ཟླ་སྨུག་པོ།
དྲང་མོ་བཤད་ན་ངས་ནམ་རྒྱུན་བློ་སེང་དང་སྤེན་ཚེ་གཉིས་སུ་སྲིད་སྐྱོང་དུ་བཞེངས་ཀྱང་། རྩ་བའི་སྒྲིག་འཛུགས་ཀྱི་ངོ་བོར་འགྱུར་བ་དམོགས་བསལ་ཞིག་ཐེབས་ཤག་བརྩིས་མེད་སྟབས། གལ་སྲིད་ཚོགས་གཙོ་སྲིད་སྐྱོང་དུ་བཞེངས་པའི་དུས་ཤིག་ཤར་ན། གོང་བཀུར་ལ་ཁྱད་པར་མི་འབྱེད་སྙམ་པའི་འཆར་གཞི་ཨང་གསལ་བཏང་ཡོད། རེད་དེ་དེ་རིང་ཚོགས་གཙོས་འཆར་གཞི་མེད་པའི་སྐད་ཆ་མང་པོ་ཞིག་བཤད་སོང་བས། ཁོ་བའི་རྣམ་འགྱུར་ལ་གཡོ་འགུལ་ཅུང་ཙམ་ཤོར་སོང་། མ་གཞི་སྲང་ལམ་ཁག་གི་སྐད་ཆ་ལ་ཉན་འཇོག་དེ་ཙམ་བྱེད་ཀྱི་མེད་ལ། ཁོང་ལ་སྐྱོན་བརྗོད་བྱེད་པའི་དགའ་མོས་ནི་དེ་བས་ཀྱང་མེད། ཡིན་ན་ཡང་འཆར་གཞི་མེད་པ་དང་ཐལ་ཆ་ཆེ་བའི་སྐད་ཆ་མང་པོ་ཞིག་བཤད་སོང་བས། དངོས་གནས་སྲིད་སྐྱོང་གི་ཁ་གཏད་དུ་ལངས་པ་དེ་རྒྱུ་མཚན་གཞན་ཞིག་དང་གནོན་ཤུགས་གཞན་ཞིག་ལས་ལངས་པ་མིན་ནམ་སྙམ་པ་ཞིག་ཀྱང་བྱུང་།
༡ ཚོགས་གཙོས་རྩར་དུ་བཏོན་ནས་གསུང་རྒྱུ་གཅིག་སྟེ་བོད་རྒྱ་ཞི་མོལ་གྱི་འབྲེལ་ལམ་དེ་རེད། དེ་ནི་རྒྱུན་དུ་བོད་པ་བྱིངས་ཀྱིས་གལ་ཆེན་དུ་བརྩིས་པའི་གནད་དོན་ཞིག་རེད་ལ། བདེན་པ་ཡིན་མིན་གང་ལྟར་ཡང་རྟག་ཏུ་སྲིད་སྐྱོང་གིས་ཁ་ཐོག་འཁོར་ལོ་བྱེད་མུས་དེ་རེད། ཚོགས་གཙོས་དེ་རིང་བོད་རྒྱ་གྲོས་མོལ་དེ་ཕལ་ཆར་༧གོང་ས་མཆོག་གི་ཟ་ཟུར་ཞིག་ན་འགག་བསྡད་པ་འདྲ་ཞིག་སྟེ། ༧གོང་ས་མཆོག་ལ་དགོངས་ཁྲོལ་ཞུས་པའི་ཐོག་ཞེ་བོ་ཞིག་བྱེད་ཡ་ཡོད་པ་འདྲ་གསུངས་སོང་ཡང་། མཐར་གཏུག་སྟེ་འབབ་ས་འདྲ་བོ་དེ་རྒྱུན་དུ་སྲིད་སྐྱོང་གིས་གསུང་བསྡད་པའི་འབྲེལ་ཡུལ་ཁག་ལས་དམིགས་བསལ་ཞིག་ཅི་ཡང་གསུང་རྒྱུ་མི་འདུག་པས་དེའི་ཕྱོགས་ནས་ཚོགས་གཙོ་ལ་རེ་བ་དམིགས་བསལ་ཞིག་རྒྱག་ས་མེད་པ་སྐུ་ངོ་རང་གིས་གསལ་བོ་བྱས་སོང་།
