—རྔ་བ་རྒྱལ་ཁམས་པ།
སྲིད་སྐྱོང་བློ་སེང་ནི་ཧ་ཝར་གཙུག་ལག་སློབ་ཆེན་དང་། ཕྱི་གླིང་ཡར་ཐོན་སྤྱི་ཚོགས་ཀྱི་འཇིག་རྟེན་ལྟ་སྟངས་ཤིག་གི་ཐོག་ནས། བོད་ཀྱི་ཆབ་སྲིད་ལ་ཁ་ལོ་བསྒྱུར་རྒྱུའི་དམིགས་ཡུལ་དང་། རྨི་ལམ་ཡ་མཚན་པོ་དེ་འདྲ་རྨི་མཁན་ཞིག་ཡིན་པ་ནི། ཁོང་གི་རྣལ་མའི་ཀུན་ཏུ་སྤྱོད་པ་དག་ལས་ཤེས་ཐུབ་པ་སྟེ། ཁོང་གིས་ནམ་རྒྱུན “ང་ལ་ཤེས་འཇོན་ཡོད”། “ཉམས་མྱོང་བཟང”་། “ཡག་ཐག་ཆོད་ཡོད”། “བྱེད་ཐུབ་ཀྱི་རེད”། ཅེས་པའི་གནད་ཚིག་འདི་ཚོ་ཟ་དང་ཟུར་ནས་ཟློ་བཞིན་པ་འདིས་གསལ་བོར་མཚོན་ཐུབ།
ཕྱི་གླིང་ཡར་ཐོན་སྤྱི་ཚོགས་ཀྱི་སྤོབས་པ་དང་། ཤེས་རིག་གི་རྩ་བའང་། ཀུན་སྤྱོད་དེ་འདྲ་ཞིག་ལ་གཞི་བཅོལ་ནས་བྱུང་བ་ཞིག་ཡིན་པ་ནི། ཕྱི་གླིང་ན་སྙན་པའི་གྲགས་པ་འབྲུག་ལྟར་ལྡིར་བའི་ཤེས་རིག་གི་དཔེ་སྡོམ་ཏེ། “The Secrete” ཞེས་པའི་དཔེ་ཆ་དང་། “The Law of Attraction”ཞེས་པའི་དཔེ་ཆ་དག་ལ་ཆ་རྒྱུས་ཡོད་མཁན་ཞིག་ཡིན་ཚེ་ལས་སླ་བོས་ཧ་གོ་ཐུབ།
འོན་ཀྱང་ལྟ་གྲུབ་དེ་ཚོ་བོད་པའི་སྤྱི་ཚོགས་ནང་ངོས་ལེན་དང་། ལག་ལེན་དུ་བསྟར་རྒྱུར་ད་དུང་དུས་ཚོད་རྒྱུན་རིང་བོ་ཞིག་འགོར་ངེས་རེད།
ང་ཚོས་ཁོང་གི་བསམ་བློའི་ཀུན་སྤྱོད་དེའི་ཐོག་ནས། ཁོང་གི་རྩ་བའི་དམ་བཅའ་གསུམ་སྟེ “རང་ཁ་རང་གསོ”། “གསར་གཏོད”། “རྡོག་རྩ་གཅིག་བསྒྲིལ”བཅས་ལ་གཟབ་ལྟ་ཞིག་བྱས་ན། འདས་མ་ཐག་པའི་ལོ་བར་བཞིའི་རིང་། དཔལ་འབྱོར་གྱི་གནས་བབ་ལྡབ་འགྱུར་གྱིས་འཕར་བསྡད་ཡོད་པ་དང། སྲིད་སྐྱོང་གཟེངས་རྟགས་དང་། དགའ་ལྡན་ཕོ་བྲང་གཟེངས་རྟགས། སྲིད་སྐྱོང་སློབ་ཡོན་གཟེངས་རྟགས། སྲིད་སྐྱོང་ཆེད་མཁས་ཚོང་བའི་གཟེངས་རྟགས་ཀྱིས་མཚོན་པས། ཐབས་མཁས་ཀྱི་ལག་ལེན་སྣ་མང་ཞིག་གིས། དཔལ་འབྱོར་དང་ཤེས་ཡོན་སློབ་གསོ། གཞིས་ཆགས་སྲ་བརྟན་སོགས། ལས་གཞི་མང་བོར་སྔར་ལྷག་ཡར་རྒྱས་བྱུང་བ། སྲིད་སྐྱོང་སྔོན་འགྲོའི་འོས་བསྡུའི་སྐབས་ཀྱི་འོས་ཐོབ་ལ་བསམ་ཡུལ་ལས་འདས་པའི་ཁྱད་པར་རྒྱུག་པ་སོགས་ལ་བརྟག་ན། ཁས་བླངས་པའི་དམ་བཅའ་གསུམ་ལག་ལེན་དུ་བཏབ་དང་འདེབས་བཞིན་པའི་གནས་ལུགས་རེ་རེ་ནས་གསལ་བོར་ཧ་གོ་ཐུབ།
ཡིན་ནའང་། ཁོང་ལ་དཀའ་ངལ་ཞིག་འཕྲད་བཞིན་པ་ནི། དམིགས་ཡུལ་ཐོག་གོམ་པ་ཆ་ཚང་སྤོ་བ་ལ་འགོག་རྐྱེན་འགའ་ཞིག་ཡོང་གི་ཡོད་པ་རེད། དེར་བརྟེན། དོན་ངོ་མའི་ཁོང་ལ་སྲིད་སྐྱོང་གི་མིང་ཙམ་ལས། དབང་ཚད་ཆ་ཚང་ཡོད་པའི་སྲིད་སྐྱོང་ཞིག་མ་རེད།
གལ་སྲིད་ཁོང་ལ་སྐབས་རྗེས་མའི་སྲིད་སྐྱོང་གི་གོ་སྐབས་དེ་ཐོབ་པ་ཡིན་ན། ཁོང་གི་དམིགས་སྒྲོམ་དང་། རྨི་ལམ་མངར་མོ་དེ་བརྒྱུད་ནས་རྩ་དོན་གསུམ་གྱི་ཐོག་གོམ་པ་ཆ་ཚང་ཞིག་རྒྱག་སྲིད་ལ། དེས་རྒྱ་ནག་སྲིད་གཞུང་གིས་བོད་རྩ་མེད་དུ་གཏོང་བའི་སྲིད་ཇུས་དེར་བཟོད་མི་ཐུབ་པའི་རྡུང་རྡེག་ཚ་ནན་ཞིག་གཏོང་རྒྱུ་མ་ཟད། ཁོང་ལ་ཕྲག་དྭོགས་བྱེད་གཏེ་རྒྱབ་རྩ་དང་བཅས་པ་ངོ་ཚ་ཁ་སྐྱེངས་ངང་། ང་ཚོའི་སྤྱི་ཚོགས་ཀྱི་གདོང་ལ་མགོ་བོ་བཏེགས་ཏེ་མིག་གིས་ལྟ་མི་ཕོད་པ་ཞིག་ཡོང་རྒྱུ་ཡིན་པའང་གསལ་བོ་རེད།
ཆོས་པས་སྡེ་སྲིད་སངས་རྒྱམ་གསོན་མགོ་བཏོག།
ཆོས་པས་རྩིས་དཔོན་ལུང་ཤར་མི་འབྲས་ཕྱུང།།
ཆོས་པས་དྲན་དབང་དགེ་ཆོས་འཆི་ལམ་དེད།།
ཆོས་པས་སྲིད་སྐྱོང་འདི་ཡང་འབུར་འཇོམས་བྱེད།།
3/11/2016
ཨ་མདོའི་ནང་གི་ཤེས་ཡོན་པ་ཟེར་ན་རྩོམ་ཡིག་འདི་འབྲི་མཁན་ལགས་རེད། གནས་ལུགས་ཀྱི་རྩ་བ་འཇུས་ནས་དབྱེ་ཞིབ་གནང་ཤག
རྔ་བ་རྒྱལ་ཁམས་པས་ངོ་མ་ཡག་པོ་བྲིས་འདུག
