རིག་པའི་རྡོ་རྗེས།
གླེང་སློང་།
ངས་འདིར་རང་ཐག་རང་གཅོད་ཀྱི་ཐོག་ནས་བསམ་ཚུལ་ཁ་ཤས་ཞུ་འདོད་བྱུང་། འདི་ནི་རང་གི་བསམ་ཚུལ་གསལ་བོར་བརྗོད་པ་ཙམ་ལས། ཚོགས་པ་དང་སྒྲིག་འཛུག་གི་ལངས་ཕྱོགས་མིན་ལ། ༧གོང་ས་མཆོག་དང་། བོད་གཞུང་ལ་སྐྱོན་བརྗོད་བྱེད་འདོད་དེ་བས་ཀྱང་མིན་པས། གཟིགས་མཁན་རྣམས་ཀྱིས་དེ་ལུགས་ལྟར། དགེ་སྐྱོན་གང་ཡོད་གང་ཟག་སྒེར་གྱི་ཐོག་འགེལ་རོགས་ཞེས་ཐོག་མར་གླེང་སློང་བའི་ཚུལ་གྱིས་ཞུ་བ་ཡིན།
ལོ་རྒྱུས་ལ་གཞི་བཅོལ་ཏེ་བདེན་དོན་འཐབ་རྩོད་བྱེད་དགོས།
དེ་ཡང་བོད་ཀྱི་རྒྱལ་རབས་སྤྱིའི་དབང་དུ་བཏང་ན། དང་པོ་གནམ་གྱི་ཁྲི་བདུན་དང༌། སྟོད་ཀྱི་སྟེང་གཉིས། ས་ཡི་ལེགས་དྲུག ཆུ་ལ་ལྡེ་བརྒྱད། བར་གྱི་བཙན་ལྔ། གཉན་བཞི། སྨད་ཀྱི་བཙན་བཅུ་སྟེ། མདོར་ན་སྔ་ཕྱིར་བོད་རྒྱལ་བཞི་བཅུ་ཞེ་གཉིས་ཀྱིས་མི་ལོ་བརྒྱད་བརྒྱ་ལྷག་རིང་བོད་ལ་དབང་བསྒྱུར་ཞིང་། བོད་རང་བཙན་དུ་གནས་ཡོད་པ་མ་ཟད། ལྷག་པར་དུ་མེས་དབོིན་རྣམ་གསུམ་གྱི་རིང་བོད་འདི་སྟོབས་ཆེན་རྒྱལ་ཁབ་ཅིག་གི་ངོ་བོར་གནས་ཡོད་པ། རྒྱ་ནག་གཞུང་གིས་ཀྱང་ཁས་ལེན་བྱེད་བཞིན་ཡོད་པ་འདི་རེད། དེ་རྗེས་ས་སྐྱ་དང་། ཕག་གྲུ རིན་སྤུངས། གཙང་པ། དགའ་ལྡན་ཕོ་བྲང་བཅས་ཀྱི་རིང་ལ་ཡང་། རང་ས་རང་གིས་བཟུང་ཏེ། རང་བཙན་གྱི་ངོ་བོར་གནས་ཡོད་པ་རྒྱལ་སྤྱིའི་ཁྲིམས་ཐོག་དང་དངོས་ཡོད་གནས་ཚུལ་གཉིས་ཀའི་ཆ་ནས་ཐག་གཅོད་བྱས་ཡོད། དེས་ན་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་བདེན་པ་ཡིན་དུས་བདེན་དོན་དེ་ཞུམ་པ་མེད་པར་རྩོད་དགོས། འདི་ལ་འགྱུར་བ་གཏོང་རྒྱུ་གང་ཡང་ཡོད་པ་མ་རེད། ལོ་རྒྱུས་ནི་ལོས་རྒྱུས་ཀྱིས་ཐག་གཅོད་བྱས་ཡོད་པས། ལོ་རྒྱུས་ལ་འགྱུར་བ་གཏོང་རྒྱུའི་ཐོབ་ཐང་སུ་ལ་ཡང་མེད་པ་མ་ཟད། ང་ཚོས་རང་གི་རྒྱལ་ཁབ་ཀྱི་བདེན་པའི་ལོ་རྒྱུས་ལ་ཡིད་ཆེས་དང་བརྩི་བཀུར་ངེས་ཅན་དུ་བྱེད་དགོས།
ད་ལྟའི་གནས་སྟངས་ལ་བསྟུན་ཏེ་བདེན་དོན་འཐབ་རྩོད་བྱེད་དགོས།
ད་ལྟའི་ཆར་རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་སྐྱོབ་བྱེད་མཁན་གཞུང་དང་ཚོགས་སྡེ་མི་ཉུང་བ་ཞིག་ཡོད་མོད། དེ་དག་གིས་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་། རང་སྐྱོང་གི་གནས་བབ་ཙམ་ལས་རང་བཙན་ལ་རྒྱབ་སྐྱོར་ཕར་ཞོག ཐ་ན་བོད་རང་བཙན་ཡིན་པར་ཡང་ངོས་ལེན་བྱེད་ཀྱིན་མེད། དེའི་རྒྱུ་མཚན་གང་ལ་ཐུག་ཡོད་སྙམ་ན། ང་ཚོ་བོད་མི་རང་གི་ངོས་ནས་བདེན་དོན་མ་བརྩད་པར་རང་སྐྱོང་ཙམ་གྱིས་འགྲིག་གི་རེད། བོད་རྒྱ་ཁོངས་སུ་སྡོད་རྒྱུ་ཡིན་ཞེས་ཤོད་ཀྱིན་ཡོད་དུས། རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་ཡོད་རྒྱལ་ཁབ་ཚོས་ཀྱང་། བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་རྒྱུ་སྟབས་བདེ་མེད་ལ། དེས་རྐྱེན་གྱིས་བོད་རང་བཙན་ཡིན་པར་ངོས་ལེན་བྱེད་ཐབས་ཀྱང་མ་བྱུང་བ་རེད།
དེ་བཞིན་རྒྱ་ནག་གིས་ཀྱང་རྒྱུན་ལྡན་དུ། བོད་ཀྱི་གནད་དོན་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན། རྒྱ་ནག་ནང་སྲིད་ཀྱི་གནད་དོན་ལ་ཕྱིའི་རྒྱལ་ཁབ་སུས་ཀྱང་ཐེ་གཏོགས་བྱེད་མི་ཆོག་ཅེས་ཟེར་གྱིན་ཡོད་པའི་རྒྱུ་མཚན་ཡང་འདི་ལ་ཐུག་ཡོད། གལ་ཏེ་དང་པོ་ནས་ང་ཚོས་བདེན་དོན་འཐད་རྩོད་བྱས་ཡོད་ན། བདེན་དོན་ལག་ཏུ་ལོན་ཡོད་ཟེར་རྒྱུ་ཁག་པོ་ཡིན་ཀྱང་། བདེན་དོན་ངོ་མར་རྒྱབ་སྐྱོར་དང་། བདེན་དོན་ངོས་ལེན་བྱེད་མཁན་གྱི་རྒྱལ་ཁབ་དང་ཚོགས་སྡེ་མི་ཉུང་བ་ཞིག་ཡོིད་པ་སྨྲོས་མ་དགོས་པ་རེད། དཔེར་ན་ཨ་རིའི་གྲོས་ཚོགས་ནང་དུ་བོད་དོན་ཐད་མི་འདྲ་བའི་ཡིག་ཆ་གཉིས་བཞག་ཡོད། གཅིག་གི་ནང་བོད་དེ་རྒྱ་ནག་གིས་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ཡིན་ཚུལ་དང་། གཅིག་གི་ནང་བོད་རྒྱ་མིའི་ཆ་ཤས་ཡིན་པར་འཁོད་ཡོད། དེའི་རྒྱུ་མཚན་གང་ལ་ཐུག་ཡོད་མ་བཤད་ཀྱང་མངོན་གསལ་རེད།
ཡང་རྒྱུ་མཚན་གཞན་ཞིག་ནི། ཉེ་དུས་༧གོང་ས་མཆོག་གིས། ང་ཚོས་བོད་ནང་གི་དོན་རྐྱེན་ལ་བརྒྱུད་སྐུལ་བྱས་པ་རེད་ཟེར་བར་གསལ་བཤད་མཐིལ་ཕྱིན་བྱས་ཀྱང༌། ཡིད་ཆེས་བྱེད་ཀྱིན་མི་འདུག ཧ་ལམ་བོད་དོན་དཀའ་ངལ་སེལ་རྒྱུའི་ཚབ་ལ་འགོག་རྐྱེན་བཟོ་བཞིན་ཡོད་པ་ལྟ་བུ་ཆགས་འདུག དེར་བརྟེན། ངས་ཕྱི་ཟླ་ ༩ ཚེས་ ༡༡ ནས་ཐག་གཅོད་དེ་བྱས་པ་ཡིན། ངེད་ཀྱི་ངོས་ནས་འགན་དེ་ཐེག་གིན་མི་འདུག་ལ། འགན་འཁུར་དགོས་པ་ཤིག་ལའང་མཐོང་གི་མི་འདུག དྲང་པོ་དྲང་བཞག་གི་སྐད་ཆ་བཤད་ན། ངས་འགན་འཁྱེར་ཐུབ་གི་རེད། ང་ལ་རྒྱུ་མཚན་བཤད་རྒྱུ་ཡོད། བསམ་པ་རྣམ་དག་ཡིན། ད་རེབ་ཚོགས་ཆེན་སྟེང་ནས་ལམ་སང་ཐག་གཅོད་ཐུབ་པ་ཡོང་གི་མ་རེད་སྙམ། མི་དམངས་ཚང་མས་ཁུར་བླངས་ཏེ་ཁ་ཡོད་ལག་ཡོད་དང་ཕྱར་བ་གྲི་འདེགས་ཀྱིས་ཐག་གཅོད་དགོས་པ་རེད། མཐའ་དོན། ང་ཚོ་ཛ་དྲག་གཉན་འཕྲང་ཞེ་དྲག་ཅིག་ཏུ་སླེབས་ཡོད་པ་རེད། ཚང་མས་སྙིང་ལ་རུས་པ་བཅུག་སྟེ་འཐབ་རྩོད་བྱ་དགོས། ང་ཚོར་བདེན་དོན་ཡོད་སྟབས། འཚེ་བ་མེད་པའི་ལམ་ལ་བརྟེན་ཏེ་འགྲོ་རྒྱུའི་སྤོབས་པ་དང་སྙིང་སྟོབས་ཡོད། འཚེ་བ་མེད་པའི་ལམ་ལ་བརྟེན་ཏེ། བདེན་པ་བདེན་ཐོག་ལ་འཁྱོལ་རྒྱུར་ཤེས་བྱ་ཡོན་ཏན་དགོས། ཤེས་ཡོན་དེ་ཡང་བྱམས་པ་དང་སྙིང་རྗེ། སྟོང་ཉིད་ཀྱི་ལྟ་བ་གཅིག་པུས་མི་ཕན། རྒྱལ་རབས་ལོ་རྒྱུས་དང་ཆབ་སྲིད་འགྱུར་འགྲོས། དེང་དུས་ཀྱི་ཤེས་ཡོན་ཆ་ཚང་བ་ཞིག་དགོས། ཞེས་ང་ཚོར་བདེན་དོན་ཡོད། བདེན་པ་བདེན་ཐོག་ལ་འཁྱོལ་རྒྱུར་འབད་བརྩོན་བྱེད་དགོས་གསུང་བའི་བདེན་དོན་དེ་ལ་གོ་བ་གཅིག་མ་གཏོགས་གཉིས་པ་ཞིག་མེད།
ད་དུང་ད་ལྟ་འགྲོ་བཞིན་པའི་བོད་རྒྱའི་འབྲེལ་མོལ་ལ་ཆ་བཞག་ནས་བཤད་ན། ང་ཚོིས་ངོས་ནས་བདེན་དོན་རྩོད་ཀྱིན་ཡོད་པ་མ་རེད། རང་བཙན་རྩོད་ཀྱིན་ཡོད་པ་མ་རེད། བོད་རྒྱ་ཁོངས་སུ་སྡོད་རྒྱུ་ཡིན། རང་སྐྱོང་ཙམ་སྤྲད་ན་འགྲིག་གི་རེད་ཅེས་མ་ཎི་འདོན་འདོན་བྱེད་ཀྱིན་ཡོད་མོད། ཁར་སང་ཟླ་ ༡༡ ཚེས་ ༧ ཉིན། རྒྱ་ནག་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པ་དང་། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཏུའུ་ཆིང་ལིན་གྱིས། རྒྱུན་འཁྱོངས་བྱེད་པ་གསུམ་གྱི་སྒོི་ནས་ཐག་གཅོད་ཕྱི་གསལ་ནང་གསལ་བྱེད་ཚར་བ་རེད། ད་ང་ཚོས་གྲུབ་འབྲས་ཐོན་ཀྱང་མ་ཐོན་ཀྱང་ལངས་ཕྱོགས་ལ་འགྱུར་བ་གཏོང་རྒྱུའི་དུས་ཚོད་ལ་སླེབས་པ་རེད། གྲུབ་འབྲས་མ་ཐོན་ན་འགྱུར་བ་བཏང་བས་ཅི་ཕན་སྙམ་ན། འདས་པའི་མི་ལོ་ལྔ་བཅུའི་རིང་རང་སྐྱོང་བརྩད་པ་རེད། ཏིང་ཞོ་ཕིང་གིས་ཀྱང་རང་བཙན་མ་བརྩད་ན་གནད་དོན་གང་ཡོད་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱེད་ཆོག་ཅེས་བཤད་པ་རེད། སྐུ་ཚབ་ཚོགས་པ་ཐེངས་དུ་མར་ཕྱིན་པ་རེད། ཡིན་ན་ཡང་ཐ་མའི་གྲུབ་འབྲས་དེ་རིང་ཏུའུ་ཆིང་ལིན་གྱིས་ཐག་གཅོད་བྱས་པ་དེ་རེད།
དེས་ན་ང་ཚོས་ཐ་མའི་གྲུབ་དོན་གྱི་བསམ་གཞིགས་རེ་ཞིག་བཞག་སྟེ། གནས་ལུགས་དང་བདེན་པར་ཡིད་ཆེས་བྱས་ནས། བདེན་དོན་འཐད་རྩོད་ཀྱི་གོམ་ཆེན་མདུན་དུ་སྤོ་དགོས།
མ་འོངས་བོད་མིའི་རྩ་དོན་འགྲུབ་ཆེད་བདེན་དོན་འཐབ་རྩོད་བྱེད་དགོས།
གོང་དུ་བཤད་པ་ལྟར་ང་ཚོས་བདེན་པ་དང་། གནས་ལུགས། འཚེ་བ་མེད་པ་བཅས་ཀྱི་ལྟ་གྲུབ་གཞི་ལ་བཞག་སྟེ། བདེན་པའི་འཐད་རྩོད་བྱེད་ཐུབ་པ་ཡིན་ན། བདེན་པའི་རྒྱབ་ལངས་བྱེད་མཁན་ཡོང་གི་རེད། རྒྱུ་མཚན་འཇིག་རྟེན་འདིར་ཀུན་གྱིས་བདེན་པར་ཚད་འཛིན་དང་། ཡིད་ཆེས། དགའ་མོས་བྱེད་བཞིན་ཡོད། དེ་ནི་ཁྲིམས་དང་སྒྲིག་གཞི་ཙམ་མ་ཡིན་པར་གནས་ལུགས་ཤིག་ཡིན་དུས། རྣམ་དཔྱོད་ཅན་ཞིག་ཡིན་ཕྱིན་བདེན་དོན་ལ་གདེངས་འཇོག་དང་རྒྱབ་སྐྱོར་བྱེད་རྒྱུ་རེད། དེར་བརྟེན་བོད་ཀྱི་རྩ་དོན་དེ་བདེན་དོན་ངོ་མ་ཞིག་ཆགས་རྒྱུ་ངེས་ཅན་རེད། ནམ་ཞིག་བོད་ཀྱི་རྩ་དོན་དེ་བདེན་པའི་གནད་དོན་ཞིག་ཏུ་གྱུར་བ་ཡིན་ན། བོད་རང་བཙན་སླར་གསོ་བྱེད་རྒྱུར་དཀའ་ངལ་གང་ཡང་མེད། གལ་ཏེ་དོན་ངོ་མར་བོད་ལ་རང་བཙན་མི་དགོས་པར་རང་སྐྱོང་ཙམ་དང་རྒྱ་ནག་གི་མངའ་ཁོངས་སུ་སྡོད་འདོད་ཡོད་ན། དེ་དུས་ཆེན་པོ་བློས་བཏང་ནས་ཆུང་ས་ནས་འཛིན་ཆོག དེ་མིན་ང་ཚོས་མུ་མཐུད་དུ་རྒྱ་མིས་ཐག་གཅོད་བྱས་མིན་ལ་མ་ལྟོས་པར། རང་སྐྱོང་གི་གནས་བབ་ཐོག་ཨུ་ཚུགས་བྱས་ནས་བསྡད་པ་ཡིན་ན། བོད་མི་རིགས་རིག་གཞུང་དང་བཅས་པ་འཇའ་ལུས་སུ་དངས་རྒྱུ་ལས་གཞན་ཅི་ཡང་མེད། དཔེར་ན། ཕྱི་ལོ་ ༢༠༠༨ ལོའི་ཟླ ༣ ཚེས་ ༡༠ ནས་བཟུང་། བོད་ནང་དུ་ལོ་རྒྱུས་ཐོག་བྱུང་མ་མྱོང་པའི་ཆོལ་གསུམ་སྤུན་ཟླ་ཡོངས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་ཤུགས་ཆེན་བྱས་པས། རྒྱ་ནག་གིས་ཡ་ང་དང་སྙིང་རྗེ་སྤུ་ཙམ་མེད་པར་དྲག་སྤྱོད་མཚོན་ཆའི་འཁོར་ལོ་བསྐོར་ཏེ། བོད་ཆོལ་ཁ་གསུམ་གྱི་ཁྱོན་ལ་མི་ཁྲག་གི་རྒྱ་མཚོ་ཆེན་པོ་ཞིག་བསྐྱིལ་བས། ད་ལྟ་བོད་ནང་དུ་ཡུགས་ས་མའི་ཤུགས་རིང་དང་། དྭ་ཕྲུག་གི་ངུ་འབོད། གསོན་བྲལ་གྱི་མྱ་ངན། དེ་བཞིན་གཉའ་གནོན་དང་མཐོང་ཆུང་། ཁྱད་གསོད་དང་གཅར་རྡུང་བཅས་ཀྱི་སོ་ཁ་ནས་གཞིས་ལུས་བོད་མི་རྣམས་ཀྱིས་ཉིན་མཚན་མ་མའཁྱོལ་བར་ཡོད་ལ། ད་དུང་སྙིང་སྟོབས་ཆེ་ཞིང་ལས་ལ་བརྩོན་པའི་དཔའ་བོ་དཔའ་མོ་རྣམས་ནི་མྱ་ངན་དང་སྡུག་བསྔལ་འདིའི་གཏིང་ཟབ་ས་དང་རྒྱ་ཆེ་ས་ཡོད་ཅིང་། ཁོང་ཚོའི་མངོན་འདོད་ཀྱང་བདེན་དོན་འཐད་རྩོད་ཡིན་པ་༧གོང་ས་མཆོག་བོད་དུ་ཕྱིར་ཕེབས་དགོས། བོད་ལ་རང་དབང་དགོས། ཞེས་པའི་འབོད་ཚིག་འདི་གཉིས་ཀྱིས་གསལ་བར་མཚོན་ཡོད།
དེས་ན་བོད་ཀྱི་རྩ་དོན་དེ་བདེན་དོན་ངོ་མ་ཞིག་དང་། གཞིས་ལུས་བོད་མི་རྣམས་ཀྱི་མངོན་འདོད་ཀྱང་དེ་ཡིན་པ་ངོས་ཟིན་པའི་ཐོག་ནས། ད་ནས་བཟུང་བོད་དོན་སླད་ལས་འགུལ་ཅི་ཞིག་སླེལ་བ་ཡིན་ན་བདེན་དོན་ལ་ཁ་གཏད་དགོས། སྐད་ཆ་ཅི་ཞིག་བཤད་པ་ཡིན་ན་བདེན་དོན་ལ་ཁུངས་གཏུགས་དགོས། གནས་དུས་གང་གི་སྐབས་སུ་ཡང་བདེན་དོན་དེ་རང་གི་སྲོག་ལྟར་གཅེས་སྤྲས་བྱས་ནས། བདེན་དོན་འཐད་རྩོད་ངེས་པར་དུ་གནང་རོགས་ཞེས་ཞུ་བ་ཡིན། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༨ ཉིན།
རིག་པའི་རྡོ་རྗེ་ལགས། ཁྱེད་ཀྱིས་བཤད་པར་རྒྱབ་སྐྱོར་དང་ཡི་རང་ཡོད། འོན་ཀྱང་། ཁྱོད་ཀྱིས་རང་སྲིད་རང་སྐྱོང་དང་དབུ་མའི་ལམ་སོགས་ལ་བརྟེན་ནས་བོད་དོན་ཐག་གཅོད་བྱེད་པའི་སྲིད་ཇུས་དེ་བདེན་དོན་མ་རེད་ཟེར་གྱི་ཡོད་དམ། འོ་ན། ད་ལྟ་བར་དུ་༸ཎནསྣྲཀསྐྱབས་མགོན་རྒྱལ་བའི་དབང་པོས་བདེན་དོན་མ་ཡིན་པ་ཞིག་ལ་འཐབ་རྩོད་བྱས་པ་རེད་ཟེར་གྱི་ཡོད་དམ། ཡང་ན། ༸ཎནསྣྲཀསྐྱབས་མགོན་རིན་པོ་ཆེས་རྒྱལ་རབས་ལོ་རྒྱུས་ཀྱི་བདེན་དོན་མ་མཁྱེན་པ་རེད་དམ། འདི་ཚོ་ངའི་དྲི་བ་ཡིན་པ་ལས་ཁྱེད་ལ་རྒོལ་གཏམ་མིན་པ་ཐུགས་འཇགས་འཚལ།
རྣམ་དཔྱོད་ཡངས་པ་བོད་ཀྱི་བུ་ལགས།
ཁྱེད་ཀྱིས་ངའི་བསམ་ཚུལ་ལ་རྒྱབ་སྐྱོར་དང་བཀའ་འདྲི་གནང་བར་ཐུགས་རྗེ་ཆེ། ང་ཚོ་བོད་རྒྱལ་ཁབ་ཟེར་བ་འདི་ལོ་རྒྱུས་ཐོག་བཤད་པ་བཞིན་རང་བཙན་རྒྱལ་ཁབ་ཅིག་ཡིན་ཕྱིན། ངས་རང་སྲིད་རང་སྐྱོང་དང་དབུ་མའི་ལམ་གཉིས་ཀའི་སྲིད་ཅུས་དེས་དེ་དང་དེ་རྩོད་ཀྱིན་ཡོད་པ་ལས། བདེན་དོན་ངོ་མ་དེ་རྩོད་ཀྱིན་མེད་ཅེས་ཤོད་བཞིན་ཡོད། ༧གོང་ས་ཐམས་ཅད་མཁྱེན་པས། བདག་གཞན་མཉམ་པ་ཉིད་དང་། བོད་མིའི་གནས་སྐབས་ཀྱི་གལ་ཆེའི་དགོས་མཁོར་གཞིགས་ཏེ། རང་དབང་ཙམ་རྩོད་གནང་གིན་ཡོད་པ་ལས་བདེན་དོན་མ་བརྩད་པ་གཏན་མིན་ལ། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་མ་མཁྱེན་པ་དེ་བས་ཀྱང་མིན། དཔེར་ན། ༧གོང་ས་མཆོག་གིས་ནམ་རྒྱུན། ང་ཚོར་བདེན་དོན་ཡོད་དུས་བདེན་མཐའ་གསལ་རྒྱུ་ཡོད་ཅེས་གསུང་བཞིན་ཡོད་པ་མ་ཟད། ཐ་མའི་ཐག་གཅོད་དེ་བོད་མི་མང་གིས་བྱེད་ཀྱི་རེད་ཅེས་གསུངས་པ་འདི་ལ་ཡང་ཐག་ཆོད་ཀྱི་གོ་བ་ཞིག་ལེན་རྒྱུ་ཡོད།
རིག་པའི་རྡོ་རྗེའི་རྩོམ་དེ་རོབས་ཙམ་བྐླགས་པ་ཡིན། ཁོའི་རྩོམ་དེའི་གླེང་བརྗོད་ནང་དུ་རྒྱལ་བ་རིན་པོ་ཆེར་སྐྱོན་བརྗོད་མིན་ཙུལ་གྱི་སྤྲེལ་ལད་ཅིག་མགོ་འཕུར་དང་སྒྱིད་པ་འདར་འདར་བྱས་ནས་ཞུས་འདུག རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་སྐྱོན་བརྗོད་བྱེད་འདོད་མེད་ན་ཁྱོད་འདྲེ་རྒྱལ་འགོང་སུ་ཞིག་གིས་བསྐུལ་ནས་སྡོད་མ་ཚུགས་པར་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་ལངས་ཕྱོགས་དེར་ཁྱོད་ཀྱིས་སྐྱོན་བརྗོད་བྱས་པ་ཡིན། སྐྱོན་བརྗོད་བྱེད་བཞིན་དུ་སྐྱོན་བརྗོད་བྱེད་འདོད་མེད་ཅེས་བརྗོད་པ་དེ་ནས་ཁྱོད་ཀྱི་རྩོམ་དེ་འགལ་བའིཁུར་ཆེན་གཅིག་གིས་མགོ་བཙུགས་འདུག
འདས་པའིདུས་སུ་བོད་རང་བཙན་ཡིན་མིན་ཟེར་བ་དེ་ལོ་རྒྱུས་ཙམ་ཞིག་རེད། འདས་ཟིན་པ་དེ་ཡང་བསྐྱར་གླེང་རུང་མ་གླེང་རུང་དེ་ཕྱིར་འགུགས་ཐབས་ནི་མེད། རྒྱལ་བ་རིན་པོ་ཆེས་ཀྱང་འདས་པ་ལས་མ་འོངས་པ་གལ་ཆེན་པོ་བརྩི་རྒྱུ་ཡིན་ཚུལ་གསུངས་འདུག་པ་ལས་རྒྱལ་བ་རིན་པོ་ཆེས་ལོ་རྒྱུས་ལ་བཟོ་བཅོས་བྱས་ནས་སྲོང་བཙན་སྒམ་པོའི་དུས་ནས་བོད་རྒྱ་ནག་གི་ཁོངས་གཏོགས་རེད་ནམ་ཡང་གསུངས་མྱོང་མེད་པས་ཁྱོད་ཀྱིས་གནམ་གྱི་ཁྲི་བདུན་སོགས་ཀྱི་གྲངས་འདྲེན་གྱི་མཁས་མདོག་བསྟན་པ་ལ་དགོས་ཕན་གང་ཡང་མི་འདུག ལོ་རྒྱུས་ལ་འཐམ་བསྡད་ནས་ནས་ཅིག་ཐོབ་རྒྱུ་ཡོད་ན་ཁྱོད་ཚོ་མགོ་ལོག་གི་གེ་སར་རྒྱལ་པོ་ཡིན་ནམ་དེ་ཁྲིད་ཤོག་དང་། ལོ་རྒྱུས་ཀྱིས་ཅིག་ཕན་ན་ཧོར་ཇིང་གིར་རྒྱལ་པོའི་དམག་ཤུགས་ཀྱིས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་དེ་སྙེད་ཅིག་དབང་བསྒྱུར་བྱས་པའི་ལོ་རྒྱུས་ཡོད་ཀྱང་དེ་རིང་གི་མོང་གོལ་ཆུང་ཆུང་འདི་ར་ཤི་ཡ་གནམ་གྱིས་མ་བསྲུངས་ན་རྒྱ་དམར་གྱི་ཁ་ནང་དུ་ཤི་ཚར་བ་རེད།
