ཉག་རོང་དོན་འགྲུབ།
སྲིད་སྐྱོང་འོས་མི་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱི་རྒྱབ་སྐྱོར་བ་ཚོས་ལབ་ན། ད་ལོར་སྲིད་སྐྱོང་འོས་མི་ཚོས་སྡིངས་ཆ་གཅིག་གི་སྒང་ནས་མཉམ་དུ་འོས་འགྲན་གྱི་བགྲོ་གླེང་བྱེད་མ་ཐུབ་པར། གཅིག་ཤོས་ཀྱིས་ནུབ་ནས་གཏམ་བཤད་དང་གཅིག་ཤོས་ཀྱིས་ཤར་ནས་གཏམ་བཤད་སྤེལ་བས། སྤྱི་ཚོགས་ནང་ཕན་ཚུན་བར་ལ་རྙོག་དྲ་འདྲ་མིན་ཡོང་གཞིར་ཆགས་སོང་བ་རེད་ཟེར། འདི་བསམ་བློ་ཁྱོན་ནས་མ་བཏང་བ་དང་། བརྟགས་དཔྱད་རྩ་བ་ནས་མ་བྱས་པས་སྐད་ཆ་ཞིག་ནི་ཡིན་གྱི་མ་རེད།
གལ་ཏེ་བསམ་བློ་ཞིབ་མོར་བཏང་ཞིང་། བརྟགས་དཔྱད་ནན་མོ་བྱས་པའི་བསམ་ཚུལ་ཞིག་ཡིན་ན། ད་ལོ་སྲིད་སྐྱོང་བགྲོ་གླེང་དང་པོ་བཀག་འགོག་བྱེད་མཁན་གྱི་གཏེ་བོ་ངོ་མ་དེ་སྤེན་པ་ཚེ་རིང་ལགས་ཆགས་ཡོད་པ་རེད། སྔོན་འགྲོའི་འོས་ལངས་སྐབས་སུ་དང་པོ་ཉིད་ནས་སྤེན་པ་ཚེ་རིང་ལགས་ཀྱིས། བོད་རང་བཙན་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ལགས་དང་མཉམ་དུ་སྡིངས་ཆ་གཅིག་གི་སྟེང་ནས་བགྲོ་གླེང་བྱེད་ཀྱི་མིན། ང་རང་གིས་ག་རེ་བྱེད་མིན་གྱི་དབང་ཆ་ང་རང་ལ་ཡོད་པ་རེད་ཅེས་གསུང་ནས་རྙོག་དྲ་དེའི་འགོ་འཛུགས་གནང་བ་རེད།
དེ་ནས་བཟུང་སྟེ་སྲིད་སྐྱོང་འོས་མི་ཚོ་ལ་འགོས་ནད་ཕོག་ཡོད་པ་ནང་བཞིན། གྲྭ་སས་འདུ་ཁང་མ་གཡར། སློབ་གྲྭས་ཚོགས་ཁང་མ་གཡར། ས་གནས་སྤྱི་ཁང་མ་གཡར་ནས། འོས་མི་གཅིག་ནུབ་ལ་འགྲོ་ན་འོས་མི་གཅིག་ཤར་ལ་འགྲོ་དགོས་པའི་གནས་སྟངས་འདི་ཆགས་པ་རེད། ༧གོང་ས་མཆོག་གི་མཚན་གྱི་ཆ་ཤས་ནག་པོ་བཟོས་པས་འབྲས་བུ་རེད། དད་པ་དང་དད་ཚིག་ལོག་སྤྱོད་གནང་བས་ལོ་རྒྱུས་རེད། དམངས་གཙོ་དང་རང་དབང་དམར་གསོད་གནང་བས་བྱས་རྗེས་རེད། སྲིད་སྐྱོང་འོས་འགྲན་གྱི་བགྲོ་གླེང་འཚོགས་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་དེ་རེད། དེ་ལ་བརྟེན་ནས་ཚོགས་སྒེར་སུ་གང་གིས་ཀྱང་། སྲིད་སྐྱོང་འོས་བསྡུར་གྱི་བགྲོ་གླེང་ལྡིངས་ཆ་སྐྲུན་མ་ཐུབ་པ་ཆགས་སོང་བ་རེད།
