བསྟན་འཛིན་རྣམ་དག་གིས་ཡིག་གཏགས་བྱས།
༄༅། །དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་ཤག་རྒྱས་མཆོག་ལ།
ཆེད་ཞུ། ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༥ ཉིན་བཀའ་ཤག་གི་དངོས་དོན་གསལ་བཤད་ཅེས་པའི་གསར་འགོད་གསལ་བསྒྲགས་ཤིག་འཛིན་སྐྱོང་དྲུང་ཆེ་གསུམ་ལ་ཆེད་དམིགས་སྤེལ་བཅུག་འདུག་པ་དེའི་ཐོག་གསལ་བཤད་དང་དོགས་འདྲི་ཁག་ཅིག་ཞུས་པར། བཀའ་དྲུང་ཡིག་ཚང་ནས་ཕྱི་ལོ་ ༢༠༡༦།༢།༡༧ འཁོད་གནས་སུ་ཟླ་འདིའི་ཟླ་མཇུག་ཙམ་ལ་བཀའ་བློན་མང་ཆེ་བ་ཕེབས་འཛོམས་བྱུང་བསྟུན་བརྡ་ལན་གནང་འཐུས་ཞེས་གསལ་དོན་ལྟར་ཟླ་ཕྱེད་ལྷག་ཅིག་ལ་ངང་སྒྲུག་ཞུས་མཐར། ཕྱི་ལོ་༢༠༡༦།༢།༢༦ ཉིན་གཞི་ནས་བཀའ་ཤག་གི་བཀའ་ལན་གནང་འབྱོར་བྱུང་ཡང་། དེའི་ནང་ཚུལ་མཐུན་དང་འགན་ཁུར་ཡོད་པའི་དོན་གནད་གང་ཡང་འཁོད་མེད་པའི་ཐོག གསལ་བཤད་ཡིག་ཆ་དེར་ཁ་ཡིག་འདྲ་མིན་བཟོས་ཏེ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཕལ་ཆེ་བའི་རྒྱ་ཁྱབ་འགྲེམས་བསྒྲགས་བྱེད་སྟངས་ལ་བལྟས་ན། ཡིག་ཆ་དེའི་དགོས་དམིགས་འོས་བསྡུའི་ཁེ་ཕན་ཆེད་བེད་སྤྱོད་བྱེད་བཞིན་པ་གསལ་པོ་ཡིན་ལ། དེའི་གོང་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་ལགས་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དཔྱད་གླེང་ལེ་ཚན་དང་། ནེའུ་ཡོག་སོགས་སུ་མང་ཚོགས་ལ་གསུང་བཤད་གནང་སྐབས། གསལ་བཤད་ཟེར་བ་དེའི་དོན་གནད་ཐོག་དཀྲོགས་རྐྱེན་འགྲོ་གཞིའི་དགོས་མེད་གསུང་མོལ་མང་དག་ཅིག་གནང་འདུག་པ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ནས་བལྟས་ཚེ། སྤྱི་འཐུས་ཚོགས་གཙོ་ལས་ཐོག་པ་ཞིག་དང་། སྲིད་སྐྱོང་གི་དངོས་གཞིའི་འོས་མི་ཞིག་ལོ་རྒྱུས་ཐོག་ནག་མེད་ཉེས་འགེལ་གྱིས་རྩ་མེད་བཟོ་ཐབས་འབའ་ཞིག་ཡིན་པ་མ་ཟད། སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་ཁོང་ཉིད་ལ་འོས་ཐོབ་ཆེད་དུ་སྡིག་པ་མིག་བཙུམ་གནང་བཞིན་པ་ཞིག་ལ་ངོས་འཛིན་ཞུ་རྒྱུ་ལས་མ་འདས་ཤིང་།
དེ་ལྟར་མང་ཚོགས་དང་སྒྲིག་འཛུགས་ལ་མུ་མཐུད་མགོ་སྐོར་གཏོང་དུ་བཅུག་པ་དང་། དཀར་ནག་ཕྱིན་ཅི་ལོག་པའི་བསྙོན་འཛུགས་དེ་རིགས་མུ་མཐུད་ཁུ་སིམ་མེར་འཇོག་ཐབས་མེད་པས། གཤམ་གསལ་གནད་དོན་རྣམས་གསལ་སྟོན་བྱེད་དགོས་ངེས་ཆགས་ཡོད།
༡ དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་བའི་སྐོར་ལ། ཕྲན་གྱིས་ཨ་རིའི་མི་ནི་སོ་ཊར་བོད་རིགས་མི་མང་ལ་གཏམ་བཤད་སྐབས་དྲིས་ལན་བཏབ་པ་དེ་ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༦ དང་། ༢༧། ༢༨ བཅས་ཀྱི་སྐོར་བཤད་ཡོད། བཀའ་ཤག་གི་གསལ་བསྒྲགས་སྔ་རྗེས་དང་། དེ་བཞིན་ཐེངས་འདིའི་བཀའ་ལན་དུ་ཕྱི་ཚེས་ ༢༩ དང་ ༣༠ ཁོ་ན་གསུངས་ཡོད། དེ་ནི་རྦད་དེ་གཞི་མཐུན་མེད་པའི་གནད་དོན་ཁ་ཁ་ཡིན། བཀའ་ཤག་ནས་ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༦ དང་། ༢༧། ༢༨ བཅས་ཀྱི་སྐོར་མཁྱེན་རྟོགས་མེད་ལུགས་གསུངས་པ་བདེན་ན། ང་ནག་པོ་བཟོ་རྒྱུའི་གསལ་བསྒྲགས་དེ་སྤེལ་དགོས་པའི་རྒྱུ་མཚན་གང་ལ་ཐུག་པ་ཡིན་ནམ། སོ་སོར་འབྲེལ་བ་མེད་པ་ཞིག་དང་སོ་སོས་མ་མཁྱེན་པ་ཞིག་གིས་གཞན་གྱི་བཤད་སྟངས་ལ་དཔྱད་སྡོམ་ཇི་ལྟར་གནང་ངམ། ཆོས་རིག་བཀའ་བློན་ཕྱི་ཟླ་ ༨ ཚེས་ ༢༧ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་དུ་བཅར་བ་དེ་སྲིད་སྐྱོང་གིས་མཁྱེན་གྱི་མེད་པ་རེད་དམ། བཀའ་བློན་གྱིས་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྣམ་པར་དུས་དབང་སྐོར་གྱི་གསུང་མོལ་གང་གནང་བ་རྣམས་བཀའ་བློན་སྐུ་སྒེར་གྱི་ཐོག་ནས་གནང་བ་ཞིག་ཡིན་ནམ། སྲིད་སྐྱོང་གིས་དེའི་སྐོར་མཁྱེན་གྱི་ཡོད་ན་བཀའ་ཤག་ལྷན་རྒྱས་ལ་སྙན་གསན་ཞུས་ཡོད་དམ་མེད། བཀའ་ཤག་ལྷན་རྒྱས་ནས་མཁྱེན་གྱི་མེད་གསུངས་པ་བདེན་ན། གསལ་བསྒྲགས་དེའི་བརྗོད་དོན་ཆ་ཚང་བཀའ་ཤག་ལྷན་རྒྱས་ཀྱི་དགོངས་ཚུལ་ཡིན་གསུངས་པ་དེ་ནང་འགལ་མིན་ནམ། སྦས་པའི་དམིགས་ཡུལ་མེད་ན་དུས་འཁོར་དབང་ཆེན་ཕྱིར་འགྱངས་ཀྱི་ཐག་གཅོད་གནང་ཟིན་པ་དེའི་གསལ་བསྒྲགས་བཀའ་ཤག་གི་མཚན་ཐོག་ནས་གནང་ཆོག་པའི་ཨུ་ཚུགས་བསྐྱོན་ཏེ་མཛད་དཀའ་བཟོ་དགོས་དོན་ཡོད་དམ།
༢ སྐུ་ཚབ་དོན་གཅོད་ཁག་གི་མཚན་གནས་ཕྱིར་བསྡུ་གནང་བཞེད་སྐོར་ལ། བཀའ་ཤག་ནས་ངའི་ཀུན་སློང་དང་ཀུན་སྤྱོད་ལ་དྲི་རྟགས་བཀོད་པ་ཞིག་མིན་ཞེས་པ་བདེན་ན། བཀའ་ཤག་གི་དངོས་དོན་གསལ་བཤད་ཅེས་པའི་ནང་། རང་ཉིད་དང་འབྲེལ་བའི་དགོས་དོན་ཞིག་གི་ཆེད་དུ་གལ་འགངས་ལྷག་པར་ཆེ་བའི་གནད་དོན་ཞིག་དང་འབྲེལ་བའི་གནས་ཚུལ་ཐོག་འགྲེལ་བརྗོད་ལོག་པ་གནང་ཡོད་པ་ནི། མང་ཚོགས་དང་སྒྲིག་འཛུགས་ལ་འགན་འཁུར་མ་གནང་བ་ཞིག་ཡིན་ཞེས་པ་འདི་ཅི་ཡིན་ནམ། ཡོངས་གྲགས་ཆགས་ཟིན་པའི་གནད་དོན་དེ་གླེང་སློང་བྱས་པ་ཙམ་ལ། རང་ཉིད་དང་འབྲེལ་བའི་དགོས་དོན་ཞིག་གི་ཆེད་དུ་ཞེས་ངའི་ཀུན་སློང་དང་དམིགས་ཡུལ་ལ་འདི་ལྟའི་ཚོད་དཔག་དང་དམའ་འབེབས་བྱེད་དོན་གང་ལ་ཐུག་གམ། བདག་གིས་དངོས་དོན་ཇི་མ་ཇི་བཞིན་བཤད་ན་འགྲེལ་ལོག་ཆགས་ཀྱི་ཡོད་ཚེ། གནད་དོན་དེའི་ཐོག་འགྲེལ་བརྗོད་ལོག་པ་གང་དང་གང་བྱས་ཡོད་དམ། མང་ཚོགས་ནང་དོགས་སློང་བྱས་པའི་གནད་དོན་ཞིག་ཤེས་བཞིན་དུ་མ་བཤད་པར་བསྡད་ན་མང་ཚོགས་ལ་མགོ་སྐོར་ཆགས་ཀྱི་ཡོད་དམ་མེད། ཡང་ན་གནད་དོན་ཇི་མ་ཇི་བཞིན་བཤད་པ་དེ་མང་ཚོགས་དང་སྒྲིག་འཛུགས་ལ་འགན་མ་འཁུར་བ་ཞིག་ཆགས་ཀྱི་ཡོད་དམ་མེད། ད་དུང་བཀའ་ལན་རྗེས་མའི་ནང་། འགན་ཡོད་ལས་ཀྱི་སྣེ་མོ་བ་སུ་ཐད་ནས་དེའི་སྐོར་གང་སར་གླེང་སློང་དང་རྟོག་དཔྱོད་བྱ་རྒྱུ་འོས་འཚམས་མིན་ཞེས་པ་རྒྱུ་མཚན་ཅི། སྲིད་སྐྱོང་འོས་མི་ཞིག་གིས་སྐད་ཆ་གང་ཞིག་བཤད་ཆོག་མིན་བཀའ་ཤག་ནས་བཀའ་འཁྲོལ་ཆོག་མཆན་ཞུ་དགོས་གསུང་གི་ཡོད་དམ། འདི་ལྟར་བདག་མང་ཚོགས་དང་སྒྲིག་འཛུགས་ལ་འགན་འཁུར་མི་བྱེད་མཁན་གྱི་ཐ་ཤལ་བ་ཞིག་ཏུ་ངོས་འཛིན་གནང་སྟེ་གཞུང་འབྲེལ་གསལ་བསྒྲགས་ཟིན་པ་དེའང་གསུངས་མེད་ཚུལ་མངོན་སུམ་ལ་བསྙོན་པ་ཤིན་ཏུ་ནས་མ་འོས།
