ཀུན་ཕན་ཚང་།
ཉེ་སྔོན་འདི་ལོའི་ཕྱི་༢ ཚེས་༡༢ ཉིན་ཀུན་ཕན་ཚང་གིས་གསལ་བསྒྲགས་ཤིག་ https://www.khabdha.org/?p=80175 བསྐྱངས་ཟིན་ན་ཡང་། གནམ་གཤིས་ཀྱི་འགྱུར་ལྡོག་ལ་བརྟེན་ནས་དཔེ་མཛོད་ཁང་ལ་ཐིགས་པ་བརྒྱབ་པའི་རྐྱེན་གྱིས་ཟླ་གཉིས་པའི་ཚེས་ཉེར་དྲུག་གི་དགོང་མོ་དུས་ཚོད་དྲུག་པ་ནས་དགུ་བ་བར། ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ་མདོ་དབུས་ཁམས་གསུམ་གྱི་མོག་མོག་ཟས་སྦྱོར་བ་མཁས་པ་དུ་མས་མོག་མོག་སྣ་འཛོམས་ཀྱི་སྟོན་མོ་དེ་ཕྱིར་འཐེན་བྱས་པ་དགོངས་འཇགས་ཞུ།
ཐིགས་པ་བརྒྱབ་པ་དེ་མོག་མོག་ཁུ་བ་ཅན་བཟོ་ཐུབ་པའི་རྟེན་འབྲེལ་རེད། ང་རང་མོག་མོག་ཁུ་བ་ཅན་འཇུབ་ཞོར་བཟའ་རྒྱུར་དགའ་བོ་ཞེ་དྲགས་ཡོད། གཞིས་ཆགས་པ་མང་པོ་ཞིག་གིས་མོག་མོག་སྐར་མ་ཉི་ཤུ་སུམ་ཅུར་བཙོས་ནས་སྐམ་པོ་ཆགས་རྗེས་མཆོད་རོགས་གནངས་ཞེས་ཨུ་ཚུགས་རྒྱག་གི་རེད་དེ་བཟའ་འདོད་ཀྱི་ཡི་ག་བརླགས་ཟིན། གལ་སྲིད་མེ་ཡག་པོ་འབར་གི་ཡོད་ན་ཤ་མོག་སྐར་མ་བཅུ་གསུམ་དང་ཚལ་མོག་སྐར་མ་བཅུ་ལས་བཙོ་མི་དགོས། མོག་ཤ་དང་མོག་ཚལ་ནང་ཆུ་རན་མ་བླུགས་ན་མོག་མོག་སྐམ་པོ་ཆགས་ཀི་རེད། མོག་པགས་ཅི་ཙམ་སྲབ་ན་བྲོ་བ་དེ་ཙམ་ཆེ། མོག་ཐུག་བསྐོལ་དུས་མོག་མོག་ཅི་ཙམ་ཆུང་ན་བྲོ་བ་དེ་ཙམ་ཆེ། ཟ་ཁང་གི་མ་ཆེན་ལེ་ལོ་ཅན་ཚོས་མོག་ཐུག་བཟོ་དུས་མོག་མོག་ཆེན་པོ་བཟོས་ནས་མགྲོན་པོ་ཚོ་ནམ་ཡང་ཕྱིར་མི་ཡོང་བ་བཟོ་གི་རེད། མགྲོན་པོ་གཅིག་བརླགས་པ་དང་མགྲོན་པོ་བཅུ་བརླགས་པ་ཁྱད་མེད་རེད། མགྲོན་པོ་གཅིག་འགུགས་པ་དང་མགྲོན་པོ་བཅུ་བཀུགས་པ་ཡང་གཅིག་པ་རེད། ཟ་ཁང་འཛིན་མཁན་རིགས་པའི་གསང་ཚིག་འདི་མི་ཤེས་མཁན་ཚོས་སྒོར་མོ་ལེན་ཐབས་ཙམ་མ་གཏོགས་ཟ་མ་དང་མགྲོན་པོའི་བར་གྱི་འབྲེལ་བ་ཁྱད་པར་ཅན་དེར་དོ་སྣང་བྱེད་ཀི་མ་རེད། དེ་ནི་ཚོང་གི་མ་རྩ་རྡིབ་རྒྱུའི་གྲ་སྒྲིག་རང་སྟེང་ནས་བྱས་པ་ཞིག་རེད། དེའི་ཕྱིར་མོག་མོག་རང་ཉིད་ལ་བཟོ་བའམ་ཡང་ན་མགྲོན་པོར་བཟོ་བ་གང་ཡིན་ཡང་མོག་མོག་ཞིམ་པོའི་རྩ་བའི་གསང་ཚིག་ཁྱད་པར་བ་དེ་ཚོ་སེམས་ལ་ནང་འཇགས་པ་དང་ལག་ལེན་དུ་འདེབས་པ་གཉིས་ཧ་ཅང་གལ་ཆེ།
འཇུབ་དེ་འཇིབ་ལ་བཅོས།
རྨོ་རྨོ་ཡང་ག་ རྦ་རྦའི་ ལུང་བསྟན་ནང་ལ།
http://simplecapacity.com/2016/02/woman-who-predicted-the-fall-of-the-twin-towers-has-bad-news-for-2016/
༢༠༡༦ གི་ཡོ་རོབ་ནང་གི་ཁ་ཆེ་དང་། ༢༠༡༨ནང་ལ་རྒྱ་ནག་གི་ཡར་རྒྱས་སྐོར་ལ།
…….. 2016 would be the year that “Muslims will invade Europe”.
