་ཀྱིས་འགྲེང་བའི་རྡོ་རིང་ཞིག་ཆགས་ཚར་བ་རེད། འདི་ལ་སུ་མ་དགའ་ཡང་ངུ་འབོད་འཐེན་རྒྱུ་ལས་ཐབས་གཞན་ཅི་ཡང་ཡོད་མ་རེད།
བོད་རྒྱལ་ཁབ་ཤོར་མཁན་དེ་རང་བཞིན་གྱིས་དེབ་ཐར་ནང་འགྲོ་གི་རེད། ལེན་ཐུབ་མཁན་དེའང་འགྲོ་གི་རེད། དེ་གཉིས་མ་གཏོགས་ལམ་ཁ་ལྷག་མེད། གཅིག་བྱས་ན་བོད་དོན་རྒྱ་ནག་གི་ནང་སྲིད་ཡིན་ལབ་མཁན་དག་ཀྱང་དེབ་ཐེར་ནང་ལྷག་ངེས། འོན་ཀྱང་། དེ་ལ་བོད་པ་ཚོས་གདེངས་འཇོག་ཡག་པོ་ནམ་ཡང་བྱེད་མི་སྲིད།
བློ་བཟང་སེང་གེས་༧གོང་ས་མཆོག་གིས། རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་དེ་གྲུབ་སོང་གསུངས་ནས། སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་ཐམ་ཀ་ང་ལ་གནང་པ་རེད། ཟེར་ནས་བྱིས་པར་མངར་ཆ་རག་ལ་ལྟར་གང་སར་སྒྲོགས་བཞིན་པ་ནི།
རྒྱ་བོད་དབུས་ལམ་གྱི་ཚོང་དང་འདྲ་བའི་མ་རྩ་དང་། བོད་རང་བཙན་ཡང་། ལོན་པ་ལ་ཡང་འདི་ཉིད་གཞི་རྩ་ཡིན་གྱི། བློ་སེང་ཁོང་རང་ཆེ་བསྟོད་བྱས་པ་ཙམ་མ་ཡིན་པར། ད་ལྟའི་རྒྱ་བོད་བྱུང་རབས་གསལ་སྟོན་བྱས་པར། ངོས་འཛིན་ཐུབ་པར་དགོས་སོ།།
ེསྣང་བ་འགྲོ་རུང་མི་འགྲོ་རུང་བློ་སེང་ནི་མང་མོས་འོས་ཤོག་ཐོབ་པའི་བཙན་བྱོལ་ནང་གི་སྲིད་སྐྱོང་དང་པོ་དང་། སྙན་་གྲགས་ཅན་གྱི་ཧལ་བའི་འབུམ་རམས་ཡིན་པ་མ་ཚད་བོད་ཕྱི་ནང་གཉིས་དང་འཛམ་གླིང་གི་མི་བུ་དུང་ཕྱུར་དུ་མས་དགའ་མོས་བྱེད་ས་དང་། གཞན་ཤེས་འཇོན་གཉིས་ལྡན་དང་ཡ་རབས་དྲང་བདེན་སྐྱོང་མཁན་ཞིག་ཡིན་པས། རྗེས་སུ་ཞབས་འདྲེན་འདྲ་མ་ཞུས་ན་ལོ་རྒྱུས་ཀྱི་མི་སྣ་གྲགས་ཆེན་རེད།
ངོ་ཚ་མེད་ན་འགྲན་ཟླ་མེད་་་་ ཧ་ཧ་ཧ་ཧ་ཧ གཏམ་དཔེ་དེ་བདེན་པ་རེད། བློ་བཟང་སེང་གེ་ལ་ངོ་ཚ་མི་འདུག ཧམ་ཤེད་འདུག
བློ་བཟང་སེངྒེ་འདི་ཕ་བརྒྱུད་དང་མ་བརྒྱུད་གཉི་ཆ་ཤུགས་ལྡན་པ་དངཉེ་རིང་མང་པོ་འདུག སྤེན་ཚེ་ལཤུགས་ལྡན་དང་འབྲེལ་་བ་ཡེ་ནས་མི་འདུག སྤེན་ཚེ་ལ་ཐག་བཅོད་པའི་ནུས་པ་དང་བློ་སྤོབས་འདུག བློ་སེང་ལ་དེ་་མི་འདུག བློ་སེང་ལ་ཁོ་རང་མགོ་སེར་གྱི་སྤྱོད་ལམ་དང་གཤིས་ཀ་རང་གི་རང་བསྟོད་ཀྱི་འདུག སྤེན་ཚེ་ལ་དེ་མི་འདུག བློ་སེང་ལ་བོད་པའི་རིག་གནས་ལ་དུང་བ་མི་འདུག བློ་སེང་ལ་དྲི་བ་དྲིས་ན་ལན་གསལ་ཁ་མི་འདུག བློ་སེང་འདི་ཁོ་རང་གི་དགའ་ས་ཡག་ས་ལས་བྱེད་ལ་བསྐོས་ནས་ཕྱོགས་རིས་འདུག སྤེན་པ་ལ་དེ་མེད་པའི་རེ་བ་ཡོད།
བློ་སེང་དང་ཁོང་གི་པཱ་ལགས་དང་ཨ་མ་ལགས་སོགས་ནང་མི་སྤུན་ཟླ་སུ་ཡིན་ནའང་དོལ་རྒྱལ་བསྟེན་ན་དེ་ཁོང་ཚོའི་རང་དབང་རེད།
ཡིན་ནའང་། ང་ཚོའི་དྲི་བ་ནི། བློ་སེང་ལགས་སྲིད་སྐྱོང་གི་ཁྲི་ལ་བཞུགས་པའི་རིང་ལ། དོལ་རྒྱལ་གྱི་རྙོག་དྲའི་ཐོག་ལ་ལས་ཀ་ག་རེ་ག་རེ་བྱས་ཡོད་པ་དེ་གསལ་བཤད་གནང་རོགས་གནང་ཞུ་གི་ཡོད་རེད། ག་རེ་རེད་ཟེར་ན་དོལ་རྒྱལ་བསྟེན་མཁན་ཚོས་ཁོ་ལ་བསྟོད་བསྔགས་གཏོང་གི་ཡོད་པ་དེ་ཁོང་གི་རྒྱལ་ཁ་ལ་ངོས་འཛིན་བྱེད་དགོས་སམ་ཡང་ན་ངོ་ཚ་ལ་ངོས་འཛིན་བྱེད་དགོས།
བློ་བཟང་སེང་གེ་ལ་ཡོན་ཏན་གཅིག་ཡོད་པ་ནི། སྲིད་སྐྱོངས་ཀྱི་རྐུབ་སྟེགས་དེ་རང་ཉིད་ལ་རགས་སོང་སྙམ་པའི་རློམས་སེམས་དེ་རེད། བློ་སེང་ལ་སྐྱོན་གཅིག་ཡོད་པ་ནི་རྐུབ་སྟེགས་དེ་སྲུང་ཐུབ་ཙམ་ལས། རྐུབ་སྟེགས་དེའི་བྱེད་དགོས་པའི་ལས་དོན་གཙོ་བོ་དག་བྱ་མི་ཐུབ་པར། ༸གོང་ས་མཆོག་ལ་ལག་པ་འཕྱིས་བཞིན་པ་དེ་རེད།