སྤྱིར་བཏང་བོད་མིས་རང་བཙན་ལ་འཐབ་རྩོད་མ་བྱས་པ་རེད་ཟེར་ནས་ལེ་བརྡ་མ་བྱེད་མ་གཏོགས་ྐླུ་ཁང་པ་དང་ཨ་འབྲུག་མགོན་པོ་སོགས་ཀྱི་བླ་རྣམ་ཤེས་འཁྱམས་པོ་ཚོས་ཀྱང་ཁྱོད་ལས་སླ་བོར་འཇོག་གི་མ་རེད། འཐབ་རྩོད་མ་བྱས་པ་མ་རེད། ལྷ་སའི་སྐུ་དྲགས་དེ་ཚོས་ཀྱང་ཅི་དྲག་གང་དྲག་བྱས་འདུག ཆུ་བཞི་སྒང་དྲུག་གི་རྒད་པོ་དེ་ཚོས་ཀྱང་དཀའ་ལས་བརྒྱབ་པ་རེད། ཁོ་ཚོ་སྟག་འཛུམ་དྲུག་ཉིལ་ལེར་ཤི་སོང་བ་རེད། ང་ཚོ་ནང་བཞིན་ཁ་རྒྱགས་པ་རེ་བཤད་ནས་ག་ཤེད་ཅིག་ཏུ་གབ་འདུག་མཁན་དེ་འདྲ་མ་རེད། ཁོ་ཚོས་རང་རྟ་རྒ་མ་དང་རང་བྲོ་ཁུག་མ་བྱས་ནས་ལོ་ནས་ལོ་མཐུད་དེ་འཐབ་ཁུལ་བྱས་པ་རེད། དེ་དུས་འཛམ་བུ་གླིང་གི་ཆེ་ཆེ་གཉན་གཉན་ཚོས་རོགས་སྐྱོར་བྱེད་པ་ཕར་ཞོག ཐ་མ་ཁྱིམ་མཚེས་བལ་བོ་སྒྱིད་འཕྲ་དེ་ཚོས་ཀྱང་སྡོད་དུ་མ་བཅུག་པ་རེད།
རྒྱལ་བ་རིན་པོ་ཆེས་བོད་ཀྱི་འགན་འཁུར་ཐུབ་ཀྱི་རེད། ཁོང་མ་གཏོགས་པ་བོད་ཀྱི་འགན་འཁུར་ཐུབ་མཁན་སུ་གཅིག་ཀྱང་མེད། བླ་རྒན་འདི་ལོ་གཉིས་ལ་སོན་པའི་ཉིན་མོ་ནས་བོད་དོན་གྱི་ཁུར་པོ་འདི་ལྗིད་ཏིག་གེར་གཉའ་སྟེང་དུ་བབ་པ་རེད། ད་ཕོ་ལོ་བདུན་ཅུ་བརྒལ་ན་ཡང་རྒས་ཡོལ་བྱེད་པའི་གོ་སྐབས་མེད་པ་རེད། མི་ཚེ་གང་བོར་བོད་དོན་བསྒྲུབས་པ་རེད། མི་འདི་ལས་ལྷག་པའི་ཁྱོན་ཡོངས་ནས་བོད་ཀྱི་གནད་དོན་ལ་མཁས་པ་དང་། བོད་མིའི་སྐྱིད་སྡུག་ཤེས་མཁན། བོད་མིའི་འདོད་འདུན་རྟོགས་མཁན། བོད་མི་ལ་བརྩེ་བ་ཡོད་མཁན་སུ་གཅིག་ཀྱང་མེད་པ་རེད།
ཁྱོད་ཀྱི་བདེན་པ་དང་། གནས་ལུགས། འཚེ་བ་མེད་པ་གསུམ་ཞེས་ཆིངས་ཆེན་པོ་ཞིག་བཞག་འདུག བདེན་པ་དང་གནས་ལུགས་གཉིས་ལ་ཁྱད་པར་གང་ཡོད་རེད། བདེན་པ་རེད། ང་ཚོས་དབུ་མའི་ལམ་གྱིས་རང་སྐྱོང་སྤྲད་ན་འགྲིགས་པར་བཤད་པ་ལ་རྒྱ་མིས་རང་སྐྱོང་ལ་ངོས་ལེན་མ་བྱས་པ་མ་རེད། རྒྱ་མིས་དེ་ལ་ཡིད་ཆེས་བྱེད་ཀྱིན་མེད་པ་རེད། རྒྱ་མིས་ཡིད་ཆེས་མི་བྱེད་དོན་དེ་ཁྱོད་དང་ཁྱོད་ལྟ་བུ་ཚོས་རྒྱལ་བ་རིན་པོ་ཆེའི་ལངས་ཕྱོགས་ལས་གཞན་ཞིག་ལ་འགྲོ་རྒྱུ་ཡིན་མདོག་གིས་དཀྲུག་ཤིང་རྒྱག་གི་ཡོད་སྟབས་རེད། རང་བཙན་དགོས་ཞེས་བཤད་ན་དེ་ལས་ཀྱང་རྒྱ་མིའི་ངོས་ལེན་བྱེད་ཀྱི་མ་རེད།
གཞིས་ལུས་མི་དམངས་ཀྱིས་རྒྱལ་བ་རིན་པོ་ཆེ་བོད་དུ་ཕྱིར་ཕེབས་འཇུག་དགོས། བོད་ལ་རང་དབང་དགོས། ཞེས་རྒྱ་ནག་ལ་ངོ་རྒོལ་བརྒྱབ་པ་རེད། རང་དབང་ཟེར་བ་དེ་ལྟོས་འཇོག་གི་ཆ་ནས་གོ་བ་ལེན་དགོས་པ་ཞིག་ལས་རང་བཙན་ཁོ་ན་ལ་གོ་དགོས་པ་ག་ལ་ཡིན། ད་ལྟ་རྒྱ་མིས་བོད་འདི་ཁྱོན་ཡོངས་ནས་བཙན་བཟུངས་བྱས་ནས་ལོ་ལྔ་བཅུ་ཡས་མས་ལས་མ་སོང་ན་ཡང་བོད་ཕྲུག་ཚོ་རྒྱ་ཕྲུག་ཏུ་གྱུར་ནས་སྤོ་བོ་རྨོ་བོ་དང་ཚ་བོའི་བར་དུ་རྒྱ་བོད་ཀྱི་ལོ་ཙཱ་བ་དགོས་པ་ཞིག་ཏུ་གྱུར་ཡོད་རེད། ད་དུང་ཁྱོད་ཚོས་ར་ཞིག་གི་རིན་ཐང་མེད་ཀྱང་རྟ་ཞིག་གི་ཚུགས་ཀ་ངོམ་ནས་རྒྱལ་བ་རིན་པོ་ཆེའི་དགོང་གཞི་ལངས་ཕྱོགས་ལ་ཡང་འགྲེལ་ལོག་རྒྱག་ཨེ་ཐུབ་བལྟས་ནས་ཨུ་ཚུགས་ཀྱིས་དང་ལོ་བརྒྱ་ཕྲག་གཅིག་གཉིས་ཤིག་གི་རྗེས་ལ་དངོས་གནས་བོད་ཟེར་བ་འདི་འཇའ་ལུས་སུ་དེངས་རྒྱུ་རེད།
མདོ་དོན། རིག་པའི་རྡོ་རྗེ་ལྟ་བུའི་མི་ལ་ལ་ཤིག་གི་བྱས་ཉེས་ལ་བརྟེན་ནས་རྒྱ་ནག་གིས་རྒྱལ་བ་རིན་པོ་ཆེ་ལ་ཚད་ལས་འདས་པའི་བརྙས་ཚིག་དང་མཚན་དམོད་བྱེད་བཞིན་ཡོད་པ་རེད། དེ་ཡང་རྒྱ་ནག་གིས་ཏཱ་ལའི་བླ་མ་ལ་བོད་དོན་ཐག་གཅོད་བྱེད་པའི་དབང་ཚད་མེད། དེ་ཡོད་ན་སྤྱི་ལོ་༡༩༥༩ ལོའི་གོང་དུ་རེད། ཅེས་བརྗོད་པ་དེ་ཡང་མདོར་ན་བོད་མི་ལ་ལས་ཁོང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་ཚད་ལྡན་མེད་སྟབས་བརྙས་བཅོས་བྱེད་བཞིན་ཡོད་པ་རེད།
བཤད་ན་རྫོགས་རྒྱུ་མེད་པ་བཤད་རྒྱུ་འདུག་ཀྱང་དེ་རིང་དེ་ཙམ་གྱིས། དཔེ་བཞག་ན་ཁྱི་ཞིག་ཡིན་ན་ཡང་ཟུག་ཤེས་ཀྱི་རེད། དགྲ་རྐུན་ཇག་གསུམ་སོགས་ཉེན་ཁ་ཆེ་བ་ཞིག་གློ་བུར་དུ་མཐོང་ན་དེ་ལ་དཔག་པའི་ཟུག་སྟངས་ཤིག་དང་། རང་གི་རིགས་མཐུན་ཁྱི་གྲོགས་ཤིག་མཐོང་ན་དེ་ལ་དཔགས་པའི་ཟུག་སྟངས་མ་འདྲ་བ་ཞིག བདག་པོ་ལ་དགའ་བས་ཟུག་ན་གདངས་གཞན་ཞིག་ཡོད་རེད། མི་ལ་ལས་ཕྱིའི་དགྲ་བོ་ལ་སྐད་ཆ་ཤོད་སྟངས་དང་ནང་གི་དབུ་ཁྲིད་དང་རང་གི་གཞུང་ལ་སྐད་ཆ་ཤོད་སྟངས་གཅིག་པ་ཡིན་པ་ལས་ད་དུང་ནང་ལ་སྐད་ཆ་ཤོད་སྟངས་དེ་རྩུབ་ཀྱི་རེད། མི་དེ་འདྲ་ལ་དགྲ་དགའ་གཉེན་སྡུག་ཟེར་གྱིན་ཡོད་རེད། དེ་ཚོ་དཔེ་བཞག་པ་ཙམ་ཡིན།
དང་བླངས་དཔྱ་ཁྲལ་མི་འབུལ་མདོག་མདོག་དང་ཟམ་གདོང་སྤྲུལ་སྐུ་དབུ་ཁྲིད་དུ་མི་བཀུར་མདོག་མདོག་གི་སྐད་ཆ་དེ་ཚོས་མུན་ནག་ནང་ལ་མདའ་འཕངས་ནས་ཡེ་ཤེས་ལྷ་ཡི་སྤྱན་ཕུག་ཟེར་བ་དེ་ཡོང་གི་ཡོད་རེད། གཟབ་གཟབ་ཀྱིས་མ་གཏོགས་ཉིན་གཅིག་རྒྱ་མིས་ཁྱོད་ཚོའི་སྐད་ཆ་དེ་ཚོ་ལུང་འདྲེན་བྱས་ནས་ཕྱིར་སྡོད་བོད་མིས་ཏཱ་ལའི་ཡུལ་གྱར་སྲིད་གཞུང་ལ་བརྩི་བཀུར་ཞུ་བཞིན་མེད་པའི་སྒྲུབ་བྱེད་དུ་འགོད་ཀྱི་རེད། དེ་དུས་བོད་ཀྱི་ལོ་རྒྱུས་དང་བོད་མི་མང་ལ་འདགས་ཐབས་མེད་པའི་ནག་ཉེས་ཤིག་བསག་པ་ངོས་ཟིན་ཀྱང་བཅོས་ཐབས་ཡོད་པ་མ་རེད།
དྲྭ་གྲོགས་སྤོབས་པ། དེང་སང་ཁྱོའི་ཀླད་པའི་ནང་དུ་སྒེར་གྱི་ཞེན་ཁོག་གི་ན་ཚ་སོགས་ན་ཚ་འདྲ་མིན་སྣ་དགུ་ཞིག་ཞུགས་འདུག་པས། ངས་དེ་རིང་ཁྱོད་ལ་གནས་ལུགས་ངོ་སྤྲོད་ཀྱི་མེ་བཙའ་དགུ་འཇོག་ཅིག་མི་བྱེད་ཐབས་མེད་བྱུང་མོད། ཅུང་ཙམ་ཚ་ཡང་བཟོད་སྲན་བྱས་ཏེ་ཉོན་དང་ཕུགས་སུ་ཁྱོད་ལ་ཕན་ངེས།
གཅིག
ཁྱེད་ཀྱི་རྣ་བར་སྦྲུལ་ལ་ས་ལྕགས་བརྒྱབ་པ་ལྟར་བོད་རང་བཙན་གྱི་སྐད་ཆ་ཚིག་གཅིག་མི་འགྲོ་བ་འདི་ངོ་མ་ཡིན་ན། ཐོག་མར་ཁྱེད་ཀྱིས་ད་ལྟ་བཙན་བྱོལ་ཁྲོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཤོས་གཞོན་ནུའི་ལྷན་ཚོགས་དང་། འདི་ལོར་འཛམ་གླིང་ལ་སྐད་གྲགས་ཆོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ལ་ངོ་རྒོལ་བྱེད་རོགས་ཞུ། དེ་ཚོས་རང་བཙན་གྱི་སྐད་ཆ་དང་མཉམ་དུ་རང་བཙན་གྱི་འཐབ་རྩོད་བྱས་པ་དང་། རང་བཙན་སྐོར་གྱི་དེབ་ཀྱང་མང་པོ་འདོན་གྱི་ཡོད་པ་རེད། ཁོང་ཚོས་རང་བཙན་བརྩད་ནས་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆོད་པའི་དྲིན་ལན་ཏུ་ཁྱོད་ཀྱིས་ཁོང་ཚོའི་མགོ་ལ་བོད་པའི་རྩ་དོན་མ་འགྲུབ་པའི་ངན་ཁག་ཐམས་ཆད་བཞག་ནས་ས་ཡིག་རྒྱོབ་དང་། དེ་ནས་ཁྱོད་སྤོབས་པ་ལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་བལྟ་ཚུལ་ཅི་ཡོང་ད་གཟོད་གསལ་བོར་ཧ་གོ་ཐུབ་ངེས་ཡིན། གཅིག་བྱས་ན་ཁྱེད་ད་བར་ཚད་མ་རྣམ་འགྲེལ་ལ་མགོ་འཁོར་ནས་བོད་དོན་འཐབ་རྩོད་ཀྱི་ཕྱོགས་སུ་རྒྱུས་ལོན་ཅུང་ཙམ་ཡང་བྱེད་ཁོམ་མ་བྱུང་བ་ཡིན་རྒྱུ་མ་རེད་པ།
གཉིས།
བོད་རྒྱ་ཞི་མོལ་གྱི་གྲུབ་འབྲས་མི་ཐོན་པ་དེ་རང་བཙན་རྩོད་མཁན་ཚོས་རྒྱ་བོད་ཀྱི་བར་ལ་དཀྲུགས་ཤིང་རྒྱག་གི་ཡོད་པས་རེད་ཟེར་བ་དེ་སྟབས་བདེ་བོ་ཨེ་ཡོད། སྐད་ཆ་འདི་ཁྱོད་ཀྱི་ཁ་ནས་ཐོན་པ་ཡིན་རུང་རྐུབ་ནས་ཐོན་པ་ལྟ་བུའི་སྐྱག་དྲི་བྲོ་གི་འདུག འདིས་དྲྭ་གྲོགས་མང་པོ་ཞིག་སྐྱུགས་མེར་ལངས་སུ་བཅུག་སོང་། དཔེར་ན་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེས་སྐུ་ཚེ་གང་པོར་ལྟ་གྲུབ་མ་འགྱུར་བར་བོད་རང་བཙན་གཙང་མའི་རྩོད་ལེན་ཤུགས་ཆེན་པོ་གནང་བ་རེད། འདི་ལོར་ཁོང་དགོངས་པ་རྫོགས་རྗེས་བོད་གཞུང་གིས་ཀྱང་བཀའ་དྲིན་རྗེས་དྲན་གྱི་མྱ་ངན་རྒྱ་ཆེན་པོ་ཞུས་སོང་ང་། ད་ཁྱོད་ལྟར་ན་སྟག་འཚེར་རིན་པོ་ཆེས་སྐུ་ཚེ་གང་པོར་རྒྱ་བོད་ཀྱི་བར་ལ་དཀྲུགས་ཤིང་བརྒྱབ་པ་དང་། བོད་གཞུང་གིས་ཀྱང་གཞུང་གི་གྲུབ་འབྲས་ལ་ཚེ་གང་བོར་འགོག་རྐྱེན་བཟོས་པའི་དགྲ་བོ་ཅིག་ལ་མྱ་ངན་ཞུས་ཡོད་རེད་པ། ཨ་རོགས། ཁྱོའི་ཀླད་པའི་ནང་དུ་སྐྱག་པ་བླུགས་བཞག་མེད་ན་བོད་རང་བཙན་རྩོད་མཁན་ཚོས་རྒྱ་བོད་ཀྱི་བར་ལ་དཀྲུགས་ཤིང་བརྒྱབ་པ་རེད་མ་ཟེར་མ་གཏོགས། ངོ་མ་རང་བཙན་གྱི་དོན་དུ་གཅེས་སྲོག་ཤོར་བའི་དཔའ་བོ་དཔའ་མོ་ཚོའི་རྣམ་ཤེས་ཀྱིས་ཁྱོད་རང་ང་ཨེ་འཇོག་མི་ཤེས་གོ
གསུམ།
ཁྱོད་ལ་འཆར་ཅན་གྱི་དམིགས་ཡུལ་ངན་པ་ཞིག་ཡོད་ནི་མིན་ན་དངོས་གནས་རྒྱ་ཕྱོགས་ལ་ཐལ་བ་སྦར་མོ་གང་གཏོར་མི་ཐུབ་པར། རང་བཙན་རྩོད་མཁན་ཚོའི་རྣམ་ཤེས་ཀྱི་སྟེང་དུ་ས་སྤུངས་པ་ལ་ཁྱོད་ཀྱིས་ངེས་པར་དུ་དགོངས་དག་ཞུ་དགོས། ཁྱོས་ཁར་ཉིན་ཞིག་ལ་མི་གཞན་ལ་དགོངས་དག་ཞུ་རྒྱུའི་སྙིང་སྟོབས་ཨེ་ཡོད་བལྟ་གི་ཡིན་ཟེར་གྱི་འདུག་ག དེ་རིང་ངས་ངོ་མ་ཁྱོད་སྤོབས་པ་ལ་དགོངས་དག་ཞུ་རྒྱུའི་སྙིང་སྟོབས་ཨེ་ཡོད་བལྟ་གི་ཡིན་པས་སེམས་ཐག་ཡག་པོ་ཆོད་ཅིག མེད་ན་ར་རྩིད་ཀྱི་འུར་རྡོ་རང་གི་མགོ་ལ་ཕྱིར་འཁོར་བ་རེད་དོ།།
བཞི།
ད་དུང་བཙན་བྱོལ་བོད་མི་ཚོས་མི་ལོ་ལྔ་བཅུར་ཉེ་བའི་རིང་། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག བོད་ཀྱི་བདག་པོ་བོད་མི་ཡིན། བོད་རང་བཙན་གཙང་མ་ཡིན་ཟེར་ནས་སྐད་རྒྱག་གི་ཡོད་པ་རེད། སྐད་འདི་ཁྱོད་འདྲ་མི་ཤེས་མ་གཏོགས་གཞན་བོད་པ་ཡོངས་རྫོགས་ཀྱིས་རྒྱག་གི་ཡོད་པར་མ་ཟད་གཞུང་ཞབས་ལས་བྱེད་ཚོ་ཡང་ངུ་ཞོར་ལ་སྐད་འདི་རྒྱག་གི་ཡོད། གལ་ཏེ་ཁྱོད་གཅིག་པོས་སྐད་འདི་གོ་མ་མྱོང་བ་ཡིན་ན། ཁྱོད་ནམ་རྒྱུན་གྱི་སུམ་ཅུའི་དུས་དྲན་དང་འདི་ལོའི་དམིགས་བསལ་གྱི་ལས་འགུལ་གང་གི་ནང་དུ་ཡང་ཞུགས་མ་མྱོང་བའམ་ཡང་མིན་ན་ངེས་པར་དུ་ཁྱོད་འོན་ལོང་ཞིག་ཡིན་ངེས་པས་སྙིང་རེ་རྗེ། ད་དུང་སེམས་ཤུགས་ཡོད་པ་ཡག་པོ་རེད།
ལྔ།
ནམ་རྒྱུན་ཁྱོས་སྐད་ཆ་ལ་གཟབ་གཟབ་མ་བྱས་ན་ཉིན་ཞིག་སྐད་ཆ་དེ་རྒྱ་མིའི་ལག་ཆ་བྱས་ནས་ཕྱིར་ང་ཚོའི་མགོ་ལ་རྒྱག་གི་རེད་ཟེར་ཐེངས་མང་པོ་བཤད་སོང་ང་། འོ་ན་ཁྱོས་བོད་རྒྱ་ཞི་མོལ་གྱི་གྲུབ་འབྲས་མི་ཐོན་པ་དེ་རང་བཙན་རྩོད་མཁན་ཚོས་རྒྱ་བོད་ཀྱི་བར་ལ་དཀྲུགས་ཤིང་བརྒྱབ་པས་རྐྱེན་གྱིས་རེད་ཟེར་བ་འདི་ལས་རྣོ་བའི་ལག་ཆ་ཞིག་རྒྱ་མི་ལ་སྤྲོད་རྒྱུ་མེད་པས། ཁྱོས་ལག་ཆ་སྤྲོད་ན་ལག་ཆ་ཡག་ཐག་ཆོད་ཅིག་སྤྲོད་དགོས་བསམ་པ་ཨེ་ཡིན།
དྲུག
ཁྱོས་འདི་ལོར་བོད་ནང་གི་རྒྱལ་གཅེས་དཔའ་བོ་ཚོས་བོད་དོན་འཐབ་རྩོད་བྱེད་བཞིན་པའི་པར་ལ་བལྟ་ཨེ་མྱོང་། ཡུ་ཊུབ་ཀྱི་ཐོག་ཏུ་ཅུང་ཙམ་རེ་ཤར་ཐུབ་གྱི་འདུག་པ་དེ་ཚོ་རིག་ཨེ་མྱོང་། ཁོང་ཚོའི་ལག་ཏུ་བོད་རང་བཙན་ཟེར་བའི་འཕྲེད་དར་ཁྱེར་ཡོད་པ་དང་། ཁ་ནས་བོད་རང་བཙན་ཟེར་བའི་སྐད་འབོད་བྱེད་ཀྱི་ཡོད་པ་རེད། ཁྱོད་ལ་བོད་ནང་གི་བོད་མི་ཚོའི་སེམས་ཤུགས་གཅོག་འདོད་མེད་ན། ཁྱོད་ཀྱིས་རང་བཙན་རྩོད་མཁན་ཚོས་དཀྲུགས་ཤིང་ལ་བརྟེན་ནས་བོད་དོན་བརླག་གི་ཡོད་པ་རེད་ཟེར་བ་འདི་ཁོང་ཚོ་ལ་སེམས་ཤུགས་སྤར་རྒྱུའི་ཆེད་དུ་ཨེ་རེད།
བདུན།
དེང་སང་རྒྱ་ནག་ནང་ཁུལ་དང་རྒྱལ་སྤྱིའི་ལྡིང་ཆའི་ཐོག་ཏུ་ཏྰ་ལའི་བླ་མས་བཏོན་པའི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་འདི་རྒྱ་བོད་གཉིས་ཀ་ལ་ཕན་པའི་སྲིད་བྱུས་ཤིག་ཡིན་པས། ཁོང་གི་སྐུ་ཚེའི་རིང་བོད་དོན་ཐག་གཅོད་མ་བྱས་ན། མ་འོངས་པར་མི་རབས་གསར་བའི་གཞོན་སྐྱེས་ཚོ་བོད་རང་བཙན་གཙང་མའི་ལམ་དུ་ཞུགས་ནས་རྒྱ་ནག་ལ་དཀའ་ངལ་ལྷག་པོ་ཡོང་རྒྱུའི་སྔོན་བརྡ་དང་། སྐུལ་ལྕགས་བྱེད་ཀྱི་ཡོད་པ་རེད། འདིའི་རྒྱུ་མཚན་ཅི་ཡིན་ནམ། འདི་དེང་སང་བོད་ཕྱི་ནང་གཉིས་གར་བོད་རང་བཙན་འདོད་མཁན་ཤུགས་ཆེན་པོ་ཡོང་གི་ཡོད་པས་རེད། འདི་ང་ཚོའི་ཆབ་སྲིད་ཀྱི་སྟོབས་ཤུགས་ཆེ་ཤོས་ཤིག་རེད་མ་གཏོགས་འགོག་རྐྱེན་ཞིག་མ་རེད།
བརྒྱད།
ང་ཚོ་བོད་ཀྱི་དམངས་གཙོ་ནི་མང་ཚོགས་ཚོས་གཞུང་ངམ་དཔོན་ཚང་ལ་ཡར་བརྩད་ནས་བླངས་པའི་འཛམ་གླིང་གི་རྒྱལ་ཁབ་གཞན་གྱི་དམངས་གཙོ་དང་མི་འདྲ་བར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒང་ནས་མར་གནང་བའི་དམངས་གཙོ་རེད། སྤྱིར་མི་མང་འུ་ཐུག་ནས་བླངས་པའི་དམངས་གཙོ་དེ་དམངས་གཙོ་མཚན་ཉིད་པ་ཡིན་ཡང་། རྒང་ནས་མར་གནང་བའི་དམངས་གཙོ་དམངས་གཙོ་མཚན་ཉིད་པ་ཆགས་རྒྱུ་ཅུང་དཀའ་མོད། ༧གོང་ས་སྐྱབས་མགོན་ཆེན་པོའི་ཚད་མེད་པའི་ཐུགས་རྗེ་ལ་བརྟེན་ནས་རྒྱལ་སྤྱིའི་ཐོག་ངོམ་ཆོག་པའི་དམངས་གཙོ་མཚན་ཉིད་པ་ཞིག་ཆགས་ཡོད་པ་རེད། དེས་ན་གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་མི་མཐུན་པའི་ལྟ་གྲུབ་གང་འདོད་དུ་གླེང་ཆོག་པ་དང་། ཐ་ན་གཞུང་ལ་སྐྱོན་བརྗོད་ཡན་ཆད་བྱེད་ཆོག་པ་འདི་དམངས་གཙོའི་རྟགས་མཚན་ཆེ་ཤོས་ཡིན་པས་རྒྱ་ནག་ལ་ངོམ་རྒྱུ་ཞིག་ཡིན་པ་མ་གཏོགས། རྒྱ་ནག་གིས་ཕྱིར་ང་ཚོའི་མགོ་ལ་རྒྱག་བྱེད་ཀྱི་ལག་ཆ་ག་ལ་ཡིན།
དགུ
ཁྱོད་ཀྱིས་ཁྱི་ཞིག་ཡིན་རུང་ཟུག་སྟངས་ཀྱི་ཐོག་ལ་རྣམ་པ་མི་འདྲ་བ་མང་པོ་ཡོད་པ་རེད་ཟེར་བ་འདི་བདེན་པ་རེད། ཟུག་སྟངས་མང་པོ་ཡོད་པ་དང་ནང་ལ་ཟུག་པ་དེ་ཡག་པོ་མིན་པ་ཞེས་བཞིན་ཁྱོད་རང་ཉིད་འདི་ལྟར་རྒྱུན་དུ་ནང་ལ་ཟུག་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། ཁྱོད་ཀྱིས་རང་བཙན་རྩོད་མཁན་ཚོས་དཀྲུགས་ཤིང་བརྒྱབ་པས་བོད་དོན་བརླག་པ་རེད་ཟེར་བ་འདི་ལས་ལྷག་པའི་ནང་ལ་ཟུག་ཚུལ་ཞིག་ལོ་དགུར་བསམ་བློ་བཏང་རུང་རྙེད་རྒྱུ་ཨེ་ཡོད་ན། ཁྱོད་རང་རིགས་ཀྱི་སྲིད་དོན་པ་གསོན་པོ་ཚོའི་སྟེང་དུ་ཟུག་གི་ཡོད་པས་མ་ཚད། བོད་རང་བཙན་གྱི་ཆེད་དུ་གཅེས་སྲོག་ཤོར་བའི་དཔའ་མོ་དཔའ་མོ་ཚོའི་སྐུ་གདུང་དང་རྣམ་ཤེས་ཀྱི་སྟེང་དུ་ཡང་ཟུག་གི་ཡོད་པ་འདི་ཁྱོས་ངོ་མ་ངོས་མི་ཟིན་ནི་ཨེ་རེད། ཨ་བརླ་བཙོང་སྐལ་ཆད་པོ། ད་ང་ངུ་རྒྱུ་ཡོང་གི་འདུག ཁ་དྲོ་ཚེ་རིང་། ད་ཕྱིན་ཆད་འདི་མོས་གི་སེམས་གཅོང་རྒྱུའི་སྐད་ཆ་ཞིག་བཤད་མ་ཡོང་རོགས་ཞུ།
ངས་སྒེར་གྱི་ཞེན་ཁོག་གང་ཡངཤོད་ཀྱིན་མེད། ངས་རང་བཙན་རྩོད་མཁན་ལ་ཡང་དགག་པ་རྒྱག་གིན་ཡང་མེད། ངས་གཞོན་ནུ་ཚོགས་པ་དང་སློབ་ཕྲུག་གི་ཚོགས་པ་སོགས་ཀྱི་གྲས་སུ་དངོས་གནས་བོད་རང་བཙན་གྱི་ཆེད་དུ་ལག་པ་འགུལ་མཁན་སུ་ཡོད་ན་རྗེས་སུ་ཡི་རངས་ཞུ་གིན་ཡོད། ངས་སུ་ལ་དགག་པ་འདོད་ཡོད་ཅེ་ན་ཁ་བཤད་གཅིག་པོ་མ་གཏོགས་ལག་པ་མི་འགུལ་མཁན་ལྷ་བཟང་ཚེ་རིང་དང་རིག་པའི་རྡོ་རྗེ་ལྟ་བུ་ཚོ་ལ་དགག་པ་རྒྱག་འདོད་ཡོད། བོད་རང་བཙན་ཟེར་བ་ཞིག་དགོས་ཟེར་ནས་ལག་པ་གནམ་ལ་བཟེད་བསྡད་ན་སུས་སྟེར་གྱི་རེད། དེ་ལས་ཀྱང་རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་སྤྲུལ་སྐུ་རྒྱ་རི་བློ་གྲོས་སོགས་ཀྱི་སྟེང་དུ་སྐྱོན་ཡོད་ཚད་བཀལ་ནས་རང་ཉིན་ག་ཤེད་ཅིག་ཏུ་གབ་སྡོད་མཁན་དེ་ཚོས་འགན་འཁུར་གྱི་མེད་པ་རེད།
འདོད་ལྷ་ཁྱོད་ཀྱིས་སྔ་རྒོལ་གྱི་ནམ་མ་ལངས་གོང་དུ་ཕྱི་རྒོལ་གྱི་ཉི་མ་ཤར་སོང་། ངས་བོད་རང་བཙན་གྱི་དོན་དུ་འཐབ་རྩོད་བྱེད་མཁན་ཚོར་དགག་པ་རྒྱག་འདོད་མེད། རིག་པའིརྡོ་རྗེ་ལྟ་བུ་ལག་པ་གཉིས་ཀ་རང་ལ་ཐོགས་བཞིན་དུ་སྐྱོན་ཡོད་ཚད་རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་སྤྲུལ་སྐུ་རྒྱ་རི་བློ་གྲོས་སོགས་ཀྱི་མགོར་འགེལ་མཁན་གྱི་མི་དེ་རིགས་ལ་ཡིད་ཆེས་བྱེད་ཐུབ་ཀྱིན་མེད།
དགོང་དག་ཞུ་དགོས་ན་བོད་རང་བཙན་གྱི་ཆེད་དུ་ལག་པ་འགུལ་མྱོང་མཁན་ཚོར་ཕོག་སོང་བ་ཡོད་ན་དེ་ལ་ངས་དགོང་དག་ཞུ་བར་འཛེམས་ཟོན་སྤུ་ཙམ་ཡང་མེད། དེ་མིན་རང་ཉིད་བྲོས་ས་གབ་ས་བརྟན་པོ་རེ་རག་དུས་བོད་མི་རིགས་ཀྱི་སྐྱིད་སྡུག་ལ་ཕན་པའི་ལས་ཀ་རེ་བྱེད་ཐུབ་ན་རབ་རེད། དེ་མིན་ན་ཁ་ཁུ་སིམ་པོར་སྡོད་མི་ཐུབ་པར་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གིས་ངལ་བ་ཁྱད་བསད་ཀྱི་ལས་དོན་འཕྲོ་གཏོང་བའི་སྐད་ཆ་ཤོད་མཁན་ཚོར་དགོང་དག་ཞུས་ན་ངའི་མིའི་བདེན་དོན་བརྩི་བསྲུང་གི་དམ་ཚིག་དང་འགལ་འགྲོ་གི་འདུག སྤྱིར་བཏང་དགོང་དག་ཞུ་དགོས་མིན་གྱི་ཆ་ནས་བཤད་ན་ང་དང་ཁྱོད་ཐེ་བའི་བོད་ཀྱི་མི་རབས་འདི་མི་རེ་ངོ་རེ་ནས་སྔོན་གཤེགས་ཀྱི་དཔའ་བོ་དཔའ་མོ་ཚོར་འགྱོད་བཤག་རིང་མོ་རེ་འབྲི་རན་པས་མི་ཚད་འཕྱིས་དྲགས་འདུག
དམངས་གཙོ་དང་རང་དབང་རེད་ཟེར་ནས་རང་རང་སོ་སོས་ལག་ལེན་ཕྲ་མོ་ཙམ་ཡང་བྱེད་མི་ཐུབ་པ་ཞིག་མིའི་མགོར་བཀལ་བསྡད་ན་འགྲིགས་ཀྱི་མ་རེད། མཐའ་མཇུག་ངས་ཁྱོད་ཚོར་གླེང་དགོས་པ་ཞིག་ནི་ང་ཚོ་ཨུ་ཐུགས་ནས་དབུ་མའི་ལམ་གཏན་འབེབས་དགོས་བྱུང་བ་རེད། བོད་རང་བཙན་ཡིན་པ་མ་ཤེས་ནས་ལུས་ཡོད་པ་མ་རེད། བོད་རང་བཙན་རྩོད་པར་ཐོབ་ཐང་མེད་པ་མ་རེད། ང་དང་རིག་པའི་རྡོ་རྗེ་ལྟ་བུའི་ཁ་མཁས་ཤིང་ལག་རྡུམ་པའི་མི་རབས་འདིས་འཇོན་ཐང་མེད་པའི་ཚུལ་ལ་དཔག་ནས་རྒྱལ་བ་རིན་པོ་ཆེས་དབུ་མའི་ལམ་གཏན་འབེབས་བྱེད་དགོས་བྱུང་བ་རེད་ལ་རྒྱ་ནག་གིས་ང་ཚོ་ལ་བརྙས་བཅོས་ཀྱིས་དེ་ཡང་ངོས་ལེན་བྱེད་ཀྱིན་མེད་པ་རེད། གྲོས་མོལ་དང་ཞི་བའི་ལམ་གཅིག་པོས་ང་ཚོ་ལ་རྒྱ་མིས་རང་བཙན་མི་སྤྲོད་པ་ས་རིས་ཐང་གསལ་ཡིན་པས་གལ་སྲིད་རང་བཙན་རྩོད་པའི་སྙིང་སྟོབས་ཤི་མེད་མཁན་རེ་ཡོད་ན་ཁ་གཅིག་པོ་བཤད་ནས་སྡོད་མི་འདུག་པར་ཞི་དྲག་གསང་གསུམ་གྱིས་ལག་ལེན་དུ་བསྟར་རོགས་ཞེས་ཞུ་བཞིན་ཡོད།
ང་ཁྱི་ཞིག་ཡིན་པར་དཔེ་བཞག་ན་ཡང་ངས་ཟུག་སྟངས་ནོར་མེད་བསམ་གྱིན་འདུག ཕྱི་རྒྱ་ནག་གི་ཕྱོགས་སུ་ཁ་འཁོར་ནས་ཐལ་བ་སྤར་མོ་གང་ཡང་གཏོར་མི་ཐུབ་ཀྱང་ནང་ཟམ་གདོང་སྤྲུལ་སྐུ་དང་རྒྱ་རི་བློ་གྲོས་ལ་རྒོལ་གདུང་གཏོང་མཁན་ཚོར་ང་ཟུག་གི་ཡོད། བོད་རང་བཙན་གྱི་ཚོང་རྟགས་འདི་ཁྱེར་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཤ་ཁྲག་ལ་ལོངས་སུ་སྤྱོད་རྒྱུ་ལས་བསམ་རྒྱུ་ལས་མེད་མཁན་གྱི་ཕྲ་མ་མཁན་དེ་ཚོའི་སྟེང་དུ་ང་ཟུག་གིན་ཡོད། ས་མམཐའ་འདི་ན་སེམས་ཀྱི་གཏད་སོ་གཅིག་པུར་གྱུར་པའི་རྒྱལ་བ་རིན་པོ་ཆེའི་བཙན་བྱོལ་བོད་གཞུང་རྟེན་དང་བརྟེན་པར་བཅས་པ་ལ་དགྲ་མི་ཤ་བོ་མཐོང་བ་ལྟར་ཟུར་ཟ་སྐྱོན་འདོགས་ཁོ་ན་ལ་གོམས་པའི་མི་འདི་ཚོ་རང་མྱི་དགྲ་རུ་ལངས། སྲུང་མ་གཤེད་དུ་ལངས་པ་པ་ཡིན་པས་དེ་ཚོའི་སྟེང་དུ་ཡང་ང་ཟུག་གིན་ཡོད།
དེ་མིན་བརླ་བཙོང་སྐལ་ཆད་སོགས་ཀྱིས་་བཀའ་བཀྱོན་གནང་བ་ངོས་ལེན་མེད་ལ་ངོ་རྒོལ་ཡང་མེད། ཁྱོད་ཚོའི་ཚིག་རྒྱན་རེ་ཡིན་སྲིད།
དགོང་དག། ཡིག་ནོར་ཤོར་འདུག ལས་དོན་འཕྲོ་གཏོང་ཞེས་པ་དེ་ལས་དོན་འཕྲོ་བརླགས་གཏོང་ཞེས་པར་བཅོས་རོགས
སྤོབས་པ་མཐའ་ཡས། སྤྱིར་ཁྱོད་འདི་མི་རྣམ་དཔྱོད་ཅན་ཞིག་རེད། ཡིན་ན་ཡང་ཁྱོའི་རྣམ་དཔྱོད་རྩངས་དྲག་གི་འདུག ཁྱེད་ཀྱི་སྐད་ཆ་ཚང་མའི་ནང་དོན་སྙིང་པོ་བསྡུ་ན།
ཁ་བཤད་གཅིག་པོ་མ་གཏོགས་ལག་པ་མི་འགུལ་མཁན་ལྷ་བཟང་ཚེ་རིང་དང་རིག་པའི་རྡོ་རྗེ་ལྟ་བུ་ཚོ་ལ་དགག་པ་རྒྱག་འདོད་ཡོད་ཟེར་བ་འདི་རེད། ཁྱེད་ཀྱི་སྐད་ཆ་འདི་ལ་ངས་རྒྱུ་མཚན་གསུམ་ཀྱི་ཐོག་ནས་མོས་མཐུན་བྱེད་ཐུབ་ཀྱི་མི་འདུག
གཅིག
མི་རིགས་ཤིག་གི་བདེན་དོན་འཐབ་རྩོད་ཟེར་བ་དེ་ཧ་ཅང་གི་རྒྱ་ཆེན་པོ་རེད། དེའི་ནང་དུ་ཁ་གཅིག་པོ་འགུལ་མཁན་ཡོང་གི་རེད་ལ། ལག་པ་གཅིག་པོ་འགུལ་མཁན་དང་། ཁ་ལག་གཉིས་ཀ་འགུལ་ཐུབ་མཁན་ཡང་ཡོང་གི་རེད། དེས་ན་ལག་པ་འགུལ་མི་ཐུབ་པར་ཁ་གཅིག་པོ་འགུལ་མཁན་ཞིག་ཡིན་པའི་དབང་དུ་བཏང་རུང་རྒྱལ་དོན་དུ་འགུལ་གྱི་ཡོད་ན་ཐུགས་རྗེ་ཆེ་ཞུ་དགོས་པ་རེད་མ་གཏོགས། ལག་པ་འགུལ་མ་ཐུབ་ན་ཁ་འགུལ་མ་ཡོང་ང་ཟེར་ཤེས་ཀྱི་མ་རེད་པ།
གཉིས།
ཁྱེད་ལྟར་ན་ལག་པ་འགུལ་ཟེར་བ་འདི་ཅི་ལྟ་བུ་ཞིག་ལ་ཟེར་གྱི་ཡོད། ལྷ་བཟང་ཚེ་རིང་དང་རིག་པའི་རྡོ་རྗེ་སོགས་ཀྱིས་ཀྱང་བོད་དོན་གྱི་སྐད་འབོད་དང་། བོད་དོན་ཁྱབ་བསྒྲགས། ཟས་བཅད་ངོ་རྒོལ། ཞི་བའི་གོམ་བགྲོད་སོགས་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པའི་ལས་འགུལ་ཚ་ཚང་ཚོར་ཤུགས་དྲག་པོའི་ཐོག་སྔོན་ནས་ད་བར་མཚམས་མ་ཆད་པར་སྤེལ་དང་སྤེལ་བཞིན་ཡོད་པ་རེད་ལ། ལས་འགུལ་གྱི་གོ་སྒྲིག་དང་། སྐུལ་སློང་ཡང་རྒྱ་ཆེན་པོ་གནང་དང་གནང་བཞིན་ཡོད་པ་རེད། དཔེར་ན་ལྷ་བཟང་ཚེ་རིང་གིས་བོད་དོན་གླེང་སྐབས་བྱིས་པ་ལ་ཨ་མས་བརྡུང་པ་བཞིན་དུ་ངུ་གི་འདུག ང་ཧང་སང་སོང་། འདི་འདྲའི་སེམས་ཚོར་དྲག་པོའི་ཐོག་ནས་མི་ཚེ་གང་པོར་བོད་དོན་ལས་འགུལ་སྤེལ་བསྡད་མཁན་ཚོ་ལ་ལག་པ་འགུལ་གྱི་མི་འདུག་མ་ཟེར་མ་གཏོགས། ཁྱེད་རྣམ་འགྲེལ་ལ་རྐ་རགས་བཅིངས་ཚར་མཁན་ཞིག་གིས་ཤེས་བཞིན་དུ་ལས་འབྲས་ལ་ཁྱད་གསོད་བྱས་པ་མ་གཏོགས་ཅི་ཞིག་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན་རྒྱལ་དོན་འཐབ་རྩོད་པ་ཚོར་ཐུགས་རྗེ་ཆེ་ཟེར་མ་ཐུབ་རུང་ནག་པོ་བཟོ་དོན་གཏན་ནས་མེད།
གསུམ།
ཁྱེད་ལྟར་ན་ལག་པ་འགུལ་ཟེར་བ་དེ་བྷིར་ལ་ཌིན་གྱིས་ཨ་རིའི་ཁང་བརྩེགས་གཏོར་བ་ལྟ་བུ་ཞིག་དང་། ཡང་ན་པེ་ཅིན་དུ་སོང་ནས་འབམ་བརྒྱབ་ཏེ་རྒྱ་མི་མང་པོ་བསད་དགོས་པ་ལྟ་བུ་ཞིག་ཁོ་ན་ལ་ངོས་འཛིན་གྱི་ཡོད་ན་དེ་ཧ་ཅང་གི་ནོར་འཁྲུལ་ཚབ་ཆེན་པོ་རེད། ལས་ཀ་དེ་འདྲ་༧གོང་ས་མཆོག་གི་དགོངས་གཞི་དང་ཡོངས་སུ་འགལ་བའི་མ་ཚད། རྒྱལ་སྤྱིའི་ཐོག་ནས་འཇིགས་སྐུལ་བར་བརྩིས་ཏེ་ཁྱེད་རྒྱལ་སྤྱིའི་དགྲ་བོ་ཞིག་ཏུ་གྱུར་རྒྱུ་དང་། རྐྱེན་དེས་རྒྱལ་སྤྱིའི་ཐོག་གི་བོད་དོན་རྒྱབ་སྐྱོར་གྱི་རྣམ་པ་རྩ་བརླག་ཏུ་འགྲོ་རྒྱུ་ཡིན་པ་སྨྲོས་ཅི་དགོས། ༧གོང་ས་མཆོག་གིས་ཀྱང་འདི་ལོར་བོད་དོན་གྱི་འཐབ་རྩོད་འདི་དྲག་པོའི་རྣམ་པར་གྱུར་ན་ཉི་མ་དེ་ནས་ངས་དགོངས་པ་ཞུ་གི་ཡིན་ཞེས་གསལ་བོར་གསུངས་སོང་ང་། དེས་ན་ལྷ་བཟང་ཚེ་རིང་དང་རིག་པའི་རྡོ་རྗེ་སོགས་ལ་ཡང་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པའི་ལས་འགུལ་སྤེལ་རྒྱུ་མ་གཏོགས་ལག་པ་གཞན་ཞིག་འགུལ་རྒྱུའི་ཐབས་ཤེས་ཨེ་ཡོད། འཛུབ་མོ་བྲང་ལ་བཙུག་ཏེ་སོམས་ཤིག སྤོབས་པ་སྤོབས་གཅེས། དཔྱད་པ་མ་བཏང་བའི་སྐད་ཆས་ཕན་ཞེ་དྲག་ཐོག་གི་མ་རེད་ད། ཁྱེད་ཀྱིས་ང་ལ་སྔ་རྒོལ་གྱི་ནམ་མ་ལངས་གོང་དུ་ཕྱི་རྒོལ་གྱི་ཉི་མ་ཤར་སོང་ཟེར་མོད། རྒྱ་མིས་ཡིད་ཆེས་མི་བྱེད་དོན་དེ་ཁྱོད་དང་ཁྱོད་ལྟ་བུ་ཚོས་རྒྱལ་བ་རིན་པོ་ཆེའི་ལངས་ཕྱོགས་ལས་གཞན་ཞིག་ལ་འགྲོ་རྒྱུ་ཡིན་མདོག་གིས་དཀྲུག་ཤིང་རྒྱག་གི་ཡོད་སྟབས་རེད། རང་བཙན་དགོས་ཞེས་བཤད་ན་དེ་ལས་ཀྱང་རྒྱ་མིའི་ངོས་ལེན་བྱེད་ཀྱི་མ་རེད། ཟེར་བ་འདི་ཁྱེད་ཀྱི་གསུང་ངོ་མ་ཡིན་པས་ད་ནམ་ལངས་ཨེ་འདུག་ལྟོས་ཤིག
དེ་མིན་ང་ལ་བརླ་བཙོང་སྐལ་ཆད་སོགས་ཀྱི་ཚིག་རྒྱན་ཡོད་པ་བདེན་མོད། ཁྱེད་ཀྱི་གསུང་གི་ནང་དུ་ཡང་འདྲེ་གདོན་རྒྱལ་འགོང་སྙིང་ལ་ཞུགས་ཏེ་ཟེར་བའི་ཚིག་རྒྱན་ཡོད་པ་ངས་མཐོང་སོང་། དེས་ན་ཕྱིན་ཆད་ཚིག་རྒྱན་དེ་ཚོ་རྩ་བ་ནས་མི་དགོས་པའི་ཐོག་བགྲོ་གླེང་མུ་མཐུད་དུ་བྱེད་རྒྱུའི་མཇུག་སྐྱོང་རོགས་ཞུ།
སྤོབས་པ།
ངས་ཞིབ་འདང་ཡང་ཡང་བརྒྱབས་དུས། ཁྱོད་ཀྱིས་བཀུར་འོས་སྐུ་ཞབས་ལྷ་བཟང་ཚེ་རིང་དང་རིག་པའི་རྡོ་རྗེ་གཉིས་ཀྱི་ཐོག་ལ་བཟོད་དཀའི་ངར་ལངས་དོན་གཙོ་བོ། ཁོང་གཉིས་ཀྱིས་རང་བཙན་རྩོད་ཀྱིན་ཡོད་པས་རེད། དགྲ་བོ་རྒྱ་ནག་གིས་ཀྱང་བོད་རང་བཙན་རྩོད་མཁན་ཚོ་མིག་ནང་གི་ཚེར་མར་བརྩིས་ཏེ་འཇིགས་བསྐུལ་བ་དང་། དྲག་སྤྱོད་པ་ཞེས་ཉེས་འཛུགས་རྒྱུན་ཆད་མེད་པར་བྱེད་བཞིན་ཡོད། དེ་འདྲ་ཡིན་དུས་ངས་ད་གཟོད་ཁྱོད་སུ་ཡིན་གསལ་བོར་ཤེས་སོང་། ད་ནས་བཟུང་དྲ་གྲོགས་རྣམས་ཀྱིས་སྤོབས་པ་ཟེར་བ་འདི་ལ་ཉམས་འཇོག་བྱེད་དགོས། ཁོས་གཞུང་དང་མང་ཚོགས། བླ་མ་དང་སློབ་མ། བོད་ནང་ཁུལ་ལ་དཀྲུག་ཤིང་འཕེན་བཞིན་ཡོད་པ་འདི་བཏང་སྙོམས་སུ་འཇོག་མི་རུང་། ད་དུང་ངོ་ཚ་སོགས་ཡ་རབས་ཀྱི་དྲི་ཙམ་མི་བྲོ་བའི་མི་ངན་འདིས། བཀུར་འོས་སྐུ་ཞབས་ལྷ་བཟང་ཚེ་རིང་དང་རིག་པའི་རྡོ་རྗེ་སོགས་ལ་ངོ་ཚ་མེད་པར་རང་བཙན་རྩོད་ཀྱི་ཡོད་ཟེར། བོད་མིས་བོད་ཀྱིས་བོད་ཀྱི་རང་བཙན་རྩོད་ན་ངོ་ཚ་རྒྱུ་ཅི་ཡོད། ངོ་ཚ་ཟེར་བ་ཁྱེད་ཀྱིས་ད་དུང་ཤེས་ཀྱི་མི་འདུག ངོ་ཚ་ཟེར་བ་དེ་ག་འདྲ་ཞིག་ཡིན་ངས་ཁྱོད་ལ་ངོ་སྤྲོད་བྱེད་གོ དགྲ་བོ་རྒྱ་ནག་གྲོགས་ཀྱི་དྭངས་མར་བཟུང་ནས་བོད་རིགས་རང་བཙན་རྩོད་མཁན་རྣམས་དགྲ་བོར་བརྩིས་ན་ངོ་ཚ་རེད། ཕ་གསོད་ཀྱི་ཤན་པ་དམར་པོ་དགྲ་བོ་རྒྱ་ནག་དང་ལག་འབྲེལ་བྱས་ནས། བོད་ནང་ཁུལ་གྱི་མཐུན་ལམ་ལ་གཏོར་བཤིགས་བྱས་ན་ངོ་ཚ་བས་ཀྱང་དེ་ངོ་ཚ་རེད། ད་ངོ་ཚ་ཟེར་བ་དེ་ངོ་འཕྲོད་སོང་ང་། ད་དགྲ་བོའི་ལག་ཆ་སུ་ཡིན་ཤེས་སོང་ང་། ད་དུང་ཁྱོད་ཀྱིས་ངན་སེམས་གཙོ་བོ་གང་ཡིན་ངས་ཁྱོད་ལ་ངོ་སྤྲོད་བྱེད་པས་ཉོན་ན། ད་སྐབས་རྒྱ་ནག་གཞུང་གིས་དོགས་པ་བྱེད་ས་གཙོ་བོ་དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། རང་བཙན་སློབ་ཕྲུག་ཚོགས་པ་སོགས་རང་བཙན་རྩོད་མཁན་གྱི་ཚོགས་སྡེ་འདི་རྣམས་ཡིན་པས། ཁྱོད་ཀྱིས་ཚོགས་པ་འདི་དག་དང་བོད་ཀྱི་སྤྱི་ཚོགས་བར་ལ་དཀྲུག་ཤིང་དང་། ཁོང་ཚོའི་སེམས་ཤུགས་གཅོག་འདོད་ཀྱིས། རང་བཙན་རྩོད་ན་༧གོང་ས་མཆོག་གི་དགོངས་པ་དང་འགལ་ཚུལ། དེ་ངོ་ཚ་ཡིན་ཚུལ། དེས་བོད་མིའི་མཐུན་ལམ་ལ་གཏོར་བཤིགས་གཏོང་གི་ཡོད་ཚུལ་སོགས་རྒྱུ་མཚན་མེད་པའི་གཏམ་འཆལ་ལུང་བ་གང་ཤོད་བཞིན་ཡོད་པ་དེ་རེད། ཨེ་ཤེས་ཐལ། ད་དུང་ད་ལོའི་སུམ་ཅུའི་དུས་དྲན་ནས་བཟུང་བོད་མི་དཔའ་དཔའ་མོ་བརྒྱ་ཕྲག་མང་པོས་ཚེ་སྲོག་གི་དམར་མཆོད་གྲངས་མེད་བྱས་པ་འདི། བོད་རང་བཙན་ཁོ་ནའི་ཆེད་དུ་ཡིན་པ་ཨེ་ཤེས། ཨ་རྒྱ་བཙོག
སླར་ཡང་ནན་བཤད་བྱེད་རྒྱུ་ཞིག་ལ། ཁ་བརྡ་དྲ་ཚིགས་ཀྱི་ཐོག་བགྲོ་གླེང་གནང་མཁན་གྱི་དྲ་གྲོགས་སྤུན་ཟླ་རྣམས་ཀྱིས། སྤོབས་པ་ཟེར་བའི་མི་འདི་ག་འདྲ་ཞིག་ཡིན་པ་དང་། ཁོས་ཅི་ཞིག་སྒྲུབ་ཀྱིན་ཡོད་པ་ཤེས་རྒྱུ་གལ་ཆེ། ཁོས་རང་བཙན་བརྩད་ན་ངོ་ཚ་རེད་ཟེར། རང་བཙན་བརྩད་ན་བོད་མིའི་མཐུན་ལམ་ལ་གཏོར་བཤིག་གི་སྐད་ཆ་རེད་ཟེར། རང་བཙན་བརྩད་ན་༧གོང་ས་མཆོག་དང་བོད་མིའི་དབུ་ཁྲིད་རྣམས་ལ་དབུ་ཞབས་དཔུང་འདེགས་མ་བྱས་པ་རེད་ཟེར། རང་བཙན་བརྩད་ན་དགྲ་བོའི་ལག་ཆར་འགྱུར་ཉེན་ཡོད་ཅེས་བཤད་དེ། གཞུང་མང་གཉིས་དང་བོད་གཞིས་བྱེས་གཉིས་ཀྱི་བར་དུ་དཀྲུགས་ཤིང་བཟོས་ཏེ། བསྟན་དགྲ་རྒྱ་ནག་གི་ལས་ཀ་བྱེད་བཞིན་ཡོད་པ་འདི། མཁྱེན་པར་གྱིས་ལ་དྲ་དཔོན་རྣམས་ཀྱིས་ཁོ་ཕྱིར་འབུད་གཏོང་ཐུབ་ན་རབ་དང་། གལ་ཏེ་མ་ཐུབ་ན་ཕྱིན་ཆད་སུས་ཀྱང་ཁོ་ལ་ཡ་ལན་མེད་པར་གཡུགས་ཞོག ང་ཚོས་ཁོ་ལ་མུ་མཐུད་དུ་ཡ་ལན་བྱས་པ་ཡིན་ན། ཁོ་ལ་གོ་སྐབས་སྤྲད་པ་རེད། དེ་ཚང་མའི་ཐུགས་ལ་ཟུང་།