༢ ཤེས་ཡོན་སྲིད་ཇུས་དང་འབྲེལ་བའི་བོད་སྐྱབས་བཅོལ་བའི་ཤེས་ཡོན་གནས་སྟངས་དེ་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་ཚོགས་གཙོས་གཟིགས་ཀྱིན་མེད་པ་མ་ཟད། ཤེས་ཡོན་ཉམ་རྒུད་དུ་འགྲོ་གི་འདུག་ཅེས་”ཚོགས ་གཙོས་བཤད་མེད་བསམ་སོང་” ཞེས་མདོ་འཛིན་པར་ཐད་ཀར་བཀའ་ལེན་གནངས་སོང་བ་དེར་གཞིགས་ན། གལ་སྲིད་ཚོགས་གཙོ་སྲིད་སྐྱོང་དུ་བཞངས་པའི་དབང་དུ་བཏང་ཡང་འུ་ཅག་གི་ཤེས་ཡོན་གྱི་གནས་སྟངས་དེ་སྔར་ལྟར་སོར་འཇགས་ལས་སེན་ངག་གིས་ཡར་མཐོ་ས་མ་རེད་ལ་སེན་གང་གིས་མར་དམའ་ས་ཡང་མ་རེད་སྙམ་པས། དེའི་ཕྱོགས་ནས་ཚོགས་གཙོ་ལ་ཡང་རེ་བ་དམིགས་བསལ་ཞིག་རྒྱག་ས་མི་འདུག་སྙམ།
༣ རྒྱ་གར་གཞུང་གི་འོག་ཏུ་ཡོད་པའི་བོད་སློབ་ཁག་ཚུར་རྩིས་ལེན་བྱེད་ཕྱོགས་ཐད་ཀྱི་དགོངས་ཚུལ་དེ་རེད། འདིའི་སྐོར་ཚོགས་གཙོ་ལ་གསལ་བོ་ཞིག་ཅི་ཡང་གསུང་རྒྱུ་མེད་པ་ཟད། ཐུགས་འགན་མ་ཁུར་པའི་སྐད་ཆ་ཁྱད་མཚར་ཞིག་ཀྱང་བཤད་སོང་། ཁོང་གིས་ཟེར་ན་གསལ་བསྒྲགས་སྔོན་ལ་བཏང་སྟེ་ལས་དོན་རྗེས་ནས་སྒྲུབ་པ་དེ་ཧ་ཅང་ཁྱད་མཚར་ཞིག་རེད། གལ་སྲིད་ཁོང་སྲིད་སྐྱོ་བློ་སེང་གི་ས་དེར་ཡོད་ན། ཚུར་རྩིས་སྤྲོད་བྱེད་མིན་གྱི་ཤི་ཐག་སོས་ཐག་གཅོད་ས་རེད་ཅེས་གསུངས་སོང་། དེ་ལ་སྲིད་སྐྱོང་གི་ལན་དེ་ཧ་ཅང་འཐད་པོ་བྱུང་ལ། རྒྱུ་མཚན་ཡོད་པ་འདྲ་ཞིག་ཀྱང་མཐོང་། སྲིད་སྐྱོང་གིས་ཚུར་རྩིས་སྤྲོད་བྱེད་མིན་དེ་ང་ཚོའི་ལག་ཏུ་ཡོད་ན་སྔར་ནས་བླངས་ཚར་བ་རེད་ཅེས་གསུངས་སོང་ལ། དེའི་རྒྱུད་རིམ་དང་གནས་ཚུལ་ཞིབ་ཕྲ་འགྲེལ་སོང་། གནད་དོན་དེ་ནི་ཚོགས་གཙོ་ལྟ་བུའི་གཞུང་ཞབས་ཤེས་ཡོན་པ་ཞིག་མ་དགོས། གུས་རྨོང་ངས་ཀྱང་དེ་ལ་བརྒྱུད་རིམ་རིང་མོ་ཞིག་དགོས་ཀྱི་ཡོད་པ་ཤེས་ཀི ལྷག་པར་དུ་རྒྱ་གར་བའི་རྒྱུ་མ་ཅི་ཙམ་རིང་མིན་ནི་དེ་བས་ཀྱང་ཤེས་སླ་བས། གལ་སྲིད་ཚོགས་གཙོ་སྲིད་སྐྱོང་གི་སྟེགས་བུར་ཕེབས་པའི་དབང་དུ་བཏང་ཡང་ལས་དོན་བྱེད་ཕྱོགས་ཀྱི་ཐད་ནས་ཞེ་བོ་ཞིག་བྱེད་པའི་ཟོལ་མེད་པ་མ་ཟད། མགོ་ལོག་བཙོ་བའི་ཉེན་ཁ་ཡང་ཡོད་མི་སྲིད་པ་ཞིག་མ་རེད་སྙམ།