ད་ཚོགས་གཙོས་སྤྱི་ཚོགས་ནང་ལ་རྙོག་དྲ་བཟོས་པའི་ནག་ཉེས་དེ། སྲིད་སྐྱོང་བློ་བཟང་སེང་གེ་ལ་གཡོག་ས་ཡོད་མ་རེད། ཚོགས་གཙོས་རང་བྱས་རང་ལ་སྨིན་པ་རེད། ད་དུང་ཚོགས་གཙོས་ཀླུ་མཁར་བྱམས་དང་མཉམ་དུ་སྡིངས་ཆ་གཅིག་ཏུ་བགྲོ་གླེང་གནང་མི་ཐུབ་པ་ནི། ཚོགས་གཙོ་ལགས་ཀྱིས་ཁ་གཡར་ས་དེ་ཀླུ་མཁར་བྱམས་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཡིན་རབས་ཤིག་གསུངས་པ་རེད།
ཡིན་ནའང་། ཚོགས་གཙོ་ལགས་ཀྱིས་ད་ཐེངས་ཨ་རི་ནས་གཏམ་བཤད་སྤེལ་སྐབས། དོན་གྱིས་༧གོང་ས་མཆོག་གི་བཀའ་གསུང་ལོག་འགྲེལ་དང་སྦྲགས། བཀའ་རྒྱབ་ལ་ཆབ་སྲིད་ཀྱི་གསང་བ་སྦས་ཡོད་པའི་གནས་ཚུལ་ཆ་ཚང་ངས་ཤེས་ཀྱི་ཡོད་ཅེས་གསུངས་ཤིང་། མི་མང་ནང་ལ་དཀྲོག་གཏམ་སྤེལ་ནས། ༧རྒྱལ་དབང་མཆོག་གི་བཀའ་གསུང་བདེན་པ་མིན་ཚུལ་གྱི་དོགས་གཞི་བསླངས་ཏེ། ༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་དང་། མཛད་དཀའ་བཟོ་མཁན་ངོ་མ་དེ་ཚོགས་གཙོ་ལགས་ཆགས་སོང་བ་རེད། དེ་ལ་ཆེད་དུ་དགའ་ལྡན་ཕོ་བྲང་ཕུགས་བཞུགས་ཐོག བཀའ་ཤག་གིས་བསྐྱར་བཤད་ཀྱིས་གསལ་འགོད་གསལ་བསྒྲགས་ཤིག་གནང་དགོས་བཟོས་པ་རེད། དེའི་རྗེས་སུ་ཚོགས་གཙོ་ལགས་ཀྱིས་གནས་ཚུལ་ཆ་ཚང་ངས་ཤེས་ཀྱི་མེད། ད་ཕན་ངས་དུས་དབང་ཕར་འགྱངས་སྐོར་ཚིག་གཅིག་བཤད་ཀྱི་མིན་ཞེས་ར་བཟིས་སྐད་ཆ་འདྲ་བོ་ཞིག་གསུང་གནང་པ་རེད།
02/22/2016 ལ་ཉག་རོང་དོན་འགྲུབ་ནས།
སྲིད་སྐྱོང་འོས་མི་བློ་སེང་དང་སྤེན་ཚེ་རྣམ་གཉིས་བགྲོ་གླེང་གི་སྐབས་སུ་སྤེན་ཚེའི་རང་བཞིན་གསལ་པོ་མཐོང་ཡོང་གི་རེད།
ཁོ་རེ་ཉག་རོང་ཁྱོད་རང་ད་ལྟ་རང་གནམ་ནས་ཟག་པ་ཞིག་ཡིན་ས་རེད། འོས་བསྡུའི་སྐབས་ཀྱི་གནས་ཚུལ་ག་རེ་འབྱུང་ཁྱོད་ཀྱིས་ཤེས་ཀྱིས་མིན་འདུག་ བགྲོ་གླེང་གི་གོ་སྐབས་སྐྲུན་སྐབས་བློ་བཟང་ག་བ་ལ་བོས་གྲོ་སོང་ཁྱོད་ཀྱི་ཤེས་བསམ་ དེ་དུས་སྤེན་ཚེ་སླེབས་ཡོད་པ་རེད་ ཁྱོད་རང་གནས་ཚུལ་ངོ་ཤེས་པའི་ཐོག་ནས་གཞན་ལ་སྐྱོན་བརྗོད་བྱེད་ན་དཔའ་བོ་རེད། དེ་མ་ཡིན་པ་ཁ་བུ་རོའི་ཐོག་ནས་གཞན་ལ་སྐྱོན་བརྗོད་ན་མི་དེ་དར་མ་ཞིག་ག་ལ་ཡིན།།
འཁྱོག་བཤད་རི་འདྲ་ཞིག་བྱས་འདུག་དུས་རབས་ཉེར་གཅིག་པའི་མི་དམངས་ལ་མགོ་སྐོར་གཏོང་ཐུབ་ཀྱི་མ་རེད་ཉག་རོང་དོན་འགྲུབ་ལགས།
