ཉི་མ་ཚེ་རིང༌།
༡
ཕྱི་ལོ་ ༢༠༠༨ ལོར། དགེ་འདུན་པ་ཚོ་མདུན་དུ་མཆོང་ནས་བདེན་པ་བསྒྲགས།
དེ་དུས་ཀྱི་གྲྭ་པ་ཚོས། མི་རིགས་ཤིག་གི་རེ་འབོད་བསྒྲགས།
དེ་དུས་ཀྱི་གྲྭ་པ་ཚོས། མངོན་འདོད་ཅིག་གི་ཕྱི་ནང་བསྟན།
དེ་དུས་ནས་བཟུང༌། དད་སེམས་ཀྱི་ཀློང་ཡངས་པོ་ན།
གྲྭ་པ་ཚོ་ས་ཡ་དྲུག་གི་སེམས་ཀྱི་དཀྱིལ་ལ་ལྷུང༌།
ཕྱི་ལོ་ ༢༠༡༠ ལོར། དགེ་འདུན་པ་ཚོ་མདུན་དུ་མཆོང་ནས་མང་ཚོགས་བསྐྱབས།
ཁ་སང་དེ་རིང༌། བོད་ཀྱི་དགེ་འདུན་པ་ཚོ་སྐྱེ་རྒུ་མདོའི་ཐལ་རྡུལ་ཁྲོད་ན་ཡོད།
ཁ་སང་དེ་རིང༌། དགེ་འདུན་པ་ཚོས་དད་ལྡན་མང་ཚོགས་ཀྱི་ཚེ་སྲོག་སྲུང་ནས་ཡོད།
ཁ་སང་དེ་རིང༌། ཆོལ་ཁ་གསུམ་པོའི་སེམས་དང་ལག་པ་སྐྱེ་རྒུ་མདོར་བསྲིངས་ཡོད།
རྒད་པོ་ལོ་ལོན་ཞིག་གིས་འདི་ལྟར་ཟེར།
གསོལ་བ་སྨོན་ལམ་འདེབས་ཡུལ་གྱི་སྐྱབས་གནས་ཚོ།
དུས་ཚོད་ཏག་ཏག་ལ་ཕེབས་སླེབས་སོང་ཟེར།
འདི་ཚོས་འདི་ཕྱི་གང་དུའང་མི་བསླུ་ཟེར།
༢
ཕྱི་ལོ་ ༢༠༠༨ ལོར། སྲིད་གཞུང་གི་དམག་མིས་བོད་པ་མང་པོ་བསད། བོད་པ་མང་པོ་རྨས།
དེ་དུས་ཀྱི་དམག་མི་ཚོས། མེ་མདའི་རྩེ་གྲི་གཏད་ནས་བོད་པའི་གདོང་བཀག
དེ་དུས་ཀྱི་དམག་མི་ཚོས། མེ་མདའ་འདི་བོད་པ་ཚོ་གསོད་བྱེད་ཡིན་ཅེས་བཤད།
དུས་དེ་ནས་བཟུང༌། དམག་མི་ལ་བརྩེ་བ་ཡོད་པར་བཤད་ན།
སུ་གང་ཡང་ཡིད་ཆེས་མི་ཐུབ་པ་ཞིག་ཏུ་གྱུར།
གཤིན་རྗེའི་ལས་མཁན་ཁྱུ་གཅིག་ཏུ་བལྟས།
ཕྱི་ལོ་ ༢༠༡༠ ལོར། སྲིང་གཞུང་གི་དམག་མིས་བོད་པ་ཚོ་བསྐྱབས། ཚེ་སྲོག་གང་མང་བསྐྱབས།
ཁ་སང་དེ་རིང༌། དམག་མི་བྱམས་སེམས་ཅན་ཡང་ཡོད་པ་མཐོང་མགོ་ཚུགས།
ཁ་སང་དེ་རིང༌། དམག་མི་ཚོས་མང་ཚོགས་སྐྱོབ་ཀྱིན་ཡོད།
ཁ་སང་དེ་རིང༌། དམག་མི་ཚོས་མང་ཚོགས་ལ་ལག་པ་གཏོང་གི་ཡོད།