༤ ལུག་རྫི་དང་། ཨ་ཚོགས། ཚོགས་གཙོ་གསུམ་གྱི་སྐད་ཆའི་སྒྱུ་རྩལ་དང་། སློབ་སྦྱོང་གི་བརྒྱུད་རིམ་སོགས་ལ་ཧེབ་བག་ཆེན་པོ་ཡོད་པ་མ་གཏོགས། མ་འོངས་ལས་འཆར་གྱི་ཕྱོགས་ནས་ཁོང་གསུམ་ལ་བལྟས་ན་ཕལ་ཆར་ཕྱོགས་གཅིག་ཏུ་གདན་འདྲེན་ཞུས་ན་མ་འགྲིག་པ་ཆེར་མི་འདུག་སྙམ། ངས་འདི་ལྟར་བཤད་དུས་ཕྱོགས་གཏོགས་ཀྱི་སྐད་ཆ་རེད་ཅེས་གླེང་ཤག་རེད་དེ། ངས་བདེན་པ་དཔང་དུ་བཙུགས་ཏེ་དམིགས་བསལ་གྱི་ལས་འཆར་ཞིག་ཁ་སང་ཟློས་གར་ནས་མ་ཐོས་ལ། དེ་རྗེས་བརྙན་འཕྲིན་བསྐྱར་སྟོན་གྱི་སྐབས་སུ་ཡང་མ་ཐོས་ཞེས་བཤད་ཀི་ཡོད། མ་གཞི་ཨ་ཚོགས་དངོས་གཞིའི་འགྲན་རྩོད་དུ་ཞུགས་བཅུག་ཡོད་ན་ང་རང་གི་འོས་རྡོག་གཅིག་དེ་ཁོ་པར་བླུག་སྟེ་ལྷོད་ལྷོད་ཀྱིས་བསྡད་ཡོད་ཤོག་རེད་ལ། སྲིད་ཚོགས་གཉིས་ལ་ཐུན་མོང་གི་ལྟ་ཚུལ་རེ་བཏོན་ཡོད་ན་མ་གཏོགས་ཕྱོགས་གཏོགས་ཀྱི་སྐད་ཆའི་བཟོ་ལྟ་ཅན་དེ་ཚོ་གླེང་མེད་ཤག་ཡིན།།
༥ ད་དུང་ཚོགས་གཙོའི་མཇུག་སྡོམ་གཏམ་བཤད་དེ་རེད། མཇུག་སྡོམ་གསུང་བཤད་དེ་སྲིད་སྐྱོང་གི་འོས་མི་ཞིག་གི་འཇུག་སྡོམ་གཏམ་བཤད་ལྟ་བུ་ཞིག་མིན་པར་སྐྱོན་བརྗོད་བགྲོ་གླེང་གི་མཇུག་སྡོམ་གཏམ་བཤད་འདྲ་བོ་ཞིག་བྱས་སོང་། སྤྱིར་བཏང་སྟོང་སྡེ་བས་འཇུག་སྡོམ་གཏམ་བཤད་དུ་རང་ཉིད་ཀྱིས་གོང་དུ་བཤད་པའི་སྐད་ཆ་ལ་སྡོམ་བརྒྱབ་ཏེ་རྩ་བའི་འཆར་སྣང་གཙོར་འདོན་དང་། རང་ཉིད་ལ་རྒྱལ་ཁ་ཐོབ་ཐབས་མི་མང་ལ་རེ་བ་ལྷག་མ་ཞིག་ཕུལ་རྒྱུ་དེ་རེད། ཡིན་ན་ཡང་ཚོགས་གཙོས་མཇུག་སྡོམ་གསུང་བཤད་དེ་ཁྱད་མཚར་ཁྱད་མཚར་ཞིག་བྱས་སོང་བས། སྲིད་སྐྱོང་དུ་ཐོབ་རྒྱུའི་གདེང་ཚོད་ཁོ་རང་ཉིད་ལ་ཡང་མི་འདུག་ཨང་སྙམ་པ་ཞིག་བྱས་སོ།།
སྤྱི་ལོ་ ༢༠༡༦ ་ཟླ་ ༣ ་ཚེས་ ༢ ་དགོང་མོར་ཀུན་གླེང་གསར་འགྱུར་ལ་བལྟས་རྗེས་བྲིས།
བགྲོ་གླེང་དེར་བལྟས་རྗེས་ཚོགས་གཙོ་དང་སྲིད་སྐྱོང་གི་ཁྱད་པར་ནི། སྲིད་སྐྱོང་མངོན་ལྐོག་མི་མཚུངས་པ་དེ་རེད། དེ་ལྟར་ཨེ་ཞ་ཡ་རང་དབང་རླུང་འཕྲིན་ཁང་གི་རྡོ་རྗེ་དགྲ་འདུལ་ཟེར་བ་དང་ཁོང་གཉིས་ཁ་མཐུན་བྱས་ཏེ་་ཚོགས་གཙོ་ལ་སྐྱོན་བརྗོད་གང་འདྲ་བྱས་སོང་། དངོས་སུ་མདུན་དུ་ཐོན་དུས་ངོ་དགའ་གང་འདྲ་འཁྲབ་སོང་།
