དཔའ་རྟུལ་ནག་པོས།
ཨེ་མ། བདུད་བྷེ་ལགས། ང་ནི་ཁྱོད་ལ་དགའ་ཞིང་ཁྱོད་ལ་དུངས། སྤྱིར་དགའ་ས་དང་དུངས་ས་འབྲི་བ་ནི་འགྲོ་བ་མི་ཡི་ལྷན་སྐྱེས་སུ་གྱུར་ཡོད་ལ། ངའི་འཚར་ལོངས་ཀྱི་གོ་རིམ་ཁྲོད་ན་ཁྱེད་ལས་འཕགས་པའི་གླུ་བ་དགའ་ས་ཞིག་ཡོད་མ་སྲིད། ཁྱོད་རང་འཚོ་གནས་ཀྱི་སྐབས་སུ། ངས་ཁྱོད་ལ། ༼གངས་ལྗོངས་གླུ་དབང་རྒྱལ་བོ ༽ཞེས་བསྟོད་པ་བྲིས་མྱོང་། བདུད་བྷེ་ཡ།
ཡ་མ་ཟུང་གི་འཇིག་རྟེན་འདིར། དགའ་སྐྱོ་འདྲེས་མའི་མི་ཚེ་འདིར། ང་དགའ་དུས་ཁྱོད་ཀྱི་རྡུང་ལེན་ ༼ང་རྩེ་ ཀི རྩེ་ ཀི་རྫ་ལ་འགྲོ༽ལ་ཉན་ནས་ཀུ་རིང་བཏབ་མྱོང་ལ། ང་སྡུག་དུས་༼འབུམ་ཚང་བུ་མོ༽ ལ་ཉན་ནས་ངུས་མྱོང་ཡོད། དེང་སྐབས་ལམ་ཐག་རིང་ལ་འགྲུལ་བཞུད་སྐབས་སུ། རླངས་འཁོར་སྐོར་བ་ལ་སུན་སྣང་ཆེ་དུས། ཁྱོད་ཀྱི་རྡུང་ལེན་རྐྱང་རྐྱང་ལ་ཉན་བཞིན་ཡོད།
ཁྱོད་འདི་ལྟར་ཆས་པ་སྔ་ན། ང་ལ་མི་བཟོད་པས་ན་ཟུག་གི་རྨ་ཁ་ཤིན་ཏུ་ནས་ཤིན་ཏུ་ཆེ་ཡ། བདུད་བྷེ་ལགས། འུ་གཉིས་ལོ་རབས་དང་དུས་རབས་གཅིག་གི་མྱི་ཡིན། ཁྱོས་བོད་ཡུལ་ལ་བརྩེ་སེམས་འདི་འདྲ་ཞིག་བཅངས་ནས་ཆས་སོང་། སྒྱུ་རྩལ་གྱི་ལམ་བུ་དེ་ནའང་ད་དུང་པི་ལྦང་དཀྲོལ་ནས་གླུ་ལེན་བཞིན་ཡོད་དམ། ས་ཡ་དྲུག་གི་མཁའ་དབྱིངས་སུ། ཁྱོད་ཀྱི་གླུ་སྐད་སྙན་མོར་གཡུ་འབྲུག་ལྡུར་བ་བཞིན་མི་ལོ་བརྒྱ་ཕྲག་འགའ་ལ་གནས་ངེས་ཡིན།
ངའི་འདས་མ་ད་གསུམ་གྱི་བདུད་བྷེ་ལགས། མིག་ལ་ཆུ་མ་འཁོར་ནས་ཁྱོད་ལ་འདི་ལྟར་བྲིས་པའོ།།
གནས་མཆོག་ཙོང་ཁ་བདེ་ཁམས་ནས།
2016 ,3 ,1
གཡུ་འབྲུག་ལྡུར་བ་
འདི།
གཡུ་འབྲུག་ལྡིར་བ་