༣ དངོས་དོན་གསལ་བཤད་ཟེར་བའི་ནང་། སྲིད་སྐྱོང་འོས་མི་ཞིག་གིས་སྐབས་བཅུ་བཞི་པའི་བཀའ་ཤག་གི་ལས་དོན་ལ་སྐྱོན་བརྗོད་དང་གཟུགས་མེད་གྲིབ་བཟོ་མང་དག་ཅིག་གནང་བཞིན་ཡོད་ཅེས་བསྒྲགས་འདུག་པ་དེར་ངེས་ལེན་གཏན་ནས་མེད་ཅེས་ཚོར་ཤུགས་ཆེན་པོའི་ཐོག་ནས་བརྗོད་རྒྱུ་ཡིན། དེ་ལས་ལྡོག་སྟེ། སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་ལགས་ནས་བརྙན་འཕྲིན་དང་། མང་ཚོགས་འདུ་འཛོམས་སར་གནད་དོན་ཁག་མང་པོ་ཞིག་གི་ཐོག་འགན་འཁུར་མེད་པའི་འཁྱོག་བཤད་དང་། དཀར་ནག་གོ་ལྡོག བཅོས་མ། རྟོག་བཏགས་ཀྱི་རྫུན་སྒྲུང་། བདག་ལ་གཞི་མེད་སྒྲོ་སྐུར་དང་། དངོས་བདེན་མིན་པའི་སྐྱོན་འཛུགས་ཇི་སྙེད་ཅིག་གནང་འདུག་པ་དེ་དག་བརྒྱུད་ལམ་གཞན་ནས་ཐེར་འདོན་ཞུ་རྒྱུ་དང་། བདག་གིས་སྙན་ཞུ་སྔ་མའི་ནང་ལྷག་བསམ་རྣམ་དག་གིས་གཞེན་སྐུལ་ཞུས་པ་དེ་ད་དུང་ཡང་བཀའ་ཤག་ལྷན་རྒྱས་ནས་ཐུགས་སྣང་ཡོང་བའི་ནན་སྐུལ་ཞུ་རྒྱུ། དེ་མིན་བོད་དོན་འཐབ་རྩོད་ཀྱི་སྲོག་གི་ཀ་བ་གནས་སའི་བཀའ་ཤག་འདི་གང་ཟག་སྒེར་གྱི་དབང་ཤེད་འོག་ཆུ་སྣ་གར་ཁྲིད་ཆགས་ན། བོད་སྤྱི་ལ་གྱོང་གུན་གསབ་ཐབས་མེད་པ་བཟོ་ཉེན་ཡོད།
༤ སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་ལགས་ནས་ད་དུང་བརྙན་འཕྲིན་དང་། མང་ཚོགས་འདུ་འཛོས་སར་ཕྲན་ལ་གྲོས་ཚོགས་སུ་ལག་དམར་གྱི་ནག་མེད་ཉེས་འཛུགས་བྱས་པའི་སྐོར་ལའང་ཡོངས་བསྒྲགས་ཐོག སྐད་ཆ་རྙིང་པ་དེ། ཁུངས་སྐྱེལ་རྒྱུ་ཁག་པོ་རེད་ཅེས་གསུངས་པ་ནི་དེ་བས་ཀྱང་བཟོད་བསྲན་བྱེད་ཐུབ་པ་ཞིག་མིན། དེའི་སྐོར་གྲོས་ཚོགས་སུ་ཕྲན་ལ་ནག་མེད་ཉེས་འཛུགས་བྱས་མ་ཐག་པའི་ཕྱི་ལོ་ ༢༠༡༥།༣།༢༦ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་སྐྱོང་དང་ཕྲན་གཉིས་ཕེབས་བསུ་ལྷན་བཅར་སར་གྷ་གྷལ་གནམ་ཐང་དུ་གནད་དོན་དེ་བཀའ་ཤག་ནས་གཙང་བཟོ་དགོས་པའི་བཀའ་ཕེབས་ཡོད་པ་དང་། ཕྲན་ནས་ཀྱང་ ༢༠༡༥།༤།༡༥ ཉིན་འཕྲལ་དུ་གཙང་བཟོ་གནང་ཐབས་ཡོང་བ་ཞེས་སྲིད་སྐྱོང་གིས་དབུས་པའི་བཀའ་ཤག་ལྷན་རྒྱས་ལ་ཡིག་ཐོག་སྙན་སྐུལ་ཞུས་ཡོད། ཡིན་ནའང་སྲིད་སྐྱོང་དང་བཀའ་ཤག་ནས་ད་བར་གནད་དོན་དེ་བདག་མེད་བསྐྱུར་འཇོག་གནང་བ་མ་ཟད། དེ་ལས་ལྡོག་སྟེ་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ནས་ཁུངས་སྐྱེལ་ཁག་པོ་ཡིན་ཚུལ་མང་ཚོགས་ནང་མངོན་སུམ་སྦིར་སྒྲོགས་གནང་བའི་དམིགས་ཡུལ་གང་ཡིན་ནམ། སྐད་ཆ་འདི་བཀའ་ཤག་ལྷན་རྒྱས་ནས་ཞིབ་འཇུག་གནང་བའི་གྲུབ་དོན་ཡིན་ནམ། ཡང་ན་སྲིད་སྐྱོང་གི་འོས་གཞིར་སླེབས་པའི་བློ་བཟང་སེང་གེ་ལགས་སྐུ་སྒེར་ནས་དགོས་པ་རྒྱུ་མཚན་གང་གི་སྒོ་ནས་གསུངས་པ་ཡིན་ནམ། སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་ལགས་སུ་གནས་ཚུལ་དེ་ཁུངས་སྐྱེལ་ཁག་པོ་ཡིན་པའི་སྒྲུབ་བྱེད་གང་ཡོད་དམ། འདི་ནི་སྲིད་སྐྱོང་འོས་མིའི་འོས་ཆོས་དང་ཐད་ཀར་འབྲེལ་བ་ཆགས་པའི་གནད་དོན་ཞིག་ཡིན།
༥ སྤྱིར་ན་མི་དཀར་ལ་ཞྭ་ནག་གཡོགས་པ་དང་། ཉེས་མེད་ཉེས་འཛུགས་ཀྱི་རྩོད་པ་འདི་རིགས་ཁྲིམས་དང་སྒྲིག་གཞིའི་ཐོབ་ཐང་ལོངས་སུ་སྤྱད་དེ། བདེན་རྫུན་ཤན་འབྱེད་གནང་དགོས་པ་ཞིག་ཡིན་ཡང་། འོས་བསྡུའི་དུས་ཚེས་ཉེ་བར་གཏུགས་ཏེ་ལས་རིམ་ཐོག་དོ་ཕོག་འབྱུང་ཉེན་ཆེ་སྟབས། བདག་གིས་རང་མིན་མང་ཚོགས་ནང་གནད་དོན་འདི་དག་གཙང་མ་གཙང་རྐྱང་དང་། གསལ་བོ་གསལ་རྐྱང་བཟོ་གཏན་འཁེལ་ཡོད་ན། དེ་ལས་བྱུང་བའི་འགན་འཁུར་ཡོངས་རྫོགས་དཔལ་ལྡན་སྲིད་སྐྱོང་དང་འབྲེལ་ཡོད་བཀའ་བློན་རྣམ་པས་བཞེས་དགོས་པ་བཅས་དེ་དོན་དགོངས་དབྱིངས་སུ་རྣམ་མངའ་མཁྱེན་ཞུ། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གིས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡ ལ་
ཕུལ།
ངོ་བཤུས།
དགའ་ལྡན་ཕོ་བྲང་ཡིག་ཚང་།
ཆེས་མཐོའི་ཁྲིམས་ཞིབ་ཁང་།
དབུས་འོས་བསྡུ་ལས་ཁང་།
ད་ཡིན་ན་དགའ་ལྡན་ཕོ་བྲང་ནང་གི་ལས་བྱ་ཅིག་གི་རྒྱུད་ནས་སྤེན་ཚེ་ལ་གནས་ཚུལ་སྐྱལ་ཡོད་པས་སུ་ཡིན་ནམ། དེ་རྩད་བཅད་ན་ཡག་པོ་ཡོད་རེད། ཡང་མིན་ན་སྤེན་ཚེ་ནས་ཁུངས་སྐྱེལ་ན་དགའ་མིན་འགྲོ།
ཡི་གེ་འདི་དངོས་གནས་ཡིན་ཚེ། བཀའ་སྤྱི་གཉིས་བར་གྱི་རྙོག་གླེང་ཆེན་པོ་ཞིག་ཏུ་འགྱུར་ངེས་རེད་སྙམ།
རྙོག་གླེང་ཆེན་པོ་འདི་མ་བྱུང་སྔོན་ལ་ཞི་འགྲིག་ཡོང་ཐབས་འབད་ན་ལེགས་པས།ཆ་ཚང་གིས་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན། བོད་མི་ཆིག་འབུམ་ལྔ་ཁྲི་ལས་གྲུབ་པའི་སྐྱབས་བཅོལ་གཞུང་ཞིག་གི་སྲིད་སྐྱོང་རྐུབ་སྟེགས་ཀྱི་འཕྲོག་རྩོད་འདིས་བོད་ནང་གི་གཞི་ལུས་མི་དམངས་རྣམས་དང་།རང་ལུས་མེ་བསྲེགས་གནང་སྟེ། རང་སྲོག་ཤོར་བ་རྣམས་ཀྱི་སེམས་སུ་ཡི་ཐང་ཆད་པའི་ས་བོན་འདེབས་བཞིན་པ་ལས། སེམས་ཤུགས་འཕར་སྤྱད་ཞིག་སྤྲོད་ས་མ་རེད། ཨང་དང་པོ་དྲ་ཐོག་ནས་ཡི་གེ་འདི་ཕྱིར་འཐེན་གནང་ན་ལེགས་སྙམ།
སྲིད་སྐྱོང་བློ་སེང་གིས་རྒྱབ་སྐྱོར་བ་ཚོས་ཡིག་དེ་དབྱིན་ཡིག་ནང་འགྱུར་ན་མ་གཏོགས་བློ་སེང་གིས་བོད་ཡིག་གི་གོ་དོན་དེ་རྟོགས་རྒྱུར་ལོ་བརྒྱ་འགོར་གྱི་རེད་།
རྒྱ་དངུལ་ལེན་མཁན་བློ་སེང་༧གོང་ས་མཆོག་དུས་ངོ་ཚ་ཡི་མེད་པ་པེ་རེད་།
འདིའི་ནང་ལ། སྐད་ཆ་གསར་པ་གང་ཡང་མི་འདུག དྲི་བ་གསར་པ་གང་ཡང་མི་འདུག སྲིད་སྐྱོང་བཀའ་ཤག་གིས་འགནའཁྱེར་དགོས་པ་ཡང་མཐོང་མ་སོང་ཡང་། ད་དུང་རྩོད་ཅིག་ཀྱེེ།
གནམ་མཁའ་ལགས་བློ་སེང་གི་སྐྱག་རྫུན་རི་ལྟར་བཤད་ནས་རྫུན་དང་འཕྲམ་པའི་འཁོར་ལོ་བསྐོར་བཞིན་པར་དངོས་ཡོད་གནས་ཚུལ་གསལ་བཤད་བྱས་པར་གསལ་བཤད་དེ་མང་ཚོགས་ཀྱི་མ་ཤེས་པ་བཟོ་དགོས་ཨེ་། ཧཧཧ་
དངོས་ཡོད་བདེན་རྫུན་དབྱེ་མཁན་གླུ་པ་དང་རྒྱུ་སྩལ་བ་ཞིག་ཡིན་ན་བློ་སེང་གི་བྱ་སྤྱོད་དེ་ཚོ་ངོ་སྤྲོད་ཀྱིས་སྐྱོ་གླུ་ཞིག་ལེན་དགོས་ས་རེད་འདའ་།
ཀརྡོ་གཉེར་ཕྱག་།
སྨན་བཟའ་རྒྱུ་བརྗེད་འདུག།་ ལྟོ་གོད་གང་འདྲ་ཡོད་། སེམས་པ་སྐྱིད་པོ་བྱེད་།
ད་ལྟ་ང་ཚོ་ཚང་མ་ཞེན་ཁོག་གནང་ཡ་དུས་ཚོག་ཅིག་མ་རེད། ཛ་དྲག་ཅིག་གི་སྒང་ལ་སླེབས་འདུག གནས་སྟངས་ཕྱོགས་ཡོངས་ལ་དགོངས་པ་གནང་རོགས། འོག་གི་གནས་ཚུལ་འདི་དུས་བབ་ནས་དྲངས་པ་ཡིན། ཚང་མ་ཀློག་འདོད་ན་འོག་གི་དྲ་ཚིགས་དེ་རེད།
སྤྱི་ཡོངས་ཀྱི་ཐོག་ནས་ཉེན་ཁ་ཆེ་ཤོས་ཟེར་ན་འདྲ། ཛ་དྲག་ཤོས་འདྲ་བོ་དེ་ག་རེ་མཐོང་སོང་ཟེར་ན། སྔོན་མ་རིན་པོ་ཆེ་ཡིན་པའི་ཁ་ཐུག་ལ་འོག་གི་སྲི་ཞུ་ལས་བྱེད་དེ་ཚོས་སྒང་ལ་བརྩི་བཀུར་དང་སྒང་ནས་འོག་ལ་མཐོང་དང་ཆ་འཇོག་ཡག་པོ་ཡོད་པ་རེད། གངས་ཅན་སྐྱིད་གཤོངས་དེ་ཚ་སོབ་སོབ་འདྲ་བོ་ཞིག་ཡོད་པ་རེད། ད་ལྟ་དྲོད་དེ་ཧ་ལམ་ཡལ་བསྡད་པ་འདྲ་བོ་ཞིག་དང་ཚང་མ་ཉོབ་བསྡད་པ་འདྲ་བོ་ཞིག་ཆགས་ཀྱི་འདུག དེ་གཅིག་རེད།