ཚོགས་གཙོ་ནི་ཁ་རུ་ཁ་ཐུག་དང་མི་ངོར་ཚིག་ཞོག་མཁན་ཞིག་རེད། གདོང་དང་གདོང་ཐུག་དུས་ཚོགས་གཙོ་རྒྱབ་མདུན་མཚུངས་པ་དང་བདེན་པ་ཡོད་ན་བཤད་ཐུབ་མཁན་གྱི་ཕོ་རྒོད་ཞིག་རེད།
གཞན་སྲིད་སྐྱོང་དང་ཁོང་གི་རྒྱབ་སྐྱོར་བ་ཚོ་ཁ་སང་དེ་རིང་དུར་ཐོག་ན་ཞབས་བྲོ་འཁྲབ་ཀྱིན་ཡོད། གླུ་དབྱངས་ལེན་བཞིན་ཡོད། ཀི་སྒྲ་སྒྲོག་བཞིན་ཡོད། མིག་སྐྲང་སྟེང་ལ་ཁུ་ཚུར་གཞུ་བཞིན་ཡོད།
བརྒྱ་བཤད་སྟོང་བཤད་ཡོས་ནས་འབབ་པའི་རྩམ་པ་ཞེས་པའི་དཔེ་ལྟར་ངའི་འོས་ནི་དྲངས་ལྡན་གི་མི་དང་ཕྱི་གསལ་ནང་གསལ་གི་མི་དེ་ལ་བླུག་རྒྱུ་ཡིན་པའི་དེངས་ཆའི་སྟེང་ཁ་བདེ་བོ་དང་ལྕེ་བདེ་ཁོ་ནའི་ཁོང་གཉིས་ཀྱི་ཁྱེད་པར་ཤེས་པར་དཀའ་ ངའི་སེམས་ནང་ད་དུང་ཡང་ཐག་ཆོད་ཐུབ་མ་སོང་།། སྐུ་ངོ་བློསེང་མཆོག་གི་ད་ལྟའི་བཀའ་ཤག་གི་ནང་རྙོག་གླེང་འདྲ་མེད་ན་བསམ་པའི་ཐེ་ཚོམ་ཆེན་པོ་འདུག། ་གང་ཡིན་ཟེར་ན་ཕྱི་འདྲིལ་བཀའ་བློན་བློ་ཕམ་ཆེན་ངང་ཕྱིར་ཐེན་བྱེད་སོང།།།
༄།། རོ་ཐོག་ནས་ཞབས་བྲོ་འཁྲབ་མཁན་སྲིད་སྐྱོང་བློ་བཟང་སེང་གེ
ཉག་རོང་དོན་གྲུབ།
༢༠༡༦ ཟླ ༢ ཚེས ༢༩ ཉིན་བོད་ནང་ཉག་རོང་རྫོང་ཨརྱ་གླིང་དགོན་པའི་དགེ་འདུན་པ་སྐལ་བཟང་དབང་འདུས་ཀྱིས་བོད་བསྟན་སྲིད་མི་རིགས་ཆེད་རང་སྲེག་བཏང་ནས་སྐུ་གཤེགས། རྒྱ་གར་དུའང་ཉིན་དེ་ག་རང་སློབ་ཕྲུག་རྡོ་རྗེ་ཚེ་རིང་ལགས་ཀྱིས་རང་སྲེག་བཏང་། ཕྲུ་གུ་ལོ ༡༦ ཅན་དེས་བཟོད་ལྷག་མེད་པའི་ན་ཟུག་གི་ཀློང་ནས་བོད་མི་རིགས་བདེ་སྡུག་གླེང་བ་འཇིག་རྟེན་ཀུན་གསལ་ལྟར། བོད་མི་མང་པོ་སེམས་སྡུག་གི་མནར་བཞིན་པའི་སྐབས་འདིར། དེ་རིང་ཟླ ༣ ཚེས ༢ ཉིན་སྲིད་སྐྱོང་འོས་མི་བློ་བཟང་སེང་གེས་ལྷོ་ཕྱོགས་མོན་གྷོར་གཞིས་ཆགས་སུ་གཏམ་བཤད་ཞུ་རུ་འགྲོ་སྐབས། མི་མང་ཕེབས་བསུ་ཞུ་རུ་ཡོང་ཡོད་པའི་ཁྲོད། ཁོང་གིས་འཛེམ་དོགས་གང་ཡང་མེད་པར་༼ གསུང་དང་ལ་མོ་གསུང་༽ཞེས་པའི་གཞས་ཤུགས་ཀྱིས་བཏང་སྟེ། ལག་པ་གནམ་དུ་བཀྱག་ནས་ཚང་མར་ཐོངས་ཤོག་ཅེས་པའི་བརྡ་བཏང་སྟེ། གཞས་བཏང་ཞོར་ཞབས་བྲོའང་འཁྲབ།