རེད། ད་ལྷ་བཟང་ཚེ་རིང་དང་རིག་པའི་རྡོ་རྗེ་སོགས་ཀྱིས་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལ་ཁ་གཡར་ནས་ལག་པའི་སོར་མོ་གཅིག་ཀྱང་མི་འགུལ་བར་རང་བཙན་དགོས། རང་བཙན་དགོས་ཞེས་བཤད་ནས་སྡོད་སྡོད་དང་དེ་ནས་ཚེས་བཟང་སྐར་བཟང་ཞིག་ལ་བོད་རང་བཙན་དེ་རོ་ཁ་གདངས་ཀྱི་ནང་གྲོག་གནམ་འབབ་ཀྱིས་ཚུལ་དུ་བབ་ཡོང་གི་ཨེ་རེད། བྱས་ན་ད་ག་རེ་བྱས་ནས་རང་བཙན་རག་གི་རེད། དྲག་པོ་ནི་བྱེད་མི་རུང་། ཞི་བས་རྒྱ་མི་ལ་ཞུ་བ་འཐེན་ན་ནི་རང་སྐྱོང་མི་སྤྲོད་མཁན་ཞིག་གིས་རང་བཙན་ཚོ་ཕ་རིའི་སྤང་རྒྱན་རེད། རྒྱལ་བ་རིན་པོ་ཆེའི་བཀའ་དགོང་དང་འགལ་མི་འགལ་བལྟས། རྒྱལ་སྤྱིའི་སྟེང་ནས་རོགས་སྐྱོར་ཡོད་མེད་བལྟས། ལུས་སྲོག་ལ་གྱོང་གུད་ཡོང་མིན་བལྟས། འདི་ལྟར་བྱས་ན་དེ་འགྲིགས་ཀྱིན་མི་འདུག དེ་ལྟར་བྱས་ན་འདི་འགྲིགས་ཀྱིན་མི་འདུག་ཅེས་བཤད་ནས་ཁ་ཡར་གཡར་མར་གཡར་བྱས་ནས་བསྡད། སྐུ་ཞབས་ལྷ་བཟང་ཚེ་རིང་བཤུམས་པ་དེ་ཧ་ལས་དགོས་པ་ཞིག་མ་རེད། མི་བརྫུ་བག་མཉེན་པོ་ཚོ་ངུ་བ་དགོད་པ་དེ་ཚོ་ལ་རང་དབང་འབྱོར་ཡོད་རེད།
ངས་བསམ་ན་དངོས་གནས་བོད་རང་བཙན་ལྟ་བུའི་བསམ་བློ་རླབས་ཆེན་དེ་ཚོ་སེམས་ངོས་ན་ཤི་མེད་མཁན་ཡོད་ན་གཏམ་བཤད་མཁས་པ་མང་པོ་དགོས་ཀྱི་མི་འདུག འཛིངས་མཁན་མང་པོ་དགོས་ཀྱི་འདུག ལས་ཀ་བྱས་ནས་གནས་སྟངས་ལ་འགྱུར་བ་གཏོང་ཐུབ་ཀྱིན་རེད། ཁ་གཅིག་པོ་བཤད་བསྡད་ན་གནས་སྟངས་ལ་འགྱུར་བ་གཏོང་ཐུབ་ཀྱི་མ་རེད། དེ་ལ་རྒྱུ་འབྲས་ཟེར་གྱི་རེད། ཁྱོད་ཀྱིས་ངས་ཚད་མ་རྣམ་འགྲེལ་ལ་སྦྱངས་ཡོད་རེད་ཟེར་གྱིན་འདུག ང་རྣམ་འགྲེལ་ལ་མཁས་པ་མེད་དེ་བོད་རང་བཙན་ཐོབ་དགོས་ན་དེ་དང་མཐུན་པའི་རྒྱུ་ཚོགས་སྔོན་དུ་འགྲོ་དགོས་པ་དེ་ཤེས་ཡོད།
བྷིན་ལ་ཌིན་དང་ང་ཚོ་བསྡུར་ཐབས་ག་ལ་ཡོད། བྷིན་ལ་ཌན་ཡིན་མིན་སུས་ཤེས་ཏེ་ཨ་མེ་རི་ཁའི་ཁང་བརྩེགས་གཏོར་མཁན་དེ་མིའི་ལུང་པར་བཙན་འཛུལ་གྱིས་གཏོར་བཅོམ་བྱས་པ་རེད། ང་ཚོས་རང་གི་ཕ་ཡུལ་ཤོར་ཡོད་པ་ཚུར་ལེན་ཆེད་རེད། ཨ་མེ་རི་ཁའི་ཁང་བརྩེགས་གཏོར་མཁན་ཚོ་ལྟ་བུའི་སྙིང་སྟོབས་དང་། འཐབ་བྱུས། ལས་དོན་གསང་བ་ཁོ་ནས་བསྒྲུབས་ནུས་པའི་བློ་གྲོས་ཅན་དེ་ལྟ་བུ་ཞིག་ང་ཚོར་ཡོད་ན་བོད་རང་བཙན་མི་འགྱངས་བར་ཐོབ་རྒྱུ་རེད། ཐབས་སྐྱོ་བ་ཞིག་ལ་ང་ཚོར་རིག་པའི་རྡོ་རྗེ་ལྟ་བུའི་མི་ཟམ་གདོང་སྤྲུལ་སྐུའི་བདེན་པ་འཚེ་བ་མེད་པའི་ལམ་ནས་རང་སྐྱོང་ལ་ཨུ་ཚུགས་རྒྱག་པའི་ལམ་སྟོན་གནང་སྐབས་རང་བཙན་མེད་མི་འགྲིགས་མདོག་མདོག་བྱས། ད་རང་བཙན་ག་འདྲ་ལེན་རྒྱུ་ཡིན་དྲིས་དུས་བསྒུགས་སྡོད་རྒྱུ་ཡིན་ཟེར་མཁན་འདི་ལ་ཧུབ་བྱས་ན་ཚུར་མི་ཡོང་མཁན། ཕུ་བྱས་ན་ཕར་མི་འགྲོ་མཁན་ཟེར་བ་དེ་རེད།
སྔོན་གྱི་གྲུབ་ཐོབ་ཅིག་གིས། ཁ་བཤད་སྟོང་བའི་འཕྱོར་མགྲོན་དེས། །རྐྱེན་ཉོན་མོང་ཐུབ་པ་དཀའ་བར་འདུག གསུངས་པ་བཞིན། ཁ་བཤད་སྟོང་པའི་རང་བཙན་དེས། །བོད་བསྟན་སྲིད་ལ་ཕན་པ་དཀའ་བར་འདུག །ཅེས་ཁ་བསྒྱུར་ཡང་ཆོག་པ་འདུག རང་བཙན་དགོས་་ཁྲག་གི་འགྲོ་སོང་གཏོང་དགོས་པ་སྨྲོས་མེད་རེད། རྒྱ་ནག་གི་ངོས་ནས་ཀྱང་རྒྱལ་ཁབ་ཀྱི་ཆེད་དུ་རྡུལ་ཕྲན་མཚོན་ཆ་ཡང་བེད་སྤྱོད་གཏོང་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་རེད། ང་ཚོའི་ཁྲོད་ན་རང་བཙན་ལེན་རྒྱུའི་སྙིང་སྟོབས་ཡོད་ན་དེ་དང་མཐུན་པའི་ལམ་ཁ་ཞིག་འཚོལ་རོགས། དེ་མིན་ན་ཏཱ་ལའི་བླ་མའི་དབུ་ཁྲིད་འོག་ཏུ་འགྲོ་རྒྱུ་ཡིན་ཟེར་བ་ལས་སྙིང་པོ་མེད་པའི་ཅལ་ཅོལ་མ་མང་རོགས།
རང་དབང་ཡོད་ས་ཞིག་ཏུ་ཁ་ཕོ་ངས་ཀྱང་འཐེན་ཐུབ་ཀྱིན་འདུག ཡིན་ན་ཡང་དེས་རྒྱ་ནག་ལ་ཞེད་སྣང་སྐུལ་ནས་ཏཱ་ལའི་བླ་མ་ལ་སྐུར་འདེབས་དང་གནོན་ཤུགས་ཇེ་མང་དུ་འགྲོ་བ་ཙམ་ལས་ཕན་ཐོགས་མེད་སྟབས་དེ་ལྟར་བྱེད་ཀྱིན་མེད། ཁ་གསལ་པོར་བཤད་མི་ཕོད་པ་གང་ཡང་མེད། བོད་རང་བཙན་མིན་ན་བོད་ཀྱི་གནད་དོན་སེལ་ཐབས་མེད་མདོག་མདོག་བཤད་བསྡད་ན་དེ་རྒྱལ་བ་རིན་པོ་ཆེ་ལ་རྒྱབ་འགལ་བྱས་པ་ཡིན་རྒྱུ་རེད་བསམ་གྱིན་འདུག རྒྱལ་བ་རིན་པོ་ཆེས་རང་སྐྱོང་ལྗོངས་མ་གཏོགས་རང་བཙན་རྩོད་རྒྱུ་མིན་ཚུལ་གསུངས་པ་དེ་དངོས་གནས་ཡིན་ན་དེའི་ལམ་ལས་ལོག་པར་འཕྱན་པ་དེ་ཚོས་རྒྱལ་བ་རིན་པོ་ཆེའི་བཀའ་དགོང་དང་འགལ་བ་ལས་འགྲོ་ས་གཞན་གང་ཡོད། དེ་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་དང་འགལ་བ་མིན་ན་ཨ་ཚོགས་ྐླུ་མཁར་བྱམས་ལས་གནས་ནས་གནས་དབྱུངས་ག་རེ་བྱས་ནས་བཏང་བ་རེད།
ཨོ་སྐད་ཆ་གསར་བ་ཞིག་ཐོས་སོང་། ཨ་རོ། ཨ་ཚོགས་མྱི་ལྡང་ནམ་ཞིག་ལ་གནས་དབྱུངས་བཏང་བ་རེད། གལ་སྲིད་དེ་བདེན་ན་དེ་ནི་ཁོས་དོལ་གླིང་གཡུལ་འགྱེད་ཀྱི་དམག་རྒྱག་སྟངས་ཐད་ནས་གླིང་གི་དཔའ་རྟུལ་ཚོར་སྐྱོན་བརྗོད་ཀྱི་རྩོམ་ཡིག་དང་གཏམ་བཤད་སྤེལ་བ་དེས་མིན་འགྲོ དོལ་གླིང་གཡུལ་འགྱེད་འདི་ནི་མི་སྙིང་ཆེན་གྱི་སྙིང་ཁྲག་བཞུར་ས། མི་སྙིང་མེད་ཀྱི་སྙིང་རྩ་འགད་ས་ཞིག་ཡིན་ཡ།
སྤོབས་པ་མཐའ་ཡས། ད་ཐེངས་ཁྱོའི་སྐད་ཆ་འདི་ཁྱོད་སྤོབས་པ་ངོ་མའི་སྐད་ཆ་ཨེ་ཡིན་བསམ་ནས་ང་ལ་དོགས་པ་འདུག སྔོན་མ་ཁྱོད་ཁ་དཔངས་ཚིག་དཔངས་ཤིན་ཏུ་མཐོ། ཚད་མ་རྣམ་འགྲེལ་གྱི་ལུང་རེ་དང་མཉམ་དུ་སྔ་རྒོལ་རྣམས་ཐལ་བའི་རྡུལ་བཞིན་དུ་བརླག་ཡོད་མདོག་རེ་སྟོན་ཡོང་དུས། ཐང་ཀའི་ནང་གི་ཕྱོགས་གླང་ཆོས་གྲགས་ཚོའི་སྐུ་བརྙན་དེ་ཚོ་མིག་ལ་ཤར་ཡོང་ནི་འདྲ་ཞིག་བྱེད་ཀྱི་འདུག་ཀྱང་། དེ་རིང་ཕུ་ཡོངས་རྫོགས་ཤུབ་ཚར་འདུག
ཁྱེད་ཀྱིས་བོད་རང་བཙན་མ་གཏོགས་བོད་ཀྱི་གནད་དོན་སེལ་ཐབས་མེད་མདོག་བཤད་བསྡད་ན་དེ་རྒྱལ་བ་རིན་པོ་ཆེ་ལ་རྒྱབ་འགལ་བྱས་པ་ཡིན་རྒྱུ་རེད་བསམ་གྱིན་འདུག་ཟེར་མོད། བོད་ཀྱི་འཐབ་རྩོད་འདི་མི་གསོད་མེ་རྒྱག་གི་ལམ་དུ་ཕྱིན་ན་༧རྒྱལ་བ་རིན་པོ་ཆེ་དང་རྒྱབ་འགལ་བྱས་པ་ལས། འཚེ་མེད་ཞི་བའི་ཐབས་ལམ་གྱི་ཐོག་ནས་རང་བཙན་རྩོད་རྒྱུ་དེ་༧རྒྱལ་བ་རིན་པོ་ཆེ་དང་རྒྱབ་འགལ་བྱས་པ་ག་ལ་ཡིན། འདི་ནི་ང་ཚོས་གསལ་བོར་ཧ་གོ་ཐུབ་པ་ཞིག་སྟེ། ༧རྒྱལ་བ་རིན་པོ་ཆེ་སྐུ་ཉིད་ཀྱིས་བོད་ཀྱི་འཐབ་རྩོད་འདི་དྲག་པོའི་ལམ་དུ་སོང་ན་ངས་དགོངས་པ་ཞུ་གི་ཡིན་གསུངས་ཀྱི་འདུག་མ་གཏོགས། རང་བཙན་གྱི་ལམ་དུ་ཕྱིན་ན་ངས་དགོངས་པ་ཞུ་གི་ཡིན་གསུངས་ཀྱི་མི་འདུག་ག འདིས་དོན་དག་ཐམས་ཅད་གསལ་བོར་ཐག་ཆོད་ཚར་བ་རེད། ཁྱོས་ད་བར་དེ་ཙམ་ལ་ཡང་བསམ་བློ་བཏང་མ་མྱོང་ངམ།
ད་དུང་ཁྱེད་ཀྱིས་ག་རེ་བྱས་ནས་རང་བཙན་རག་གི་རེད། དྲག་པོ་ནི་བྱེད་མི་རུང་། ཞུ་བ་འཐེན་ན་ནི་རང་སྐྱོང་མི་སྤྲོད་མཁན་ཞིག་གིས་རང་བཙན་ཕ་རིའི་སྤང་རྒྱན་རེད་ཅེས་ཟེར་མོད། འདི་ནི་ཁྱོད་ཀྱིས་བསམ་བློ་ཏིལ་འབྲུ་ཙམ་ཞིག་ཀྱང་མ་བཏང་བའི་སྐད་ཆ་རེད། གང་ཡིན་ཟེར་ན་ང་ཚོ་ལ་མི་གསོད་མེ་རྒྱག་དང། མཐེ་བོང་སྟོན་རྒྱུ་གཉིས་ཀ་མ་ཡིན་པའི་ཐབས་ལམ་གསུམ་པ་ཞིག་ཡོད་པ་ནི། འཚེ་མེད་ཞི་བའི་ལས་འགུལ་གྱི་ཐོག་ནས་རང་བཙན་རྩོད་རྒྱུ་དེ་ཡིན་ཞིང་། བཙན་བྱོལ་བོད་མི་ཡོངས་ཀྱིས་མི་ལོ་ལྔ་བཅུའི་རིང་གི་ཆབ་སྲིད་འཐབ་རྩོད་ཀྱི་ལག་ལེན་ཀྱང་དེ་ཡིན་པ་མི་ཤེས་མཁན་སུ་ཞིག་ཡོད། དཔེར་མཚོན་གོ་བདེ་བ་ཞིག་བཤད་ན། བདག་ཉིད་ཆེན་པོ་གྷན་དྷིས་རྒྱ་གར་གྱི་རང་བཙན་རྩོད་ལེན་གནང་སྐབས། མི་གསོད་ཁྲག་སྦྱོར་དང་། པུས་མོ་བཙུགས་ཏེ་མཐེ་བོང་སྟོན་རྒྱུ་གཉིས་ཀ་མ་ཡིན་པའི་ཐབས་ལམ་གསུམ་པ་འདིའི་ཐོག་ནས་རང་བཙན་གྱི་རྒྱལ་ཁ་ཡོངས་སུ་བླངས་པ་རེད། ང་ཚོ་ལ་ཡུལ་དུས་སོགས་ཆ་ཚང་གྷན་དྷིའི་དུས་སྐབས་འདྲ་བོ་ཞིག་མེད་རུང་། དུས་རབས་དང་གནས་ཚུལ་ལ་དཔག་པའི་འཚེ་མེད་ཞི་བའི་ལས་འགུལ་སྟོབས་ལྡན་འདྲ་མིན་སྣ་ཚོགས་སྤེལ་རྒྱུ་ཅི་སྟེ་མེད། སེམས་ཤུགས་མ་ཆག ཕ་བཟང་གི་བུ།
རྒྱལ་བ་རིན་པོ་ཆེས་མི་རིགས་རང་སྐྱོང་རྩོད་ཀྱི་ཡོད་པ་རེད་མ་གཏོགས། རང་སྐྱོང་ལྗོངས་རྩོད་ཀྱི་ཡོད་པ་མ་རེད། ལྗོངས་ཟེར་བ་དེ་གྲོང་ཁྱེར་གཅིག་གི་མངའ་ཁོངས་ཙམ་ལ་ཟེར་གྱི་ཡོད་པ་རེད། དེས་ན་ཁྱེད་ཀྱིས་རྒྱལ་བ་རིན་པོ་ཆེས་རང་སྐྱོང་ལྗོངས་མ་གཏོགས་རང་བཙན་རྩོད་རྒྱུ་མིན་ཚུལ་གསུངས་པ་ཞེས་བྲིས་འདུག་པ་དེ། ཐུགས་མཉམ་མ་བཞག་པའམ་ལག་ནོར་འདྲ་ཤོར་བ་མིན་ན་གོ་ལོག་ཚབས་ཆེན་ཐེབས་འདུག་པས་ད་དུང་སློབ་སྦྱོང་བྱོས། མ་གཞི་དེ་རིང་ཁྱོད་ཅུང་ཚབ་ཚུབ་ཅིག་ཆགས་ཡོད་པ་འདྲ།
ཨ་ཚོགས་ཀླུ་མཁར་བྱམས་ག་རེ་བྱས་ནས་གནས་དབྱུངས་བཏང་བ་ངས་མི་ཤེས། ངས་གསལ་བོར་ཤེས་ཤིང་གསལ་བོར་མཐོང་བ་ཞིག་ནི། སུམ་བཅུའི་དུས་དྲན་གྱི་ཉིན་མོར་བོད་གཞུང་གི་གཞུང་ཞབས་ལས་བྱེད་ཆེ་ཕྲ་མང་པོས་བོད་རང་བཙན་གཙང་མ་ཡིན་ཟེར་ནས་ངུ་ཞོར་ལ་རྒྱུགས་ཀྱི་ཡོད་པ་ངས་མངོན་སུམ་དུ་མཐོང་མྱོང་། གལ་ཏེ་དེ་ཚོ་ཆ་ཚང་གནས་དབྱུངས་གཏོང་དགོས་ན་དེ་རྗེས་བོད་གཞུང་ལ་རྐང་བ་ནད་པ་ཅན་རེ་མ་གཏོགས་ལས་བྱེད་ཞེ་དྲག་ལྷག་ཡོང་རྒྱུ་ཞིག་མེད་པ་འདྲ། སྤོབས་དགའ་དེ་འདྲ་ཨེ་རེད།
ངས་མཆན་གོང་མར་ཁྱེད་ལ་བཤད་པ་བཞིན་ལྷ་བཟང་ཚེ་རིང་དང་རིག་པའི་རྡོ་རྗེ་སོགས་ཀྱིས་ཀྱང་༧གོང་ས་མཆོག་གི་དགོངས་གཞི་མཐར་ཐུག་འཚེ་མེད་ཞི་བའི་ལྟ་གྲུབ་དང་མི་འགལ་བའི་ཐོག་ནས་བོད་དོན་གྱི་ལས་འགུལ་སྣ་མང་སྤེལ་དང་སྤེལ་བཞིན་ཡོད་ཀྱང་། ཁྱེད་ཀྱིས་ཁོང་ཚོར་ལག་པའི་སོར་མོ་གཅིག་ཀྱང་མི་འགུལ་བ་ཞེས་ཡང་ནས་ཡང་དུ་མངོན་སུམ་ལ་བསྙོན་འདིང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། གལ་ཏེ་ཁོང་གཉིས་དང་ཁྱེད་གསུམ་སྐུ་སྒེར་གྱི་ཐོག་ནས་འཆམ་པོ་མེད་ན། རྙོག་དྲ་དེའི་ཐོག་ནས་རྒྱག་རེས་རྒྱག་རྒྱུ་མ་གཏོགས། རང་བཙན་བརྩད་ན་ངོ་ཚ་ཡིན་པ་དང་། རང་བཙན་བརྩད་ན་རྒྱ་བོད་ཀྱི་མཐུན་ལམ་ལ་གཏོར་བཤིག་ཡིན་པ། རང་བཙན་བརྩད་ན་༧གོང་ས་མཆོག་དང་རང་གཞུང་ལ་བརྩི་བཀུར་མ་བྱས་པ། རང་བཙན་བརྩད་ན་རྒྱ་མིའི་ལག་ཆ་ཡིན་པ་སོགས་ཟེར་ནས་སྨྱོས་བཏང་བ་དང་འདྲ་བའི་སྐད་ཅོར་ཞིག་རྒྱག་འདུག་རྒྱུ་དེས་བོད་མི་ཤི་གསོན་ཐམས་ཅད་ཀྱི་སེམས་དྲོན་མོའི་ནང་དུ་ཆུ་འཁྱག་པོ་བླུག་གི་མ་རེད་དམ། ཁྱད་པར་ད་ལོ་བོད་རང་བཙན་གྱི་དོན་དུ་གྲོངས་པའི་དཔའ་བོ་ཚོའི་གཟའ་ཟླ་དང་བུ་རྒྱུད་རྣམས་ཀྱིས་སྐད་ཆ་འདི་གོ་ན་ཁོང་ཚོའི་སེམས་ལ་ཅི་འདྲ་ཞིག་ཤར་རྒྱུ་རེད། འདི་ཁྱེད་ཀྱིས་ཁྱོ་མེད་ཀྱི་ཡུག་མོ་དང་ཕ་མེད་ཀྱི་དྭ་ཕྲུག་ཚོ་ལ་སེམས་གསོ་གཏོང་བྱེད་ཨེ་རེད། གྲོགས་པོ་ཁྱོད་ཀྱི་སེམས་ལ་བོད་ཞེན་ཐིག་པ་གཅིག་ཡོད་ན་ད་ཁོང་ཚོར་དགོངས་དག་ཞུས་ན་མི་དགའ་འམ།
སྔོན་མ་རྡ་སའི་དཔེ་མཛོད་ཁང་དུ་ཡོད་པའི་བན་རྒན་ཡར་ལོག་ཤིག་གིས། དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ལུས་མེར་བསྲེག་བཏང་བ་དེ་རྒད་པོ་རྒས་འཁོག་ལ་སྐྱེ་དམན་དང་ཕྲུ་གུ་མེད་པའི་ཁེར་རྐྱང་གི་སྡུག་བསྔལ་ཡོད་ཐོག མི་ཁ་ཤས་ཀྱིས་ངོ་བསྟོད་འདྲ་བྱས་པའི་དྲོད་མ་ཁྱོག་པར་རང་ལུས་མེར་བསྲེག་བཏང་བ་རེད། རྒད་པོ་སྙིང་རྗེ་༧གོང་ས་མཆོག་གི་ཐུགས་ལ་ཡང་བབས་ཡོད་པ་མ་རེད་ཟེར། ང་ཉི་མ་དེ་ནས་བཟུང་བན་རྒན་དེ་ལ་ཞེན་པ་ལོག་གི་ཡོད། དེ་རིང་ཡང་བསྐྱར་ཁྱོད་ཀྱིས་སྐུ་ཞབས་ལྷ་བཟང་ཚེ་རིང་བཤུམས་པ་དེ་ཧ་ལས་དགོས་པ་ཞིག་མ་རེད། མི་བརྫུ་བག་མཉེན་པོ་ཚོ་ངུ་བ་དགོད་པ་ལ་རང་དབང་འབྱོར་ཡོད་པ་རེད་ཟེར། གྲོགས་པོ། ད་ངོ་མ་རང་ཉིད་ཀྱིས་བོད་དོན་སྒྲུབ་མ་ཐུབ་རུང་བོད་མི་སྲིད་དོན་པ་རྣམས་ལ་བོད་དོན་སྒྲུབ་ཏུ་བཅུག་ན་མི་དགའ་འམ། ང་ཚོ་བོད་ཀྱི་བཤད་སྲོལ་ལ། མི་ཕྲག་དོག་ཅན་དེ་ཚོ་ཤི་རུང་རོ་བྱ་རྒོད་ཀྱིས་ཟ་གི་མ་རེད་ཟེར་བའི་བཤད་སྲོལ་ཞིག་ཡོད་རེད་ད། ཁྱེད་ལ་ཡང་ཕལ་ཆེར་ཤི་རྒྱུ་ཡོད་རྒྱུ་རེད་པ།
སྤོབས་པ་ཟེར་བ་འདི། ལྷ་བཟང་ཚེ་རིང་ཚེ་རིང་དང་། རིག་པའི་རྡོ་རྗེ་ཟེར་བ་དེ་གཉིས་ལ་སྒེར་གྱི་ཐོག་ནས་མི་དགའ་མཁན་ཞིག་ཡིན་ས་རེད། དེ་འདྲ་ཡིན་ན་གོང་དུ་འདོད་ལྷའི་བུས་གསུངས་པ་བཞིན། སྒེར་གྱི་སྙིང་ནད་ཀུན་ཀྱི་ཐུན་མོང་དུ་གྱུར་བའི་ཁ་བརྡ་དྲ་ཚིགས་སུ་སྤུངས་ན་ཡག་པོ་མི་འདུག སོ་སོའི་སྒེར་གྱི་སྙིང་ནད་སྒེར་གྱི་ཐོག་ནས་རྩོད་རོགས། ཁ་བརྡ་དྲ་ཚིགས་འདི་བོད་གཞིས་བྱེས་གཉིས་ཀྱིས་ལྟ་ཀློག་བྱེད་བཞིན་ཡོད་པས། འདི་འདྲའི་ཆོ་མེད་ཀྱི་སྐད་ཆ་བཤད་ན། བོད་ནང་གི་གཞོན་སྐྱེས་ལ་རྒྱ་ཅན་མང་པོ་ཞིག་གི་སེམས་ཤུགས་ཆགས་རྒྱུའི་ཉེན་ཁ་ཡོད་རེད། འདི་ངོ་མ་བློ་ཕམ་དགོས་པ་ཞིག་རེད
ད་དུང་སྤོབས་པ་ཟེར་བ་དེས། ང་ཚོར་རིག་པའི་རྡོ་རྗེ་ལྟ་བུའི་མི་ཟམ་གདོང་སྤྲུལ་སྐུའི་བདེན་པ་འཚེ་བ་མེད་པའི་ལམ་ནས་རང་སྐྱོང་ལ་ཨུ་ཚུགས་རྒྱག་པའི་ལམ་སྟོན་གནང་སྐབས་རང་བཙན་མེད་མི་འགྲིགས་མདོག་མདོག་བྱས། ད་རང་བཙན་ག་འདྲ་ལེན་རྒྱུ་ཡིན་དྲིས་དུས་བསྒུགས་སྡོད་རྒྱུ་ཡིན་ཟེར་མཁན་ཞེས་བཤད་འདུག སྤོབས་པས་རིག་པའི་རྡོ་རྗེ་ལ་འདི་ལྟར་དྲིས་ཡོད་པ་དང་། རིག་པའི་རྡོ་རྗེས་ལན་འདི་ལྟར་བཏབ་པ་བདེན་པ་ཨེ་ཡིན་ན། འདི་ལ་རིག་པའི་རྡོ་རྗེས་ལན་ཞིག་གསུང་རོགས། མ་གཞི་ངས་འདི་གས་བལྟས་ཡོང་དུས། རིག་པའི་རྡོ་རྗེས་སྤོབས་པའི་ངན་སེམས་ཀྱིས་ཀུན་ནས་བླངས་བའི་ཆོ་མེད་ཀྱི་སྐད་ཆ་དེར་ལན་རྒྱག་འདོད་མེད་པར། བཏང་སྙོམས་སུ་བཞག་ཡོད་པའི་ཚོར་སྣང་ཞིག་ཡོང་གི་འདུག གོང་དུ་བློ་གྲོས་ལགས་ཀྱིས་ཀྱང་། འདི་ཚོའི་གྲས་ལ་ལན་རྒྱབ་ན་ཁོ་ཚོར་གོ་སྐབས་སྤྲད་པ་རེད་ཅེས་གསུངས་པ་དེ་བདེན་པ་རེད།
