-མི་ཉག་ཀུན་དགའ་བཀྲ་ཤིས།
“མཛད་དཀའ་”ཟེེར་བའི་མིང་ཚིག་འདི་༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུའི་ལས་འགུལ་ཁྲོད་ཀྱི་ཆབ་སྲིད་ཀྱི་མིང་ཚིག་ཧ་ཅང་གལ་འགངས་ཅན་ཞིག་ཏུ་གྱུར་ཡོད། “མཛད་དཀའ” ནི་དཀའ་ངལ། བྱེད་ཁག་པོ། བྱེད་མི་བདེ་བ། ལས་སླ་པོ་མིན་པ་སོགས་ཀྱི་ཞེ་སའི་མིང་ཚིག་ཅིག་རེད། ཞེ་ས་དང་བོད་སྐད་དག་པོ་ཞིག་མ་ཤེས་ན། མཛད་དཀའ་དང་མཛེས་དགའ་གཉིས་འཁྲུལ་ཉེས་ཤིན་ཏུ་ཆེ།
དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་༢༠༡༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་དགོས་པའི་རྒྱུ་མཚན་གཙོ་བོ་ཞིག་ཀྱང་༧གོང་ས་མཆོག་ལ་”མཛད་དཀའ་”མི་ཡོང་བའི་ཆེད་དུ་རེད། ཞེ་ས་མ་ཞུ་ན། དཀའ་ངལ་མི་འབྱུང་བའི་དོན་དུ་རེད། སྟབས་ཉེས་པ་ཞིག་ལ། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་ཆ་ཚང་བཞེས་མཚམས་བཞག་གནང་ནས་ལོ་འཁོར་ལྔ་མ་ཟིན་གོང་གི་དེ་སང་ཁོང་སླར་ཡང་མི་འདོད་བཞིན་དུ་ཆབ་སྲིད་རྫོར་པོ་ཞིག་གི་དཀའ་ངལ་ནང་ལ་འབུད་བཀྱག་རྒྱབ་ནས་ནག་པོའམ་དྲི་མ་ཅན་ཞིག་ལ་བསྒྱུར་ཚར་བ་རེད། རྒྱུ་མཚན་ནི་ཚོགས་གཙོ་ཁོང་རང་སྒེར་ལོ་རྒྱུས་ནང་གི་མི་དཀར་པོ་ཞིག་ཆགས་པའི་ཆེད་དུ་རེད། གྲོགས་པོ་ཚོ། ད་ལྟའི་ཆར་དགུང་ལོ་བརྒྱད་ཅུའི་སྒང་ལ་ཕེབས་ཚར་བའི་༧གོང་ས་མཆོག་ལ་དེ་ལས་ལྷག་པའི་མཛད་དཀའ་གཞན་ཞིག་ག་རེ་ཡོད་དམ།
ཚོགས་གཙོ་མཆོག་གིས་ཝ་ར་ཎ་སིའི་སློབ་གྲྭ་རུ་དུས་དབང་ཕྱིར་འགྱངས་སྐོར་གསུངས་པའི་བཀའ་སློབ་དེ་བདེན་པ་ཡིན་པའི་དབང་དུ་བཏང་ནས་བརྗོད་ན། ༧གོང་ས་མཆོག་གིས་སྔ་ཕྱི་སྐུ་ངལ་གསོའམ། སྨན་བཅོས་ཀྱི་སླད་དུ་དུས་དབང་ཕྱིར་འགྱངས་བྱས་པ་ཡིན་ཞེས་གསུངས་པ་ནི་རང་བཞིན་གྱིས་ཞལ་རྫུན་ཆེན་པོ་ཞིག་ཏུ་གྱུར་སོང་ལ། བཀའ་ཤག་ནི་རྫུན་དེ་རྡོལ་སའི་རྫུན་གྱི་ཕུང་པོ་ཞིག་ཡིན་པ་དེ་ལས་ཀྱང་བཤད་མི་དགོས་པ་ཞིག་རེད།
༧གོང་ས་མཆོག་ལ་སེམས་གཏིང་ནས་དད་པ་དང་། འགན་ཁུར་ཡོད་མཁན་ཞིག་ཡིན་ན་ཁོང་གི་མཚན་སྙན་སྲུང་སྐྱོབ་ཀྱི་ཆེད་དུ་ཐེ་ཚོམ་སྤུ་ཙམ་མེད་པར་མཐའ་ན་སོ་སོའི་ཚེ་སྲོག་གིས་འགྲོ་གྲོན་ཡང་གཏོང་ཕོད་མོད། སྐུ་ངོ་སྤེན་པ་ཚེ་རིང་མཆོག་ནི་དེ་ལས་ལྡོག་སྟེ། སྲིད་སྐྱོང་གི་ཞབས་བཀྱག་ཅིག་ལ་ཧ་ཅང་རྔམ་ནས་དངོས་གཞི་འོས་བསྡུའི་ལས་འགུལ་གྱི་སྐབས་ནས་༧སྐྱབས་མགོན་རིན་པོ་ཆེར་མཛད་དཀའ་བསམ་ཡུལ་ལས་འདས་པ་བཟོས་པ་དང་། སྒེར་གྱི་རྩ་དོན་གྱི་རྩ་བའི་དམ་བཅའ་གལ་ཆེན་ཞིག་དང་ཡང་འགལ་ཚར། དེས་ཚོགས་གཙོ་འདི་ཁ་ཞེ་གཉིས་མེད་ཀྱི་གང་ཟག་ཅིག་མིན་པ་མཚོན། གནད་དོན་འདི་ནི་ཤུགས་ལྡན་བ་ཚོ་དང་། ཡང་ན་རྒྱ་ནག་གང་རུང་གིས་༧སྐུ་མདུན་གྱི་བཀའ་སློབ་ལ་ལོག་འགྲེལ་དང་སྙོན་འཛུགས་བྱེད་པའི་རིགས་ལམ་ཁག་དང་ཡང་གཏན་ནས་མི་འདྲ་བ་གསལ་པོ་རེད།