གནས་ཚུལ་དེ་བརྒྱུད་ལམ་ཁག་ལ་ཁྱབ་པས་བོད་མི་བགྲང་གིས་མི་ལོང་པས་སེམས་ཧ་ཅང་སྐྱོ་བོས་མིག་ཆུ་འདོན་ཞིང་། རེ་འགའ་བརྒྱལ་གྲབས་དང་། རེ་འགའི་སྙིང་རླུང་བཀྱག་པ་སོགས་མང་པོ་བྱུང་འདུག བོད་ཀྱི་ཞགས་རྩི་མེད་པའི་སྲིད་སྐྱོང་འདིས་རང་མདོག་ཇེ་གསལ་ཇེ་གསལ་དུ་འགྲོ་བ་འདི་ཅིས་ཉེས་སམ། སྔོན་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་སྐབས། གྲོང་པ་གཅིག་གི་ཕོ་མོ་རྒན་གཞོན་བྱིས་པ་སོ་སོར་བགར་ཏེ། རྒན་རྒོན་དང་ཕ་མ་རྣམས་གསོན་པོར་ས་འོག་ཏུ་སྦས་ཏེ། བྱིས་པ་ཚོར་བཙན་གྱིས་མེ་མདའ་མགོ་ལ་བཙུགས་ཏེ་ཞབས་བྲོ་འཁྲབ་བཅུགས་ཀྱང་། བོད་མི་ཚོས་རང་སྲོག་འཆོར་དགོས་ཐུག་ཀྱང་ཞབས་བྲོ་འཁྲབ་མེད། དེ་ལ་བརྟེན་ནས་བསད་པ། ལག་པ་བཅད་པ། རྐང་པ་གཏུབ་པ་སོགས་མང་པོ་བྱུང་ཡོད། ཡིན་ནའང་། བློ་བཟང་སེང་གེས་ཅིའི་ཕྱིར་བོད་མི་རིགས་ཁྱད་གསོད་བྱས་པ་རེད་དམ། ཅིའི་ཕྱིར་འོས་ཤོག་ཁོ་ནས་དོ་སྣང་གིས་ར་བཟི་བ་རེད་དམ། འདི་འདྲ་དབུ་ཁྲིད་ཅིག་གིས་བོད་མི་རིགས་ལ་བདེ་སྐྱིད་སྤྲོད་ཐུབ་བམ། ངས་བལྟས་ན་མི་འདི་ལ་དོལ་རྒྱལ་གྱིས་བྱིན་གྱིས་རླབས་མེད་འགྲོ་སྙམ། དོལ་རྒྱལ་གྱིས་བྱིན་གྱིས་རླབས་ན། བོད་མི་རྒྱལ་གཅེས་དཔའ་བོ་གྲོངས་ཏེ་བདུན་གཅིག་མ་འགོར་བར་གཞས་བཏང་ཞབས་བྲོ་འཁྲབ་ག་ལ་སྲིད། གནས་ཚུལ་འདི་བོད་ནང་དུ་ཁྱབ་ན། ཁོང་ཚོ་ཡིད་ཆད་ཀི་མ་རེད་དམ། ༧གོང་ས་ཆེན་པོས་གསན་ན། ཐུགས་ཡིད་ཆད་ཀི་མ་རེད་དམ།
༄། དཔལ་ལྡན་སྤྱི་འཐུས་ཚོགས་གཙོའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་བཀོད་སོང་།
དེ་ཡང་ད་ལམ་སྲིད་སྐྱོང་འོས་བསྡུའི་འགྲན་རྩོད་དང་བགྲོ་གླེང་
གི་ལས་འགུལ་དང་བྲེལ་ཟེང་གི་སྐབས་དེར་ཚོགས་གཙོ་མཆོག་ནས་ངལ་བ་དང་དུ་བླངས་དཀའ་བ་ཁྱད་དུ་སད་ནས་མཁའ་ལམ་རྒྱུད་ཝ་ར་ན་སི་བོད་ཀྱི་མཐོ་རིམ་སློབ་གླིང་ཁང་དུ་ཕེབས་པར་ན་གཞོན་སློབ་ཕྲུག་ཕོ་མོ་མང་པོ་ཞིག་ཡ་རབས་ཁམས་གཙང་གིས་གྱོན་གོས་ལུས་ལ་མཛེས་ཤིང་། གདོང་ནས་དགའ་ཞིང་འཛུམས་པའི་རྣམ་འགྱུར་གྱིས་ལག་གཉིས་ཀྱིས་དཀར་གཙང་གི་མཇལ་དར་མཐོན་པོར་བཏེགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་སོང་། དེ་ནས་ཚོགས་གཙོ་མཆོག་དངོས་སུ་སློབ་གླིང་དུ་ཕེབས་ཏེ་དཔེ་མཛོད་ཁང་དང་འཁོར་ཡུག་ལ་གཟིགས་རྟོགས་གནང་བ་དང་དེ་ནས་ཨ་ཏི་ཤཱའི་ཚོགས་ཁང་ནང་དུ་དགེ་ལས་སློབ་ཕྲུག་རྣམས་ལ་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱི་འགྲོ་སྟངས་དང་། ད་ལྟའི་ཆབ་སྲིད་ཀྱི་གནས་བབས། མ་འོངས་པའི་སྒྲིགས་འཛུགས་ཀྱིས་བྱེད་ཕྱོགས་འཆར་གཞི་ཁག་ལམ་སྟོན་གནང་སོང་བར་སྐབས་དེར་འདུས་པའི་དོན་གཉེར་ཅན་རྣམས་ནི་རི་དྭགས་སྒྲ་ལ་ཆགས་པ་བཞིན་བློ་རྩེ་གཅིག་ཏུ་སྒྲིམས་ནས་ནན་ཏན་གྱིས་དོ་སྣང་ཆེན་པོས་ཉན་བཞིན་པ་དེ་མཐོང་དུས་ཁོང་ཚོར་རེ་བ་གསར་པ་ཞིག་དང་། ཕུགས་བསམ་གསར་པ་ཞིག་སླར་ཡང་མངོན་པར་གསལ་བར་བྱས་སོང་།
ཝ་ན་བོད་ཀྱི་མཐོ་རིམ་སློབ་གླིང་དེ་བཞིན་འགོ་འཁྲིད་འོས་བསྡུའི་སྐབས་ཀྱི་འོས་ཤོག་འབྱུང་གཞིའི་གོམས་མཛོད་ལྟ་བུ་མིན་ཀྱང་། དེ་ནི་བོད་ཕྲུག་ན་གཞོན་སྐྱ་སེར་ཕོ་མོ་མང་པོ་བོད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་ནང་ཆོས་ཀྱི་ཤེས་ཡོན་སྦྱོངས་སའི་བལྟེ་ནས་ཞིག་ཡིན་པའི་ངོས་འཛིན་དང་མཐོང་ཆེན་གནང་དགོས་པའི་ར་སྤྲོད་གསལ་པོ་གནང་བ་ཞིག་རེད། འོ་ན་དེ་སྔོན་འདས་པའི་བྱུང་རིམ་ནང་བོད་མིའི་སྒྲིགས་འཛུགས་ཀྱིས་འགོ་འཁྲིད་འོས་མི་སུ་ཡང་ཕེབས་མྱོང་མེད་པ་དེ་རྒྱུ་རྐྱེན་གང་ཡིན་ང་ཚོས་གསལ་པོར་ཤེས་དགོས་པ་ཡིན།
ད་ལམ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཕེབས་ཐུབ་པ་དེ་ནི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་བཀོད་སོང་།
ད་བརྒྱ་ལ་བཤད་ཀྱང་ཆོལ་ཞེན་སྤངས་ནས་མི་རིགས་ཀྱི་ལ་རྒྱ་དང་༸གོང་ས་མཆོག་གི་དགོངས་གཞི་ཆེད་སྲིད་སྐྱོང་སྤེན་ཚེ་བཟང་། བོད་ཕྱི་ནང་གཉིས་ནས་མས་འཚིག་སྐབས། སྲིད་སྐྱོང་ལ་གཞས་གཏོང་རྒྱུའི་སེམས་དེ་གང་ནས་ཡོང་། བོད་འདི་ལས་ངན་རེད་གདའ།
