ཨེ་མ་ཧོ།
གླུ་ཨ་ལ་ལ་མོ་ཨ་ལ་རེད།།
གླུ་ཐ་ལ་ངག་གི་འགུགས་ལུགས་རེད།།
སྐྱབས་རྒྱལ་རྒྱལ་བ་རྒྱ་མཚོའི་ཞབས་ལ་འདུད།།
ལས་ལམ་ལ་འགྲོ་བར་བྱིན་གྱིས་རློབས།།
ས་འདི་འདྲའི་ས་ངོ་མ་ཤེས་ན།།
ཡུལ་སྐྱིད་པོ་གངས་ལྡན་རི་བོའི་མགུལ།།
དབུ་གསེར་མདོག་ལུགས་གཉིས་དར་བའི་གནས།།
ལྷོ་འཛམ་བུ་གླིང་གི་ཡོངས་སྟེང་རེད།།
མི་ང་འདྲ་ང་ངོ་མ་ཤེས་ན།།
བོད་གངས་ཅན་ཡུལ་ནས་སྐྱེས་པའི་ནས།།
ཆོས་འཇིག་རྟེན་ཤེས་པའི་ཉམས་མྱོང་ཅན།།
དཔལ་དགྱེས་པ་རྡོ་རྗེ་ཐོད་ཕྲེང་ཡིན།།
ངས་དོན་ཆེན་གྲོས་ལ་ཐག་གཅོད་ཡོད།།
སེམས་བསམ་པ་དཀར་པོའི་ཁ་ཏ་འདི།།
སྙིང་རུས་པ་ཅན་གྱི་ཐུགས་ལ་ཟུངས།།
བོད་གངས་ཅན་སྐྱིད་པའི་རྒྱལ་ཁ་ཡོད།།
༧གོང་རྒྱལ་བ་ཡིད་བཞིན་ནོར་བུ་གཅིག།
དཔོན་སྲིད་སྐྱོང་བློ་བཟང་སེངྒེ་གཉིས།།
བུ་དཔའ་རྒོད་ཀླུ་མཁར་བྱམས་པོ་གསུམ།།
ཕ་མེས་དབོན་རྒྱུད་པའི་བདག་པོ་རེད།།
ཕོ་རྒྱ་ཚ་སྐྱེས་ན་གླིང་གི་བུ།།
བུ་ཇོ་རུ་སྐྱེས་ན་གླིང་གི་བུ།།
དོན་ངོ་མ་སྤྱི་དོན་ནོར་བུ་རེད།’
ཆོས་དུས་འཁོར་དབང་ཆེན་དམ་ཚིག་དེ།།
དགྲ་ཀླ་ཀློ་འཇོམས་པའི་ཐོ་བ་རེད།།
བོད་དབུ་ནག་སྐྱོབ་པའི་ཕ་མ་ལ།།
དོན་མཛད་དཀའ་མ་བཟོ་ཚོགས་གཙོ་ལགས།།
ལོ་གསུམ་བཞི་འབད་པའི་བཀའ་བློན་དེས།།
གཏམ་སོ་ཟིན་མེད་པར་རྩ་དགོངས་ཞུས།།
དོན་ངོས་བཟུང་མེད་པའི་འཕྲིན་བརྡ་དེས།།
ཁྱོད་རེ་བ་ཆད་པའི་སྔ་བལྟས་རེད།།
ཆོས་ས་དགེ་བཀའ་རྙིང་བོན་པོ་ཡང་།།
ལམ་ཐར་བ་སྒྲུབ་པར་འཐེན་རྩོད་མེད།།
བོད་མདོ་དབུས་ཁམས་གསུམ་འབོད་ན་ཡང་།།
དོན་ཤ་ཁྲག་རུས་པ་སྤྲེལ་ལས་མཆེད།།
གླུ་སྙིང་པོ་སྲིད་རྒྱལ་སེངྒེ་ལ།།
བདེན་ལུང་བའི་ཕུ་ཐག་རིང་མོ་ལ།།
ཆང་དུ་བས་བཟི་ཁ་མ་བརྟས་ན།།
རྒྱ་ནག་པོས་མཛུམ་ཆུང་ཤོར་དོན་མེད།།
༧གོང་རྒྱལ་བ་ཡིད་བཞིན་ནོར་བུ་ལ།།
ངོ་མངོན་ལྐོག་ཕྲ་མས་མ་ཁྱེར་ན།།