གང་ལྟར་སྤོབས་པའི་སྤོབས་པ་ཡོངས་རྫོགས་འདོད་ལྷའི་བུ་ཟེར་བ་དེས་ཚིག་སྐོར་གཅིག་གིས་རྩ་མེད་དུ་བཏང་ཚར་འདུག ད་ཁོ་ལན་གྱིས་ཕོངས་ཏེ་སྐད་གཉོམ་གཉོམ་དང་ལུས་སྒུར་སྒུར་གྱིས་ལན་ཐབས་ཆགས་ཞིག་བཏབ་ཡོད་པར་ལྟོས་དང་། ད་ཁོ་ཡར་ལངས་ཐུབ་རྒྱུའི་རེ་བ་ཡོད་ས་མ་རེད། ཡིན་ན་ཡང་སྤོབས་པ་སྤོབས་ཁོ། ཁྱོད་ཀྱིས་དངོས་གནས་དྲང་གནས་བོད་མི་ནང་ཁུལ་ལ་དཀྲུག་ཤིང་དང་། གཏོར་བཤིག་གཏོང་གོ་ནི་མིན་ན། སྐྲག་དགོས་ནི་མ་རེད། སྲོག་ཉེན་ཡོད་ནི་མ་རེད། ཡིན་ན་ཡང་བོད་གཞིས་བྱེས་གཉིས་སུ་ཡོད་པའི་གཞོན་སྐྱེས་ལ་རྒྱ་ཅན་ཚོའི་སེམས་ཁུང་གི་དགྲ་བོར་ཆགས་རྒྱུའི་ཉེན་ཁ་ཏན་ཏན་ཡོད་པས།
ཕྱིན་ཆོད་ཆོ་མེད་ཀྱི་སྐད་ཆ་འདི་འདྲའི་རིགས་ལ་གཟབ་གཟབ་བྱས་ན་དགའ་རྒྱུ་རེད་སྙམ།
ཆབ་སྲིད་སྐོར་ཞིབ་མོ་གླེང་འདོད་མེད། འོན་ཀྱང་རྒྱ་ནག་ལ་སུན་སྣང་གཅིག་དང་། ཞེ་སྣང་གཅིག་ཡོད་པ་རེད། དང་པོ་ཕྱི་ལོག་གི་བོད་པ་ཚོ་སྐད་ཚ་བོ་ཡོད་པས་རྒྱ་ནག་སུན་གི་ཡོད་པ་རེད། གཉིས་པ་ནང་ལོག་གི་བོད་མི་ཚོ་བོད་རང་བཙན་ཆེད་སྲོག་གཏོང་རྒྱུར་ཡང་ཐོགས་པ་མེད་པ་མཐོང་ནས་རྒྱ་ནག་ཁ་ཚོ་ལ་ཞེད་གི་
ཡོད་པ་རེད། ངོ་མ་ཡིན་ན་རྒྱ་ནག་ག་རེ་ལ་ཞེད་སྣང་དང་སེམས་ཁྲལ་ཡོད་ན་ང་ཚོས་དེ་ལག་ལེན་དུ་བསྟར་དགོས་པ་རེད། དེ་མིན་རྒྱ་ནག་ག་རེ་ལ་དགའ་བོ་ཡོད་པ་དེ་ཁོ་ནར་སྒུར་ནས་ལྐུག་པ་བཅས་བསྡད་ན་ཁུ་སིམ་པོར་ཤི་རྒྱུའི་སེམས་ཐག་བཅད་པ་འདྲ་བོ་རེད། ཏོག་ཙམ་མིན་ན་ ༥༩ ལོར་༧རྒྱ་བ་རིན་པོ་ཆེའང་རྒྱ་ནག་གི་ལག་ཏུ་དང་ལངས་རྩིས་འབུལ་བྱེད་བྲོ་བྱུང་འདུག། ཡིན་ན་ཡང་ཐེངས་གཅིག་ལ་རྒྱ་ནག་གི་རེ་བ་དང་དག་དག་རྒྱབ་འགལ་བྱེད་ཕོད་པ་ལ་བསྟེན་ནས་༧གོང་ས་མཆོག་བཙན་བྱོ་དུ་ཕེབས་རྒྱུ་བྱུང་བ་རེད། ད་ལོ་ཡང་བོད་ནང་ནས་དུས་ཚོད་དག་དག་རྒྱ་ནག་གི་རེ་འདོད་པར་རྒྱབ་འགུལ་གྱི་ལས་འགུལ་སྤེལ་སྟབས། རྒྱ་ནག་འུ་ཐུག་ནས་རང་དབང་མེད་པར་སླར་ཡང་གྲོས་མོལ་ཐུང་ཐུང་མྱུར་མྱུར་ལ་འགོ་འཛུགས་བྱས་པ་རེད། མདོར་བསྡུས་ན་རྒྱ་ནག་ག་རེ་ལ་དགའ་བོ་མེད་ན་ང་ཚོས་དེ་སྒྲུབ་ཐུབ་དགོས་པ་རེད། མདོར་དེད་ན་བོད་མི་སྙིང་སྟོབས་ལ་ཐུག་ཡོད། དེ་ཡང་དང་པོ་ལྷ་སར་འཐེན་པའི་ལྕགས་ལམ་གཏོར་ནས་དེའི་ཐོག་ནས་རྒྱ་ནག་ལ་ང་ཚོའི་ཕྱོགས་ནས་བློ་ཐག་ཆོད་པོ་ཡིན་པ་མཐོང་དུ་མཇུག་དགོས་པ་རེད། ལེགས་སོ། ལེགས་སོ་ཟེར་ནས་བསྡད་ན་རང་བཙན་རྩད་མ་རེད་སློང་བ་རེད།
ཆབ་སྲིད་སྐོར་ཞིབ་མོ་གླེང་འདོད་མེད། འོན་ཀྱང་རྒྱ་ནག་ལ་སུན་སྣང་གཅིག་དང་། ཞེད་སྣང་གཅིག་ཡོད་པ་རེད། དང་པོ་ཕྱི་ལོག་གི་བོད་པ་ཚོ་སྐད་ཚ་བོ་ཡོད་པས་རྒྱ་ནག་སུན་གི་ཡོད་པ་རེད། གཉིས་པ་ནང་ལོག་གི་བོད་མི་ཚོ་བོད་རང་བཙན་ཆེད་སྲོག་གཏོང་རྒྱུར་ཡང་ཐོགས་པ་མེད་པ་མཐོང་ནས་རྒྱ་ནག་ཁོ་ཚོ་ལ་ཞེད་གི་ཡོད་པ་རེད། ངོ་མ་ཡིན་ན་རྒྱ་ནག་ག་རེ་ལ་ཞེད་སྣང་དང་སེམས་ཁྲལ་ཡོད་ན་ང་ཚོས་ལས་འགུལ་དེ་སྤེལ་ཐུབ་དགོས་པ་རེད། དེ་མིན་རྒྱ་ནག་ག་རེ་ལ་དགའ་བོ་ཡོད་པ་དེ་ཁོ་ནར་སྒུར་ནས་ལྐུག་པ་བཅས་བསྡད་ན་ཁུ་སིམ་པོར་ཤི་རྒྱུའི་སེམས་ཐག་བཅད་པ་འདྲ་བོ་རེད། ཏོག་ཙམ་མིན་ན་ ༥༩ ལོར་༧རྒྱ་བ་རིན་པོ་ཆེའང་རྒྱ་ནག་གི་ལག་ཏུ་དང་ལངས་རྩིས་འབུལ་བྱེད་བྲོ་བྱུང་འདུག ཡིན་ན་ཡང་ལམ་འགྲོ་རྒྱུགས་ནས་ཐེངས་གཅིག་ལ་རྒྱ་ནག་གི་རེ་བ་དང་དག་དག་རྒྱབ་འགལ་བྱེད་ཕོད་པ་ལ་བསྟེན་ནས་༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་རྒྱུ་བྱུང་བའི་རྒྱལ་ཁ་འདི་ཐོབ་པ་རེད། ད་ལོ་ཡང་བོད་ནང་ནས་དུས་ཚོད་དག་དག་ལ་རྒྱ་ནག་གི་རེ་འདོད་ཀྱི་ལྡོག་ཕྱོགས་དང་རྒྱབ་འགུལ་གྱི་ལས་འགུལ་སྤེལ་པ་ཡིན་སྟབས། རྒྱ་ནག་འུ་ཐུག་ནས་རང་དབང་མེད་པར་སླར་ཡང་གྲོས་མོལ་ཐུང་ཐུང་མྱུར་མྱུར་ལ་འགོ་འཛུགས་བྱས་པ་རེད། མདོར་བསྡུས་ན་རྒྱ་ནག་ག་རེ་ལ་དགའ་བོ་མེད་ན་ང་ཚོས་དེ་སྒྲུབ་ཐུབ་དགོས་པ་རེད། མཁས་རྟགས་འཇོག་ས་ཆེན་པོ་ལྷག་ཡོད་པ་མ་རེད། མཁས་པས་ཕན་ན་༧རྒྱལ་བ་རིན་པོ་ཆེས་མ་འདང་བ་ཡོད་པ་མ་རེད་བསམ། དཔའ་རྟགས་འཇོག་རན་པ་རེད། ཡང་སྙིང་བོད་མིའི་སྙིང་སྟོབས་དང་བློ་ཁོག་གཙོ་བོ་ཆགས་ཡོད། དེ་ཡང་དང་པོ་ལྷ་སར་འཐེན་པའི་ལྕགས་ལམ་གཏོར་ནས་དེའི་ཐོག་ནས་རྒྱ་ནག་ལ་ང་ཚོའི་ཕྱོགས་ནས་བློ་ཐག་ཆོད་པོ་ཡིན་པ་མཐོང་དུ་མཇུག་དགོས་པ་རེད། ལེགས་སོ། ལེགས་སོ་ཟེར་ནས་བསྡད་ན་རང་བཙན་རྩད་པ་མ་རེད་སློང་བ་རེད།
ཆབ་སྲིད་ཀྱི་ཐོག་ལ་རིང་པོ་རིང་པོ་བྲིས་ནས་ཕན་གི་མ་རེད། རྡོག་རྡོག་ལས་ཐུབ་དགོས་པ་རེད
དྲ་གྲོགས་རིག་མཆོག་ལགས་ཀྱིས་བཀའ་འདྲི་གནང་བར་དགའ་སྤྲོ་བྱུང་། སྤོབས་པ་ལགས་ཀྱིས་ང་ལ་རང་བཙན་ག་འདྲ་ལེན་རྒྱུ་ཡིན་ཞེས་འདྲི་ཡང་མ་མྱོང་ལ། ངས་ཀྱང་བསྒུགས་སྡོད་རྒྱུ་རེད་ཟེར་བའི་ཐབས་ཟད་ཀྱི་ལན་དེ་འདྲ་འདེབས་རྒྱུ་མངོན་སུམ་ལྟ་ཅི། རྨི་ལམ་དུ་འཁོར་མ་མྱོང་། འོན་ཀྱང་ཁོང་གིས་ནམ་རྒྱུན་ང་ལ་གཞི་མེད་ཀྱི་ཉེས་འཛུགས་གནང་བཞིན་ཡོད། གང་ལྟར་ང་ལ་ཁྱད་པར་མི་འདུག ཁོང་གིས་ཅི་ཞིག་གསུང་འདོད་ན་གསུང་གི་ཆུག འོན་ཀྱང་ངས་ཁོ་ལ་ལན་རྒྱག་འདོད་མེད།
དེ་ནས་དྲ་གྲོགས་འདོད་ལྷའི་བུ་དང་། བློ་གྲོས། རིག་མཆོག་སོགས་ཀྱིས་བདེན་དོན་ལ་རྒྱབ་སྐྱོར་དང་། བོད་མི་རིགས་ཀྱི་ལས་དབང་ལ་ཐུགས་བསམ་བཞེས་པར་སྙིང་ནས་བཀའ་དྲིན་ཆེ་ཞེས་ཞུ་བ་ཡིན། ཁྱེད་ཅག་གི་སྐད་ཆ་འདིས་བོད་གཞིས་བྱེས་གཉིས་ཀྱི་གཞོན་སྐྱེས་མང་པོར་སེམས་ཤུགས་སྤྲད་ཡོད་རྒྱུ་གོར་མ་ཆག རྩ་དོན་འགྲུབ་མི་འགྲུབ་ཟེར་བ་དེ་རྒྱུ་མཚན་གཞན་ཞིག་རེད། བོད་དོན་འདི་བོད་མི་ཡོངས་ཀྱི་ལས་འགན་ཡིན་དུས་ཤོད་དགོས་ལ། བསྒྲུབ་ཀྱང་དགོས། ཐུགས་རྗེ་ཆེ།
རང་བཙན་གང་འདྲ་བྱས་ནས་ལེན་དགོས་སམ། རིག་པའི་རྡོ་རྗེ་ལགས། སྤྱིར་རྩོམ་སྒྲིག་པ་མང་པོ་ཞིག་གིས་ཆབ་སྲིད་སྐོར་ལ་རིང་པོ་རིང་པོ་དང་སྙན་པོ་སྙན་པོ་འབྲི་རེད། ད་དུང་རྩོད་པ་བརྒྱབ་ནས་རྙོག་པོ་རྙོག་པོ་ཡང་བཟོ་གི་རེད། ཉིད་ཀྱིས་གསུངས་པ་ལྟར་རྩ་དོན་འགྲུབ་མ་འགྲུབ་ཟེར་བ་རྩོམ་པ་པོ་དང་རྩོམ་སྒྲིག་པ་ཞིག་ངོས་ནས་བཤད་ན་སེམས་ཁུར་བྱེད་མི་དགོས་པའི་དོན་དག་གཞན་ཞིག་ཏུ་བརྩི་གི་རེད། བརྗོད་གཞི་ཞིག་བཙལ་ནས་ཡིན་མདོག་ཁ་བོ་ཞིག་བྲིས་ནས་འདུག་དགོས་པ་ཁོ་ཚོའི་མི་ཚེ་བསྐྱེལ་སྟངས་རེད། འདིར་ཁྱེད་རང་རྩོམ་པ་པོ་དང་རྩོམ་སྒྲིག་པ་རང་ཉིད་ལ་ལས་ཀ་འཚོལ་མཁན་ཞིག་མ་ཡིན་པར། རང་བཙན་རྩོད་མཁན་ངོ་མ་ཞིག་ཡིན་པས་ཆ་རང་བཙན་རྩོད་པའི་ཐབས་ལམ་གསུངས་རོགས།
འདོད་ལྷའི་བུ། ཁྱོད་ངོ་མ་ཐུགས་རྗེ་ཆེ། དཀོན་མཆོག་གསུམ། ཁྱོད་ཀྱི་མཆན་འདི་ཚོའི་ནང་ནས་བློ་སྐྱེད་མང་པོ་རག་སོང་། ཁྱོད་ཚེ་རིང་ནད་མེད། མ་ཨ་ཟིའི་པང་ན་བུ་རེ་འཁྲུངས།། བུ་དེ་འདྲ་འཁྲུངས་ན་རེ་རེས་ཆོག རྟ་རྒོད་མའི་པང་ན་རྟེའུ་རེ་འཁྲུངས།། རྟེའུ་དེ་འདྲ་འཁྲུངས་ན་རེ་རེས་ཆོག།
བརྩེ་བའི་སྟག་སྨྱོན་ལགས།
ངས་རང་བཙན་རྩོད་པའི་ཐབས་ལམ་བདེན་དོན་འཐད་རྩོད་ཟེར་བ་འདི་རེད། འདི་དེའི་ཐབས་ལམ་ཡིན་པ་ལས་བསྒྲུབ་བྱ་མ་རེད། དཔེར་ན། ཁང་པ་དེ་དང་པོ་ངའི་རེད་ལ། ང་ལ་དབང་བ་ཡང་རེད། འོན་ཀྱང་སྟབས་མ་ལེགས་པར་གཞན་གྱིས་བཙན་འཕྲོག་བྱས། ད་ལྟ་ངས་ཁང་པ་དེ་ངའི་རེད། ང་ལ་ཕྱིར་སྤྲོད་དགོས་ཞེས་ཅི་ཙམ་བཤད་ཀྱང་། ཁོས་ཁང་པ་ངའི་རེད། ཁང་པ་འདིའི་བདག་དབང་ཡང་ང་ལ་ཡོད་ཅེས་ཤོད་ཀྱིན་ཡོད་པ་མ་ཟད། མི་གཞན་དག་གིས་ཀྱང་ཁང་པ་དེ་ཁོའི་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། དེར་བརྟེན་གནས་སྐབས་ང་ཕམ་ཡོད་ལ། ངས་རང་གི་ཁང་པ་ཕྱིར་རེག་རྒྱུ་ཁག་པོ་ཆགས་ཡོད། གནད་དོན་གཙོ་བོ་མི་རྣམས་ཀྱིས་ཁང་པ་དེ་ངའི་ཡིན་པ་མ་ཤེས་པ་དེ་རེད། དེས་ན་ངས་ད་ནས་བཟུང་ཁང་པ་དེ་ང་རང་གི་ཡིན་པའི་རྒྱུ་མཚན་མི་རྣམས་ལ་གསལ་བཤད་ཡང་དག་པ་བྱས་ནས། མི་གཞན་དག་གིས་ཁང་པ་དེའི་ངའི་ཡིན་པ་ཤེས་སུ་འཇུག་རྒྱུ། གལ་ཏེ་མི་རྣམས་ཀྱིས་ཁང་པ་དེ་ངའི་ཡིན་པ་གསལ་བོར་ཤེས་ན། ང་ལ་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། བདེན་པའི་རྒྱབ་ལངས་ཀྱང་ཡོང་གི་རེད། དེ་བྱུང་ན་ངས་རང་གི་ཁང་པ་དེ་ཕྱིར་རེག་ཐུབ་རྒྱུའི་ཡིད་ཆེས་བྱེད་བཞིན་ཡོད། འདི་བདེན་དོན་འཐད་རྩོད་ཀྱི་སྔོན་འགྲོའི་ཐབས་ལམ་རེད་ལགས། བཀའ་དྲིན་ཆེ།
ཕྱེད་ཀ་བདེན་པ་རེད། ཡིན་ན་ཡང་། ཁྱོའི་ཁྱིམ་མཚེས་ཚང་མས་ཁང་པ་དེ་ནི་ཁྱོའི་ཕ་མེས་ཀྱིས་ཁྱོད་ལ་བཞག་པའི་རྒྱུ་ནོར་ཡིན་པ་ཤེས་ཀྱི་ཡོད་པ་རེད། ཡིན་ན་ཡང་ཁྱོའི་ཁང་པ་བཙན་འཕྲོག་བྱེད་མཁན་དེ་ནི་མི་ཚང་གཉོམ་ཆུང་ཞིག་རྩ་བ་ནས་མ་ཡིན་པར་ཅི་ཡང་ལས་ཕོད་ལ་ཅི་ཡང་ཟེར་ཕོད་ཐུབ་པའི་མི་ཚང་བཙན་པོ་ཞིག་ཡིན་པས། གྲོང་པ་ཁྱིམ་མཚེས་མང་པོ་ཞིག་ཁོ་ཚང་ལ་སྐྲག་ཐག་ཆོད་ནས་སྐད་ཆ་བདེན་པ་དེ་ནས་ཕྱིར་འདོན་ཐུབ་ཀྱི་ཡོད་པ་མ་རེད། ཁོ་ཚོས་ཤེས་བཞིན་དུ་ཁྱོས་ད་དུང་ཁང་པ་འདི་ངའི་ཡིན་ཟེར་ནས་སྒོ་ཉུག་ཅི་ཙམ་ཞིག་བྱས་པ་ཡང་ཁྱོའི་ཆུ་ཚོད་འཕྲོ་བརླག་རེད། དེ་ལས་ཁྱོས་རང་གི་སྟོབས་ཤུགས་གོང་འཕེལ་དུ་བཏང་སྟེ་རང་ཉིད་ཀྱིས་རང་གི་ཁང་པ་དེ་ཕྱིར་ལེན་པའི་ལས་ཀ་ཞིག་བྱེད་དགོས་ཀྱི་རེད། དཔེར་ན་ང་ཚོ་རྒྱ་གར་དུ་བལ་བོའི་ས་མཚམས་སུ་བསླེབས་དུས་བལ་སྐད་རྒྱ་སྐད་ཤེས་པའི་གཞིས་ཆགས་པ་རེ་རོགས་པར་ཡོད་ན་ཡང་ཁོ་ཚོས་རང་མགོ་མི་ཇོན་པའི་སེམས་ཁྲལ་གྱིས་ཁྱོད་ལ་རོགས་པ་བྱེད་མཁན་ཧ་ཅང་ཉུང་ཉུང་རེད། དེ་ལ་བསམ་བློ་ཞིག་ཐོངས་དང་། ཁྱོད་ལ་དཀའ་ངལ་ཡོད་པ་དེ་ཁོ་ཚོས་ཤེས་ཀྱི་ཡོད་པ་རེད། ཡིན་ན་ཡང་ཁོ་ཚོས་རོགས་པ་བྱེད་མ་ཐུབ་པ་རེད། རྒྱལ་ཁབ་ཅིག་ནས་རྒྱལ་ཁབ་ཅིག་ལ་སྐྱབས་བཅོལ་དུ་ཡོང་ཆོག་པ་དེ་ནི་འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་གྱི་ཡོད་པ་རེད། ཡིན་ན་ཡང་དུས་དེར་དངོས་ཡོད་གནས་ཚུལ་གྱིས་ཁྱོད་ཀྱི་རིགས་གཅིག་སྤུན་ཟླས་ཁྱོད་རང་བལ་བོ་དང་རྒྱ་གར་གྱི་ས་མཚམས་དམག་མི་སྤྱང་ལྟོགས་ལྟ་བུ་དེ་ཚོའི་ཁ་ནང་དུ་ཚུད་པ་ལ་ལྟད་མོ་བལྟས་ནས་སྡོད་ཀྱི་རེད། དེ་ནི་ཁོ་ཚོ་རང་གི་ཁེ་ཕན་ལ་ཐུག་པ་རེད།
སྤོབས་དགའ། ངས་ཁྱེད་ལ་ངོ་མ་བཤད་ན་ང་དང་ལྷ་བཟང་ཚེ་རིང་གཉིས་སྒེར་ངོས་ནས་དགའ་པོ་ཞེ་དྲག་མེད། ང་སྔོན་མ་ཁོང་གི་དེབ་ཁང་དུ་དབྱིན་ཡིག་སློབ་དེབ་ཅིག་ཉོ་བར་ཕྱིན་དུས་ངེད་གཉིས་རྩོད་པ་ཐུག་སོང་། ཁོང་མི་ཁ་གྱོང་ཤིག་རེད། ང་ཡང་མི་གཤིས་གྱོང་ཤིག་ཡིན་པས་གལ་ཏེ་རྒྱ་གར་ལུང་པ་མིན་པར་བོད་ནང་ཤིག་ཡིན་ན་ངེད་གཉིས་ལག་འགུལ་རེས་བྱེད་རྒྱུ་མ་གཏོགས་ལྷག་མ་སོང་། སྐབས་དེར་ངའི་གྲོགས་པོ་དང་ཨ་ཅག་ལགས་གཉིས་ཀྱིས་ང་ཕྱི་ལོགས་སུ་ཁྲིད། དེར་བརྟེན་ཉི་མ་དེ་རིང་ང་ཁོ་དང་ཐུག་ན་ངེད་གཉིས་ལ་སྒེར་ཐོག་ནས་བཀྲ་ཤིེས་བདེ་ལེགས་སོགས་ཀྱི་སྐད་ཆ་བཤད་རེས་ཡོང་ཨེ་ཐུབ་མི་ཤེས་མོད། ཁོང་གིས་བོད་ཞེན་གྱི་སེམས་ཤུགས་དང་། བདེན་དོན་གྱི་འཐབ་རྩོད་ལ་ངས་བསྟོད་པ་བྱེད་རྒྱུ་མཚམས་བཞག་མ་མྱོང་། འདི་ངའི་སྙིང་སྟོབས་ཡིན་བསམ་གྱི་ཡོད། གཅེས་གྲོགས་ཁྱེད་ཀྱང་སྒེར་ངོས་ནས་ལྷ་བཟང་ཚེ་རིང་དང་རིག་པའི་རྡོ་རྗེ་ལ་མི་དགའ་བ་ཡོད་སྲིད་ཀྱང་། རྐྱེན་དེ་ལ་བརྟེན་ནས་བོད་དོན་གྱི་བདེན་པའི་འཐབ་རྩོད་པ་བཀའ་དྲིན་ཅན་དེ་ཚོར་སྲིད་དོན་གྱི་ནག་ཉེས་དང་སྲིད་དོན་གྱི་ཁ་ཡོག་འཛུག་མི་རུང་ཞིང་། སྲིད་དོན་གླེང་སྟེགས་ཀྱི་ཐོག་ནས་གོ་སྐབས་ལ་སྒུག་སྟེ་དམའ་འབེབ་བྱེད་མི་རུང་། འདི་ནི་མི་བསམ་གནག་ཐབས་རྡུག་ཚོས་བྱེད་སྟངས་ཤིག་རེད།
ཁྱེད་རང་གི་ཁང་པ་དེ་རྩོད་གཞི་ཅན་གྱི་ཁང་པ་ཞིག་ཡིན་པ་རེད། ཁྱེད་ཀྱིས་ཁང་པ་དེ་ངའི་ཡིན་ཟེར་གྱི་ཡོད་པ་རེད། དེ་ཁྱེད་རང་གི་རེད་ཟེར་ནས་དེ་ལ་བདེན་དཔང་དང་རྒྱབ་རྩ་བྱེད་མཁན་ཞིག་ད་སྔ་བྱུང་མེད་པ་རེད། ཁྱེད་རང་གི་ཕ་ཚ་བུ་རྒྱུད་ནས་སུ་གང་ལ་འབྲེལ་བ་མ་བྱས་པར་སྒོ་རྒྱབ་ནས་བསྡད་པས་དེ་དོན་དངོས་སུ་ཁྱེད་རང་གི་ཡིན་མིན་སུས་ཀྱང་ཤེས་ཀྱི་མེད་པ་རེད། ཁྱེད་རང་གི་ཁྱིམ་མཚེས་ཀྱིས་ཁང་པ་དེ་ཁོ་པའི་ཡིན་ཟེར་གྱི་ཡོད་པ་རེད། ཕྱི་ལོགས་ཀྱི་མི་མང་པོ་ཞིག་ཀྱང་དེ་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། ཁྱེད་ཀྱིས་ཀྱང་ཁང་པ་དེ་ཁོ་པར་དབང་བའི་རྣམ་འགྱུར་ཞིག་སྔོན་མ་ནས་བསྟན་ཚར་བ་རེད།
ང་ཚོས་བཤད་ཀྱིན་བཤད་ཀྱིན་བྱིས་པའི་ཤག་འགྱེད་ལྟ་བུར་གྱུར་སོང་། ཡིན་ན་ཡང་རིག་པའི་རྡོ་རྗེས་རང་བཙན་ལ་སྒུག་སྡོད་རྒྱུ་ཡིན་མིན་གྱི་སྐད་ཆ་དེ་གནད་ཆེན་རེད། རིག་པའི་རྡོ་རྗེས་ཁོ་རང་ཟམ་གདོང་སྤྲུལ་སྐུས་དབུ་ཁྲིད་འོག་ཏུ་འགྲོ་རྒྱུ་མིན་པའི་སྐད་ཆ་དེའི་སྐབས་སུ་ཁོས་འདོད་པ་མ་ཁེངས་ས་གསུམ་ཡིན་ནམ་ཅིག་བགྲངས་པ་རེད། དེའི་ནང་གི་གཅིག་ནི་བཙན་བྱོལ་བོད་མིས་ལས་འགུལ་སྤེལ་སྟངས་འདིས་ཁོའི་འདོད་པ་མ་ཁེངས་པ་རེད། དེ་ལྟར་བདེན་ན་བཙན་བྱོལ་བོད་མིས་ཀྱང་ཟས་བཅད་ངོ་རྒོལ། ཞི་བའི་གོམ་བགྲོད། ཡིག་ཆ་འགྲེམ་སྤེལ། རྒྱལ་སྤྱིའི་སྟེང་དུ་འབོད་སྐུལ་ཞུ་བ་སོགས་གྲངས་མེད་པ་བྱས་པ་རེད། རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུའི་ལས་འགུལ་སྣ་གཅིག་ནི་རིག་རྡོར་འཁོར་དང་བཅས་པ་ལ་སྟོན་རྒྱུ་མི་འདུག དྲག་པོའི་བྱེད་ཐུབ་མིན་གྱི་སྐད་ཆ་བཤད་དུས་ཁོ་རང་གི་བརླ་འདར་གྱིན་འདུག ཁག་ནི་མི་འདུག་ང་ཚོའི་མི་རབས་འདིའི་བླ་ཉམས་ཡོད་པ་རེད། མི་འདི་འདྲ་ཞིག་གིས་རང་བཙན་ཅིག་ཅིག་ཅིག་ལབ་ཡོང་དུས་ང་ནི་ཡ་ཁོགས་སྙིང་གི་ནང་དང་མ་ཁོགས་རྒྱུ་མའི་ནང་ནས་་ཁྲེལ་རྒོད་ཤོར་ཡོང་གིན་འདུག རིག་རྡོར་དང་ལྷ་བཟང་ཚེ་རིང་དཔོན་གཡོག་ཚོར་བལྟས་ན་སྔོན་དུས་ཀྱི་ཆུ་སྒང་གི་རྒད་པོ་ཚོ་གླིང་གེ་སར་གྱི་སྤྲུལ་པ་རེད་ལབ་ནས་སྐུ་བརྙན་རེ་མཆོད་ཁྲིའི་སྒང་དུ་བཤམས་ན་ཡང་ཆོག་པ་འདུག གནའ་སྔོན་མ་ཞིག་ལ་རང་བཙན་ཡིན་མིན་ཁྱོད་ཚོས་ཤོད་དགོས་ཀྱི་མ་རེད། རྒྱལ་རབས་ལོ་རྒྱུས་ལྷུན་པོའི་གཏོས་ལ་འགྲན་པ་འདི་ཚོ་ཡོད་ཡོད་བཞིན་པ་རེད། བཤད་ཀྱིན་བཤད་ཀྱིན་རིག་རྡོར་འཁོར་བཅས་ཀྱི་ཁུག་མའི་གཏིང་ན་ཅི་ཡོད་དེ་གསལ་པོར་མཐོང་ཡོང་གིན་འདུག ད་བསྒུག་འདུག་རྒྱུ་མིན་པའི་རང་བཙན་ལེན་སྟངས་གསར་པ་དེ་ངོ་སྤྲོད་ཅིག་གྱིས་དང་། དེ་མེད་ན་རིག་རྡོར་འཁོར་བཅས་ཀྱི་ཁུག་མའི་སྐུབ་དེ་གསལ་པོར་མཐོང་བ་རེད།