ང་ཚོར་ཡོད་པ་༧སྐུ་མདུན་དང་ཁོང་གིས་མི་ལོ་དྲུག་བཅུ་ལྷག་གི་རིང་ལ་སྐུ་ངལ་བསྐྱོན་ནས་བཙུགས་གནང་བའི་བཀའ་ཤག་དེ་གཉིས་རེད། དེ་གཉིས་ཀྱི་བཀའ་ལ་མི་བརྩི་མཁན་ནི་བཙན་བྱོལ་ནང་གི་མི་སྣ་གལ་ཆེ་བ་ཁག་ནང་གི་གྲོས་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་མཆོག་ཡིན་པས་ང་ཚོ་རེ་ཞིག་གཉའ་ཆག་ཉམས་ཤོར་ནས་མ་བསྡད་རང་བསྡད་ཀྱི་དུས་ཤིག་ལ་འཁེལ་ཡོད་ལ། འདི་ནི་བཙན་བྱོལ་བོད་ཀྱི་ལོ་རྒྱུས་ནང་དུ་༧རྒྱལ་བ་རིན་པོ་ཆེར་འཕྲད་པའི་གསུངས་ན་མི་བརྩི། མ་གསུངས་ན་མི་འགྲིག སྐྱར་གསུང་གནང་ན་དོན་མེད་དུ་འགྱུར་འགྲོ་བའི་”མཛད་དཀའ་”ཆེ་ཤོས་ཀྱི་གྲས་ཤིག་ལ་ངོ་འཛིན་ཞུ་ན་མ་འགྲིག་པ་ཅི་ཡང་མེད།
ད་ནི་ཚོགས་གཙོས་ཆོས་ལུགས་ཀྱི་བྱེད་སྒོ་ཆབ་སྲིད་ཀྱི་སྲིད་སྐྱོང་འོས་བསྡུ་ནང་དྲུད་ཡོང་བའི་དུས་དབང་ཕྱིར་འགྱངས་དང་འབྲེལ་བའི་མཐའ་མའི་འུ་ཐུག་གི་གསལ་བཤད་གནང་ནས་སྐུ་སྒེར་དང་། བཀའ་ཤག་གཉིས་ཀར་མཛད་དཀའ་བཟོས་ཡོད་པ་དང་། ཚོགས་གཙོའི་རྒྱབ་སྐྱོར་བ་ཚོའི་མིག་གི་ནང་དུ་ཡང་༧རྒྱལ་བ་རིན་པོ་ཆེ་ལས་ཚོགས་གཙོ་རིན་ཐང་ཆེ་བའི་ཡ་མཚན་གྱི་དུས་ཚོད་ཅིག་ཤར་ཟིན། མཇུག་ཏུ་ང་ཚོས་རེ་སྒུག་བྱེད་ས་ནི་༧ཡིད་བཞིན་ནོར་བུ་དང་། ཡང་ན་ཁོང་གི་སྐུ་སྒེར་ཡིག་ཚང་། དེ་བཞིན་བཀའ་ཤག་གིས་ཡང་སྐྱར་དུས་ཐོག་ལ་ཡོངས་ཁྱབ་ཀྱི་གསལ་བསྒྲགས་ཤིག་སྤེལ་དགོས་པའི་ཚེས་གྲངས་དེ་རེད།།
སྤྱི་ལོ་༢༠༡༦ ལོའི་སྤྱི་ཟླ་༠༣ ཚེས་༠༧ དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནས་བྲིས།།
https://www.facebook.com/permalink.php?story_fbid=189770478063422&id=100010914137771&pnref=
གོང་གསལ་དྲྭ་ཐག་འདིའི་ནང་བློ་སེང་ལ་དྲི་བ་འདྲི་སྐབས། བློ་སེང་རྒྱབ་སྐྱོར་བ་ཚོས་སྐད་ཆ་འདྲི་མ་བཅུག་པར་སྐད་ཅོར་རྒྱག་བཞིན་པའི་ཐབས་སྐྱོ་བའི་གནས་ཚུལ་ཞིག་འདུག ངོ་མ་བློ་སེང་ཁྱེད་ཀྱི་རྒྱབ་བ་ཚོས་ཁྱེད་དཀར་པོ་བཟོ་བཞིན་མེད་པར་ནག་པོའི་སྒང་ལ་ནག་པོ་བཟོ་བཞིན་འདུག
མི་ཉག སྐུ་སྒེར་ཡིག་ཚང་ནས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གསུངས་པ་དེ་དེ་བཞི་ནོ། །ཞེས་པའི་གསལ་བསྒྲགས་ཤིག་སྤེལ་ནག་རེ་བྱ་རྩིས་ཡོད།