http://tibettimes.net/%E0%BD%82%E0%BD%9E%E0%BD%BC%E0%BD%93%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A4%E0%BD%BA%E0%BD%A6%E0%BC%8B%E0%BD%A1%E0%BD%BC%E0%BD%93%E0%BC%8B%E0%BD%82%E0%BE%B1%E0%BD%B2%E0%BC%8B%E0%BD%81/
ཀརྡོ་དང་བློ་སེང་གཉིས་དེང་སང་། རླུང་རྟ་དར་བའི་སྒང་ལ་ཡིན་པ་འདྲ། ཧ་ཧ། ཧོ་ཧོ།། །།
ཕྲན་གྱིས་གོང་གི་མཆན་དེ་འབྲི་དོན་ནི། བཀའ་སྤྱི་གཉིས་ཀྱི་བར་དམག་འཁྲུག་རྒྱག་པའི་དུས་སུ་སླེབས་ལ་ཉེ་བ་འདྲ་བོ་ཞིག་མཐོང་སོང་བས་ཡིན། ངས་སྲིད་སྐྱོང་འོས་མི་གཉིས་ཀར་རྒྱབ་སྐྱོར་ཡང་མེད་ལ། གཞི་མེད་སྐྱོན་འཛུགས་ཀྱང་བྱེད་ཀྱི་མེད། ཡིན་ཡང་དེ་རིང་གི་ཡི་གེ་འདི་མཐོང་དུས། ༡༩༨༨/༨༩བར་དེ་ཙམ་ཞིག་ལ། ཐེ་ཝན་གྱི་ཕོག་ཟའི་སྐོར་ནས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་སྤེ་གཞི་ཆགས་གྲོང་སྡེ་བཞི་བའི་ཀུན་བཟང་བླ་མ་ཟེར་བ་ཞིག་གིས་རྙོག་སློང་བཟོས་ཏེ། རྡ་སའི་བཀའ་ཤག་ཡིན་ནམ་སྤྱི་འཐུས་ལྷན་ཁང་ཡིན་ནམ་གང་ཡིན་གསལ་བོ་ཞིག་དྲན་མ་སོང་མོད།གང་ལྟར་དེ་གཉིས་གང་རུང་གི་ལས་ཁུང་སྒོ་རྒྱག་དགོས་བྱུང་བའི་གནས་ཚུལ་ཞིག་སྔོན་མ་རྒྱ་གར་དུ་ཡོད་དུས་ཐོས་མྱོང་ཡོད། ད་ཡང་དེ་འདྲ་ཞིག་སླེབས་ས་རེད་སྙམ་པའི་སེམས་ཁྲལ་བྱུང་། སྲིད་སྐྱོང་འོས་མི་གཉིས་ཀྱིས་གཏམ་བརྗོད་མང་པོར་ཉན་དུས། ཁོ་རང་གཉིས་སྲིད་སྐྱོང་འོས་མི་བཞེངས་པ་དེ། བོད་དོན་ཆེད་ཡིན་ནམ། སྲིད་སྐྱོང་གི་རྐུབ་སྟེགས་ཆེད་གང་ཡིན་གསལ་བོར་ཤེས་ཐུབ་ཀྱི་འདུག འོས་མི་གཉིས་ཀས་ངོས་ནས་གད་སྙིགས་ཁྲོད་ཀྱི་སྐད་ཆ་མང་པོ་ཡར་སྒྲིགས་ཏེ། གཏམ་བཤད་གནང་གི་འདུག་པས། ཁོང་གཉིས་སུ་ཐོབ་ཀྱང་རེ་ལྟོས་ཆེན་པོ་ཞིག་མེད་པ་གསལ་བོ་རེད། ལྷག་པར་དུ་ཁོ་རང་གཉིས་ལ་རྒྱབ་སྐྱོར་ཡིན་ཟེར་མཁན་མང་པོ་ཞིག རི་བོང་ཅལ་འདྲོགས་དང་། ལུང་ཚན་ཞེན་ཁོག་གི་ན་ཟུག་ཆེན་པོ་རེ་སླངས་ནས་སྐད་ཆ་བཤད་ཀྱི་འདུག་པས། སྲིད་སྐྱོང་འོས་མིའི་སྐོར་ལ་བསམ་ཚུལ་བཤད་འདོད་མ་སྐྱེས་པས་རྩོམ་ཐུང་གཅིག་ཀྱང་བྲིས་མེད། ལུང་ཚན་ཞེན་ཁོག་གིས་སྐད་ཆ་བཤད་མཁན་དང་སྲིད་སྐྱོང་འོས་མི་གཉིས་ཀའི་བསམ་བློའི་ནང་ཆིག་སྒྲིལ་དང་བོད་དོན་ཟེར་བ་དེ་ཚིག་སྐམ་ཙམ་ལས་ཅི་ཡང་མེད་པ་གསལ་གསལ་ཐང་ཐང་རེད། གལ་སྲིད་བློ་སེང་ལ་ཐོབ་ན་མདོ་སྟོད་ལ་དམིགས་བསལ་ཁེ་ཕན་ཅི་ཞིག་ཡོད་དམ། གལ་སྲིད་ཚོགས་གཙོ་སྤེན་ཚེ་ལ་ཐོབ་ན་མདོ་སྨད་ལ་དམིགས་བསལ་ཁེ་ཕན་ཅི་ཡོད། ཕན་ཚུན་བར་སྐྱོན་མཚང་འདྲི་རེ་བྱས་པ་འདིས་རྒྱ་ནག་ལ་དགོས་པ་དེ་སྒྲུབ་བཞིན་པ་གསལ་བོ་ཡིན་སྟབས། ཀྲུང་གོའི་བོད་ལྗོངས་དྲྭ་བའི་སྟེང་ཅི་ཞིག་བཤད་བཞིན་ཤེས་གསལ་རེད།
ཚོགས་གཙོ་སྤེན་པ་ལགས་ནས་སྲིད་སྐྱོང་བློ་སེང་ལགས་སུ་རང་ཉིད་ཀྱི་བྱིས་པའི་སྐད་ཆ་བཤད་པ་ལྟར་ཡི་གེ་༼ཚ་བོ་ཚ་བོ།༽ བཏང་འདུག ད་རང་སྣང་གང་དྲན་གྱི་མི་དཀར་ཞྭ་ནག་གཡོག་པར་ཁྲིམས་སར་བསྐྱེལ་རྒྱུ་ཡིན་འདུག སྲིད་སྐྱོང་བློ་སེང་ལགས་དང་འབྲེལ་ཡོད་བཀའ་བློན་རྣམས་སྤྱང་པོ་ཡོན་ན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ནས་རྩ་དགོངས་ཞུས་པ་བཞིན་གནང་ན་སོ་སོར་ཁེ་ཕན་ཡོང་རྒྱུ་ལས། དེ་མིན་ཁྲིམས་ཐོག་ནག་ཉེས་འཕོགས་ངེས་ཡིན།
ནིའུ་ཡོརྐ་ལ། སྲིད་སྐྱོང་དང་བགྲོ་གླེང་།
https://www.youtube.com/watch?v=IhKuMkYTlp8
དེ་ག་རང་རེད། དོན་དག་རེ་རེ་བཞིན་གཙང་མ་བཟོ་དགོས་པ་རེད། ང་ཚོའི་སྤྱི་ཚོགས་ཐོག་གི་རྙོག་གླེང་རྣམས་ཕྱི་གསལ་ནང་གསལ་མ་བཟོས་ན་མི་མང་མང་པོ་ཅིག་དོན་མེད་དུ་རི་བོང་ཅལ་འདྲོགས་གི་ངང་ཚུལ་འཛིན་པ་མཐོང་ཆོས་སུ་གྱུར་ཡོད།
སྟོན་པ་འཇིག་རྟེན་གྱི་མིག་གཅིག་པུ་ནི་རིང་མོ་ནས་ཟུམ། དཔང་པོར་གྱུར་བའི་སྐྱེ་བོ་དམ་པ་ཕལ་ཆེར་ནི་སྐུ་ཞི་བར་གཤེགས། ཟོག་པོ་གཡོ་ཁྲམ་རང་རྒྱུད་མ་རུངས་པའི་སྤྱོད་ཚུལ་ནི་སྒོ་ཀུན་ནས་དར། ད་ནི་རང་རེའི་བོད་མིའི་ལས་ལ་འཕྱོ་ངེ་འདོན་རྒྱུ་རང་ལས་མ་འདས།
ཟེར་རྗེས་སུ་འབྲངས་པའི་མྱི་རྣམས་ལ་ནི་རྒྱུ་མཚན་གནས་ལུགས་བཤད་ས་མེད་ལ། དཔྱོད་ཤེས་ཤེས་ལྡན་པ་དག་དེ་ལས་ལྡོག་དགོས་པར་མཐོང་ནའང་། ང་ཞེས་པས་མུན་དོང་དུ་ལྷུན་གྱིན་པའི་ཚོར་སྣང་བྱུང་། ལྷག་པར་བོད་མི་སྐྱབས་བཅོལ་བའི་ངོ་ཚབ་མཚོན་པའི་མི་སྣ་གལ་འགངས་ཅན་གཉིས་པོས་དང་ཐོག་སྤྱིའི་རྩ་དོན་བཤད་ཀྱིན་མཐར་༼ང་དང་ཁྱེད་༽ཅེས་པའི་སྟེང་དུ་བབས་པ་དེ། བཙན་བྱོལ་དུ་མ་འོངས་བོད་ཀྱི་མངོན་འདོད་བསྒྲུབ་མཁན་མཛུབ་མོའི་སོར་མོ་ལས་ཀྱང་ཉུང་དུ་ཕྱིན་པས། ༸གོང་ས་མཆོག་དང་སློབ་དཔོན་ཟམ་གདོང་བླ་མ་མ་གཏོགས། བོད་མིའི་ཡིད་ལ་བརྣག་པའི་འདོད་དོན་ལ་ལྷག་བསམ་ལྷད་མེད་ཅིག་གང་ན་གདའ། ད་དུང་ལ་ལས་རང་བཙན་རྩོད་རྒྱུ་ཟེར། རྩད་དེ་རང་དབང་རང་བཙན་གཙང་མ་བྱུང་ནའང་༼ང་དང་ཁྱེད་༽ དང་༼ངེད་ཅག་དང་ཁྱེད་ཅག་༽བར་ན་མགོ་འཁོར་ཏེ། རྒྱལ་ཁབ་བསྐྱང་ནུས་པ་གཞར་ཡང་མ་མཐོང་ངོ་། །
ད་མང་བོ་ཞིག་གླེང་སློང་བྱས་པས། བོད་རང་ལ་གྱོང་གུད་བཟོ་བ་ལས་ཕན་ཐོགས་སྤུ་ཙམ་ཡང་ཡོད་པ་མ་རེད། ང་ཚོའི་སྒྲིག་འཛུགས་འདི་མི་ཡུལ་ན་ཡོད་པའི་སྒྲིག་འཛུགས་ཆུང་ཆུང་། གཞན་གྱི་མཐུན་འགྱུར་ལ་བརྟེན་ནས་གནས་ཡོད་པ་ཞིག་ལས་རང་བཙན་གྱི་རྒྱལ་ཁབ་ཅིག་གི་ངོ་བོར་གནས་མེད་པ་འདི་སེམས་ནས་བརྗེད་མི་ཉན། མི་སུ་ཡིན་ནའང་བཤད་མི་རུང་བའི་གསང་བ་རེ་ཡོད་པ་རེད། དམའ་ཁྱིམ་ཚང་ནས་མཐོ་རྒྱལ་ཁབ་ཀྱི་བར་བཤད་རུང་མི་རུང་དང་སྒྲུབ་རུང་མི་རུང་གི་ས་མཚམས་ཤིག་ཡོད་པ་རེད། སྤྱི་དོན་ཡིན་མདོག་གིས་མིང་གནས་དང་མཐུན་པའི་གོ་ཐོས་ཚང་མར་དབྱེ་བསལ་མེད་པར་ཕྱི་ལ་སྒྲོག་པ་ནི། རང་ཉིད་ལ་སྲིད་དོན་གྱི་གོ་རྟོགས་མེད་པ་དང་། མི་གཞི་གླེན་པ་ཡིན་པའི་རྟགས་རེད། གླེན་པ་ཞིག་གིས་བོད་ཀྱི་སྲིད་སྐྱོང་བཟུང་ན་མཇུག་འབྲས་ཀྱང་དེ་ཙམ་ལས་སྨིན་རྒྱུ་ཅི་ཞིག་ཡོད། མ་གཞི་ནས་རང་ཉིད་སུས་བེད་སྤྱོད་འོག་ཤོར་ཡོད་མེད་དང་། དེའི་མཇུག་འབྲས་ཅི་ཞིག་ཡོང་མིན་ཐད་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། ཆོས་ཡིན་ནའང་བཤད་རུང་མི་རུང་ཞིག་ཡོད་པ་རེད། སྲིད་ཡིན་ནའང་བཤད་རུང་མི་རུང་ཞིག་ཡོད་པ་རེད། ཁྱིམ་ཚང་ཆུང་ཆུང་ཞིག་ཡིན་ནའང་བཤད་རུང་མི་རུང་ཞིག་ཡོད་པ་རེད། སངས་རྒྱས་ཀྱིས་ཀྱང་ཁོང་གི་རྟོགས་ཚད་གཞན་ལ་བཤད་ཡོད་པ་མ་རེད། དེ་བཤད་རུང་མི་རུང་ས་འཚམས་ཡོད་པའི་རྒྱུ་མཚན་གྱིས་རེད། ང་རང་ངོས་ནས་སྲིད་སྐྱོང་བློ་བཟང་སེངྒེའི་མི་གཤིས་ལ་དེ་ཙམ་དགའ་བོ་མེད་མཁན་ཞིག་ཡིན། ཡིན་ནའང་སྤྱིར་ཆབ་སྲིད་ཀྱི་དབུ་ཁྲིད་ཅེས་པ་དང་། ལྷག་པར་བོད་དོན་འཐབ་རྩོད་ཐད་ནུས་པ་འདོན་ཐུབ་མཁན་གཞུང་མང་གོང་བུ་གཅིག་ཏུ་བསྒྲིལ་མཁན་ཞིག་དགོས་ཚེ་ཁོང་ལྟ་བུ་ཆབ་སྲིད་ཀྱི་སྣེ་ཁྲིད་ཡག་ཤོས་སུ་མཐོང་གི་ཡོད།