ཚད་མ་རྣམ་འགྲེལ་གྱི་ལུང་ཅིག་དྲངས་པ་ཡིན། ཡིན་ན་ཡང་དགོང་དག འབྲོག་པ་རྒན་པོ་ཞིག་གཟས་ས་ན་ད་ལྟ་རང་མར་ཁྲིད་ཡོང་པ་ལྟ་བུ་ཚོ་ལ་ལུང་གིས་ཅི་བྱེད། ལུང་དོན་གོ་བརྡ་སྤྲོད་མ་ཐུབ་ནས་ཚིག་འགྲེལ་ལུང་པ་གང་འབྲི་དགོས་བྱུང་སོང་། ད་ཡིན་ན་ལུང་འདྲེན་བྱེད་རྒྱུར་ཡིད་ཐང་ཆད་བྱུང་།
ད་ཡིན་ན་ང་ནི་རིག་པའི་རྡོ་རྗེའི་སྐུ་སྒེར་གྱི་དགྲ་བོ་ཞིག་ཏུ་ངོས་བཟུང་ནས་སྐུ་འཁོར་ལུང་པ་གང་ཁྲིད་ནས་སླེབས་འདུག ཡིན་ན་ཡང་། དྲྭ་རྒྱ་འདི་ལ་ཡིད་ཆེས་བྱ་རྒྱུ་མེད། རྒྱུད་བརྟག་གཉིས་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པོའང་ང་། །ཞེས་པ་བཞིན་རིག་པའི་རྡོ་རྗེ་ཕྱག་སྟོང་སྤྱན་སྟོང་གི་སྐུར་བཞེངས་པ་ཡང་མི་སྲིད་པ་མ་རེད། དེ་འདྲ་མིན་ན་ཡང་ཁྱད་མཚར་རེད། ཁ་བརྡ་དྲྭ་རྒྱ་འདི་ནས་ད་ལྟ་བར་བོད་བསྟན་སྲིད་ཀྱི་གླེང་གཞིའི་སྒང་དུ་ཁ་ན་ན་དང་རྣ་བ་ཚ་ཚ་ཞིག་ཟླ་བ་མང་པོར་གླེང་མོལ་བྱས་པ་རེད། དེའི་བར་དུ་བློ་གྲོས་དང་། རིག་མཆོག་ཟེར་བའི་རང་བཙན་པ་ཁ་མཁས་ཚོ་མཐོང་མ་མྱོང་། དེ་རིང་རིག་རྡོར་གྱི་རང་བཙན་བསྒུག་རྒྱུའི་ལྟ་བ་ལ་རྒྱབ་སྐྱོར་ཁྱོད་ཤི་ང་གསོན་བྱེད་པ་འདི་ཡང་ཡིད་ཆེས་ཐུབ་པ་ཞིག་མི་འདུག མི་འདི་ཚོ་དངོས་གནས་བོད་རང་བཙན་ལ་དུང་བ་ཟབ་ནས་འདིར་ཡོང་བ་ཡིན་ནམ་ཡང་ན་རིག་རྡོར་ལ་དུང་བ་ཆེ་དྲགས་ནས་ཡོང་བ་ཡིན་མིན་རྗེས་སུ་མི་འདི་ཚོས་ཁ་བརྡ་དྲྭ་རྒྱ་ལ་ཞུགས་ཡུན་བསྲིངས་མིན་གྱིས་ཤེས་ཀྱི་རེད།
ང་རིག་རྡོར་ལྷ་ཚེ་སོགས་རང་བཙན་བསྒུག་ནས་ལེན་མཁན་ཚོར་སྒེར་ལ་འཁོན་འཛིན་བྱེད་ཀྱིན་ཡོད་རེད་ཅེས་པ་དེ་ཧ་ཅང་ཅོལ་ཅུང་གི་སྐད་ཆ་རེད། ངས་རིག་རྡོར་ལྷ་ཚེ་སོགས་ཀྱིས་རྐུན་མ་རེད་དང་ཇག་པ་རེད་ལྟ་བུའི་བསྙོན་འཛུགས་ནི་བྱས་མེད། ལྷ་བཟང་ཚེ་རིང་གི་ཨག་ཚོམ་དེ་ངའི་ཡིད་ངོར་འཕྲོད་ཀྱི་མི་འདུག་དང་ཁོས་ང་ལ་དེབ་བཙོང་སྟངས་འགྲིགས་མ་སོང་ཟེར་བ་ལྟ་བུའི་སྐྱོན་བརྗོད་ཉི་ཚེ་བ་ཡང་བྱེད་མ་མྱོང་། ངས་ལག་པ་གནམ་ལ་བཟེད་ནས་བསྒུག་བསྡད་ན་རང་བཙན་ཐོབ་ཀྱི་རེད་ལྟ་བུའི་སྐད་ཆ་ཆོ་མེད་དེ་ཚོས་ཕན་ལས་གནོད་ཆེ་བ་འདུག་ཟེར་གྱི་ཡོད། དེའི་ཁྱོད་ཚོར་རྣག་ཐོག་ལ་གཙགས་ཁེལ་དུས་ཅུང་ཟད་ཚ་བ་བཟློག་མེད་ཡིན་སྟབས་སྒེར་ལ་ཕོག་སོང་བ་དེ་བདེན་རྒྱུ་རེད།
རིག་རྡོར་གྱིས་དང་པོར་ལོ་རྒྱུས་ཀྱི་བདེན་པ་བརྡར་ནས་རང་བཙན་ལེན་ལྟ་བུ་དེ་སྐད་ཆ་རྫིགས་པོ་བྱུང་། བཤད་ཀྱིན་བཤད་ཀྱིན་བསྒུག་འདུག་རྒྱུ་མ་གཏོགས་ལག་པ་འགུལ་བའི་སྐད་ཆ་མེད་པ་དེ་ལ་བལྟས་ན་དབུགས་ཤུབས་འགྲོ་མཁན་དེ་ང་དང་ཁྱོད་རང་གཉིས་ཆར་མ་རེད་དམ།
ངེད་ཚོའི་རྒན་པོ་ཚོར་གཏམ་དཔེ་ཞིག་ཡོད། སྲེག་པས་རྡོ་སྒུག བདེན་མིན་ཅི་ཤེས་ཏེ་བྱ་སྲེག་པ་ཟེར་བ་འདིས་རང་ཉིད་ལ་རྡོ་འཕངས་ནས་གསོད་མཁན་མཐོང་བཞིན་དུ་སྒུག་འདུག་གི་རེད་ཟེར། དཔེ་དེ་བཞིན་ཁྱོད་ཚོས་ཀྱང་བོད་མི་རིགས་ཤི་ལ་ཉེ་བ་འདི་མཐོང་བཞིན་དུ་རང་བཙན་རང་བཙན་ཅེས་ཁ་འདོན་བྱས་ནས་སྒུག་སྡོད་དང་བོད་ནང་གི་བོད་ཕྲུག་ཚོ་རྒྱ་ཕྲུག་ལ་འགྱུར་འགྲོ་གི་རེད། ཚེས་ངན་སྐར་ངན་ཞིག་ཤར་ཉིན་རྒྱ་གར་གྱིས་བཙན་བོད་གཞུང་གི་སྒོ་རྒྱག་གི་རེད། དེ་དུས་ཁྱོད་དང་ང་གཉིས་ཀྱང་ཤར་ནུབ་གྱི་གླིང་ཕྲན་རེ་ན་སྐྱོ་སེམས་དང་འགྱོད་སེམས་ཀྱི་མིག་ཆུ་རྡོག་པོ་རེས་སྔོན་གཤེགས་དཔའ་བོ་ཚོར་འགྱོད་བཤགས་ཞུ་བཞིན་བསྡད་ཡོད་དུས་འཕྱི་ཚར་བ་རེད།
སྤོབས་དགའ། སྔོན་མ་ཞིག་ལ་ཧོར་གཙང་འཇིགས་མེད་དང་། སྐྱེས་སར་ཀླུ་སྒྲུབ་གཉིས་ཡིག་ཐོག་ནས་རྒྱག་རེས་ཞེ་དྲག་བརྒྱབ་པ་རེད། ལོ་མང་པོའི་སྔོན་རེད། ཉེ་ཆར་ཀླུ་སྒྲུབ་ཀྱིས་ཞྭ་རྒབ་པའི་སྐོར་ཞིག་བྲིས་ནས་གཞེས་བྱེས་ལྷན་འཛོམས་ཀྱི་དྲྭ་རྒྱའི་ཐོག་བཏང་འདུག ང་ཚོའི་ཀླུ་སྒྲུབ་ཀྱི་རྩོམ་དེ་ཁ་བྱང་མ་གཏོགས་བཀླག་མ་ཚར་གོང་དེའི་ནང་དུ་ཧོར་འཇིགས་ལ་གཤེ་གཤེ་བཏང་ཡོད་པ་དང་། ཐ་ན་ཆེད་རྩོམ་དེ་འབྲི་དོན་ཡང་ཧོར་འཇིགས་ལ་འབིག་ཚག་བྱེད་རྒྱུའི་ཆེད་ཡིན་པར་རྒྱན་བཙུགས་རྗེས་གཞི་ནས་རྩོམ་གཞུང་བཀླག་པ་ཡིན། ཏག་ཏག་བྱུང་སོང་། མར་ཅུང་ཞིག་བཀླག་ཡོང་དུས་དེང་སང་གི་མི་འགའ་ཞིག་ཡིན་ན་ཅིག་ཟེར་ནས་ཧོར་གཙང་ལ་གཤེ་རྒྱུའི་མགོ་བཙུག་ཚར་འདུག་པས་ང་ཚོས་བརླ་ལ་ཐལ་ལྕགས་གཞུ་བཞིན་མིག་ཆུ་ཐོན་པའི་གད་མོ་བགད་པ་ཡིན། ཉིན་ཤས་ཀྱི་སྔོན་དྲྭ་ཐོག་འདི་ནས་རིག་པའི་རྡོ་རྗེ་དང་ཁྱེད་གཉིས་ཀྱིས་རྩོད་པ་མང་པོ་བརྒྱབ་སོང་། རིག་པའི་རྡོ་རྗེའི་རྩོམ་གྱི་ནང་དུ་གྲྭ་གྲོགས་ཤིག་ལ་བགྲོ་གླེང་ངོ་མ་བྱེད་བཞིན་པའི་རྣམ་འགྱུར་ཐོན་པ་དང་། ཐ་ན་ཁྱེད་ལ་བསྟོད་བསྔགས་ཀྱང་བཏང་ཡོད་པ་རེད། འོན་ཀྱང་ཁྱེད་ནི་དེ་ལས་ལྡོག་སྟེ་ཅི་ཐུབ་གང་ཐུབ་དང་ཚིག་རྩུབ་ཁྱད་གསོད་ཁོ་ན་བྱེད་ཀྱིན་འདུག་པས། ངའི་སེམས་ལ། ཡ་སྤོབས་པ་ཟེར་བ་འདི་རིག་པའི་རྡོ་རྗེ་སྒེར་ལ་མི་དགའ་མཁན་ཞིག་རེད་འདུག་བསམ་བྱུང་། དེ་རྗེས་རིག་པའི་རྡོ་རྗེའི་བདེན་དོན་འཐབ་རྩོད་ཟེར་བའི་ཆེད་རྩོམ་དེ་ཐོན་པ་རེད། ངས་ཐོག་དང་པོར་བསམ་བློ་གཞན་མ་བཏང་གོང་སྤོབས་པས་དགག་པ་ཅི་ཞིག་རྒྱག་རྒྱུ་ཡིན་པ་ལ་བལྟས་པ་ཡིན། ངོ་མ་བཤད་ན་ངས་ཁྱེད་སུ་ཡིན་ཅི་ཤེས། གཅིག་བྱས་ན་ཁྱེད་ཀྱང་རང་བཙན་གཙང་མ་འདོད་མཁན་ཞིག་ཡིན་ན་ཐང་མོད། འོན་ཀྱང་རང་བཙན་ཟེར་བ་འདི་རིག་པའི་རྡོ་རྗེའི་ཁ་ནས་ཐོན་དུས་ཁྱེད་གདོང་ལ་བུད་རྐྱང་ཡིན་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། ཡང་བསྐྱར་ངས་ཚོད་དཔག་དེ་ཏག་ཏག་བྱུང་སོང་། སུ་གཅིག་ཀྱང་མ་ཐོན་གོང་ཁྱེད་རང་གདོང་ལ་ཏག་ཏག་ཐོན་འདུག་པ་དང་། དེ་ཐེངས་སྔོན་མ་དང་མི་འདྲ་བར་དམ་སྲི་རྒྱལ་འགོང་སྙིང་ལ་ཞུགས་པ་དང་། ངོ་ཚ་མེད་པ། རྒྱ་བོད་ཀྱི་བར་ལ་དཀྲུགས་ཤིང་ཟེར་བ་སོགས་བརྗོད་ཚིག་རྩུབ་པོ་ཡོད་ཚད་དང་མཉམ་དུ་ཐོན་འདུག ཁྱེད་དང་རིག་པའི་རྡོ་རྗེ། ལྷ་བཟང་ཚེ་རིང་གསུམ་པོ་སྐུ་སྒེར་གྱི་རྒྱག་རེས་ཡིན་ན་ང་ལ་ཁྱད་པར་གང་ཡང་མེད་མོད། ང་ཡང་འབྲས་བུ་ཐོན་རུང་མ་ཐོན་རུང་རང་བཙན་གཙང་མ་ཟེར་མཁན་ཞིག་ཡིན་པ་དང་། ཁྱེད་ཀྱིས་རིག་པའི་རྡོ་རྗེ་ལ་གཤེ་བའི་ཞོར་དུ་ངོ་ཚ་མེད་པ་དང་། རྒྱ་བོད་ཀྱི་བར་ལ་དཀྲུགས་ཤིང་། ༧གོང་ས་མཆོག་དང་རང་གཞུང་ལ་བརྩི་བཀུར་མ་བྱས་པ། རྒྱ་མིས་༧གོང་ས་མཆོག་ལ་རྒྱག་བྱེད་ཀྱི་ལག་ཆ་ཡིན་པ་སོགས་ཟེར་བ་འདིས་ང་ཚོ་རང་བཙན་གཙང་མ་ཟེར་མཁན་སྤྱི་ལ་རྒྱུག་པས་ལེབ་བརྡུང་བྱས་འདུག་སྟབས་ངས་ཁྱེད་དང་མཉམ་དུ་སྐད་ཆ་ཁ་ཤས་འདོར་ལེན་མ་བྱས་ཐབས་མེད་བྱུང་བ་རེད། རིག་པའི་རྡོ་རྗེ་ཡིན་ན་ཡང་རེད། ལྷ་བཟང་ཚེ་རིང་ཡིན་ན་ཡང་རེད། སུ་དང་སུ་ཡིན་རུང་བོད་མི་ཞིག་ཡིན་ཕྱིན་བོད་མིས་བོད་ཀྱི་རང་བཙན་རྩོད་པ་ལ་ངོ་ཚ་རྒྱུ་ཅི་ཞིག་ཡོད། མ་འོངས་པར་ཁྱེད་ཀྱིས་རིག་པའི་རྡོ་རྗེ་དང་། ལྷ་བཟང་ཚེ་རིང་གཉིས་ལ་ཡང་བསྐྱར་བཀའ་བཀྱོན་གཏོང་སྐབས་ཁ་མཚམས་ཚིག་མཚམས་གསལ་བོར་བཟུང་ནས་བཀའ་བཀྱོན་གཏོང་རོགས་ཞུ། དེ་མིན་ད་ཐེངས་འུ་གཉིས་ཀྱི་བགྲོ་གླེང་འདིས་འུ་གཉིས་གར་བློ་སྐྱེད་ཕྲན་བུ་རེ་ཐོན་ཡོད་པའི་རེ་བ་བྱེད་ཀྱི་ཡོད། གྲོགས་པོ། ངས་ཁྱོད་མི་ཤེས་རབ་ཅན་ཞིག་ཡིན་པའི་ལྟ་ཚུལ་ལ་འགྱུར་བ་མེད། ད་ཐབ་ཚང་ནང་དུ་སོང་ནས་ཇ་ཞིག་སྐོལ་ཤོག་དང་འུ་གཉིས་གྱོད་འགྲིག་པའི་སྟོན་མོ་བྱེད་ཨེ་རེད།
སྤོབས་པ།
ད་ནི་ངས་ཀྱང་གོང་དུ་བློ་གྲོས་ཀྱིས་བཤད་པ་བཞིན། ཁྱོད་མི་སུ་ཡིན་དང་ལས་ཀ་ཅི་ཞིག་བྱེད་ཀྱིན་ཡོད་ཤེས་སོང་། ལྟས་ངན་ཁྱོས་རྒྱ་ནག་དང་ལག་འབྲེལ་གྱིས་བཙན་བྱོལ་བོད་གཞུང་གི་སྒོ་རྒྱག་རྒྱུའི་ངན་སེམས་བཟུང་ཡོད་དམ། མེད་ན་ཚེས་ངན་སྐར་ཉིན་ཞིག་ལ་དེའི་སྒོ་རྒྱག་རྒྱུ་རེད་ཟེར་བ་འདི་ནས་དྲྲན་ནམ། འདི་ཁྱོད་རྒྱ་ནག་གི་གསང་ཉུལ་བ་ཡིན་པ་དང་བོད་མིའི་བར་ལ་དཀྲུག་ཤིང་འཕེན་མཁན་ཞིག་ཡིན་པའི་རྒྱུ་མཚན་ཡང་དག་པ་རེད། རིག་པའི་རྡོ་རྗེས་རང་བཙན་རྩོད་རྒྱུ་སྒུགས་སྡོད་རྒྱུ་རེད་ཅེས་བཤད་ཡོད་མེད་གོང་དུ་ཁོ་རང་འགྲེལ་བཤད་བྱས་འདུག་ག ཁྱོད་དང་རྒྱ་ནག་གཉིས་ཀྱིས་བཙན་བྱོལ་བོད་གཞུང་གི་སྒོ་རྒྱག་རྒྱུར་སྒུགས་ཡོད་པ་ཁོ་ཐག་རེད། ང་ཚོ་བོད་མི་རྣམས་ཀྱིས་ཇི་སྲིད་བོད་ལ་རང་དབང་རང་བཙན་མ་ཐོབ་པར་བཙན་བྱོལ་བོད་གཞུང་གི་སྒོ་རྒྱག་མི་སྲིད་པའི་རེ་བ་བཟུང་ཡོད། གལ་ཏེ་ཉིན་ཞིག་དེའི་སྒོ་རྒྱག་དགོས་བྱུང་བ་ཡིན་ན། དེའི་བྱེད་གཏེ་ཁྱོད་ཡིན་ལ། འགན་ཀྱང་ཁྱོད་ཀྱིས་ཁུར་དགོས། དྲ་གྲོགས་རྣམས་ཀྱིས། སྤོབས་པ་ཟེར་བ་འདིས་རྒྱ་ནག་དང་ངན་འབྲེལ་གྱིས། བཙན་བྱོལ་བོད་གཞུང་གི་སྒོ་རྒྱག་འདོད་ཀྱི་ངན་སེམས་བཟུང་ཡོད་པ་མཁྱེན་སོང་ངམ། དེར་བརྟེན་ཚང་མས་གཟབ་གཟབ་གནང་རོགས།
རེད། འདོད་ལྷའི་བུ། རིག་པའི་རྡོ་རྗེ་ཟིན་བྲིས་འདིའི་ནང་དུ་ཐོག་མར་འཛུལ་དུས་ཤིག་ནས་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་བོད་འཚོང་གི་ཡོད་རེད་མདོག་མདོག་གི་སྐད་ཆ་ཤིག་ནས་མགོ་བཙུགས་ཏེ་མི་དེས་ནམ་ཡིན་ཡང་བོད་གཞུང་ཟེར་ནས་མར་རྐང་འོག་ཏུ་གཅོད་ཐབས་བྱེད་ཀྱིན་འདུག་པ་དེ་རྣ་བར་འཕྲོད་པོ་དེ་ཙམ་མ་བྱུང་། མི་འདིས་རྒྱུ་མཚན་གཞན་ཞིག་གིས་བོད་གཞུང་ལ་འཁོན་འཛིན་བྱེད་པ་མིན་པའི་རེ་བ་ཡོད། བོད་རང་བཙན་ཟེར་བ་ཙམ་གྱིས་བོད་ལ་ཤ་ཚ་བའི་ངེས་པ་མེད་པ་རེད། ཤུགས་ལྡན་ཚོགས་པས་ཀྱང་རྒྱལ་བ་རིན་པོ་ཆེས་རང་བཙན་བློས་བཏང་ནས་འགྲིགས་མ་སོང་ཟེར་ནས་ཁ་བཏང་ཡོད་པ་རེད། ཕྱི་རྒྱལ་དང་བོད་མི་སུ་ཡིན་ཡང་བོད་རང་བཙན་ཟེར་མཁན་ཚང་མ་བོད་མི་ལ་ཤ་ཚ་མཁན་དང་སྙིང་རྗེ་མཁན་ཡིད་པའི་ཡིད་ཆེས་མེད།
ད་ནི་དམིགས་བསལ་ཚོགས་ཆེན་ཞིག་ཀྱང་འཚོགས་རན་པ་རེད། ཕྱོགས་གང་ནས་བལྟས་ཀྱང་རྒྱལ་བ་རིན་པོ་ཆེས་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐུགས་ཐག་བཅད་པ་དེ་ཀ་རང་མ་གཏོགས་མེད་ཅེས་ཞུ་བའི་དུས་ལ་བབ་འདུག་ལ་ཁྱབ་བསྒྲགས་བྱ་བའི་དུས་སུ་ཡང་བབ་མི་འདུག་གམ། མནའ་མ་མེད་ན་མནའ་མ་བཙལ་བས་ཆོག །ཨ་མ་མེད་ན་ཨ་མ་གང་དུ་འཚོལ། །ཞེས་པ་བཞིན་འཛམ་གླིང་ན་ཞི་བདེ་དེད་དཔོན་དུ་བསྔགས་པའི་རྒྱལ་བ་རིན་པོ་ཆེ་ལྟ་བུ་ཞིག་ལོ་རྒྱུས་ཀྱི་སྟེང་དུ་བོད་ལ་འབྱུང་ཁག་པོ་རེད། བླ་རྒན་འདི་བྱིས་པ་ལོ་གཉིས་པའི་སོན་པའི་ཉིན་མོ་ནས་བོད་དོན་ཟེར་བའི་ཡར་ལངས་ན་མགོ་བོ་བྲག་དང་མར་སྒུར་ན་མ་འགལ་ཆུ་ལ་ཐུག་པའི་དཀའ་རྙོགས་ཚ་བོ་འདིའི་འོག་ཏུ་ཚུད་ནས་ད་ཕོ་ལོ་བདུན་ཅུ་བརྒལ་ཡོད་པ་དེའི་རིང་དུ་གུང་གསེང་ཐུང་ཐུང་ཞིག་ཀྱང་བཏང་མེད་པ་རེད། མི་འདི་ལས་ལྷག་པའི་བོད་དོན་ལ་ཆ་རྒྱུས་ཆེ་བ་དང་། བོད་མི་ལ་ཤ་ཚ་ཡོད་པ། བོད་རྒྱ་ཆེའི་མི་མང་གི་ཚབ་བྱེད་ཐུབ་མཁན། བོད་དོན་འཐབ་རྩོད་ལ་མཁས་པ་ཞིག་ས་སྟེང་འདིར་མེད་པ་རེད། བོད་འདི་གཅིག་སྒྲིལ་དང་བོད་དོན་འདི་བདེ་བླགས་ཀྱི་ཐག་གཅོད་པའི་ནུས་པ་དེ་ཡང་མི་འདི་ལ་མེད་ན་གཞན་སུ་ལ་ཡང་མེད་པ་རེད། དེ་ཉིད་ཀྱིས་ཐུན་མིན་དགོང་གཞི་དབུ་མའི་ལམ་དང་ཞི་བའི་གྲོས་མོལ་གྱིས་ལམ་ནས་དཀའ་རྙོགས་སེལ་བའི་ཐུན་མིན་གྱི་ལྟ་གྲུབ་དེ་ཡང་ཧ་ཅང་རླབས་ཆེན་རེད། གལ་སྲིད་དེ་ལ་གྲུབ་འབྲས་མ་བྱུང་ན་རང་བཙན་གྱི་ལས་འགུལ་སྤེལ་མཁན་ལྟ་བུ་ག་དུས་ཡིན་ན་ཡང་འབྱུང་ཆོག་ཆོག་རེད། མ་འོངས་པ་ཟེར་བའི་མཐའ་མེད་པའི་ལམ་དེ་མདུན་ན་ཡོད་ཡོད་པ་རེད། བོད་འདི་ཞི་བར་མ་གཤེགས་ན་རང་བཙན་རྩོད་པའི་གོ་སྐབས་ཀྱིས་མདུན་ན་བསྒུག་བསྡད་ཡོད་པ་མ་རེད་དམ། རྟ་མདོ་བ་ལ་རྒྱུགས་སྣ་ཡོད་ན་བྱང་ཨ་ཆེན་ཐང་ལ་ཟད་པ་འདྲ་མེད་པ་རེད། ཁྱེད་ཀྱིས་ངའི་བསམ་པ་དང་སྐད་ཆ་འདི་རྟོགས་ཐུབ་པའི་རེ་བ་ཡོད།
དམངས་གཙོ་དང་སྨྲ་བརྗོད་རང་དབང་དང་། རང་ཚུགས་ཐུབ་པའི་བསམ་སྤྱོད་ཟེར་བ་དེ་ཚོ་ངས་ཀྱང་མི་ཚེའི་སྙིང་པོར་བརྩི་བཞིན་ཡོད། ཐའེ་ལན་ཌིའི་ཡུལ་དུ་གློག་བརྙན་ཁང་ཆེན་པོ་ཚོར་གློག་བརྙན་ལྟ་སྐབས་ཀྱང་མགོ་ནས་མར་ཡུལ་དེའི་རྒྱལ་པོའི་མཛད་བསྡུས་འདྲ་བོ་ཞིག་སྟོན་ཞིང་ལྟད་མོ་བ་ཚང་མ་ཡར་ལངས་ཏེ་གུས་ཞབས་ཀྱི་རྣམ་པ་སྟོན་དགོས་ཀྱིན་འདུག ང་ལ་ཐའེ་གྲོགས་མོ་འདྲ་བོ་ཡོད། ངས་རྩེད་མོའི་ཞོར་དུ་འཛམ་གླིང་དམངས་གཙོའི་ལམ་དུ་བསྐྱོད་སྐབས་ད་དུང་ཁྱོད་ཚོས་རྒྱལ་པོའི་བྲན་གཡོག་བྱས་ནས་འདུག་རྒྱུ་ཡིན་ནམ་ཞེས་དྲིསསྐབས་ཁོང་ཚོས་ལན་འདི་འདེབས་ཀྱིན་འདུག ང་ཚོའི་རྒྱལ་པོ་འདིས་རྒྱལ་སྲིད་བཟུང་ནས་ལོ་དྲུག་ཅུ་ཡིན་ནམ་ཅིག་ཕྱིན་པ་རེད། ཐའེ་མི་མང་གི་སྐྱིད་སྡུག་གནས་སྟངས་ངོ་མ་ཞིག་ཤེས་དགོས་ན་རྒྱལ་པོ་འདི་ལས་ལྷག་ཅིག་མེད་པ་རེད། དེ་མིན་དམངས་གཙོ་དང་སྤྱིུ་མཐུན་རྒྱལ་ཁབ་སོགས་ཀྱི་རིན་ཐང་ང་ཚོས་ཀྱང་ཤེས་ཀྱིན་ཡོད་མོད་རྒྱལ་པོ་འདི་ལས་ལྷག་པའི་དབུ་ཁྲིད་ཅིག་ཐའེ་མི་མང་གིས་བཙལ་ཁག་པོ་འདུག་ཅེས་བཤད་བྱུང་། ངས་ཀྱང་དེ་རྒྱུ་མཚན་འདུག་ཨང་དྲན་བྱུང་།
