—-༧རྒྱལ་དབང་ཀརྨ་པ།
གངས་ལྗོངས་ཁུ་བྱུག་སྔོན་མོ་གདུ་བྷེ་རང་རེ་དང་གཏན་དུ་བྲལ་སོང་། ཁོང་གི་སྙན་འཇེབས་ཀྱི་གླུ་རྟའི་ཁྲོད་དུ་འཚར་ལོངས་བྱུང་བའི་མི་ཞིག་ལ་མཚོན་ན་འཚོ་བའི་ཁྲོད་ཀྱི་ཆ་ཤས་གལ་ཆེན་ཞིག་བོར་བརླག་ཏུ་ཕྱིན་པ་དང་མཚུངས།
ཁུ་བྱུག་སྔོན་མོ་ལགས། ཁྱེད་ཀྱིས་ཁ་བ་ཅན་གྱི་སྣོད་བཅུད་ལ་བཅང་པའི་དད་མོས་དང་། བརྩེ་སེམས། ལར་རྒྱ་དང་། སྙིང་སྟོབས་རྣམས། ཁྱེད་ཀྱི་ལྷད་མེད་ཀྱི་གླུ་དབྱངས་རེ་དང་ལྷན་དུ་འཛམ་གླིང་གི་ཡང་རྩེ་འདི་ན་ནུབ་མེད་དུ་འབར་ངེས་ཡིན།
ཁུ་བྱུག་སྔོན་མོ་ལགས། ཁྱེད་ཚོགས་གཉིས་ཀྱི་འདབ་མ་བརྐྱང་སྟེ་ཐར་ལམ་གྱི་མཐོངས་ཡངས་སུ་བདེ་མོར་བྱོན་དང་། ངེད་ཀྱིས་ཁྱེད་ལ་རྒྱང་རིང་ནས་སྐྱེལ་མ་བྱེད་དོ། །
ཀརྨ་པ་ཨོ་རྒྱན་ཕྲིན་ལས་པས། སྤྱི་ལོ་༢༠༡༦ ཟླ་༢ ཚེས་༢༨ ཉིན་རྡོར་གདན་དུ།
༼ཁོང་གི་ངོ་དེབ་ནས་འདྲེན་བཀོད་ཞུས།༽
བོད་མིའི་བག་ཆགས་ཀྱི་གཏིང་གི་འཛུམ་མདངས་ཁྱོད། བོད་ཀྱི་གླུ་རིག་པའི་གསེང་གི་ང་རྒྱལ་ཏེ། གངས་ལྗོངས་ཁུ་བྱུག་བདུད་པེ་ལགས། ཡང་བསྐྱར་ཕ་ཡུལ་མཐོ་སྒང་ལ་ཕེབས།
གླུ་བ་ཆེན་མོའི་འདས་གྲོངས་ལ་མྱ་ངན་ཞུ་བ་དང་། ཤུལ་ལུས་ནང་མིར་སེམས་གསོ་ཡོད། དེ་མཚུངས་སུ་དཔལ་རྒྱལ་དབང་ཀརྨ་པ་མཆོག་ལ་ཐུགས་རྗེ་བླ་ལྷག་གིས་ཞུ་རྒྱུ་ཡིན། མཆོག་གིས་ཐུགས་སྨོན་གནང་བ་འདིས་བོད་ནང་ཤུགས་རྐྱེན་ངེས་ཅན་ཞིག་བསྐྲུན་ངེས་པར་མ་ཟད། གླུ་བ་གླུ་མའི་མཚོན་པའི་ཤེས་ཡོན་པའི་སྡེ་ཡི་བསྒུལ་ཤུགས་སུ་འགྱུར་ངེས་ཡིན།
ཚེ་འདས་སྒྱུ་རྩལ་པ། བདདུ་བྷེའམ། བདུད་རྦད་མྱུར་དུ་འཚང་བའི་སྨོན་འདུན་ཡོད།
༸དཔལ་རྒྱལ་བ་ཀརྨ་པ་མཆོག་གི་ཞལ་སྔ་ནས་འདས་པོ་བདུད་བྷེ་ལ་བསྔོ་སྨོན་ཐུགས་རྗེ་བཀའ་དྲིན་ཆེ་བཞིན། འདས་པོ་གང་ཉིད་ཐར་ལམ་དུ་གང་མྱུར་བགྲོད་པར་ཤོག །
༸དཔལ་རྒྱལ་བ་ཀརྨ་པ་མཆོག་གི་ཞལ་སྔ་ནས་འདས་པོ་བདུད་བྷེ་ལ་བསྔོ་སྨོན་ཐུགས་རྗེ་བཀའ་དྲིན་ཆེ་བ་བཞིན། འདས་པོ་གང་ཉིད་ཐར་ལམ་དུ་གང་མྱུར་བགྲོད་པར་ཤོག །
དཔལ་རྒྱལ་བ་ཀརྨ་པ་ལ་ཕྱག་འཚལ་ལོ།། སྒྱུ་རྩལ་བ་གླུ་བ་ཞིག་ལ་བླ་ཆེན་ཞིག་གིས་དྲན་གསོ་དང་གདེང་འཇོག་གནང་བ་ད་ཐེངས་ཡིན་རྒྱུ་རེད།
རིན་པོ་ཆེ་བཀྲིན་ཆེ་། སྤྱི་ཚོགས་ཐོག་མིག་ལྟོས་བཟང་། ཤུལ་ལུས་ལ་སེམས་གསོར་ཕན་། བདུད་བྷེ་ལ་སླར་ཡང་ཕ་ཡུལ་བོད་ལ་བྱོན་། མི་རིགས་ཀྱི་རྒྱལ་ཁའི་གླུ་ཞིག་ལེན་དུ་ཕེབས་།
༧རྒྱལ་དབང་ཀ་རྨ་པ་དུས་གསུམ་མཁྱེན་པས་དྲན་པར་མཛད་ཅིང་། འཕྲིན་ལས་མཛད་པར་བཀའ་སྩལ་པ་ནི་བདུད་བྷེ་ད་སྐུ་གཤེགས་དེ་བསོད་ནམས་བསགས་པའི་སྐྱེས་བུ་ཞིག་ཏུ་ངེས་སོ།
ཀརྨ་པ་མཁྱེན་ནོ།