–མཁོ་གཏོང་བ། ཀ་ཉག་ཚེ་རིང་།
ཕྱི་ལོ་2016 ལོའི་3 ཚེས་1 ཉིན་གྱི་བོད་ནང་གི་ཆུ་ཚོད་12 ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་དང་པོའི་བཀྲ་ཤིས་གཡས་འཁྱིལ་ཚང་གི་བུ་མོ་མང་དགའ་ལགས་ཀྱིས། རྨེའུ་རུ་མའི་ཡུལ་ཚོའི་ཁྲོམ་ལམ་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཞིག་ལག་གཉིས་ཀྱིས་གནམ་ལ་འཕྱར་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་བཙན་གནོན་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་གོམ་བགྲོད་གནང་ཡོད་ཅིང་། དེ་མ་ཐག་ས་གནས་སུ་ཡོད་པའི་ཉེན་རྟོག་པ་རྣམས་ཀྱིས་འཛིན་བཟུང་བཙན་ཁྲིད་བྱས་ནས་ད་བར་གནས་སྟངས་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད།
ཁོང་མོ་རང་ལོ་ 33 དང་། ཕ་མིང་ལ་ཚེ་པེ། མ་མིང་ལ་པདྨ་སྐྱིད་ཟེར་ཞིང་། ཕ་མ་གཅིག་པའི་མིང་སྲིང་དགུ་ཡོད་པ་ལས་བརྒྱད་པ་དེ་ཡིན་འདུག ཤུལ་དུ་ལོ་14 ཡིན་པའི་ཁོང་གི་བུ་མོ་གང་གཱའི་ལྷ་མོ་གཅིག་པུ་ལས་ཁྱིམ་མི་གཞན་མེད་འདུག གཞན་ཡང་ཕྱི་ལོ་2008 ལོ་རྨེའུ་རུ་མའི་མི་ཚང་རེ་རེར་རྒྱ་དར་འཕྱར་དགོས་པའི་བཙན་བཀའ་བཏང་སྐབས་མང་དགའ་ལགས་ཀྱིས་དང་ལེན་མ་གནང་བར་མ་ཟད་འབྲེལ་ཡོད་ལས་བྱེད་དང་རྩོད་པ་ཤོར་ནས་ཟླ་བ་བརྒྱད་ལྷག་རིང་འཛིན་བཟུང་གིས་གཅར་རྡུང་དང་ཉེས་བཅོས་ཚད་ལས་བརྒལ་བ་ཕོག་མྱོང་མཁན་གྱི་ཆབ་སྲིད་བཙོན་ཟུར་ཞིག་ཀྱང་ཡིན་འདུག
གནས་ཚུལ་དེ་བྱུང་བའི་རྗེས་སུ་རྨེའུ་རུ་མའི་ཡུལ་ཚོའི་སྟེང་དམག་མི་དང་ཉེན་རྟོག་པ་སྔར་ལས་མང་པོ་འགྲེམས་འཇོག་བྱས་ཡོད་འདུག ལོ་སྔོན་མའི་ཕྱི་༩ ཚེས་༡༠ ཉིན་ནས་རྔ་པ་རྫོང་དུ་རྒྱ་གཞུང་གི་ལས་ཁང་ཁག་ཕུད་པའི་དྲ་རྒྱའི་བརྒྱུད་ལམ་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་ཅིང་། དེའི་རིང་ལ་ཟ་ཁང་དང་ཚོང་གི་སྦྱིན་བདག་སོགས་མང་ཚོགས་ཚོས་དྲ་སྒོ་ཕྱེ་དགོས་པའི་རེ་ཞུ་ཐེངས་མང་བྱས་ཀྱང་ཉན་འཇོག་རྩ་བ་མེད་པར་མུ་མཐུད་མང་ཚོགས་ཀྱི་དྲ་བའི་བརྒྱུད་ལམ་ཁག་ཆ་ཚང་བཅད་ཡོད་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་དང་བློ་བཟང་ཡེ་ཤེས་གཉིས་ཀྱིས་ཕྱི་ལོ་2016 ལོའི་ཟླ་3 པའི་ཚེས་2 ཉིན་སྤེལ།།