དེང་སྐབས་༸གོང་ས་མཆོག་ལ་ཁོང་སྐུ་སྒེར་ལ་བརྟན་བཞུགས་ཙམ་ག་དུས་འབུལ་དང་གང་དུ་འབུལ་ཙམ་གྱི་དབང་ཆའང་མེད་པར་བཟོས་པ་འདི་མཛད་དཀའ་རེད་དམ། གནས་ཚུལ་དེ་སྤྱི་ཚོགས་ནང་གསལ་བོར་བཟོས་པ་དེ་མཛད་དཀའ་རེད། ང་ལ་མཚོན་ན་སྤྱི་འཐུས་ཚོགས་གཙོ་མཆོག་ལ་གནས་ཚུལ་དེ་གསལ་བོ་བཟོས་པར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། རྒྱ་ཆེའི་བོད་མང་ཚོགས་ཀྱིས་ཀྱང་ད་ནས་བཟུང་དགུང་ལོ་བརྒྱད་ཅུ་བཞེས་པའི་དཔལ་ལྡན་རྩ་བའི་བླ་མ་༸གོང་ས་ཐམས་ཅད་མཁྱེན་པའི་སྐུ་སྒེར་གྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། མ་འོངས་པར་འབྱུང་སྲིད་པའི་སྒེར་གཅོད་པ་དག་ལ་གོ་བརྡ་གསལ་བོ་ཞིག་བསྟན་པ་རེད། དངོས་ཡག་པོ་རེད།
མི་ཉག་ཀུན་དགའ་ཟེར་བ་ཁྱོའི་ཀླད་པའི་ནང་ཆུ་བླུག་བཞག་ཡོད་པ་མིན་ན་བསམ་བློ་ཡག་པོ་ཐོངས། ༸གོང་ས་མཆོག་སྐུ་སྒེར་ལ་བརྟན་བཞུགས་ཙམ་འབུལ་བའི་གནས་དུས་གོ་སྒྲིག་གི་དབང་ཆ་མི་སྟེར་བའི་བཀའ་ཤག་ཅིག་ང་ཚོ་ལ་ཇི་ལྟར་ཡོད་སོང་བ་རེད། དངོས་གནས་ཧང་སང་དགོས་པ་རེད་དོ། ། བསམ་བློ་ཡག་པོ་ཐོངས། སྐད་ཆ་དྲང་མོར་ཤོད།
བྱམས་པ་་་འཇིག་རྟེན་ལ་གཏམ་དཔེ་ཞིག་ཡོད་རེད། ཉན་མཁན་མེད་ན་བཤད་མཁན་ཁྱི་དང་འདྲ་ཟེར་བ་རེད་་་་དྲི་བ་བཏང་དུས་མི་དམངས་ཀྱིས་་མཉན་འདོད་མེད་ལུགས་ལ་བལྟས་ན་དྲི་བ་བཏང་མཁན་གྱི་མི་དེ་མི་ཁྱི་འདྲ་བ་ཞིག་ཡོད་པའི་རྟགས་རེད་ད།
མི་སྨྱག་གི་གཏམ་བཤད་འདི་ལ་ལེགས་པར་ལྟས་ན་ཕྱོགས་སུ་྄ལྷུང་བ་ལས་དྲང་བདེན་རྩ་བ་ནས་མིན་འདུག་
མཛད་དཀའ་དང་མཛེས་དགའ་གཉིས་འཁྲུལ་ཉེན་ཆེ་བ་དོན་མེད་སེམས་ཁྲལ་རེད། མིའི་བཟང་ངན་འཁྲུལ་འདུག་པ་ངོ་མ་རེད། རང་གི་མང་ཚོགས་ཀྱིས་༧གོང་ས་སྐྱབས་མགོན་རིན་པོ་ཆེར་བརྟན་བཞུགས་ཤིག་འབུལ་རྒྱུའི་གོ་སྐབས་ཀྱང་སོ་སོའི་འོས་བསྡུའི་ཆེད་དུ་འཕྲོག་སོང་ནའང་། ཁམས་པའི་ཞེན་ཁོག་གི་དབང་གིས་སྡིག་པ་མིག་བཙུམ་རང་བྱེད་པའི་ཁམས་ཀྱི་བསམ་བློར་མུག་གེ་ཐེབས་པའི་སྙུག་ཐོགས་པ་འདི་ཚོ་སྙིང་རྗེ་ལ།༴
ཨ་ཁུ་འབྲོག་པ་སྐུ་སྒེར་ཡིག་ཚང་ཟེར་བ་གོང་ས་མཆོག་གི་ཡིག་ཚང་རེད་གོང་ས་མཆོག་ར་གཟི་བ་དེ་འདྲ་ནི་མ་རེད་གསལ་སྔ་བསྒྲགས་རྗེས་གཉིས་ལས་ལོག་པ་ཞིག་གནང་ཨ་ཡོང་། ད་ཆོ་མེད་པ་དེ་འདྲ་བསམ་མ་སྡོད་ལ་འབྲི་གི་མ་འདུག ལྐུགས་པ་རང་རེད།