དྲ་གྲོགས་ཁག་ཅིག་གིས། དགའ་ལྡན་ཕོ་བྲང་གི་གསང་བ་ཚོགས་གཙོས་ཤེས་འདུག བཀའ་ཤག་གི་ནང་མོལ་ཡང་ཚོགས་གཙོས་ཤེས་འདུག་ཟེར་ནས་ཧ་ལས་ལས་བྱེད་ཀྱིན་ཡོད་པ་རེད། དེ་ནི་ཧ་ལས་དགོས་པ་གང་ཡང་མ་རེད། དུས་དབང་ཕྱིར་འགྱངས་སྐོར་བཀའ་ཤག་གིས་ཚོགས་གཙོར་གསང་བ་དང་དངོས་ཡོད་བཤད་ཡོང་དུས་ཁས་ལེན་གྱི་མེད་པ་མ་གཏོགས། དེ་སྐོར་སྔ་ས་ནས་དགའ་ལྡན་ཕོ་བྲང་གིས་ཚོགས་གཙོ་ལ་སྙན་སེང་ཞུས་ཡོད་སྲིད་པ་རེད། གང་ལ་ཟེར་ན། དེ་ནི་དགའ་ལྡན་ཕོ་བྲང་གི་ངོས་ནས་ལྟ་སྟངས་ལ། ཚོགས་གཙོས་མཁྱེན་རྟོགས་དགོས་པའི་དོན་གནད་ཅིག་ཆགས་ཆོག་པ་རེད། དེ་མིན་ཚོགས་གཙོས་བྱུང་རིམ་སྤྱི་དང་། ཐ་ན་གསལ་བསྒྲགས་བྱ་ཕྱོགས་དང་གསལ་བསྒྲགས་ཟིན་བྲིས་དང་སྤྱན་འབུལ་ཞུས་རིམ་སོགས་ཆ་ཚང་མཁྱེན་པ་འདི་གསང་བའི་བརྒྱུད་ལམ་ནས་ཤེས་པ་ཡིན་ན་ནི་ཕྱིར་བསྒྲགས་བྱེད་མི་ཤེས་པ་ཞིག་རེད།
ད་ངོ་མ་ཁན་ཚ་བོ་འདྲ་རེད་འདུག་གོང་གི་ཡི་གེ་དེ་ལ་ལྟོས་ན་ང་མ་ཡིད་སྐྱོ་བ་རང་རེད། གང་ལྟར་ཚང་མ་ལ་འགན་ཡོད་པས་ཡིད་གཟབ་གནང་ན་འགྲིག་གི་པ།
རྙོག་དྲ་འདི་དག་ནི་ངས་ལྟོས་ན་རྣམ་པ་གཉིས་ལ་རྒྱབ་སྐྱོར་བ་ཡིན་མདོག་གི་དྲ་འབུ་དག་གིས་ཤུགས་རྐྱེན་ཡིན་པ་བཤད་མ་དགོས་ཤིག་རེད། ཁ་ནས་གང་ཡོང་གཏམ་ལག་ནས་གང་ཡོང་བྲིས་བྲིས་བའི་ཐ་མ་རྙོག་དྲ་འདི་ལ་སླེབས་པ་རེད་འདི་ནི་ལོ་རྒྱུས་སྟེང་བསུབ་ཐབས་མེད་པའི་རྙོག་སློང་ཆེན་པོ་ཞིག་ཏུ་གྱུར་ཚར་བ་དེ་རེད། ད་ཡིན་ན་དྲ་འབུ་དག་གི་འདོད་དོན་གྲུབ།
སྤེན་ཚེ་གང་ན་ཡོད་ན་དེ་ན་རྙོག་དྲ་ཡོད་པས་ཁྱབ། ད་ལོ་སྤེན་ཚེའི་རྙོག་དྲ་དེ་ཚོ་གསལ་སྟོན་གྱི་དག་སེལ་དགོས། དེ་ཡང་སྤེན་ཚེ་ཡིས་གཙང་མ་བཟོ་དགོས་རྒྱུ་ནི་མི་བསོད་དང་འབྲེལ་བའི་རྙོག་དྲ་དེ་ཡིན། སྤེན་ཚེ་ལ་བདེན་པ་དང་ཁ་ཁོག་ཡོད་ན་དེ་གཙང་མ་བཟོ་རྒྱུ་ནི་ཁོ་པའི་འོས་འགན་རེད། མི་ཚོས་ཁོ་པ་ནི་མི་བསོད་དོན་རྐྱེན་དང་འབྲེལ་བ་ཡོད་ཟེར་ནས་ས་སྒྲགས་གནམ་སྒྲགས་བྱས་ཟིན་པ་རེད། མཐོ་ས་བོད་ཀྱི་གྲོས་ཚོགས་ར་བའི་བར་དུ་སྒྲགས་ཚ་བ་རེད། དེ་ཡང་སྤེན་ཚེའི་གདོང་དང་ཐུག་ནས་གླེང་བ་རེད། དེར་གསལ་བཤད་དང་དག་སེལ་བྱེད་རྒྱུ་མེད་ན་མ་གཏོག་སྤེན་ཚེའི་བཟོད་སྒོམས་བྱེད་ནས་སྡོད་པའི་དག་ཐབ་མེད། ད་དུང་་་་་
འཇིག་རྟེན་མི་གི་གཏམ་དཔེ་ལ་བ་མོ་དེ་ཉལ་སྟངས་ལ་བལྟས་ན་བེའུ་འཇིང་ཀོག་ཞིག་ཡིན་པ་ཐག་ཆོད་ཟེར་བ་ལྟར་ད་ཡིན་ན་བཙན་བྱོལ་སྤྱི་ཚོགས་འདི་མཐོ་རིམ་མི་སྣ་ཁག་ནས་རང་དོན་ཆེད་ཡག་པོ་དཀྲུགས་སོང་ད་དགའ་ལྡན་ཕོ་བྲང་གི་འགན་འཁུར་དེ་ཚོའི་ཁ་དྲགས་དགོས་པའི་དུས་ལ་བབས་འདུག་ད་ལྟའི་གླེང་སྙོག་འདི་གཙང་མ་མ་བྱུང་བར་སྲིད་སྐྱོང་འོས་བསྡུ་ཕྱི་འཐེན་གནང་དགེས་དེ་བཙན་བྱོལ་མི་མང་གི་བདེ་འཇགས་དང་འབྲེལ་བ་གཏིང་ཟབ་ཡོད་ལ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཁ་དྲགས་ཐུབ་ཀྱི་མེད་ན་གླེང་སྙོག་འདི་ཁྲིམས་ནས་གཙང་མ་བཟོ་དགོས་པ་ནི་ཁྲིམས་བཙུགས་པའི་དོན་གོ་མ་རེད་དམ་།།
བློ་བཟང་སེང་གེ་འདིས་ང་ཚོ་ཚང་མར་ཡིད་ཐང་ཆད་དུ་བཅུག་སོང།