མེས་
མི་ཟེར་བ་དེར། རང་བཞིན་གྱི་སེམས་ཚོར་དང་གོ་རྟོགས་ཤིག་མེད་ཚེ། འཁྲབ་སྟོན་ཙམ་གྱིས་ནམ་ཡང་ཁུངས་འཁྱོལ་དཀའ་ཞིང་སྐྱོན་མང་པོ་ལྷང་ལ་བུད་ཡོང་གི་རེད། ད་རེས་སྲིད་སྐྱོང་ལ་ཐུགས་ཁག་མི་འདུག མི་མང་གིས་ཞབས་བྲོ་འཁྲབ་ཡོང་དུས་ཁོང་གིས་ཀྱང་ཚོར་བའི་དབང་གིས་བརྗེད་སོང་བ་འདྲ།
ཚང་མས་ཤོད་ཤོག་དང་ཧར་བ་རེད། ཡག་ཕྱོགས་ནས་བཤད་ན་སྤྱི་ཚོགས་ལ་འགན་ཁུར་བའི་རྟགས་རེད་ཅེས་སྦྱར་ཆོག་གི་རེད།
རོ་ཐོག་ལ་ཞབས་བྲོ་འཁྲབ་པའི་སྲིད་སྐྱིང་ཞིག་དང་། ཁ་ཞེ་མི་མཚུངས་པའི་སྲིད་སྐྱོང་ཞིག ཁྲམ་དང་གཡོ་སྒྱུ་ལ་གོམས་པའི་སྲིད་སྐྱོང་ཞིག་ང་ལ་དུས་ནམ་ཡང་དགོས་པ་མེད་པས། རིན་ཐང་ལྡན་པའི་འོས་ཤོག་གཅིག་པོ་དེ་སྤེན་པ་ཚེ་རིང་ལ་འབུལ་རྒྱུ་སེམས་ཐག་གཙང་བཅད་ཡིན།
ཚོགས་གཙོས་གཏམ་བཤད་སྙིང་ཚིམས་པ་ཞིག་བྱས་མ་སོང་། ཡིན་ནའང་། ཁོང་ནི་ཁ་རི་ཁ་ཐུག་ཡིན་པ་དང་སྲིད་སྐྱོང་དེ་ལྟར་མིན་པའི་ཚོར་སྣང་སྟེར་སོང་།
གསུང་དང་ལེགས་མོ་གསུང་དང་བློ་བཟང་བསང་སྒྱེ་གསུང་དང་། དུས་དབང་གར་སོང་མི་འདུག་ཆབ་སྲིད་འཁྲབ་པ་མིན་ནམ། གསུང་དང་ལེགས་མོ་གསུང་དང་བློ་བཟང་བསང་སྒྱེ་གསུང་དང་། ཆིག་སྒྲིལ་གར་སོང་མི་འདུག་ཟློས་གར་འཁྲབ་པ་མིན་ནམ། གསུང་དང་ལེགས་མོ་གསུང་དངབློ་བཟང་བསང་སྒྱེ་གསུང་དང་། བདེ་ཆོས་གར་སོང་མི་འདུག་རྒྱང་ཕུད་བཏང་བ་མིན་ནམ། གསུང་དང་ལེགས་མོ་གསུང་དང་བློ་བཟང་བསང་སྒྱེ་གསུང་དང་། རྒྱལ་བ་བོད་ལ་གདན་ཞུས་གཞིས་བྱེས་མགོ་བསྐོར་མིན་ནམ། སྐུ་ལུས་མེ་ལ་བསྲེགས་དགོས་བསྐུལ་མ་བྱས་པ་མིན་ནམ། གསུང་དང་ལེགས་མོ་གསུང་དང་བློ་བཟང་བསང་སྒྱེ་གསུངས་དང་།
བོད་ཕྱི་ནང་གཉིས་ནས་བོད་མི་ན་གཞོན་གཉིས་ཀྱིས་བོད་རང་བཙན་གཙང་མའི་ཆེད་རང་སྲོག་མེར་བསྲེག་གནང་སོང་། འདི་ན་དབུ་མའི་ལམ་དུ་ཤར་བསྐྱོད་བྱེད་ཀྱི་ཡིན་ཟེར་མཁན་ཚོས་འོས་བསྡུའི་རྒྱལ་ཕམ་གྱི་ཆེད་དུ་ཁོང་རྣམ་གཉིས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱེད་བཞིན་འདུག ངོ་མ་ངོ་ཚ་ཟེར་བ་མི་འདུག ལས་འབྲས་ཟེར་བ་མི་འདུག