སྲིད་སྐྱོང་གི་འོས་མི་གཉིས་གདོང་བཤེར་བྱ་དགོས་པ་བཅའ་སྒྲིག་གང་གི་ནང་གསལ་ཡོད་སྟོན་དང་།
སྲིད་སྐྱོང་གི་འོས་མི་རྣམས་གདོང་དང་གདོང་ཐུག་ནས་བགྲོ་གླིང་མི་བྱེད་ཟེར་མཁན་དང་པོ་དེ་སྤེན་པ་ཚེ་རིང་རེད། སྤེན་ཚེ་ནི་ཀླུ་བྱམས་དང་གདོང་ཐུག་ནས་བགྲོ་གླེང་བྱེད་མ་ནུས་པ་རེད། ད་ཡང་བློ་སེང་གིས་བཟོ་ལྟ་བཟོ་ཡི་རེད། ལས་ངན་པ་ཁོ།
ཁྱེད་རང་བྱས་ན་་༼ཀླུ་མཁར་བྱམས་ཀྱི་༧གོང་ས་མཆོག་ལ་མཚན་སྨད་བྱས་ཡོད་རབས་བཤད་ནས་་་་་་་༽་ཅེས་འབྲི་དོན་ལ་བལྟས་ན་ཀླུ་མཁར་གྱི་མཚན་སྨད་ཞུས་མེད་པ་རེད་པས་ དེ་ནི་བློ་སེང་གི་རང་བཙན་ཁ་འཁྱེར་གྱི་བོད་གཞུང་དང་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་རྣམས་ལ་ཚིག་གཅིག་བཤད་མེད་པ་དེ་དང་གཅིག་པ་རེད་འདུག་
དོན་དུ་ཁྱེད་ཚོས་དམིགས་ཡུལ་བོད་དང་བོད་མི་ཅེས་པ་མིང་གི་མཐའ་ཡང་མེད་པ་བཟོ་རྒྱུ་རྒྱ་མི་གུང་ཁྲན་གྱི་ལས་ཀ་དེ་བྱེད་ཀྱི་འདུག་
དོན་དངོས་ཐོག་བློ་སེང་གིས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་བགྲོ་གླེང་གི་དུས་ཚོད་སྤྲད་མེད་དཔལ་ལྡན་རྒྱལ་གྱིས་བརྙན་འཕྲིན་ཐོག་བཤད་པ་དང་ཚོགས་གཙོ་ལ་ཡང་དུས་ཚོད་སྤྲད་སྤྲད་མེད་པ་གསལ་པོ་རེད་
ཁྱེད་རང་གི་ཀླད་པ་རྐུབ་ནང་ཡོད་པ་གསལ་པོ་རེད་
ཁྱེད་ཚོས་དང་ཐོག་༧གོང་ས་མཆོག་གི་དབུ་མའི་ལམ་གསུང་བར་འབྲི་ཆུ་མན་ཆོད་ཀྱི་དེ་སྔ་རྒྱ་སྡེ་བྱས་མྱོང་མཁན་དེ་ཚོ་གློད་བཏང་བ་རེད་ཅེས་ནང་ཁུལ་དཀྲོགས་གཏམ་དང་དཀྲུགས་ཤིང་བྱས་པ་དང་དེ་ནས་བཟུང་གཞོན་ནུ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནང་སིམ་འཛུལ་བྱས་སྟེ་རང་བཙན་ཁ་འཁྱེར་གྱི་༧གོང་ས་མཆོག་དང་བོད་གཞུང་ལ་ངོ་རྒོལ་བྱེད་སྒོ་བརྩམས་པ་ཡིན་པ་
འདི་ནི་ཁྱེད་ཚོས་ལས་འགུལ་གསར་ཤོས་དེ་རེད་ འཇུ་ཆེན་ལགས་ཀྱི་གསུང་པ་རེད་ དེ་སྔོན་ཁྱེད་ཚོས་བྱས་རྗེས་ནང་ཐའི་ཝན་བོད་སོག་ལས་ཁུངས་ནས་ཕོགས་ལེན་ཏེ་བོད་དང་བོད་མི་བཙོང་པ་ ཚོ་ཁ་བཅུ་གསུམ་དང་ཆོས་ལུགས་རྙོག་དྲ་ལུང་པ་གང་བཟོས་ཡིན་པ་
དེང་སང་ལྷག་བསམ་རྣམ་དག་གི་བོད་རང་བཙན་འཐབ་རྩོད་པ་ཡང་ཁྱེད་ཚོའི་ངན་གཡོ་དང་དཀྲོག་གཏམ་འོག་ནག་པོ་ཆགས་འགྲོ་བ་འདི་རེད་ ཤེས་པར་གྱིས་