་་་་་་་་་་་ #19 གངས་ཕྲུག། ་ལགས་ཀྱིས་སྤེལ་དོན།:
March 6th, 2016 at 9:14 pm
སྤེན་ཚེ་གང་ན་ཡོད་ན་དེ་ན་རྙོག་དྲ་ཡོད་པས་ཁྱབ། ད་ལོ་སྤེན་ཚེའི་རྙོག་དྲ་དེ་ཚོ་གསལ་སྟོན་གྱི་དག་སེལ་དགོས། ་་་་་་་་་་་་་
ཡི་གེ་འདི་གཏོང་ས་ནོར་འདུག ཁྲིམས་ཁང་ལ་གཏོང་དགོས་པ་རེད།
ཀརྡོ་གཉེར་ཕྱག་པ་ལགས
ཁྱེད་ཀྱིས་མི་དང་ཁྱི་ཡིས་ཁྱད་པར་མི་ཤེས་པར་གཏམ་མྱོག་གང་མང་བཤད།
མི་རྫིན་ཁྱོད་ཀྱིས་མིག་ཕྱེ་ནས་གསལ་བོར་བལྟས་ཤིག
བློ་སེང་འདི་འདྲའི་མི་སྐྱག་རྫིན་ལ་རྒྱབ་སྐྱོར་བྱས་པ་ནོར་འདུག
བློ་སེང་ལ་བལྟས་ན་སྤེན་ཚེ་མི་ཡག་པོ་ཡིན་འདུག་བསམ།
མི་གཞི་ཟེར་ན། སློབ་དཔོན་ཟམ་གདོང་རིན་པ་ཆེ་ལྟ་བུ་དགོས། སྤོབས་པ་ཟེར་ན་སྐུ་ངོ་སྤེན་ཚེ། དྲན་འཕྲུལ་ཟེར་ན་སེང་གེ་ཝ་མོ་ནང་བཞིན། ཧཧཧཧ
རྙོགས་གླེང་འདི་རྣམས་ཡོང་གཞི་གཙོ་བོ་ནི། འདོད་ཆགས། ཞེ་སྡང། གཏི་མུག་སྟེ་དུག་གསུམ་ཁོ་ན་ཡིན། ལྷག་པར་དུ་ཞེ་སྡང་ང་རྒྱལ་ཁོ་ན་ལ་བལྟས་ནས་འབྱུང་བ་ཡིན། ཨར་སི་ལོ་ལྔ་ངའི་བྱས། རྡ་ཤོད་ནས་མེག་ལོར་ལམ་ཁ་ངས་བཟོ། རྒྱ་སྤྱིར་བོད་དོན་དྲིལ་བསྒྲགས་ངའི་བྱས། བཙན་བྱོལ་སྒྲིགས་འཛུགས་གཞི་བརྟེན་ངའི་བྱས། ཤེས་ཡོན་ཡར་རྒྱས་ངའི་བྱས། སོགས་ངའི་བྱས་རབས་མང་པོ་ཡོད་པ་རྣམས་ང་རྒྱལ་ཆེ་གྲགས་པའི་རྣམ་པ་གསལ་པོ་ཡིན། དེ་ལྟར་ང་རྒྱལ་འབྱུང་བ་ནི་ཁག་མེད་རྒྱུ་མཚན་གང་ལ་ཐུགས་གམ་ཞེ་ན། བོད་ཀྱི་བཟང་སྤྱོད་ཆོས་དང་རིགས་གཞུང་མ་ཤེས་པ་གསལ་པོ་མཐོང། ང་ཚོའི་ད་ལྟའི་ཐབས་རྩོད་ནི། བོད་མི་རིགས་དང་།རྒྱལ་ཁབ། ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུའི་ཆེད་དུ་ཡིན། དེ་ལྟ་བུའི་སྲིད་སྐྱོང་དེར་བོད་ཀྱི་ཆོས་དང་རིག་གཞུང་ཐོག་སླབ་པ་མཐར་གསོན་པ་ཞིག་མ་བྱུང་ཀྱང་། དེར་དོ་སྣང་དང་གཞན་ལ་ལམ་སྟོན་ཐུབ་ཙམ་ངེས་པར་དུ་དགོས།།
གནས་ཚུལ་རྙིང་པ་གསལ་བོ་བཟོ་ཁག་དོན་གང་ཡིན་ན།སྲིད་སྐྱོང་ཁོག་ནག་སེ་འདུག་ག
སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆིག་གི་ཡི་གེ་འདི་ཐེངས་གཉིས་བཀླགས་པ་ཡིན། ཧ་ཅང་དགའ་པོ་བྱུང་། ཁོང་གིས་ཀ་སྟག་བླ་མའི་རྩོད་རྙོག་ནས་བཟུང་ཡོད་ཚད་གཙང་མ་བཟོ་གི་ཡིན་གསུངས་འདུག གཙང་མ་བཟོ་ཟེར་དུས་ང་གཙང་མ་ཡིན་ཟེར་བ་ཙམ་ལ་ཆ་འཇོག་བྱེད་ཐབས་མེད་པ་དེ་ཁོང་གིས་ལོས་ཤེས། དེར་བརྟེན་ཀ་སྟག་སྤྲུལ་སྐུའི་བཟའ་ཟླ་བུ་ཕྲུག་གིས་ཁོང་གཙང་མ་བཟོས་ན་དཱ་ཕྱིན་ང་ཚོས་ཁོང་ལ་དེའི་རིགས་དོགས་པ་གཏན་ནས་གནང་མི་རུང་།
ཁོང་ལ་ཀ་སྟག་སྤྲུལ་སྐུའི་དོན་རྐྱེན་སྐོར་གླེང་སློང་བྱས་པ་དེ་གསར་པ་གང་ཡང་མ་རེད། གཞུང་འབྲེལ་གྲོས་ཚོགས་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་དེབ་ཐེར་དུ་ཐེངས་གཉིས་ལ་འཁོད་ཟིན་པའི་དོན་གནད་ཅིག་དང་། ལོ་རྒྱུས་ཡིག་ཚང་དུ་ཡང་བཀོད་ཡོད་པའི་དོན་གནད་ཅིག་ཡིན་དུས། ཁོང་གིས་གཙང་མ་བཟོ་ན་གོང་ཞུས་བཞིན་ཀ་སྟག་སྤྲུལ་སྐུའི་ཤུལ་ལུས་ནང་མིས་ཁོང་ལ་ཉེས་མེད་ཉེས་འགེལ་ཡིན་པའི་མིང་རྟགས་འཁོད་པའི་ཡི་གེ་སྤེན་པ་ཚེ་རིང་མཆོག་གིས་སྟོན་ཐུབ་དགོས་པ་རེད། དེ་བྱུང་ན་ཡོད་ཚད་གཙང་མ་ཆགས་ཀྱི་རེད།
དུས་དབང་སྐོར་དེ་ད་ཆ་དགའ་ལྡན་ཕོ་བྲང་ངེས་པར་ཁ་གྲག་དགོས་པ་ཞིག་རེད་བསམ་གྱི་ཡོད།