དངོས་འབྲེལ་ཁོང་རྣམ་གཉིས་ལ་དེ་ལྟར་གཅེས་ན་བོད་རང་བཙན་རྩོད་མཁན་ཚོ་དགྲ་བོ་རྒྱ་ནག་གཞུང་ལས་སྡུག་པ་ཡིན་པའི་ལྟ་ཚུལ་སྤེལ་མཚམས་ཞོགས་དང་།
དངོས་འབྲེལ་ཁོང་རྣམ་གཉིས་ལ་དེ་ལྟར་གཅེས་ན་བོད་རང་བཙན་རྩོད་དགོས་པའི་ཚེ་སྲོག་གི་རེ་སྐུལ་ལ་བདག་གཅེས་བྱོས་དང་།
ངོ་མ་ངོ་ཚ་ཟེར་བ་མི་འདུག འོས་ཤོག་གཅིག་གི་ཆེད་དུ་སྐུ་སྲོག་ཤོར་ཟིན་པའི་དཔའ་བོ་གཅིག་དང་། སྨན་ཁང་ན་ཤི་གསོན་གྱི་མཚམས་ན་ཡོད་པ་གཉིས་བེད་སྤྱོད་པ་འདི་ངོ་མ་དཔེ་མེད་ཀྱི་བྱ་བ་རྫབ་ཆེན་རེད་བསམ་གྱི་འདུག
དཱ་ད་ལོ་འོས་ཤོག་གི་ཆེད་དུ་གཏམ་འདྲ་མིན་བཟོས་སོང་། ཁ་སང་ཁོང་རྣམ་གཉིས་ནས་སྐུ་ལུས་མེར་བསྲེག་གནང་བ་དང་། རྒྱ་གཞུང་གིས་བཙན་བྱོལ་བོད་མིས་འོས་ཤོག་གི་ཆེད་དུ་བཟོས་པའི་གཏམ་འདྲ་མིན་དེ་ཚོ་ཧ་ཅང་ཁ་གསལ་པོའི་སྒོ་ནས་གཞིས་ལུས་མི་མང་ལ་བསྒྲགས་སོང་། རྒྱ་ནག་མི་མང་ལ་བསྒྲགས་སོང་། འགོ་གང་ནས་བཙུགས་སོང་། གནས་སྟངས་གང་འདྲ་ཆགས་སོང་། ད་དུང་རང་ཚོད་བཟུང་ཤེས་ཀྱི་མི་འདུག ངོ་མ་ངོ་ཚ་མེད་པ་རང་རེད།
ད་ལོ་བློ་སེང་སླར་ཡང་རྒྱལ་འགྱུར་ཅིག །
ཚོགས་གཙོས་ཡིད་ཆད་བཅུག་པ་མ་རེད་ཁྱོད་རང་རྨོངས་པས་རེད་ཧཧཧ
ད་རེད་སྲིད་སྐྱོང་རྣམ་གཉིས་ཀྱི་འགྲོ་གླིང་འདི་བཟང་སྤྱོད་རྣམ་པ་ིག་མཐོང་མ་སོང་ བློ་སེང་མཆོག་ནས་ཁ་ནས་བཟང་སྤྱོད་ཞེས་བཤད་ཀྱང་ཁ་བཤད་ལགས་ལྟར་རྩ་བ་ནས་ཐུབ་མ་སོང་ དེས་མ་ཚད་བློ་སེང་གྱི་སྦོརཤོག་དང་རྫིག་པོ་ཀྱང་ཀྱང་བཤད་ནས་སྲིད་སྐྱོང་འོས་མི་ང་ལས་ལྷག་མི་མེད་ཚུལ་དང་ང་ལ་འོས་བླུག་ཤོག་ཅེས་ངོ་ཚ་འཁྲེལ་མེད་འབའ་ཞིག་བཤད་སོང་ འོས་སློང་ཡས་ཀྱི་ཉམ་སྨྱོང་ཆ་ཚང་ཁྱེད་ལ་འདུག་ ད་དུང་བཤད་ཤོག་ཨ་
དྲི་བ་ཞིག་ལ་ སྐབས་སྔོན་མ་སྤེན་པ་ཚེ་རིང་རིང་སྲིད་བསྐྱོང་ནས་དགོངས་པ་ཞུས་པ་རེད་ དེ་དུས་བརྒྱུ་མཚན་དང་རྒྱབ་རྒྱང་ཅི་ཞིག་ཡོད་ན་ འོན་ཀྱང་ད་ལྟའི་རྒྱབ་རྒྱང་གཙོ་བོ་མི་ངན་ཟླ་བ་ཚེ་རིང་ཤོགས་ལག་རེད་བ་