རྒན་མོ་ལོ་ལོན་ཞིག་གིས་འདི་ལྟར་ཟེར།
ས་ཡོམ་ལ་སྐྲག་གི་འདུག ད་དུང་དམག་མི་མཐོང་ནའང་སྐྲག་གི་འདུག
ཡིན་ནའང༌། འདི་ཚོ། ༢༠༠༨ ལོའི་དམག་མི་དང་འདྲ་གི་མི་འདུག
འདི་ཚོའི་ལག་ན་མེ་མདའ་མི་འདུག་ཟེར།
འདི་ཚོས་ཅ་ལག་འཕྲོག་གི་མི་འདུག་ཟེར།
ཡུས་ཧྲུའུ་ཁུལ་རྫ་སྟོད་རྫོང་རྫོགས་ཆེན་དགོན་པའི་སྤྲུལ་སྐུ་ཀརྨ་འཕྲིན་ལས་ལགས་ཀྱིས་ཡུས་ཧྲུའུ་གནོད་ཐེབས་ས་ཁུལ་ལ་སྒོར་མོ་ས་ཡ་གཅིག་དང་རིན་གོང་སྒོར་འབུམ་ལྔ་ལྷག་གི་དངོས་རྫས་ཉོས་ནས་དེ་རིང(ཚེས20)ཕྱི་དྲོ་ཟི་ལིང་བརྒྱུད་དེ་ཡུས་ཧྲུའུ་ལ་འགྲོ་བར་གྲ་སྒྲིག་བྱས་ཡོད་པ་དང་།འགྲོ་ཁར་རང་རེའི་ལས་ཁུངས་ཀྱི་གསར་འགོད་པའི་རེ་བ་ལྟར་ལེ་ཚན་ཐད་གཏོང་ཁང་དུ་ཡོང་ནས་ཁམས་སྐད་ཀྱིས་མགོ་འཛིན་པ་དང་མཉམ་དུ་གནོད་ཐེབས་མང་ཚོགས་ལ་སེམས་གསོའི་ཚུལ་དུ་ཁ་བརྡ་མང་པོ་བྱས།
འོ་གུ་ར་རྫ་ལགས། ངོ་སོ་རེ་བསྟོད་ཀརྨ་ཕྲིན་ལས་ལགས། ཡིན་ན་ཡང་ཉམས་ཐག་དེ་ཚོ་ལ་བཀོད་སྒྲིགས་ལེགས་པོ་ཡོད་པ་ཞིག་གིས་སྦྱིན་མ་ཐུབ་ན་རྒྱ་གཞུང་དགའ་བའི་ཁྱབ་བསྒྲིགས་གཅིག་པུ་སོང་ན་ཤ་མི་ལ་མེད་པ་ཤ་ཁུ་ཆུ་ལ་མེད་པ་གཅིག་ཟེར་བ་བཞིན་འགྱུར་གི་འདུག་གདའ། བག་ཡོད་པར་གྱིས་་་
ད་གང་འདྲ་བྱས་ནས་དགའ་གི་རེད་ཕོ་ཤི་རེ་ངོ་མའི་ཡིད་སྐྱོ་ནི་ཞིག་རེད་ཡ།
ཨོ་དྲ་གྲོགས་རྣམས་ངའི་དེ་རིང་གོ་བ་ལ་གསེར་རྟ་བླ་རུང་སྒར་ཀྱི་མཁན་པོ་བསོད་དར་རྒྱས་ཀྱི་དབུ་ཁྲིད་འོག་བླ་གྲ་མང་པོ་ཞིག་ས་ཡོམ་ཀྱི་གནས་དེར་སྐུ་དངོས་སུ་ཕེབས་ནས་གོར་ཁྲི་སུམ་བརྒྱ་དང་ཟས་རིགས་དང་གོས་རིགས་སོགས་གོར་འབུམ་མང་པོས་ཉོས་ནས་རོགས་སྐྱོར་ཧ་ཅིང་གི་ཆེན་པོ་གནང་ཡོད་པའི་གསར་འགྱུར་འདུག་པའི་དངོས་གནས་ཡག་པོ་རེད་སྐུ་ཚེ་ལ་བར་ཆད་མི་འོང་བར་ཤོག