རྒྱ་ནག་གི་དྲ་ངོས་ཁག་ཅིག་ཏུ་ཐོན་གསལ་ལྟར་ན། སྐྱེ་རྒུ་མདོར་ས་འགུལ་གྱི་ཆགས་འཇིག་ཐེབས་ནས་ཉིན་གསུམ་པ་སྟེ། ཚེས་བཅུ་བདུན་ཉིན་གྱི་ཆུ་ཚོད་༨་དང་སྐར་༥༨་སྟེང་ནག་ཆུ་ས་ཁུལ་དུ་ས་འགུལ་རིམ་པ་ལྔ་དང་གྲངས་ཆུང་གཉིས་ཅན་ཞིག་རྒྱུགས་པ་དང་། དེའི་རྗེས་ཀྱི་ཆུ་ཚོད་༡༢་དང་སྐར་༢༥་སྟེང་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་ས་འགུལ་རིམ་པ་གཉིས་དང་གྲངས་ཆུང་ལྔ་ཅན་ཞིག་རྒྱུགས་འདུག
ད་ལའི་ལོ་འདི་གཅིག་པོར་ཡང་སའི་གོ་ལའི་ས་ཕྱོགས་གང་སར་ས་འགུལ་རབས་དང་རིམ་པར་བྱུང་ཞིང་། སྔ་ཕྱིའི་ས་འགུལ་འདི་དག་ལ་བལྟས་ན། རང་ཅག་མིའི་རིགས་ཀྱི་བྱེད་བབ་དང་ཡང་འབྲེལ་བ་ཡོད་པར་སྣང་བས། མི་རྣམས་ཀྱིས་རང་ཚོད་མ་ཟིན་པར་སའི་གོ་ལ་འདི་ལ་ཕོག་ཐུག་གཏོང་རྒྱུ་མང་དྲགས་ན། ད་ནི་སའི་གོ་ལ་འདི་ལྷིང་འཇགས་ངང་སྡོད་རྒྱུ་མིན་པ་གསལ་བོ་རེད་པས། ད་ནས་བཟུང་འཇིག་རྟེན་འདིའི་སྟེང་མུ་མཐུད་འཚོ་སྡོད་ལ་རེ་བའི་མི་རྣམས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ཅི་རིགས་ནས་སའི་གོ་ལ་སྲུང་སྐྱོབ་ལ་འབད་དགོས་པར་མཐོང་ལ། གལ་སྲིད་ད་དུང་གོ་ལ་འདིར་བསྙད་འཚོལ་རྡུང་རྡེགས་བཏང་ཚེ། ཐེངས་རྗེས་མའི་ས་ཡོམ་གྱི་ཆག་འཇིགས་ནི་ཁྱེད་ཀྱི་མགོ་ཐོག་ཏུ་མི་ལྷུང་བའི་ངེས་པ་མེད་པ་རེད།
ཨོཾ་བྷྲྰུྃ་སྭྰ་ཧྰ། །
མགོ་ལག་པས་སྐྱོར་སྐྱོར་ལ་བསྡད་ཡོད་མོད། ད་གང་ཤེས། ཨོ་མ་ཎི་པདྨེ་ཧྰུམ
ས་ཆུ་མེ་རླུང་ནད་འཁྲུགས་གང་བྱུང་ཡང་། །
མངའ་རིས་དབུས་གཙང་མདོ་ཁམས་སྒང་དྲུག་གི །
གདོང་དམར་མི་རིགས་རྡོག་རྩ་གཅིག་སྒྲིལ་ལ། །
གཡོ་མེད་མི་འགྱུར་དམ་བཅའ་བྱེད་རན་འདུག །
ཨོྃ་མ་ཎི་པདྨེ་ཧ྄྄ཱུ༷ྃ་ཡང་ས་ཡོམ་རརྒྱྦ་འདུག་ཟེར་ཡང་མི་ག་ཚོད་གྲོངས་ཡོད་ན་ད་ལོ་བོད་པ་ཚང་དཀའ་ངལ་གཅིག་ཐོག་གཉིས་བརྩིགས་རེད་འདུག།་་་་
བླ་མ་མཁྱེན།
གུ་རུའི་ལུང་བསྟན་པདྨ་བཀོད་ཀྱི་གནས་ཡིག་མདོར་བསྡུས་ཞེས་པར། ས་གནད་ཀུན་ལ་མཆོད་བརྟེན་བཞེངས་པ་དང་༔ འཇིགས་སྐྱོབས་ལྷ་ལྔ་འབད་པས་མ་སྒྲུབ་ན༔ དཀར་མཛེས་སྐྱེ་རྒུ་ནག་ཆུ་ས་ཡིས་འཇིག༔ མགོ་ལོག་གོ་ཇོ་ལྕགས་མདུད་རླུང་གིས་འཇིགཿ ལྷ་ས་ཨ་མདོ་ཆབ་མདོ་ཆུ་ཡིས་འཇིག༔ རོང་ཆེན་བཞི་བོ་རྡོ་ཆར་མེ་ཡིས་འཇིག༔ ཞེས་གསུང་ནའང་དུས་ཚོད་གསལ་བོ་རང་མི་འདུག འདི་ལ་རྡོ་སྦས་དགེ་བཤེས་ཤེས་རབ་རྒྱ་མཚོས་དགག་པའང་གནང་འདུག་པས་དཔྱད་པར་འཚལ།
ནག་ཆུ་ས་གནས་སྟོང་པ་དང་གྲོང་ཚོའི་མི་ལ་གནོད་པ་མི་འདུག་ཟེར། ཁང་ཁྱིམ་མང་པོ་ཞིག་འདུག
ནག་ཆུ་ས་ཁུལ་བསྙན་རོང་རྫོང་དུ་ས་ཡོམ་རྒྱབ་འདུག