ང་དང་ངའི་སྲིད་སྐྱོང་ལས་གནད་དོན་འདི་ཚོའི་ཐོག་ལ་མཆན་བུ་འགོད་མཁན་བསྐོ་བཞག་བྱས་མེད་པ་འདྲ་འདུག། ཚང་མ་ཁུ་སིམ་མེར་བཞུགས་འདུག སྙིང་རྗེ། ཨོམ་མ་ཎི་པདྨེ་ཧུམ།
ངོ་རྒོལ་གྱིས། རང་བསྲེག་མ་གྱིས།
ཁེ་བཟང་རག་ས་འདུག་བསམ་ན་ངོ་རྒོལ་བགྱིས་ཀྱང་འོས། སྡུག་གྱོང་རག་ས་རེད་བསམ་ན་ངོ་རྒོལ་ཡང་མ་གྱིས་ཤིག
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེའི་སྐྱོང་བར་མཛོད། །”༧གོང་ས་༧སྐྱབས་མགོན་ཆེན་པོས།”
མེ་ལྕེ་དམར་པོས་མི་ལུས་གསོན་པོ་འབར་མ་འཇུག།
༜
སྤྲེལ་ལད་ཆེ་བའི་ཆབ་སྲིད་པ་ལ་བསླུ་མ་འཇུག།
༜
ལོ་ཏོག་དང་ནི་དཀར་ཆུའི་ལས་ལ་སྒྱིད་མ་ལུག།
༜
ལ་རྒྱ་བཤད་ནས་ལག་གི་ལས་ཀ་ཤོར་མ་འཇུག།
༜
རེ་ལྟོས་གཞན་ལ་བྱས་ནས་དུས་ཚོད་འཛད་མ་འཇུག།
༜
བ་རྫི་ཕྱུགས་རྫི་ཟེར་ནས་མཐོང་ཆུང་བྱེད་མ་འཇུག།
༜
འདི་དང་ཕྱི་མ་ཟེར་ནས་ཡོད་ཚད་ལེན་མ་འཇུག།
༜
དག་ཞིང་ས་ལ་ལྷུང་འདྲའི་རང་ས་རྫོད་མ་འཇུག།
༜
ཡོད་ཚད་ལས་ཡིན་ཟེར་ནས་རྒྱལ་འཇོག་བྱེད་མ་འཇུག།
༜
ཅེས་ས་མཐའི་རི་འགོའི་གངས་ཁྲོད་ཞིག་གི་ཇ་མ་དུས་འགྱུར་མ་བྱུང་སྔོན་མདོ་སྨད་ཨ་མཆོག་ཡུལ་གྱི་ཨ་ཞི་ལ་དང་དུས་འགྱུར་བྱུང་རྗེས་སི་ཁྲོན་རྔ་བའི་ཨ་ཞི་ལ་ཞེས་འབོད་པའི་རི་འདབས་ནས་འཚར་ལོངས་བྱུང་བ་ཆོས་འཕེལ་དར་རྒྱས་སུ་འབོད་པས་བོད་མེ་སྤྲེལ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ་ཞོར་ལ་སྒང་བ་བོད་པ་ཚང་ལ་རེ་བ་འདི་དག་འབོད་སྐུལ་བྱས་སོ།།
ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ། ༀ་མ་ཎྀ་པདྨེ་ཧཱུྃ།
ཞི་བའི་སྒོ་ནས་ངོ་རྒོལ་གྱིས། དྲག་པོའི་སྒོ་ནས་རང་བསྲེག་ཀྱང་མ་གཏོང་། ཐུགས་རྗེས་གཟིགས།། །།