གོང་གི་མི་ཉག་ཀུན་དགའ་བཀྲ་ཤིས་ཟེར་བ་ཁོང་གིས་བཤད་པའི་ཡི་གེ་ཀློག་རྗེས། ངའི་བསམ་པར་ད་ལྟ་སྲིད་སྐྱོང་མཆོག་གི་རྒྱབ་སྐྱོར་བ་ཚོར་ད་དུང་ཐལ་བ་བཀབ་ནས་སྦས་རྐྱང་བྱེད་པ་ལས་བོད་སྤྱི་བའི་རྩ་དོན་ལ་ཁྱོན་ནས་བསམ་བློ་གཏོང་གི་མི་འདུག་བསམ་པ་ཞིག་ཤར་སོང་། རྒྱུ་མཚན་ནི་ད་ལྟ་ཚོགས་གཙོ་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་གནང་མཁན་མང་ཆེ་བ། ཕལ་ཆེར་བརྒྱ་ཆ་བརྒྱ་ཡིས་སྔོན་མ་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་གནང་མཁན་རྐྱང་རྐྱང་རེད། ང་ཡང་དེ་ནང་གི་གཅིག་ཡིན། འོན་ཀྱང་ད་ཆར་ཕལ་ཆེ་བས་སྲིད་སྐྱོང་བློ་སེང་ལ་རྒྱབ་སྐྱོར་གནང་མ་ཐུབ་པ་དེ་བོད་སྤྱི་དོན་བསམ་ནས་གནང་མ་ཐུབ་པ་རེད་མ་གཏོགས་ཞེན་ཁོག་རྩ་བ་ཉིད་ནས་མ་རེད། ཞེན་ཁོག་ཡིན་ན་སྔོན་མ་ཡང་རྒྱབ་སྐྱོར་གནང་མི་སྲིད། ཞེན་ཁོག་གནང་མཁན་ཁྱེད་ཚོས། ཞེན་ཁོག་ཁོ་ན་ལས་བོད་སྤྱི་དོན་ལ་བསམ་བློ་གནང་གི་མི་འདུག རྒྱུ་མཚན་ནི། མདོ་སྟོད་ཚོགས་པ་ཞིག་གིས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་རྒྱུ་༧གོང་ས་མཆོག་སྐུ་དངོས་ནས་ཞལ་བཞེས་གནང་གྲུབ་ཚར་བའི་དོན་དག་ཅིག་སྲིད་སྐྱོང་གིས་རྩིས་མེད་བཏང་བ་རེད། དེ་ནི་༧གོང་ས་མཆོག་ལ་མཛད་དཀའ་བཟོས་པ་ཞིག་མ་ཡིན་ནམ། དེ་ནས་སྐུ་སྒེར་ནས་དུས་དབང་ཕྱིར་འཐེན་གྱི་ཁྱབ་བསྒྲགས་ཐག་གཅོད་ཟིན་པའི་ལས་དོན་དེ་སྲིད་སྐྱོང་གིས་ང་ཚོས་གནང་གི་ཡིན་ཟེར་ནས་ཡང་རྩིས་མེད་བཏང་བ་རེད། དེ་ཚོ་མཛད་དཀའ་བཟོས་པ་མ་ཡིན་ནམ། ཁྱེད་ཚོ་ཞེན་ཁོག་གིས་བསླད་ནས་དོན་དག་དེ་ཚོ་དོན་དག་ཆུང་ཆུང་ཞིག་ལ་མཐོང་གི་ཡོད་མོད་དེ་དོན་དག་ཆུང་ཆུང་ཞིག་མ་རེད། ནག་ཉེས་དེ་གནམ་མཁར་མི་ཤོང་བ་ལྟ་བུ་ཆགས་བསྡད་ཡོད་པ་རེད། དུས་དབང་ཞུ་མཁན་གྱི་སྦྱིན་བདག་གིས་རང་གི་རྩ་བའི་བླ་མར་སྤྱོད་པ་ལོག་ཞིག་ཏུ་གྱུར་ཡོད་པ་རེད། བླ་མ་བརྩི་མི་ཐུབ་ན་དུས་དབང་ཞུ་དགོས་ཡ་ཡོད་མ་རེད། དེ་འདྲའི་སྐྱོན་ཆ་ཆེན་པོ་བྱུང་ན་ཡང་དེ་ལ་དགོངས་ད་ཐུགས་དག་ག་བ་ག་བ། ད་དུང་ཐལ་བ་བཀབ་ཐལ་བ་བཀབ། ཐལ་བ་བཀབ་ཡ་མང་དྲགས་མེད་ན་ཉུང་མེད།
དེང་སང་སྐད་ཆ་དྲང་པོ་རེ་ཡིད་ལ་འོང་ནའང་། དེ་དྲང་བཤད་བྱ་དཀའ་བ་ཞིག་རེད། ཅི་ཞིག་ལ་ཟེར་ན། ཅི་ཡང་མི་ཤེས་མཁན་ཚོར་ཁག་མེད་ནའང་། ཅུང་ཤེས་ནི་དག་གིས་ཀྱང་དྲ་ཐོག་གི་སྐད་ཆ་ཟེར་བ་ཡོད་དོ་ཆབ་སྲིད་ཀྱི་ཅི་ཞིག་ཏུ་བསྙད་རྐྱང་དང་བསམ་རྐྱང་བྱ་རྒྱུ་མ་གཏོགས། ཞིབ་འཇུག་དང་བདེན་འཚོལ་གྱི་གཏམ་ཞིག་ནི། ཕལ་ཆེར་སེམས་དང་མིག་ནང་ལ་མི་འཇོག་པའི་ཚོད་ཡིན་པས་ཟེར་གྱིན་ཡོད། གང་ལྟར། ཚོགས་གཙོས་༧གོང་ས་མཆོག་ལ་མཛད་དཀའ་མི་བྱུང་དོན་གསུངས་པ་ནི། བོད་མི་ཕལ་བ་ང་འདྲ་བས་ཀྱང་མི་གོའམ་མི་ཤེས་རྒྱུ་ཞིག་ག་ལ་ཡིན་ཏེ། དེ་ནི་༧གོང་ས་མཆོག་ལ་དད་པ་དང་དམ་ཚིག་གཙང་མའི་བོད་མི་ཞིག་ཕར་ཞོག ༧གོང་ས་མཆོག་ལ་དགའ་བ་དང་རྒྱབ་སྐྱོར་གཙང་མ་གནང་མཁན་ཀྱི་ཕྱི་མི་ཞིག་ཡིན་ནའང་། རང་ལ་དུས་རྒྱུན་སེམས་སུ་ཡོད་ཡོད་པའི་རེ་བ་འམ་དམ་བཅའ་ཞིག་གི་མཚོན་བརྡ་ཙམ་རེད། ཡང་འདི་ལས་ངོས་གཞན་ཞིག་ནས་བཤད་ན། ཚང་མས་ཤེས་གསལ་ལྟར་༧གོང་ས་མཆོག་ནི། འགྲོ་བ་སྤྱི་དང་ཡང་སྒོས་རང་རེ་གངས་པའི་སྐྱབས་མགོན་ཡིན་གཤིས། འུ་ཚོས་རང་རེའི་ཚོགས་སྒེར་གང་གི་དོན་དག་ཆེ་ཆུང་སྤྱིའི་ཐད་ལ་རྫབ་ཆེན་འཕྱུགས་པ་ཞིག་བྱུང་ན། དེ་ནི་འུ་ཚོའི་སྐྱབས་མགོན་ལ་མཛད་དཀའ་བྱུང་བ་ཡིན་པ་སུ་ལ་གསལ་བཤད་དགོས་ཏེ་མི་དགོས་པ་ཞིག་ཡིན་ན། འུ་ཚོས་མཐའ་གཅིག་ཏུ་ང་རང་ཚོའི་སྤྱི་བཏང་གི་དོན་དག་ཐད་ནས་རྫབ་ཆེན་ཞིག་འཕྱུག་མི་འཇུག་ཟེར་བ་ནི། འུ་ཚོའི་སྐྱབས་མགོན་གང་ལ་མཛད་དཀའ་མི་བཟོ་དོན་ཡང་ཡིན་པ་རེད། བསམ་ཚུལ་ཡིན། ནོར་བ་ཡོད་ན་དགོངས་དག
(རྫབ་ཆེན་འཕྱུག་པ་ཞིག་བྱས་ན)་ཧེ་ཧེ། གཞན་ཡང་ནོར་ཡོད་ཤས་ཆེ།
ང་ནི་དྲང་པོ་ལ་དགའ། དེས་ན་དྲང་པོ་ཞིག་བཤད་ན་ད་ལྟའི་དུས་དབང་ཐད་ཀྱི་རྩོད་གླེང་ནི། གཅིག་གིས་༧གོང་ས་མཆོག་གི་ཞལ་ནས་གསུངས་པའི་བཀའ་དང་སྐུ་སྒེར་དྲུང་ཆེན་གཉིས་ཀྱིས་གང་བཤད་པ་དེ་ལ་ཡིད་ཆེས་དང་ངོས་ལེན་བྱེད་ཀྱི་ཡོད་ཅེས་ཤོད་ཀྱིན་ཡོད་པ་དང་། གཅིག་གིས་༧གོང་ས་མཆོག་གི་རྣམ་འགྱུར་ལ་བཞིགས་ཏེ་དེ་ལས་གཞན་ཞིག་རེད་ཅེས་ཤོད་ཀྱིན་ཡོད་པ་རེད། དོན་དངོས་ལ་གང་ཡིན་༧གོང་ས་མཆོག་རང་ལས་གཞན་སུས་ཀྱང་མི་ཤེས། མ་གཞི་དེ་འདྲ་ཡིན་ཡང་། དེ་གཉིས་ལས་གཅིག་ལ་ཆ་བཞག་དགོས་ན་ངེས་པར་དུ་དང་པོ་ལ་དགོས་ངེས་རེད། དང་པོ་ནི་༧གོང་ས་མཆོག་རང་གིས་ཞལ་ནས་ཐག་ཆོད་པོ་ངང་ནས་གསུངས་བ་ཞིག་དང་། གཉིས་པ་ནི། ༧གོང་ས་མཆོག་གི་རྣམ་འགྱུར་ཞིག་ལ་བཞིགས་ནས་ཐག་བཅད་པ་ཞིག་ཡིན་པས་དོན་ལ་ཐག་གཅོད་པ་པོའི་ཚོར་སྣང་ཙམ་ལས་མ་འདས། དེ་ཡང་སུའི་ཚོར་སྣང་ཡིན་དང་རྒྱུད་རིམ་གང་ལས་བྱུང་མིན་ད་དུང་མི་ཤེས།
འདིར་ཡང་ཆོལ་ཁ་དང་ལུང་ཚན་གྱི་དུག་ནག་འཐེན་མཁན་ཞིག་གིས་བྱིས་པའི་རྩེད་མཚར་ཅན་གྱི་སྐད་ཆ་འགའ་ཞིག་བཤད་འདུག ཁྱོད་དང་དགའ་ཉག་པ། སྲོང་བཙན་ལྟ་བུ་ནི་ང་ཚོའི་མི་རིགས་འདིར་གཅིག་ཡོད་ཀྱང་མང་མང་རེད་དོ།