རིག་ཆོག “ཉིན་ཞིག་དེའི་སྒོ་རྒྱག་དགོས་བྱུང་བ་ཡིན་ན། དེའི་བྱེད་གཏེ་ཁྱོད་ཡིན་ལ། འགན་ཀྱང་ཁྱོད་ཀྱིས་ཁུར་དགོས” ཟེར་བ་འདི་ཆ་མེད་རེད། བོད་མི་ཕལ་བ་ཞིག་གིས་འགན་དེ་འདྲ་ཆེན་པོ་དང་མང་པོ་ཁུར་མེད་པ་གསལ་བོ་རེད། དེ་འདྲ་ཐལ་དྲགས་པ་མ་རེད་དམ། ལན་རྩུབ་ཕྲན་བུ་བཏབ་པ་ན་ཆེས་སྐྱུགས་བྲོ་བའི་ཚིག་དེ་ཚོ་མ་བཀོལ་བསམ། མུ་མཐུད་ཨུ་ཚུགས་བརྒྱབ་ནས་ལྟ་གྲུབ་རྩོད་པ་རྒྱོབས། ཚིག་གཅིག་བཤད་པ་དང་ལམ་སང་ཚང་མས་བདེན་པ་རེད་མ་ལབ་ན་ཚིག་སྐྱུག་བྲོ་ཡོད་ཚད་བེད་སྤྱོད་གཏོང་རྒྱུ་ལས་བཤད་རྒྱུ་མེད་ན་དང་པོ་ནས་རྙོག་དྲ་ཚ་བོའི་རྩོད་གཞི་དེ་ཚར་ལག་པ་མ་འཆང་རྒྱུ་ཡོད་པ་མ་རེད། ང་ཡང་རང་བཙན་གཙང་མ་རྩོད་ན་འདོད་མཁན་ཞིག་ཡིན། སྤོབས་པ་དང་ངའི་བསམ་ཚུལ་མི་མཐུན་པས་ཁོ་ལ་སྐྱུགས་བྲོ་དེ་འདྲ་ན་ཐལ་དྲགས་པ་དང་ཆོ་མེད་རེད། རང་ལ་སྡུག་སྐྱག་ཅིག་བཤད་པ་དང་རླུང་ལངས་ནས་མདོག་ངན་དེ་བསྟན་མ་ཡོང་། སྤོབས་པ་དྲ་ཐོག་ནས་རྒྱུས་ཡོད་རྙིང་བ་ཡིན། ཁྱོད་མ་ཡོང་སྔོན་ནས་ཁོ་ཡོད་པ་རེད། མི་ཁོ་ཁྱེད་ཀྱི་བཤད་པ་དེ་འདྲ་ཞིག་མིན་པ་ངས་ཤེས། འོན་ཀྱང་ཁྱེད་དང་རིག་པའི་རྡོ་རྗེ་ཀྱི་རླུང་ཆེ་ཆུང་གི་ཚད་གཞི་གཅིག་པ་འདྲ་བོ་འདུག
རིག་ཆོག “ཉིན་ཞིག་དེའི་སྒོ་རྒྱག་དགོས་བྱུང་བ་ཡིན་ན། དེའི་བྱེད་གཏེ་ཁྱོད་ཡིན་ལ། འགན་ཀྱང་ཁྱོད་ཀྱིས་ཁུར་དགོས” ཟེར་བ་འདི་ཆོ་མེད་རེད། བོད་མི་ཕལ་བ་ཞིག་གིས་འགན་དེ་འདྲ་ཆེན་པོ་དང་མང་པོ་ཞིག་ཁུར་ཐབས་མེད་པ་གསལ་བོ་རེད། ལན་རྩུབ་ཕྲན་བུ་བཏབ་པ་དང་ཆེས་སྐྱུགས་བྲོ་བའི་ཚིག་དེ་ཚོ་མ་བཀོལ་ན་བསམ། མུ་མཐུད་ཨུ་ཚུགས་བརྒྱབ་ནས་ལྟ་གྲུབ་རྩོད་པ་རྒྱོབས། ཚིག་གཅིག་བཤད་པ་དང་ལམ་སང་ཚང་མས་བདེན་པ་རེད་མ་ལབ་ན་ཚིག་སྐྱུག་བྲོ་ཡོད་ཚད་བེད་སྤྱོད་གཏོང་རྒྱུ་ལས་བཤད་རྒྱུ་མེད་ན་དང་པོ་ནས་རྙོག་དྲ་ཚ་བོའི་རྩོད་གཞི་དེ་ཚོར་ལག་པ་འཆང་རྒྱུ་ཡོད་པ་མ་རེད། ང་ཡང་རང་བཙན་གཙང་མ་རྩོད་ན་འདོད་མཁན་ཞིག་ཡིན། འོན་ཀྱང་སྤོབས་པ་དང་ངའི་བསམ་ཚུལ་མི་མཐུན་པས་ཁོ་ལ་སྐྱུགས་བྲོ་དེ་འདྲ་ན་བཤད་ན་ཐལ་དྲགས་པ་དང་ཆོ་མེད་རེད། རང་ལ་སྡུག་སྐྱག་ཅིག་བཤད་པ་དང་རླུང་ལངས་ནས་མདོག་ངན་དེ་འདྲ་བསྟན་མ་ཡོང་། སྤོབས་པ་དྲ་ཐོག་ནས་རྒྱུས་ཡོད་རྙིང་བ་ཡིན། ཁྱོད་མ་ཡོང་སྔོན་ནས་ཁོ་ཡོད་པ་རེད། མི་ཁོ་ཁྱེད་ཀྱི་བཤད་པ་དེ་འདྲ་ཞིག་མིན་པ་ངས་ཤེས། འོན་ཀྱང་ཁྱེད་དང་རིག་པའི་རྡོ་རྗེ་ཀྱི་རླུང་ཆེ་ཆུང་གི་ཚད་གཞི་གཅིག་པ་འདྲ་བོ་འདུག
ར་བཟི་ནས་ཡིག་ནོར་མང་པོ་གཏགས་འདུག་པས་བསྐྱར་འཇུག་བྱས་པ་ཡིན། དེ་རིང་ཆང་འཐུང་། སང་ཉིན་གུང་སེང་
སྟག་སྨྱོན། ད་རིག་རྡོར་ངེད་གཉིས་ཀྱི་རྩོད་པ་དེ་མཇུག་དྲིལ་སོང་བ་འདྲ། ཁོ་ལ་ཡང་གསར་པ་ཞིག་བཤད་རྒྱུ་མི་འདུག ང་ལ་ཡང་གསར་པཞིག་གང་ཡང་བཤད་རྒྱུ་མི་འདུག ཡག་པོ་བྱུང་། འདོད་ལྷའི་བུའི་ལན་དེ་བྱུང་བས་ཡག་པོ་བྱུང་སོང་།
ཡ། ཁྱེད་ཅག་གིས་རྩོད་པ་ཡག་པོ་རེ་བྱས་འདུག ངས་བསམས་ན་སྤོབས་པ་དང་སྤོབས་པའི་ཕྱོགས་གཏོགས་ཀྱིས་འཚེ་བ་མེད་པའི་ལམ་དབུ་མའི་ལྟ་གྲུབ་ལ་བརྟེན་ནས་བོད་དོན་འདི་ཐག་གཅོད་དགོས་རབས་དང་། རིག་པའི་རྡོ་རྗེ་དང་རིག་པའི་རྡོ་རྗེའི་ཕྱོགས་སུ་ལྷུང་བ་ཚོས་རང་བཙན་རྩོད་དགོས་ཀྱི་རེད་ཅེས་བཤད་ཀྱི་ཡོད་པ་འདྲ། སྡུག་ས་ནས་བཤད་ན། ལྟ་གྲུབ་འདི་གཉིས་ཀ་ང་ཚོས་ལག་ལེན་དུ་མ་བཏབ་པ་ཞིག་མ་རེད། ང་ཚོ་བཙན་བྱོལ་དུ་འབྱོར་མ་ཐག་རང་བཙན་བརྩད་པ་རེད། འབྲས་བུ་མ་ཐོན་པ་རེད། དེ་ནས་རང་སྐྱོང་རྩོད་བཞིན་པ་རེད། འབྲས་བུ་སྨིན་གི་མེད་པ་རེད། ད་ང་ཚོས་ག་རེ་བྱེད་དགོས་པ་རེད། ལམ་ཁ་འདི་གཉིས་མིན་པའི་ཐབས་ལམ་གཞན་པ་འདྲ་ཡོད་དམ། འདི་གནད་འགག་རེད།
མདའ་ཚན་པ་ཁྱེད་ཀྱིས་ངས་རང་གི་རྩོམ་ཡིག་གི་གནད་འགག་ཁ་ཤས་ཀློག་མི་འདུག་ཟེར་བ་བདེན་སྲིད། ངས་ཆ་ཚང་ཀློག་ཐུབ་མ་སོང་ལ་ཡང་བསྐྱར་ཞིབ་ཀློག་བྱེད་རྒྱུའི་སེམས་ཤུགས་མི་འདུག གལ་སྲིད་ཡང་དག་པ་ཞིག་བྲིས་ཡོད་ན་དགའ་བསུ་ཡོད། དེ་མིན་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཁུལ་གྱིས་རྒྱལ་སྤྱིའི་ཚོང་འབྲེལ་དང་རྒྱ་ནག་གི་སྟོབས་ཤུགས་བཤད་ནས་བོད་མིའི་སེམས་ནང་གི་རང་བཙན་གྱི་ས་བོན་རྩ་མེད་བཟོ་ཨེ་ཐུབ་ལྟ་མཁན་དེ་ཚོའི་དམིགས་ཡུལ་མི་ཤེས། འོན་ཀྱང་གྲུབ་འབྲས་གསལ་བོ་རེད། དང་པོ་བོད་རང་བཙན་ལ་རེ་བ་མེད་པ་ང་ཚོས་ཕྱོགས་ནས་གསལ་བོ་ཐག་ཆོད་སོང་ན། དེ་ནས་དབུ་མའི་ལམ་ལ་རེ་བ་མེད་པ་རྒྱ་ནག་གི་ཕྱོགས་ནས་ཐག་བཅད་ཡོང་གི་རེད། རྒྱུ་མཚན་ནི་བོད་འདི་རང་བཙན་ཐོབ་ནས་རྒྱ་ནག་དང་གཏན་དུ་ཁ་བྲལ་དུ་འགྲོ་སྲིད་པའི་ཉེན་ཁ་མེད་པ་གསལ་བོ་ཡིན་ན། རྒྱ་ནག་གི་བློ་བདེ་བོ་ཡིན་པས་དབུ་མ་ལ་ཡ་ལན་བྱེད་དགོས་དོན་ཡོད་པ་མ་རེད།
མདོ་དོན་རྒྱ་ནག་གིས་བོད་ཀྱི་ས་ཆའི་ཆེད་དུ་བོད་མི་ཚང་མ་གསོད་དགོས་ནའང་གསོད་གི་ཟེར་ནས་འཇིགས་བསྐུལ་བྱེད་ཀྱི་ཡོད་པ་རེད། དེ་ལ་ང་ཚོས་ཀྱང་རང་གི་ས་ཆའི་ཆེད་དུ་བོད་མི་ཚང་མའི་སྲོག་འཇོག་ནའང་འཇོག་གི་ཡིན་པའི་སེམས་ཐག་བཅད་པ་ཡིན་ན། རྒྱ་ནག་གིས་དབུ་མའི་ལམ་གྱི་དགེ་ཕན་དེ་ངོས་འཛིན་ཐུབ་སྲིད་རེད།
༧རྒྱལ་རིན་པོ་ཆེའི་བོད་དོན་འཚེ་མེད་ཞི་དང་གཉིས་ཕན་གྱི་ལམ་ནས་སེལ་རྒྱུའི་ཐུགས་རེ་ཆུང་ཆུང་ཡིན་སྐོར་གསུངས་པ་ལས། བོད་ལ་ལམ་ཁ་གཞན་པ་ལྷག་མེད་པ་དང་ཡང་ན་རེ་བ་རྦད་དེ་མེད་པ་ཆགས་ཚུལ་གསུངས་གི་མེད་པ་ཉན་རྒྱུ་གལ་ཆེན་པོ་རེད།
མ་ཟད་མི་དམངས་དང་དབུ་ཁྲིད་ཀྱི་ལས་འགན་གཅིག་པ་མ་ཡིན་པ་ཤེས་དགོས་པ་རེད། མང་པོ་ཞིག་གིས་༧རྒྱལ་བ་རིན་པོ་ཆེའི་ཤུལ་བསྡད་ནས་དབུ་མ་བཤད་ཁུལ་གྱིས་རང་བཙན་ནི་རྩ་བ་ནས་རེ་བ་མེད་པའི་རྨི་ལམ་ཞིག་ཡིན་ཚུལ་བཤད་མཁན་འདུག་པས་དེ་ཚོ་ཚབས་ཆེན་རེད།
རང་གིས་ང་ལ་མང་པོ་ཞིག་བྲིས་འདུག་པས་དེས་ཁྱེད་རང་གི་འདོད་པ་ཁེངས་ན་འགྲིག་གི་རེད། ལན་འདེབས་མི་བྱེད། ང་ཆུ་ནང་ལ་དྲུད་གི་གཡའ་བོ་དང། ་རྡོ་ནང་ལ་དྲུད་གི་ཟད་པོ་ཞིག་ཡིན་པས་སྐྱོན་མེད།
སྤོབས་རྫུན། ད་ཁྱོད་ཇེ་སྡུག་རྡ་ཇེ་སྡུག་རེད། འདོད་ལྷའི་བུའི་ལག་འོག་ནས་ཤིན་ཏུ་ཕམ་སྟེ་ཁྱུ་མཆོག་གི་རྭ་ཆད་པ་ལྟར་གྱུར་དུས་ད་གཤོབ་ཚུན་ཆད་བཤད་ཡོང་གི་འདུག ད་རེས་ཁྱོའི་སྐད་ཆ་འདི་སྐྱག་རྫུན་སྐྱག་ནག་ཞིག་རེད། གལ་ཏེ་རྒྱ་རི་དང་ཟམ་གདོང་གི་ཕྱག་ལས་ལ་འདོད་པ་མ་ཁེངས་པའི་སྐད་ཆ་བྱུང་བ་གཅིག་པོས་ཁྱོད་ངར་ལངས་པ་ཡིན་ན། རིག་རྡོར་ལས་ཀྱང་ཀླུ་སྨྱོན་སོགས་ཀྱི་སྐད་ཆ་ཤིན་ཏུ་རྩུབ་པར་མ་ཟད། ཀླུ་སྨྱོན་གྱིས་རྒྱ་ཟས་ལེའུ་བཅོ་བརྒྱད།། རྒྱ་རིའི་ཁ་ལ་ཏག་ཏག་སོགས་ཀྱི་ཟུར་ཟ་ཚོད་མེད་བྱས་པ་དང་། ཟམ་གདོང་བླ་མ་ལ་ཟམ་སྟོང་དང་བསམ་སྟོང་སེམས་སྟོང་སོགས་ཀྱི་མཚན་སྨོད་རྣ་བས་མི་བཟོད་པ་བྱེད་སྐབས་ཁྱོད་ངར་ལངས་ནས་ཤི་ཚར་ཡོད་ས་ཡོད། ད་དུང་ཕྱོགས་གཞན་ཞིག་ནས་བཤད་ན་དོལ་ཚོགས་ཀྱི་སྟེང་དུ་ཡང་སྤོབས་པ་ཟེར་བའི་རླུང་ལངས་མཁན་ཞིག་བྱུང་མ་སོང་འ། དེས་ན་ཁྱོད་རང་གི་ཟེར་བ་བཞིན་ཁྱོད་ཀྱིས་ཀྱང་རྒྱུ་མཚན་གཞན་ཞིག་གིས་རིག་པའི་རྡོ་རྗེ་ལ་འཁོན་འཛིན་བྱེད་པ་མིན་པའི་རེ་བ་ཡོད། སེམས་ནང་ལ་སྐོར་ནས་བསམ་བློ་ཐོངས། ངས་མང་པོ་མི་བཤད། ཁར་སང་འདོད་ལྷའི་བུས་ཁྱོད་ཀྱི་སྐེ་བརྒག་གིན་བརྒག་གིན་མི་ཤེས་རབ་ཅན་ཞིག་རེད་ཟེར་གྱི་འདུག་འ། ཁྱོད་ངོ་མ་མི་ཤེས་རབ་ཅན་ཞིག་ཡིན་ན་གོ་བའི་བུ་ལ་བརྡ་ཙམ་བྱས་པས་ཆོག་རྒྱུ་རེད། འདི་གོ་བའི་བུ་ལ་བརྡ་ཙམ་ཡིན། རྡ་རམ་ས་ལར་མོག་མོག་ཨེ་འཚོང་མི་ཤེས་ཏེ། དེ་ལས་སྐྱག་རྫུན་རྐྱང་རྐྱང་བཤད་རྒྱུ་དང་། རིག་པའི་རྡོ་རྗེའི་ཐོག་ལ་ཤིག་ཞིག་ཡིན་རུང་གཡུག་ས་ཨེ་ལོན་བལྟ་རྒྱུའི་ཆེད་ཀམ་པུ་ཊ་དང་མཉམ་དུ་མུག་རྒོག་ལ་བཏང་མི་འཇོག་པར། མྰེག་ཁུ་རྡོ་ནལ་གྱི་ནང་དུ་ཧམ་བྷིར་གྷུར་རེ་ཟ་རུ་སོང་ན་མི་དགའ་འམ། ད་ཚིག་རྩ་ཆ་ཚང་ཤོར་ནས་གཤོབ་བཤད་ས་ཐུག་སོང་ནི་ཨི་རེད། བུ་རབ་པོ། སྡུག་ཐུག་རུང་གཤོབ་མ་བཤད།
ཨ་ཧ་ཧ། ད་ཡིན་ན་རིག་པའི་རྡོ་རྗེ་ལ་རྒྱབ་རྩ་ཇེ་བརྟན་དུ་འགྲོ་བཞིན་འདུག སྤྱིར་བཏང་རིག་པའི་རྡོ་རྗེ་འདི་དགེ་བཤེས་ྐླད་དམར་ཞིག་རེད་ཟེར་བ་འདྲ། དགེ་བཤེས་ྐླད་དམར་དེ་ཚོ་ལ་དགེ་ཕྲུག་ཟེར་བ་དང་སྦྱིན་བདག་ཟེར་བ་འདྲ་བོ་རྒྱབ་རྩ་བྱེད་མཁན་མང་པོ་ཡོད་སྲིད་པ་རེད། གཅིག་བྱས་ན་ཉེ་འབྲེལ་འདྲ་ཡང་ཡིན་སྲིད། སྤྱིར་བཏང་ཁོང་གི་ཨབ་ཕྲུག་གསར་པ་རྩྭ་མི་ཤིང་མི་དེ་ཚོ་ལ་ཁ་ཡ་བྱེད་རིན་ཡོད་ས་ཞིག་མི་འདུག་མོད་གླེང་གཞིའི་འདིའི་བྱེད་གཏེ་རིག་རྡོར་ཁོ་རང་ཕྱག་སྟོང་སྤྱན་སྟོང་གི་རྣམ་པར་བཞེངས་པ་ཡིན་སྲིད་པས་ལན་འདི་འདེབས་འདོད་བྱུང་། དེ་ཡང་རིག་རྡོར་འཁོར་བཅས་ཀྱིས་ང་ཕམ་པར་བྱས་ཡོད་མེད་ཀྱི་སྐོར་ནས་གླེང་འདོད་བྱུང་། སྤྱིར་ང་ཚོ་བོད་གངས་ཅན་པ་ཚང་ཕམ་པའི་མཐར་ཐུག་ཡོད་པས་རྒྱལ་ཁ་ལེན་མཁན་སུ་ཡོད་ཀྱང་བསྔགས་པར་འོས་མོད་འདིར་ཕུ་ནུ་ནང་འཛིངས་ཡོང་ན་ཁྲེལ་མེད་རྒྱལ་ཟེར་བའི་དཔེ་བཞིན་དུ་གྱུར་པས་དེ་ཙམ་བསྔགས་འོས་མིན་ཡང་མི་ཤེས། དོན་དངོས་ཡོད་ལ་རིག་རྡོར་གྱིས་རྒྱལ་ཁ་ལེན་དང་མི་ལེན་ཟེར་བ་དེ་ཁོས་བཤད་པ་ནང་བཞིན་བོད་རང་བཙན་གྱི་ཆེད་དུ་བློས་བཏང་ཇི་ཙམ་ཞིག་བྱེད་ཐུབ་དང་མི་ཐུབ་པ་དེས་དཔང་རྟགས་བྱེད་ཀྱི་རེད། བོད་རང་བཙན་ལོན་དང་མི་ལོན་གནས་ཚུལ་གཞན་རེད། རིག་རྡོར་གྱིས་བོད་རང་བཙན་གྱི་ཆེད་དུ་ལག་པ་འགུལ་བའི་ཉིན་མོ་དེར་ངས་ཀྱང་ཁོ་ལ་དཔའ་དར་འཐེན་གྱི་ཡིན་ལ་གལ་སྲིད་ཁོ་བོད་རང་བཙན་གྱི་ཆེད་དུ་ཤི་འདྲ་སོང་ན་ང་ཁོའི་རྗེས་སུ་འཆི་ཐུབ་མིན་མི་ཤེས་ཏེ་འདས་མཆོད་རྗེས་དྲན་རེ་ལོ་ལྟར་བསྒྲུབ་རྒྱུ་ཡིན་པ་དཀོན་མཆོག་གསུམ་དཔང་དུ་བཙུགས་ཆོག དེ་མིན་ཁོས་བོད་གཞུང་དང་དབུ་ཁྲིད་རྣམ་པར་བསྙོན་འཛུགས་སྐུར་འདེབས་བྱེད་ཆེད་དུ་ཇི་སྲིད་དུ་རང་བཙན་ཟེར་བའི་ཁ་བཤད་ཆུ་ཡི་དབུ་བ་གཅིག་པོར་འབྱམས་བསྡད་པ་དེ་སྲིད་དུ་རིག་རྡོར་ཕམ་ཡོད་ཡོད་པ་རེད་ལ་ངས་ཀྱང་ནམ་ཡིན་ཡང་ཁོའི་ཁ་ལ་རྡོ་རྗེ་འཇོག་གི་རེད། དེ་ཁོ་རང་གིས་བྱས་ཤིང་བསག་པའི་ལས་ངན་གྱི་རྣམ་སྨིན་རེད་མ་གཏོགས་ངས་མི་དཀར་ལ་ཞྭ་ནག་བསྐོན་པ་མ་རེད།
ད་ཡིན་ན་ྐླུ་སྨྱོན་ཧེ་རུ་ཀས་བོད་གཞུང་ལ་སྐུར་འདེབས་བྱེད་ཆོག་ས་ནས་ཁོ་ཚོས་བྱེད་མི་ཆོག་དོན་མེད་ཟེར་ནས་གླང་རྐེར་བེའུ་འདོགས་ཨེ་ཡོང་ལྟ་གི་འདུག ྐླུ་སྨྱོན་གྱིས་ནམ་ཡིན་ཡང་རིག་རྡོར་ལྟ་བུར་བོད་གཞུང་དང་ཕྱི་སྡོད་བོད་མི་མང་ལ་རྒྱབ་གཏོད་བྱ་རྒྱུ་ཡིན་ཚུལ་གྱི་སྐུར་འདེབས་ཚིག་གི་ཟུར་ཙམ་ཡང་ཐོན་མ་མྱོང་བ་རེད། དེ་བཞིན་ྐླུ་སྨྱོན་ཟེར་བ་འདི་སྒྱུ་རྩལ་པ་ཞིག་རེད། སྒྱུ་རྩལ་པ་ཟེར་བ་དེ་ཁྲོམ་ཚོགས་ཁྲོད་ས་གཅེར་བུར་ཡང་འབུད་ཀྱི་རེད། དེ་རིག་རྡོར་དང་ང་ལྟ་བུ་སྣང་བ་ལང་ལིང་དང་བག་ཆགས་ཐན་ཐུན་འདི་ལ་ཨ་འཐས་ཀྱིས་འབྱར་བསྡད་ཡོད་མཁན་ཞིག་གིས་འགྲན་ཐུབ་ཀྱི་མ་རེད། མི་བསམ་གནག་འདི་ཚོས་ྐླུ་སྨྱོན་ཧེ་རུ་ཀས་བོད་གཞུང་དང་དབུ་ཁྲིད་ཚོར་སྐུར་འདེབས་བྱས་པའི་བསྙོན་འཛུགས་ཀྱི་ཁོང་གི་ཞབས་ལ་ཡང་ཐགས་པ་འདོགས་གྲབས་བྱེད་ཀྱིན་འདུག སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོ་ཟེར་བ་འདི་ཆོས་ཕྱོགས་ནས་མགོན་པོ་འོད་དཔག་མེད་ཀྱིས་ཞལ་མངོན་སུམ་དུ་གཟིགས་ས་ཞིག་རེད། སྲིད་ཕྱོགས་ནས་རྒྱ་ནག་གི་ལག་འོག་ནས་ཀྱང་བོད་མི་དམངས་ཀྱི་སེམས་གཏམ་དྲོན་མོ་སྙན་ངག་གི་གདངས་ལ་གྱེར་མྱོང་མཁན་ཞིག་རེད། གཉན་ཆེན་ཐང་ལྷའི་ཚགས་པར་གྱི་རྩོམ་སྒྲིག་པ་བྱེད་མྱོང་མཁན་ཞིག་རེད། ཁྱད་པར་དུ་ཡང་བོད་ཀྱི་དེང་རབས་རྩོམ་རིག་གི་ཆ་ནས་རྒྱན་དྲུག་མཆོག་གཉིས་ཤིག་བགྲང་དགོས་ན་སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོ་འདི་མཆོག་གཉིས་ལ་ཚུད་མིན་མི་ཤེས་ཏེ་རྒྱན་དྲུག་གི་ཡ་གྱལ་ཞིག་ལ་རྩོད་པ་མེད་པ་ཞིག་རེད། མི་འདི་ཚོའི་ལོ་རྒྱུས་ལ་ནག་ཐིག་ཕབ་པའི་ཇུས་ངན་མ་འདིངས་མ་གཏོགས་གནམ་སྔོན་པོའི་ནང་ནས་ཐོག་སྟ་རེ་འདྲ་འདྲ་རེ་ལྷུང་ནས་ཁྱོད་ཚོའི་མགོ་བོ་ཚལ་བ་བརྒྱར་གཏོར་གྱི་རེད།
ངས་རྫུན་བཤད་ཡོད་དང་མེད་རིག་རྡོར་ཁོ་རང་གིས་ད་ལྟ་བར་དུ་ཁ་བརྡ་དྲྭ་རྒྱར་སྤེལ་བའི་མཆན་བུ་དང་རྩོམ་ཡིག་དེ་ཚོ་དཔང་པོར་བཞུགས་ཡོད་ཡོད་པ་རེད། ཁོས་བོད་གཞུང་དང་དབུ་ཁྲིད་ཚོར་རྒྱབ་གཏོད་བྱ་རྒྱུ་ཡིན་ཚུལ་དང་དེ་ལྟར་བྱེད་དགོས་དོན་ལ་རྒྱུ་མཚན་གསུམ་བགྲངས་པའི་ཡིག་འབྲུ་དེ་ཚོ་ད་ལྟ་ཡང་ཟིལ་བ་ཁྲོམ་མེར་འདིར་ཡོད་པ་དེ་རེད།
ཁ་བཤད་ཆུ་ཡི་དབུ་བར་འབྱམས་ན་ཡང། །
ལག་ལེན་གསེར་གྱི་ཐིགས་པས་དབུལ་བའི་བུ། །
རང་བཙན་ཁར་འཁྱེར་རིག་རྡོར་འཁོར་དང་བཅས། །
ངུ་འབོད་ཆེན་པོའི་གཏིང་དུ་བསྐྲད་ཅེས་ཐོས། །
ནུབ་ཕྱོགས་པའི་ལས་བྲེལ་དང་དེའི་ཁར་ངེད་ཀྱི་སྒེར་བྲེལ་བཅས་འཛོམས་ནས་མཆན་ཆ་ཚང་ཀློག་ལོང་མ་བྱུང་། སྤོབས་པས་བཏབ་པའི་མཆན་མཐའ་མ་དེ་བཀླགས་ནས་ཁེར་དགོད་ཅིག་བྱས་པ་ཡིན། ཚིག་གི་རྩལ་དེ་ཚོས་ང་ལ་བགད་མོ་དེ་དྲངས་པ་རེད། རྡོ་སྦིས་དགེ་བཤེས་དང་སྒིས་སྟིང་བློ་བཟང་བར་གྱི་རྩོད་ཡིག་དེ་ཚོ་དང་འདྲ་སེ་བ་ཞིག་འདུག འདི་འདྲ་དཔའ་རིས་རབ་གསལ་དང་འཇུ་མི་ཕམ་པའི་བར་གྱི་རྩོད་ཡིག་ན་ཡང་འདུག་བསམས་སོང་།