Yanga Baba prophesied that in 2018 China will be the first “super power” in the world, ……..
ཡུ་རོབ་གླིང་ཁ་ཆེ་ཡིས་ཁུ་སིམ་མེར་དབང་བསྒྱུར་བྱས་ནས་ལོ་བཅུ་ལྷག་འགོར་སོང་།
ཧཧཧཧ་་་་མོག་མོག་ཐིག་པ་རྒྱག་པ་ཟ་སྤྲོ་བ་དང་ཁུ་བ་འཇིབ་པར་དགའ་བ་ངོ་མ་རེད་འདུག་གདའ། དྲི་ན་མི་དགའ་ཉན་ན་དགའ་ཟེར་བ་དེར་བདེན་ཁ་འདུག་ཡ།
ཡུ་རོབ་ཡེ་ཤུ་གླིང་ཁ་ཆེ་ཚོས་ཁུ་སིམ་པོས་དབང་བསྒྱུར་བྱས་ཏེ་ལོ་བཅུ་ལྷག་འགྲོ་ཡིས་ཡོད། ད་རུང་ཡུ་རོབ་གྱི་སྲིད་དོན་པ་ཚོས་གནད་དོན་དེ་ཤེས་ཀྱིས་ཡོད་ཀྱང་ད་རུང་འགྲོ་བ་མིའི་རང་དབང་དང་ཐོབ་ཐང་བླངས་ལྷག་བསྡད་ཡོད། ཧ་ཧ་ཧ། ད་ཡིན་ན་ཡུ་རོབ་ནང་ལྟད་མོ་འཁྲབ་འགོ་བཙུགས་ཟིན།
བླངས་ཟེར་བ་གླེང་ལ་གོ་བ་ལེན་རོགས།
དེང་སང་ཡར་རྒྱས་ཕྱིན་དུས་མི་ཡོད་དགུ་ཡོད། མོག་མོག་ལའང་མདོ་དབུས་ཁམས་གསུམ་མོག་མོག ད་དེ་འདྲ་ཡིན་ན་སྟོད་མངའ་རིས་ཀྱི་མོག་མོག་བཟོ་མཁན་ཡང་སྐད་གཏོང་རོགས་གནོངས། ད་དུང་རྒྱལ་རོང་གི་མོག་མོག། མོན་པའི་མོག་མོག ལ་དྭགས་ཀྱི་མོག་མོག སོག་པོའི་མོག་མོག བལ་པོའི་་མོག་མོག འབྲུག་པའི་མོག་མོག་སོགས་མང་པོ་ཡོད་འགྲོ དེས་ག་ལ་ཚད། ཞང་ཞུང་གི་མོག་མོག ཨོ་རྒྱན་གྱི་མོག་མོག རྒྱ་གར་གྱི་མོག་མོག རྒྱ་ནག་གི་མོག་མོག ད་མང་ལེ་རེད། །
མོག་མོག་གི་དབྱིབས་གཟུགས་དབྱེ་ན་གཉིས་རང་སྟེ། ཏ་དབྱིབས་མོག་མོག་དང་ཀ་དབྱིབས་མོག་མོག་གཉིས་སོ། །
ངས་གོང་དུ་ཟུར་མཆན་ཟིན་རྒྱ་ཚོས་ཀྱུའུ་ཚའེ་མོག་མོག་སྐོར་དེ་ནག་སྲུབ་བཏང་ཚ་འདུག།
སྔོ་མོག་མོག་ཨེ་་་་་དེང་སང་རྩྭ་ཟ་ན་འཕྲོད་བསྟེན་ཆེ་ཤོས་རེད་འདུག་གདའ། ཧཧཧཧཧ་་་་་་ནུབ་གླིང་ནང་རྩྭ་གོང་ཆེ་འདུག་ཨ་་་་་་་་
ཐུག་པའི་གནོན་ཤུགས་མ་ཡིན་པར་སྦྱིན་བདག་མའི་གནོད་ཤུགས་མིན་གྲོ་ཧི་ཧི་ཧ་
ཀུན་ཕན་ཚང་གིས་མོག་མོག་དེ་ཡང་རིགས་བགོས་ནས་མདོ་དབུས་ཁམས་གསུམ་གྱི་མོག་མོག་ལ་དབྱེ་འདུག ལས་ཁུངས་ནང་ན་མཁས་པ་ཡོད་ན་མི་འདྲ་ཡ། ཧཧཧ། ཀུ་རེ་ཡིན་མོད། རྗེས་མ་ངས་ཀུན་ཕན་ཚང་ལ་མོག་མོག་གི་རྣམ་གྲངས་མང་བོའི་འགྲེམ་སྟོན་ཞིག་བྱ། ཁང་པར་ཐུག་པ་མ་ཡོད་ན། མོག་མོག་གི་རྣམ་གྲངས་མང་པོ་བཟོ་ཤེས་ནི་རེད། ངས་མོག་མོག་བཟོ་དུས་ཐབ་ཚང་གཡར་ན་འགྲིག་ནི་རེད། ཡོད་ཚད་གློག་ལས་མྱུར་བའི་ལག་པ་འདིས་མདུན་ལ་སྤུངས་ཡོང་ནི་རེད། སྐབས་དེ་དུས་ལྟད་མོ་ཞིག་སྟོན་ཡ།