xxx་་་་་ཞེན་ཁོག་གི་དབང་དུ་སོང་ནས་གནད་ལུགས་མེད་པའི་སྐད་ཆ་བྱིས་པའི་ཐལ་རྩེད་ལས་ཐབས་སྐྱོ་བ་འདི་འདྲ་བཤད་མ་ཡོང་།
མི་སྟག་འདྲ་པོ་ཞིག་གིས་སྐད་ཆ་གསེར་འདྲ་བ་ཞིག་གསུངས་འདུག། ཀུན་བཀྲ་ལགས་ཡག་བྱུང་།
ཡང་ཁྱི་ཕྲུག་ཟུག་སོང་།
མི་ཉག་པ་ཀུན་དགའ་བཀྲ་ཤིས་ལགས་སུ། ཁྱེད་ཐོག་མར་སྐྱེས་དུས་རང་ཡུལ་དེར་ཀུན་དགའ་བཀྲ་ཤིས་ཞེས་བོས་ན་འོས་འཚམས་ཤིག་ཡིན་སྲིད་ཀྱང་། ད་ལྟ་ཁྱོད་བཙན་བྱོལ་དུ་འབྱོར་བ་ནས་བཟུང་ཁྱེད་ཀྱི་དངོས་མིང་དེ་ཁྱེད་ལ་འོས་འཚམས་ཤིག་གཏན་ནས་མ་རེད། ཁྱེད་ནི་ཀུན་དགའ་ས་ཞིག་དང་བཀྲ་ཤིས་པའི་མི་ཞིག་མིན་པ་གནའ་ནས་དུས་ད་ལྟའི་བར་བོད་སྤྱི་ཚོགས་ཐོག་སྤེལ་བའི་ཁྱེད་ཀྱི་རྩོམ་ལས་ཤེས་ཐུབ། ཁྱེད་ཀྱི་མི་གཞི། ཕྱོགས་རིས་འཐེན་འཁྱེར་གྱི་མེ་ལྕེ་ཁོག་ནས་མཆེད་ཅིང་ཐད་བརྗོད་མཚོག་ཚིག་གི་དུ་བ་ཁ་ནས་མི་ཐོན་ཁུལ་གྱི་སྒྱུ་མའི་ཟློས་གར་བ་ཞིག་གི་མི་གཞི་དང་གཅིག་མཐུན་རེད། འདི་འདྲའི་མི་ཞིག་གིས་དུས་ནམ་ཡང་དོན་དངོས་ཀྱི་བདེན་པ་ཞིག་གཏན་ནས་འཚོལ་སྒྲུབ་བྱེད་མི་ཐུབ། ཁོ་ལ་དོན་དངོས་འཚོལ་སྒྲུབ་བྱེད་པའི་ཤེས་བྱའི་ཡོན་ཏན་གྱིས་དབེན་པས་མ་རེད། དེ་ནི་ཁོ་བོའི་མི་གཞི་ནས་མ་བྱུང་བ་ཞིག་རེད།
༡ དུས་དབང་སྐོར།
འཛིན་སྐྱོང་བཀའ་ཤག་ལྷན་རྒྱས་ནས་ཕྱི་ལོ་༢༠༡༤ ལོར་༧གོང་ས་མཆོག་ལ་དུས་དབང་སྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པ་དངོས་ཡོད་ཡིན་པས་འདི་ཁྱེད་ཀྱིས་ཁས་ལེན་དགོས། དུས་དབང་ཕྱིར་འགྱངས་གནང་དོན་དེ་རྒྱལ་བའི་སྐུ་གཟུགས་དང་འབྲེལ་བ་ཡོད་ལུགས་བསྒྲགས། རྒྱུ་མཚན་དེ་ཙམ་གྱིས་འཐུས་ན། ལྷོ་ཕྱོགས་བླ་རིམ་གསུང་ཆོས་ཀྱང་རྒྱལ་བའི་སྐུ་གཟུགས་དང་འབྲེལ་བ་ཡོད་པས་དེ་ཡང་ཕྱིར་འགྱངས་གནང་དགོས། བླ་རིམ་ཁྲིད་ཆེན་གྱི་གསུང་ཆོས་དང་དུས་དབང་གནང་རྒྱུ་གཉིས་ལ་ལྗིད་ཡང་གི་ཁྱད་པར་དེ་ཙམ་མེད། དུས་དབང་རྙོག་གཞི་ནི་བཀའ་ཤག་ལ་ཐུག་ཡོད་པ་ལས་དམངས་གཙོ་ཀ་བ་གསུམ་ག་ལ་རྙོག་འབྲེལ་གང་ཡང་མེད་པ་ཀུན་ལ་གསལ། དུས་དབང་རྙོག་གླེང་བཀའ་ཤག་ཐུག་དོན་ཡང་བཀའ་ཤག་ལ་ལས་བགོའི་འཆར་སྒྲིག་གི་ཉམས་མྱོང་མེད་པ་དང་། ཕྱོགས་ཡོངས་ལ་གཏིང་ཞིབ་རྣམ་དཔྱོད་མེད་པ་ལས་བྱུང་བ་ཞིག་རེད། ཡར་ཞུའི་གསལ་བསྒྲགས་དང་ཕྱིར་འགྱངས་གསལ་བསྒྲགས་ནི་དོན་མེད་ཀྱི་ལས་ཀ་འཐོལ་བ་ཞིག་རེད། དངོས་ནས་༧གོང་ས་མཆོག་ལ་ཛ་དྲག་གི་སྨྱུང་གཞི་བཞེས་ཡོད་ན་ངེས་པར་དུ་ཕྱིར་འགྱངས་གནང་དགོས་པ་མ་ཟད། སྐུ་འཕྲོད་བཞེས་ཆེད་སྨན་ཁང་དུ་བརྟག་དཔྱད་དུ་ཕེབས་དགོས་ལུགས་ཀྱི་གསལ་བསྒྲགས་གནང་ན་འདི་འདྲའི་རྙོག་གཞི་རུ་གྱུར་དོན་མེད། ལར་ནས་༧གོང་ས་མཆོག་གི་སྐུ་གཟུགས་ཐད་སེམས་ཁྲལ་གནང་མི་དགོས་པ་སྐུ་ཉིད་ཀྱི་ཞལ་སྔ་ནས་གསུངས་ཡོད་པ་ཀུན་ལ་གསལ་བས་འདི་ཡང་མི་ཉག་པ་ཁྱེད་ཀྱིས་མི་འདོད་བཞིན་དུ་ཁས་ལེན་དགོས། ཛ་དྲག་མིན་པའི་གནས་སྟངས་ཤིག་ཆེས་ཛ་དྲག་ཅན་ཞིག་ཏུ་བསྒྱུར་ནས་མི་དམངས་བརྡབ་གསིག་ཐེབས་གཞིའི་གསལ་བསྒྲགས་དེའི་རྒྱབ་ཏུ་གཏིང་མཐའ་དཔོག་པར་དཀའ་བའི་གནད་དོན་ཞིག་ཡོད་པ་ལྷག་བསམ་ཅན་གྱི་རིག་པ་སྨྲ་བ་བ་ཀུན་གྱི་སེམས་སུ་གསལ། ལས་ཚོགས་སུ་འགྲོ་རན་འདུག་པས་རྗེས་སུ་མཇལ་ཆོག
ཁ་བརྡའི་ནང་གི་རྩོམ་ཡིག་ཐ་རེ་ཐོ་རེ་བརྒྱ་ཆ་གྱ་ལྔ་ནས་གོ་ལྔ་བར་མཁས་དབང་སྲིད་སྐྱོང་བློ་བཟང་སེང་གེར་གཞི་མེད་པའི་སྐྱོན་བརྗོད་བྱེད་མཁན་གྱི་བླུན་རྨོངས་པ་ཏག་ཏག་རེད། ཁོ་ཚོའི་སྨྱུ་གུ་ཀྱོག་ཀྱོག་དེ་ཚོའི་རྩེ་ནས་ཚོགས་གཙོར་ཟུག་པའི་སྐྱོན་ཅི་ཡང་འབབ་མི་ཐུབ། དེ་ནི་ཁོ་ཚོར་སྙིང་སྟོབས་ཞན་པ་དང་། དྲང་བདེན་གྱི་དྲི་མ་ཙམ་ཡང་མི་ཁ་བའི་ཁྱི་འཁྱམ་རྐྱང་རྐྱང་ཡིན་པས་རེད། ངས་ནི་རྩོམ་ཡིག་ཚང་མའི་འོག་ལ་སྡོད་གནས། དངོས་མིང་སོགས་འགོད་བཞིན་ཡོད་ལ། མིང་རྫུན་གཏན་ནས་བེད་མི་སྤྱད། བློ་སེང་གི་སྐྱོན་དང་འཐུས་ཤོར་རྣམས་འཐེན་འདོན་བྱེད་ལ། སྤེན་ཚེའི་ཞན་ཆ་རྣམས་ཀྱང་དངོས་ཡོད་གཞིར་བཞག་ནས་འབྲི། དེ་ནི་ཡི་གེ་འབྲི་ཤེས་པའི་གཟི་བརྗིད་རེད། ཁ་བརྡ། ཡང་ན་དྲྭ་བརྒྱུད་ལམ་གཞན་ཁག་ཏུ་ཕྱོགས་སུ་མ་ལྷུང་བའི་སྐད་ཆ་བཤད་མཁན་ནི་ང་གཅིག་བུ་ཙམ་དུ་ཟད། འདིར་སྐྱུར་མེར་ལངས་པའི་མཆན་འཇོག་མཁན་དག་ནི་མིང་རྫུན་འོག་ཏུ་ཙི་ཙི་ལྟར་གབ་བསྡད་པའི་ཆོལ་ཁ་འཐེན་འཁྱེར་གྱི་སྐྲན་ནད་ཕོག་པ་དང་། རང་རེའི་དབུས་སྒྲིག་འཛུགས་ལ་རྒོལ་རྡུང་གཏོང་མཁན་གྱི་དམག་དཔོན་ཁག དེ་བཞིན་རྐུན་རྒྱབ་ཇག་ལངས་ཀྱི་ཚོགས་པ་ཁག་གི་འཐུས་མི་རྣམས་རེད། ཁོ་ཚོའི་སེམས་སུ་ཉིན་ཞིག་ངའི་སྙིང་སྟོབས་དང་ལྷག་བསམ་གྱི་རི་བོ་འགྱིང་ནས་ཡི་གེ་དོན་ལྡན་རེ་འབྲི་ཐུབ་པའི་རེ་བ་ཆེ།
་
https://www.facebook.com/permalink.php?story_fbid=189770478063422&id=100010914137771&pnref=
དྲ་ཐག་འདི་ལ་བལྟས་དུས།
དེ་ཚོ་དཔའ་བོ་ཡིན་པ་ཤེས་སོང་། ད་དུང་དྲ་བརྒྱ་ན། སྡོད་གནས་ཁ་བྱང་འཚོལ་མཁན་ཡོད་པ་དེ་ཚོ་ཡང་དཔའ་བོ་ཡིན་ཤེས་སོང་། དེ་ཚོའི་ལག་པར་གྲི་དང་མདུང་ཞིག་སྤྲད་ན། འཇིགས་སྐུལ་ཚོགས་པས་བོད་དོན་སྒར་ཟ་བྱེད་རྒྱུ་ཡིན་པ་ཡང་རིག་སོང་། ཧ་ཧ་ཧ། དཔའ་བོ་ཚོ་རྒྱལ་གྱུར་ཅིག།