ངས་རྩོམ་མ་བཀླགས་པར་ཁྱོད་ཚོ་བར་འདུམ་ཞིག་བྱེད། རིག་རྡོར་དང་སྤོབས་པ་གཉིས་ཀའི་ལྷག་བསམ་ལ་དཀར་ན་དཀར་མཉམ་ཡིན་པ་ལས་ནག་ཐིག་འདྲེས་པའི་བློ་དྭོགས་ཤིག་ཁྱོན་ནས་མེད། རང་བཙན་ལེན་དང་མི་ལེན་དང་རང་བཙན་རྩོད་དང་མི་རྩོད་དེ་དམིགས་ཡུལ་གྱི་ཁྱད་པར་རེད། ཁྱོད་གཉིས་ཀ་འཆམ་པོ་བྱོས། ཁྱོད་གཉིས་ཀས་རང་བཙན་འདོད་ཀྱི་རེད། ཁྱོད་གཉིས་ཀས་བོད་མི་ས་ཡ་དྲུག་ལ་བདེ་བ་ཞིག་འདོད་པ་རེད། རྩོད་པ་ཡོད་ན་ཞི་བར་བྱོས། ཐབས་ཀྱི་ཆ་ནས་ལས་ཀ་གང་ཐུབ་ཐུབ་རེ་ད་ནས་མ་ཤི་བར་དུ་ནུས་པ་གྱིས། དེ་ནས་ཁ་བརྡའི་དྲྭ་གྲོགས་ཚོ་ལ་གཏམ་གྱི་སྟོན་མོ་རེ་མུ་མཐུད་ནས་གྱིས།
སྤོབས་པ་འདི་མཁྱེན་རྒྱ་ཆེ་བ་ཞིག་འདུག འདིས་མོག་མོག་བཙོང་གི་ཡོད་ཟེར་མོད་འདིས་མོག་མོག་བཙོང་གི་མེད་ཐག་ཆོད་རེད། འདི་ཡང་ནུབ་ཕྱོགས་མགོ་སེར་པོའི་དཀྱིལ་གཅིག་ན་མ་ཁོམ་ནས་ཡོད་ཚོད་འདུག འདི་ཚོ་ནི་རྩེད་མཚར་དུ་ཕུལ་བ་ཡིན། ངས་ཐབ་ཏུ་ཟས་ལྷག་ཅིག་བསྲོ་བཞིན་པ་དེ་ད་འཚིག་ཐལ། ང་ལ་འགྲོ་ལེ་ཡིན།
ཡ་སྤོབས་རྫུན། ཡང་ཁྱོས་ཞབས་འདྲེན་གསར་བ་གཅིག་ཞུས་འདུག མ་གཞི་ད་ཁྱོད་རྡ་སའི་བྷ་ལོ་ནང་བཞིན་སེམས་ཐོག་ན་ཞེ་དྲག་མེད་པ་འདྲ། དགེ་བཤེས་ཀླད་དམར་ཞིག་མིན་ན་དགེ་ཕྲུག་ཟེར་བ་དང་སྦྱིན་བདག་ཟེར་བ་དེ་འདྲ་སུ་ལ་ཡང་མེད་ནི་ཨེ་རེད། སྤྲུལ་སྐུ་ཀླུ་སྨྱོན་ལ་འོད་དཔག་མེད་ཀྱིས་ཞལ་གཟིགས་ཡོད་པ་དང་། སྒྱུ་རྩལ་བ་ཞིག་ཡིན་པས་བོད་གཞུང་ལ་རྒྱབ་གཏོད་རུང་ཆོག་གི་རེད་ཟེར་ན་ཆོག་རྒྱུ་ཆས། སྐུ་སྨྱོན་གཡུག་ཞོག དེ་ལས་འདོད་ལྷའི་བུས་ཁྱོད་ཀྱི་ཁ་ལ་རྡོ་རྗེ་བཞག་ལུགས་ལ་བལྟས་ན། ཁྱོད་མི་གཞན་གྱི་ཁ་ལ་རྡོ་རྗེ་འཇོག་ཐུབ་མཁན་ཞིག་ཨེ་ཡིན་རྡ་ཧ་གོ་སོང་མོད། གལ་སྲིད་ཁྱོད་མི་གཞན་གྱི་ཁ་ལ་རྡོ་རྗེ་འཇོག་ཐུབ་མཁན་ཞིག་ཡིན་ན་དོལ་རྒྱལ་ཚོགས་པའི་ནང་གི་བྱེད་གཏེ་ཆེ་ཤོས་ཚོའི་ཁ་ལ་རྡོ་རྗེ་འཇོག་མ་ཐུབ་རུང་། ཨ་ཕྲུག་གསར་བ་རེའི་ཁ་ལ་རྡོ་རྗེ་འཇོག་ཨེ་ཐུབ་གི མ་འཆུགས། དེ་མིན་རྒྱ་མི་དང་དོལ་རྒྱལ་གྱི་ཕྱོགས་ལ་མིག་ཆེ་ཙམ་བལྟ་མི་ཕོད་པར། ནང་རང་རིགས་ཀྱི་བོད་དོན་འཐབ་རྩོད་པ་ཚོའི་ཁ་ལ་རྡོ་རྗེ་འཇོག་ཨེ་ཐུབ་ཀྱི་འབད་བརྩོན་བྱེད་ཀྱི་ཡོད་ན་ཁྱོད་ངོ་མ་དོལ་ཚོགས་ཀྱི་ནང་གི་མི་ཞིག་ཡིན་པའི་རང་རྟགས་ཕྱི་རུ་གསལ་ཡོང་བ་མིན་ནམ། ད་ངས་ངོ་མའི་ངོ་མ་བཤད་ན། རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཀྱིས་ཁྱོད་འདྲ་བའི་སོ་ཉུལ་བ་ཐབས་ཆག་ཅིག་ཉར་ཡོད་མེད་མི་ཤེས་ཏེ། དེང་སང་ག་གང་དུ་དོལ་ཚོགས་ཀྱི་མི་ཐར་ཐོར་རེ་མེད་ས་མེད་པས་ཁྱོད་དོལ་ཚོགས་ཀྱི་ནང་གི་མི་ཞིག་ཡིན་བཏང་ནི་མིན་ན། ཨེ་མྱི་ལྡང་། ད་ཁྱོད་སུ་ཡིན་མི་ཚང་མས་ཧ་གོ་ཡོང་གི་འདུག་ད། རིག་པའི་རྡོ་རྗེས་ཟམ་གདོང་ལ་སྐྱོན་བརྗོད་བྱས་པས་ཁྱོས་རྡོ་རྗེ་འཇོག་ཨེ་ཐུབ་བལྟ་གི་ཡོད་ན། འོ་ན་ལྷ་བཟང་ཚེ་རིང་གིས་སུ་ལ་སྐྱོན་བརྗོད་བྱས་པས་རྡོ་རྗེ་འཇོག་ཨེ་ཐུབ་བལྟས་པ་ཡིན། དོན་ངོ་མ་བོད་དོན་གྱི་སེམས་ཤུགས་ཅན་ཚོའི་ཁ་ལ་རྡོ་རྗེ་འཇོག་ཨེ་ཐུབ་བལྟ་རྒྱུ་འདི་ཁྱོས་ལྐོག་བརྔན་ཕྲན་བུ་རེ་རག་པའི་ལས་འགན་ཡིན་ནི་མིན་ན། དྲྭ་གྲོགས་མང་པོས་ཁྱོད་ལ་ཁ་བརྡུང་བྱས་དུས་ཁྱོད་ཟེར་རྒྱུའི་ཕོངས་ནས་འདི་རིག་པའི་རྡོ་རྗེ་ཕྱག་སྟོང་སྤྱན་སྟོང་གི་སྐུ་རུ་བཞེངས་པ་རེད་ཟེར་མོད། རིག་པའི་རྡོ་རྗེ་ཕྱག་སྟོང་སྤྱན་སྟོང་གི་སྐུ་རུ་བཞེངས་པ་ཡིན་ན་རིག་པའི་རྡོ་རྗེས་ཁྱོའི་ཁ་ལ་རྡོ་རྗེ་ཐེངས་མང་བཞག་ཚར་སོང་བས་ད་ཁྱོད་ཀྱིས་རིག་པའི་རྡོ་རྗེ་མ་ཐུབ་པ་ཧ་གོ་ཚར་བ་རེད།
འཁོན་སེམས་མི་འཕྲོད་ཟས་ཀྱིས་སྒྲེགས་པའི་དྲི།། གཞུང་དོན་ལྷག་བསམ་ཟོལ་གྱིས་བཏང་ན་ཡང་།། དམ་སྲི་དོལ་དང་འཁོར་མེད་སྤོབས་པ་ཟུང་།། བདེན་དོན་གཏམ་གྱིས་ཕམ་སྟེ་ཤི་ཞེས་ཐོས།།
གཟའ་སྤེན་པའི་ཉི་མ་ཤར་སོང་།
བཟི་བོ་ཡང་གཉིད་སད།
དེ་རིང་གུང་སེང་ཡིན་པས་སེམས་ཁྲལ་མེད།
ལྷོད་ལྷོད་མིག་ཕུར་ཞོར་ལ་གསང་སྤྱོད་དུ་སོང།
སླར་མལ་དུ་འཛུལ་ཞོར་ལ།
མདང་དགོང་རྒད་པོ་ཚོ་ཨེ་ཡང་ལྟོས།
ཁ་བརྡའི་སྒོ་ཕྱེ།
ཨ་ཁ། མདང་དགོང་སྔགས་རྒན་ལྟས་ངན་ཚོ་སླེབས་འདུག
སླེབས་པའི་མི་ཚད་གཡུལ་འཐབ།
དམོད་མོ་བཏབ་ནས་གདའ་འོ།
བསད་རྨས་ཀྱི་མི་རོ་མི་སྣང་ཡང་།
སྤོབས་པ་ཁྲོས་ནས་ཐོག་སྟ་རེ་འདྲ་འདྲ་འཕང་འདུག
ཆོས་གྲགས་དངངས་འཚབ་ཀྱིས་སྐོར་རྒྱུགས་བཞིན།
ཨ་རིག་རྡོར་མཁྱེན། ཨ་རིག་རྡོར་མཁྱེན་ཞེས།
ཡིད་དམ་གྱི་ལྷ་འབོད་ཞོར་ལ།
དོལ་ཚོགས་ཀྱི་ཆོ་འཕྲུལ།
རྡོ་རྗེ་རྒྱ་དྲམ་དང་ཐོག་སྟ་རེ་འདྲ་འདྲ་བབ་བྱུང་།
སྐྱོབས་ཤིག སྲུངས་ཤིག
ད་མེད་ན་ནམ་ཡོད།
མགོ་མ་གཏོར་བ་ཤོག
སྲོག་མ་ཤོར་ཤོག་ཅེས་གསོལ་འདེབས་ཀྱིན།
རྒྱ་དམར་གྱི་ཉུལ་མ། དོག་ཚོགས་ཀྱི་ཁོངས་མི།
སྤོབས་རྫུན་ཁྱོད་ཞེས་དམོད་བཞིན་ངར་བཞིན།
གློག་ཀླད་ཀྱི་ཤེལ་སྒོའི་ཐོག་ལ་མཆུ་མའང་གཏོར་འདུག
ང་ཡང་འཕྲུལ་ནས་གམག་ཆེན་གཉིས་པའི་ནང་ལྷུང་བ་ལྟར།
ཧི་ཐི་ལིར་ཡང་དེར་ཡོད་པའི་སྐྲགས་འཇིགས་ཚོར།
འབམ་རྡོ་རྗེ་འདྲ་འདྲ་དང་།
སྒྱོགས་སྟ་རེ་འདྲ་འདྲ་ཐོག་ཆར་བཞིན་འབབ་པས།
ངའི་གློག་ཀླད་ཀྱི་ཤེལ་སྒོའང་གཏོར་བྲོ་བྱེད་པའི་སྣང་བ་ཤར།
ཞེད་སྣང་གིས་ཕྱིར་བསྣུར་བརྒྱབ་ནས་སླར་ཡང་ལྟ་དུས།
ཡོད་ཚད་འཕྲུལ་སྣང་སྟེ།
ཚང་མ་ངའི་སྤུན་ཟླ།
ཁ་བརྡའི་ནང་གི་སྨྱོན་པ་ཚོ།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
གཟའ་སྤེན་པའི་ཉི་མ་ཤར་སོང་།
བཟི་བོ་ཡང་གཉིད་སད།
དེ་རིང་གུང་སེང་ཡིན་པས་སེམས་ཁྲལ་མེད།
ལྷོད་ལྷོད་མིག་ཕུར་ཞོར་ལ་གསང་སྤྱོད་དུ་སོང།
སླར་མལ་དུ་འཛུལ་ཞོར་ལ།
མདང་དགོང་རྒད་པོ་ཚོ་ཨེ་ཡང་ལྟོས།
ཁ་བརྡའི་སྒོ་ཕྱེ།
ཨ་ཁ། མདང་དགོང་སྔགས་རྒན་ལྟས་ངན་ཚོ་སླེབས་འདུག
སླེབས་པའི་མི་ཚད་གཡུལ་འཐབ།
དམོད་མོ་བཏབ་ནས་གདའ་འོ།
བསད་རྨས་ཀྱི་མི་རོ་མི་སྣང་ཡང་།
སྤོབས་པ་ཁྲོས་ནས་ཐོག་སྟ་རེ་འདྲ་འདྲ་འཕང་འདུག
ཆོས་གྲགས་དངངས་འཚབ་ཀྱིས་སྐོར་རྒྱུགས་བྱེད་བཞིན།
ཨ་རིག་རྡོར་མཁྱེན། ཨ་རིག་རྡོར་མཁྱེན་ཞེས།
ཡིད་དམ་གྱི་ལྷ་འབོད་ཞོར་ལ།
དོལ་ཚོགས་ཀྱི་ཆོ་འཕྲུལ།
རྡོ་རྗེ་རྒྱ་དྲམ་དང་ཐོག་སྟ་རེ་འདྲ་འདྲ་བབ་བྱུང་།
ཁ་ལ་མ་ཁེལ་བ་ཤོག
མགོ་མ་འཐོར་བ་ཤོག
སྲོག་མ་ཤོར་བ་ཤོག་ཅེས་གསོལ་འདེབས་ཀྱིན།
སྐྱོབས་ཤིག སྲུངས་ཤིག
ད་མེད་ན་ནམ་ཡོད།
རྒྱ་དམར་གྱི་ཉུལ་མ། དོག་ཚོགས་ཀྱི་ཁོངས་མི།
སྤོབས་རྫུན་ཁྱོད་ཞེས་དམོད་བཞིན་ངར་བཞིན།
གློག་ཀླད་ཀྱི་ཤེལ་སྒོའི་ཐོག་ལ་མཆུ་མའང་གཏོར་འདུག
ང་ཡང་འཕྲུལ་ནས་གམག་ཆེན་གཉིས་པའི་ནང་ལྷུང་བ་ལྟར།
ཧི་ཐི་ལིར་ཡང་དེར་ཡོད་པའི་སྐྲགས་འཇིགས་ཚོར།
འབམ་རྡོ་རྗེ་འདྲ་འདྲ་དང་།
སྒྱོགས་སྟ་རེ་འདྲ་འདྲ་ཐོག་ཆར་བཞིན་འབབ་པས།
ངའི་གློག་ཀླད་ཀྱི་ཤེལ་སྒོའང་གཏོར་བྲོ་བྱེད་པའི་སྣང་བ་ཤར།
ཞེད་སྣང་གིས་ཕྱིར་བསྣུར་བརྒྱབ་ནས་སླར་ཡང་ལྟ་དུས།
ཡོད་ཚད་འཕྲུལ་སྣང་སྟེ།
ཚང་མ་ངའི་སྤུན་ཟླ།
ཁ་བརྡའི་ནང་གི་སྨྱོན་པ་ཚོ།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
གཟའ་སྤེན་པའི་ཉི་མ་ཤར་སོང་།
བཟི་བོ་ཡང་གཉིད་སད།
དེ་རིང་གུང་སེང་ཡིན་པས་སེམས་ཁྲལ་མེད།
ལྷོད་ལྷོད་མིག་ཕུར་ཞོར་ལ་གསང་སྤྱོད་དུ་སོང།
སླར་མལ་དུ་འཛུལ་ཞོར་ལ།
མདང་དགོང་རྒད་པོ་ཚོ་ཨེ་ཡང་ལྟོས།
ཁ་བརྡའི་སྒོ་ཕྱེ།
ཨ་ཁ། མདང་དགོང་སྔགས་རྒན་ལྟས་ངན་ཚོ་སླེབས་འདུག
སླེབས་པའི་མི་ཚད་གཡུལ་འཐབ།
དམོད་མོ་བཏབ་ནས་གདའ་འོ།
བསད་རྨས་ཀྱི་མི་རོ་མི་སྣང་ཡང་།
སྤོབས་པ་ཁྲོས་ནས་ཐོག་སྟ་རེ་འདྲ་འདྲ་འཕང་འདུག
ཆོས་གྲགས་དངངས་འཚབ་ཀྱིས་སྐོར་རྒྱུགས་བྱེད་བཞིན།
ཨ་རིག་རྡོར་མཁྱེན། ཨ་རིག་རྡོར་མཁྱེན་ཞེས།
ཡིད་དམ་གྱི་ལྷ་འབོད་ཞོར་ལ།
དོལ་ཚོགས་ཀྱི་ཆོ་འཕྲུལ།
རྡོ་རྗེ་རྒྱ་དྲམ་དང་ཐོག་སྟ་རེ་འདྲ་འདྲ་བབ་བྱུང་།
ཁ་ལ་མ་ཁེལ་བ་ཤོག
མགོ་མ་འཐོར་བ་ཤོག
སྲོག་མ་ཤོར་བ་ཤོག་ཅེས་གསོལ་འདེབས་ཀྱིན།
སྐྱོབས་ཤིག སྲུངས་ཤིག
ད་མེད་ན་ནམ་ཡོད།
རྒྱ་དམར་གྱི་ཉུལ་མ། དོག་ཚོགས་ཀྱི་ཁོངས་མི།
སྤོབས་རྫུན་ཁྱོད་ཤོག་ཨ་ཞེས། དམོད་བཞིན་ངར་བཞིན།
གློག་ཀླད་ཀྱི་ཤེལ་སྒོའི་ཐོག་ལ་མཆུ་མའང་གཏོར་འདུག
ང་ཡང་འཕྲུལ་ནས་གམག་ཆེན་གཉིས་པའི་ནང་ལྷུང་བ་ལྟར།
ཧི་ཐི་ལིར་ཡང་དེར་ཡོད་པའི་སྐྲགས་འཇིགས་ཚོར།
འབམ་རྡོ་རྗེ་འདྲ་འདྲ་དང་།
སྒྱོགས་སྟ་རེ་འདྲ་འདྲ་ཐོག་ཆར་བཞིན་འབབ་པས།
ངའི་གློག་ཀླད་ཀྱི་ཤེལ་སྒོའང་གཏོར་བྲོ་བྱེད་པའི་སྣང་བ་ཤར།
ཞེད་སྣང་གིས་ཕྱིར་བསྣུར་བརྒྱབ་ནས་སླར་ཡང་ལྟ་དུས།
ཡོད་ཚད་འཕྲུལ་སྣང་སྟེ།
ཚང་མ་ངའི་སྤུན་ཟླ།
ཁ་བརྡའི་ནང་གི་སྨྱོན་པ་ཚོ།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
དགོངས་དག་ཚིག་གཅིག་གཉིས་ཤིག་བཟོ་བཅོས་ཆེད་བསྐྱར་འཇུག་བྱས་ཡིན།
དྲ་གྲོགས་རྣམ་པ། ཁྱེད་ཚོས་ད་དུང་སྤོབས་པ་དང་རིག་པའི་རྡོ་རྗེ་གཉིས་ཀྱི་སྐོར་ཁ་བརྡ་བྱེད་ཀྱིན་ཡོད་པས། ད་དུང་དེ་གླེང་ནས་ཅི་བྱེད། ད་གཡུག་ཞོགས། སྤོབས་པ་ཕམ་ཏེ་ཤི་མ་གསོན་ཏུ་ལུས་ཡོད་པའི་མགོར་རྡོག་བརྫེས་བྱས་ན་མི་འགྲིག ཁོ་ཕྱོགས་གཉིས་ནས་ཕམ་ཡོད། དང་པོ་རིག་པའི་རྡོ་རྗེས་ཁོས་ཅི་ཞིག་བཤད་ཀྱང་ར་བཟིའི་གཏམ་འཆལ་ལྟར་སྣང་མེད་དུ་བཞག་ཡོད་པ་འདི་ཁོ་ཕམ་པ་དང་པོ་རེད། གཉིས་པ་འདོད་ལྷའི་བུ་ཟེར་བ་དེའི་ཀུ་ཤའི་རྩེ་ལྟར་མ་འདྲིས་པའི་དྲི་བ་དང་ལན་གྱིས་ཁོ་ཤིན་ཏུ་ཕམ་ཏེ། ད་སྐབས་བཤད་རྒྱུས་ཕོངས་ཏེ། རིག་པའི་རྡོ་རྗེ་ཟེར་བ་འདི་དགེ་བཤེས་ཀླད་དམར་ཞིག་དང་འདྲ་བོ་འདུག་ཟེར་ནས་སྨོད་ཀྱི་ཡོད་པ་རེད། དྲ་གྲོགས་ཚོས་གཟིགས་དང་། རྩོད་པའི་ཕམ་ཟེར་བ་ལ་འདི་ལས་ལྷག་ཅིག་ཡོང་རྒྱུ་ཡོད་དམ། ང་ནི་དགོད་རྒྱུ་ཡོང་ནས་འཆི་གྲབ་བྱས་སོང་། ད་དུང་བློ་གྲོས་དང་། ཆོས་གྲགས་སོགས་ཟུར་གནས་འདི་རྣམས་ཀྱིས་བདེན་པའི་རལ་གྲི་གཡུགས་ཐེངས་རེ་རེས་ཁོའི་ནང་འགལ་གྱི་རྩ་ཕྲན་རེ་རེ་ནས་གཏུབ་པས། ཁོས་གཡོ་མགུལ་ཙམ་ཡང་མི་ནུས་པས། མིག་གིས་ཧྲིག་ཧྲིག་ལྟ་བཞིན་ཧུས་གཅིན་འཐུང་དང་། བིན་སྐྱག་ཕུང་སོགས་ལ་སྐྱབས་སུ་འགྲོ་བཞིན་བསྡད་ཡོད་པའི་གནས་ཚུལ་དེ་རིང་རྒྱ་ནག་གི་ཤིན་དཔའ་གསར་འགྱུར་ལས་ཁུངས་ནས་རྒྱང་སྒྲོག་བྱེད་བཞིན་ཡོད་འདུག
རིག་མཆོག་ད་ཁྱོད་སྡོད། ངས་རིག་པའི་རྡོ་རྗེ་རང་ཉིད་ཀྱིས་བོད་གཞུང་དམངས་ལ་རྒྱབ་གཏོད་སྐུར་འདེབས་བྱས་པའི་མཆན་བུ་དེ་ཚོ་དང་སྦྲགས་ནས་ཅིག་འཆད་རྒྱུ་ཡིན་ད། ཁྱོད་རང་ཡིད་མི་ཆེས་ན་དགེ་འདུན་མཐར་ཕྱིན་གྱིས་བྲིས་པའི་སྤྱི་སྨན་བསམ་ཚུལ་ཁ་ཤས་ཞེས་པའི་མཆན་བུ་དེ་ཚོ་ྐློག་དང་། ད་དུང་ང་ལ་མང་པོ་སྟོན་རྒྱུ་ཡོད།
སྤོབས་པ་སོགས་ལ། ཁྱེད་རྣམ་པ་བཙན་བྱོལ་བོད་པའི་ཨ་ཡོད་ནང་གི་ད་ཡོད་དང་སྒོ་ང་ནང་གི་སེར་རིལ་གྲངས་ཡིན། ཐམས་ཅད་བོད་དོན་ཆེད་སེམས་ཤུགས་ཡོད་མཁན་ཏག་ཏག་ལས་ཉུལ་མ་དང་སོ་བ་ཅང་ཡོད་རབས་མི་འདུག མུ་མཐུད་དུ་རྩ་དོན་ཆེད་ཧུར་ཐག་གིས་གླེང་མོལ་བྱེད་རོགས། གལ་ཏེ་གླེང་མོལ་ལ་བགེགས་བར་ཆད་གཏོང་མཁན་གྱི་ཕྱི་ནང་གི་སོ་བ་རེ་སླེབས་པ་ཡིན་ན་དེའི་འགན་ངས་ཁུར་ཆོག ཁ་དྲོ།
ཨ་ལགས་ངའི་ཅིག་བཤད་ན་འུ་ཆོག་ལགས། ཁ་ཆུང་དབང་ཆུང་ཡིན་རུང་ཡིན་རུང་ཁ་ཞིག་གྲགས་ན་འདོད་གི། སྨན་བླའི་ཁ་ཤག་ལས།
ཚང་མའི་ཚང་ཁ་རྒྱབ་ནས་གང་གི་ཁ་བརྡ་ཉན་དགོས་བ་ཡང་མི་ཤེས་ཡང་། གང་ལྟར་གང་གི་ཁ་ཉན་ཡང་གཅིག་པ་རེད་། ཚང་མའི་བཤད་པ་ནི་། ཅིག་གི་འདི་བསམ་གི་འདུག་། འདི་དགོང་གི་འདུག་། འདི་ཟེར་གི་འདུག་ཟེར་པ་ལས་། གན་གི་འདི་བྱས་དང་ཐ། ཁོས་འདི་ལས་ཐང་དང་ཐ། ངའི་ལས་གི་ཡོད་ཟེར་བ་དེས་སྐོར་ནས་ཅི་ཡང་མེད་པས་། ད་དེས་སྐོར་ཅིག་ཤོད་ད་། ངའི་འདི་སྟར་ལྟས་ན། ཁྱེད་ཅག་ཚང་མ་སེམས་གི་འཆར་སྣང་ཁོ་ན་བཤད་ནས་འདུག་མཁན་དག་མིན་པ་ཐག་གི་གཅོད་ཐུབ། བུ་དགོད་པོ་སྟག་འདྲ་འདྲ་། འཇེ་སྦོམ་པོ་ཝ་འདྲ་འདྲ་།
བོད་དོན་གྱི་རོ་རྒན་འདི་ཁུར་ཁུར་ནས།
གཞོན་ལུས་ཀྱི་སྒལ་ཚིགས་ཀྱང་སྒུར་ཚར།
བསམ་མེད་ཀྱི་མི་རིགས་འདིར་དུང་དུང་།
སྙིང་ཆུང་གི་མཐིལ་ལའང་ཆུ་བསགས།
ལོ་དང་ཟླ་བ། ཉིན་དང་མཚན།
ཆུ་ཚོད་དང་སྐར་ཆ་རེ་རེ།
སྐྱོ་སྡུག་གི་དབུགས་རིང་ནར་ནར།
འདས་ཟིན་གྱི་ལོ་རྒྱུས་ལ་ཞུ་དག་བཏང་།
ཁྲེལ་མེད་ཀྱི་སྐུ་དྲག་ཚོའི་ནག་ཉེས་མཐོང་ཚེ།
ཁྲག་དམར་གྱི་སྙིང་ཆུང་གས་བྲོ་བྱེད།
ཡོད་ཚད་ཀྱི་ཡོད་ཚད་ན་ཟུག་རྡོག་རྡོག་ཅིག
རྦབ་རྡོ་བཞིན་ངའི་སེམས་གཏིང་ལ་ཏན་གྱིས་བབས།
ཚེ་སྲོག་གི་ནོར་བུར་ཉེན་བརྡ་བཏང་།
བེད་མེད་ཀྱི་ཡི་གེ་འདི་སྦྱངས་སྦྱངས་ནས།
མཛེས་སྡུག་གི་མི་ཚེ་སྐྱུར་རྩིར་བསྲེས།
མཚར་སྡུག་གི་རྨི་ལམ་སྒུག་སྒུག་ནས།
རྣམ་ཤེས་ཀྱི་བུ་ཆུང་ངལ་དུབ།
ལོ་དང་ཟླ་བ། ཉིན་དང་མཚན།
ཆུ་ཚོད་དང་སྐད་ཆ་རེ་རེ།
རེ་སྟོང་གི་སྙིང་ཆུང་འཕར་བཞིན།
བོར་ཟིན་པའི་མདང་ནུབ་ཀྱི་རྨི་ལམ་ཆེད།
མཐའ་མེད་ཀྱི་རྒྱལ་ཁམས་ཀུན་ཏུ་ར་མདའ་རྒྱུགས།
ཆོམ་རྐུན་གྱི་དཔུང་ཚོགས་རྩད་གཅོད་བྱེད་བཞིན།
དལ་འབྱོར་གྱི་མི་ལུས་རིན་ཆེན་སྡུག་ལ་གཏད།
ཡོད་ཚད་ཀྱི་ཡོད་ཚད་ན་ཟུག་རྡོག་རྡོག་ཅིག
རྦབ་རྡོ་བཞིན་ངའི་སེམས་གཏིང་ལ་ཏན་གྱིས་བབས།
རྣམ་ཤེས་ཀྱི་རྒྱལ་ཁམས་ཡོམ་ཡོམ་སྒུལ།