བོད་གངས་ཅན་བསོད་ནམས་ཟད་དོན་མེད།།
ཁོང་དམག་དཔོན་ཀླུ་མཁར་བྱམས་ཆེན་ལ།།
མི་ཆེན་པོས་བཙན་གནོན་མ་བྱས་ན།།
བོད་རང་བཙན་བདེན་ཁ་བཀག་དོན་མེད།།
མི་སྒེར་དོན་རྩོད་པའི་དུས་མ་ཡིན།།
སེམས་བློ་རྩེ་རྣོ་ལྕགས་བཞིན་དུ་སྒྲིམ།།
དགྲ་ནག་པོ་སྙིང་ལ་གཙུག་ནུས་ན།།
བོད་བཙན་པོས་ནང་དོན་མཚུངས་པ་རེད།།
བདེན་གྲོས་ཐག་ཆོད་པ་འདི་ལྟར་ལགས།།
ཕ་བླ་མས་བཤད་སྒྲུབ་བསྟན་པ་འཛིན།།
གོང་དཔོན་པོས་མངའ་འབངས་ཚུལ་བཞིན་སྐྱོང་།།
བོད་སྤྱི་དོན་ཆིག་སྒྲིལ་མཐུན་སྤེལ་མཛོད།།
རྗེ་གོང་ས་རྐང་རྩེད་སྤོ་ལོ་མིན།།
ཁོ་ཟམ་གདོང་ཡ་མན་ཏ་ཀ་མིན།།
གྲོགས་ཁུག་རྟ་ཨ་ཁུ་ཁྲོ་ཐུང་ཡིན།།
བོད་སྤྱི་དོན་གླེང་ན་ཁ་རོགས་ཞོགས།།
བོན་རྩྭ་ཞྭ་གཡོགས་པའི་ལོ་རྒྱུས་དང་།།
སོག་དགོན་པ་གཏོར་བའི་དམར་གསོད་གཏམ།།
རྒྱས་བསྟན་སྲིད་བརླགས་པའི་བདེན་དཔུང་ཚོ།།
དུས་ཉེར་གཅིག་སྐབས་སུ་གུ་ཡངས་དགོས།།
བཀའ་རབ་འབྱམས་མཁས་པའི་དགེ་བཤེས་དང་།།
ཆོས་མདོ་སྔགས་དགོངས་པའི་སྔགས་འཆང་ལ།།
དཔལ་མཁས་བཙུན་བཟང་པོས་ཕྱུག་པ་ན།།
ཐོབ་ཆེ་ཆུང་མེད་པར་འདྲ་འདྲ་དགོས།།
ལུང་རིགས་པ་མཁས་པའི་ཨ་ནེ་དང་།།
དོན་བྱམས་བརྩེ་ལྡན་པའི་བུད་མེད་ལ།།
ཆོས་སེམས་པ་སྙིང་ལ་འདྲིས་ཡོད་ན།།
གཞི་ཞེ་ས་བྱེད་པ་འདྲ་འདྲ་དགོས།།
ཕོ་རྒོད་པོའི་རྒྱལ་ཁམས་འདུལ་བ་དང་།།
མོ་མཛངས་མས་ཡོན་ཏན་ལྡན་པ་ན།།
མི་ཕོ་བཟང་མོ་དམན་མི་ལྟ་བར།།
ཐོབ་གོ་ས་མཐོ་དམན་འདྲ་འདྲ་དགོས།།
དགྲ་ནག་པོ་ཁ་གཏད་མ་ཐུབ་རུང་།།
གཉེན་ནག་པོ་བཟོ་བའི་སྐྱག་རྫུན་རིགས།།
ཚེ་སྟོང་ཟད་བྱེད་པའི་ཆགས་སྡང་ཚོ།།
དོང་ནག་པོ་ཞབས་སུ་གཡུགས་ཐུབ་དགོས།།
གོང་བླ་མའི་བཞེད་དོན་འགྲུབ་པའི་ཕྱིར།།
དཔོན་བློ་སེང་ཁྲི་ལ་འགྱུར་མེད་དགོས།།
བོད་ཕྱི་ནང་སྡུག་བསྔལ་བསལ་བའི་ཕྱིར།།
མིང་ཆེ་ཆུང་མེད་པར་ཀུན་མཚུངས་དགོས།།
གཞི་རང་བཙན་རྩོད་ས་མེད་ན་ཡང་།།
ལམ་དབུ་མའི་ཕྱོགས་སུ་མྱིག་བཙུམས་ནས།།
དོན་བཟང་ངན་ཀུན་ལ་གདོང་ལེན་དགོས།།
ཚིག་བདེན་པ་བཟུང་ན་དེ་ཙམ་ལགས།།
གླུ་གོ་ན་རྣ་བའི་བདུད་རྩི་ཡིན།།
མ་གོ་གླུ་ལ་འགྲེལ་བ་མེད།།
བོད་མི་མང་སེམས་ལ་དེ་ལྟར་ཟུངས།།
ཞེས་པ་འདི་ཡང་རབ་གནས་མེ་སྤྲེལ་དབོ་ཟླའི་དབང་ཕྱོགས་རྫོགས་པ་གསུམ་པར་བོད་ཀྱི་དྲ་བརྙན་ལྟ་བའི་མཐོང་ཚུལ་འགའ་ཞིག་ལ་གྲོས་འདེབས་སུ་དབྱིན་ཡུལ་བྷན་གྷོར་གཙུག་ལག་སློབ་ཆེན་ཁང་ནས་བོད་སྤྱི་བའི་བདེ་སྡུག་ལ་སེམས་ཁུལ་བྱས་པ་རྣམས་དེ་ཉིད་དུ་ཀུ་ཤུའི་དྲ་ཀླད་རྒྱུད་ནས་ཤྲྰི༔་ཨེ་མ་ཧོས་གླུ་རུ་བླངས་པར་དགེའོ།། །།
གླུ་ཨ་ལ་ཐ་ལ་ཐ་ལ་རེད། དུས་ད་རེས་ངུ་གླུ་མ་བླངས་ན།། ངའི་ཆོལ་ཁ་ཅིག་པ་ཤོར་ས་རེད།།
ད་འུ་ཐུག་ང་ལ་བྱ་ཐབས་མེད།། གཅིག་ཡོད་པ་ཚོགས་གཙོར་སྒྲོ་སྐུར་བྱེད།། ཕན་ཆེན་པོ་ཐོག་མིན་མི་ཤེས་ཀྱང་།། ཐབས་ཟད་དུ་རང་སེམས་གསོ་གླུ་རེད། ཀྱེ་མ་ཧོ།
བོད་གངས་ཅན་སྲིད་པའི་བོན་ཁམས་སུ།
རྒྱ་དཀར་པོས་བཟོས་པའི་ཆོས་འཁྲུག་དང་།
རྒྱ་ནག་པོས་བཏང་བའི་ཆོལ་འཁྲུག་གཉིས།
བོད་སིལ་བུར་གཏོར་བའི་བྱུས་ངན་རེད། །
ཨེ་མ་ཧོ། གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས།
གོང་བླ་མ་དྲག་པོ་གུ་རུ་ཊ།།
འོག་མཁའ་འགྲོ་ཡི་དམ་བླ་མའི་ཚོགས།།
བར་འགྲོ་འོང་མེད་པ་སྲུང་མའི་ཚོགས།།
དཔའ་དཔའ་མོ་ཚོགས་རྣམས་འདིར་བྱོན་ཅིག།།
ཨེ་མ་ཧོ།
མི་ཤེས་རྨོངས་ཆེན་ཨེ་མ་ཧོ།།
མགོ་རྐོར་རྒན་པོ་ཨེ་མ་ཧོ།།
ཅང་མེད་བླུན་རྒན་ཨེ་མ་ཧོ།།
ཁ་བཙུམ་མེར་བཞུགས་ན་ཆོས་ཚོགས་བདེ་་་་་་་་་་་་་་
རྒྱ་དམར་པོའི་དམར་ཁྲིམས་དམངས་གཙོ་རུ།
བསྒྱུར་ནུས་པའི་དཔའ་དང་ཐབས་བྱུས་སོགས།
ཕོ་ཨ་ཚོགས་ཀླུ་མཁར་བྱམས་མ་གཏོགས།
བློ་སེང་དང་སྤེན་ཚེ་གཉིས་ཆར་མེད།
གོ་ན་གླུ་ཡི་་་་
མ་གོ་གླུ་ལ་་་་་