མི་ཉག་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་གསུངས་སྟངས་ལ་བརྒྱ་ཆའི་བརྒྱ་རྒྱབ་བསྐྱོར་ཡོད། གོང་ས་མཆོག་གིས་དུས་དབང་ཆེད་ཞལ་རྫུན་གསུང་ཡོད་ན། དེ་ནི་འདུལ་བ་དང་འགལ་ཡོད་པས། ནང་པའི་དབུ་ཁྲིད་ཅིག་དེ་ལས་ནག་པོ་བཟོ་སྟངས་མེད། ད་སྤེན་པ་ཚེ་རིང་གི་རྒྱབ་བསྐྱོར་པ་ཚོས་བསམ་ནོར་ལྡོག་ཤེས་བྱེད་རན་ཡོད།
མི་ཉག་ཀུན་དགའ་ཁྱོད་རང་གིས་ག་ཚོད་བྲིས་ཀྱང་། ༸རྒྱལ་དབང་རིན་པོ་ཆེས་དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་དགོས་པ་དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་དེ་ད་ཆ་གསལ་པོ་གསལ་རྐྱང་ཆགས་ཚར་སོང་། མི་གཏེ་གཙོ་བོ་དེ་ནི་སྲིད་སྐྱོང་བློ་སེང་རེད་ལ། རྙོག་དྲྭ་འབྱུང་ཁུངས་དེ་ནི་ཆུ་སྒང་གསར་རྙིང་གི་རྙོག་དྲྭ་ལས་བྱུང་འདུག སྲིད་སྐྱོང་བློ་སེང་གི་བསམ་པར་ང་ཚོ་བོད་མི་རིགས་འདི་ལྐུགས་པ་ཞིག་དང་། ང་ཚོ་བོད་མི་རིགས་འདི་གཉའ་ཁུམས་ནས་སྡོད་མཁན་ཞིག་དང་། ང་ཚོ་བོད་མི་རིགས་འདི་ལ་ག་རེ་བཤད་བཤད་ཅིག་ཡོད་རེད་བསམས་ནས་སྔ་ཕྱི་བར་གསུམ་དུ་གསལ་བསྒྲགས་མི་འདྲ་བ་ཁ་ཤས་ཤིག་དང་། རྒྱུན་གཏན་ནས་དྲི་བ་གཅིག་ལ་དུས་སྔ་ཕྱི་བར་གསུམ་དུ་ལན་མི་འདྲ་བ་རེ་རྒྱབ་སྡོད་ཀྱི་འདུག
ཁྱོད་ལ་རྫུན་འགེབས་དགོས་པའི་སྐྱག་གནོང་དེ་མེད་ན། ལན་སྣང་རིང་ཐུང་མི་འདྲ་བ་བརྒྱབས་དགོས་དོན་མེད་ལ། ཆོལ་ཁའི་འཐེན་འཁྱེར་བསླངས་ནས་ལག་ཆ་བྱེད་དགོས་དོན་མེད།
བདེན་པ་ཉིད་རྒྱལ་གྱུར་ཅིག
བོད་སྲིད་པ་ཆགས་པའི་ལྷ་ཚོགས་ཐམས་ཅད་དང་། སྲུང་མ་དམར་ནག་གཉིས་ཀྱིས་གཙོས་པའི་སངས་རྒྱས་བསྟན་པ་རིན་པོ་ཆེ་སྐྱོང་བའི་དམ་ཅན་ཆོས་སྲུང་ཐམས་ཅད་ཀྱིས་བདེན་པ་དཔང་པོ་མཛོད་ཅིག
མི་ཉག་ཀུན་དགའ་ཟེར་བའི་མི་འདི་ཚོ་ཁ་ནང་དུ་ཐལ་གཏོར་ཀྱང་ཕུ་ཟེར་ཤེས་ནི་ཞིག་རེད་མི་གདའ་་་མི་དེས་བྲིས་ཚད་ལ་ལྟོས་དང་སྐད་ཆ་དྲང་མོ་ཞིག་བཤད་པའི་ཟོལ་གྱིས་བློ་སེང་ཕྱོགས་སུ་ཁ་དང་སྐེ་འཁྱོག་འཁྱོག་རེད་འགུ་་་་
ད་ལྟ་ང་ཚོས་འོས་འདེམས་བྱེད་རྒྱུ་ནི་ “སྲིད་སྐྱོང” རེད་མ་གཏོགས། “ཆོས་སྐྱོང་” ནི་མ་རེད།
ལྷ་འདྲེ་དང་དད་པ། ཆོས་སེམས་དང་དུས་དབང་ལ་སོགས་པའི་སྐད་ཆ་དེ་དག་བཞག་ནས། རྒྱལ་ཁབ་དང་མི་རིགས། སྐད་ཡིག དཔལ་འབྱོར་ལ་སོགས་པའི་ཐོག་ནས་བོད་ནང་གི་རང་ས་རང་འཛིན་དང་། བཙན་བྱོལ་ནང་གི་ “རང་ཁ་རང་གསོ” ཡི་སྐད་ཆ་ཤོད་དང་།