ངོས་རང་ཨ་རིའི་ནང་སློབ་སྦྱོང་ཐོན་པ་ཞིག་དང་ངའི་ཕྲུ་གུ་ཚོར་ཡང་སློབ་སྦྱོང་ཡོངས་རྫོགས་ཨ་རི་ནས་ཐོན་ཡོད་།
བློ་སེང་ལ་ཁྱེད་ཀྱི་མངོན་པར་བསྟོད་པ་ལྟར་སློབ་སྦྱོང་དང་བསམ་བློའི་་དམིགས་ཚད་ཡོག་རེད་ཅེས་ན་ངའི་རྐུབ་གད་མོ་ཤོར་གྱི་འདུག་།
བློ་སེང་གིས་ཨ་མི་རི་ཀའི་དཔལ་ཡོན་གྱི་སློབ་སྦྱོང་སྣེ་གཅིག་ལེན་ཐུབ་མེད་ལ་ཁོས་བྱས་སྟངས་ནས་གསལ་སྟོན་གང་ཐུབ་ཅེ་ན་ཁོས་དེ་སྔ་རང་ཉིད་རྡོ་གླིང་སློབ་གྲར་འགྲོ་དུས་རྡོ་གླིང་ཁུལ་གྱི་གྷོར་ཀའི་འགོ་ཁྲིད་གྷི་ཤིང་ལ་ཡིད་སྨོན་ཆེན་པོ་ཡོད་པ་བཤད་ཀྱི་ཡོད་པར་ མིག་ལྟོས་བྱས་ས་དེ་ལས་མེད་ན་སློབ་མ་དེ་ཡང་དེ་འདྲ་བའི་འཇག་པ་ཞིག་མ་གཏོགས་གཞན་གང་ཡོང་།
རྔ་བ་རྒྱལ་ཁམས་པ་ལགས། ཁྱེད་ཀྱིས་བྲིས་པའི་རྩོམ་ཡིག་གི་བརྗོད་བྱ་ནི་སིལ་སྡོང་སྐམ་པོར་ཤིང་ཏོག་སྨིན་དུ་འཇུག་པའི་དཔེ་ལས་མ་མཆིས། ང་ཚོ་སུས་ཀྱང་ཁྱོས་བཤད་ནང་བཞིན་ལ་རེ་བ་བྱེད་བཞིན་ཡོད་ལ། དེ་ལྟ་བུའི་འབྲས་བུ་སྨིན་པར་ཡིད་ཆེས་བྱེད་བཞིན་ཡོད། ཡིན་ཡང་ངས་མང་པོ་མི་བཤད། འདས་ལོ་ངོ་བཞི་དང་ཕྱེད་ཀའི་རིང་ལ་ད་ལྟའི་སྲིད་སྐྱོང་ལས་ཐོག་གིས་བསྒྲུབས་པ་ལས་འཐུས་ཤོར་མང་བ་ཡོད་པ་དངོས་ཡོད་གནས་ཚུལ་རེད། དེ་བས་ཁོས་བསྒྲུབ་མ་ཐུབ་པ་ཞིག་ཡང་བསྐྱར་བསྒྲུབ་ག་ལ་ཐུབ། འདི་ལྟར་ཁོ་ལ་དགག་བྱ་བསྒྲུབ་པ་ནི་རྦད་དེ་ནག་པོ་བཟོ་བ་མ་ཡིན་པར་ད་ལྟའི་སྲིད་སྐྱོང་གི་རྐུབ་སྟེགས་ཁོ་ལ་ཐོབ་མི་འོས་པ་ལས་སྤྱི་ཚོགས་ཀྱི་ནག་ཉེས་ཅན་ག་ལ་ཡིན། སྔ་ཕྱི་བར་གསུམ་ལ་བསམ་བློ་ཡག་པོ་བཏང་རྗེས་རྩོམ་ཡིག་དཔྱད་འཇོག་ཡོད་པ་ཞིག་སྤེལ་ན་བཟང་།
སྲིད་སྐྱོང་བློ་བཟང་སེང་གེ་འོས་ཐོབ་རྒྱུ་ཡིན་པ་སྔོན་འགྲོའི་འོས་བསྡུའི་སྒྲུབ་འབྲས་ནས་གཏན་འཁེལ་ཚར་བ་རེད་ འོན་ཀྱང་དེང་སང་བཙན་བྱོལ་སྤྱི་ཚོགས་མི་དོན་མ་སྒོ་མང་དག་གཅིག་ནས་རང་མིང་གྲགས་ཐབས་སུ་བློ་སེང་ལ་སྤྲེ་ལས་ཁྲབ་ནས་མི་མང་གི་འོས་འཕེན་པ་དེ་ཁོ་ཚོའི་ངོ་གསོ་བཏང་ནས་བློ་སེང་ལ་རྒྱབ་སྐྱོར་ཡོད་རབས་དང་སྤེན་པ་སྡུག་རབས་བཤད་མཁན་འདུག་པ་འདི་རིགས་ཀྱི་བློ་སེང་ལ་བསྟོད་སྟངས་མ་ཤེས་ན་བློ་སེང་འོས་ཤོར་ཉེན་དུ་སླེབས་འདུག་ན་ བློ་སེང་འོས་ཤོར་ན་དེའི་འགན་འཁུར་ཡོངས་རྫོགས་བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སྐབས་འཚོལ་བ་མགོ་གཉིས་ཚོའི་ཁྱེར་དགོས་པ་དེ་ཤེས་དགོས་སོ་།
བློ་སེང་ལ་འོས་མང་ཤོས་དེ་དགོན་པ་གྲ་ཚང་དང་གདན་ས་གསུམ་ནས་ཡོང་གི་ཡོད་ན་ཁྱེད་ཀྱི་ཆོས་ལ་མ་འདོད་པའི་ཟུར་ཟའི་གཏམ་འདིའི་བློ་སེང་ཕན་པའི་ཚབ་ཏུ་གནོད་པ་མྈརེད་དམ་།
སྤྱིར་ན་མི་སུམ་ཅུ་བསམ་པ་སུམ་ཅུ་ཞེས་པ་བདེན་ན་ཡང་། རྔ་བ་རྒྱལ་ཁམས་པས་”དོན་ངོ་མའི་ཁོང་ལ་སྲིད་སྐྱོང་གི་མིང་ཙམ་ལས། དབང་ཚད་ཆ་ཚང་ཡོད་པའི་སྲིད་སྐྱོང་ཞིག་མ་རེད།” ཅེས་བརྗོད་པ་དེར་ཧ་ཅང་མོས་མཐུན་བྱེད་དཀའ།
སྲིད་སྐྱོང་ཁོང་ལ་དབང་ཚད་ཆེ་བས་མ་ཚད། དབང་ཚད་དེ་ཡང་གཞན་དང་ལྟོས་མེད་ཀྱིས་སྒེར་གཅོད་བྱས་པ་མང་དག་ཅིག་བྱུང་འབྲས་སུ། ད་ལྟའི་མིག་མདུན་གྱི་རྙོག་གླེང་དང་དཀའ་ངལ་འདི་དག་བྱུང་བ་ནི་བསྙོན་དུ་མེད།
ཆོས་པས་སྡེ་སྲིད་སངས་རྒྱམ་གསོན་མགོ་བཏོག།
ཆོས་པས་རྩིས་དཔོན་ལུང་ཤར་མི་འབྲས་ཕྱུང།།
ཆོས་པས་དྲན་དབང་དགེ་ཆོས་འཆི་ལམ་དེད།།
ཆོས་པས་སྲིད་སྐྱོང་འདི་ཡང་འབུར་འཇོམས་བྱེད།།
འདི་ལ།
སོག་པོས་སྡེ་སྲིད་སངས་རྒྱམ་སྲོག་ལ་བརྔམས། །
སྐུ་དྲག་རྩིས་དཔོན་ལུང་ཤར་མི་འབྲས་ཕྱུང། །
བོད་གཞུང་དྲན་དབང་དགེ་ཆོས་འཆི་ལམ་དེད། །
བདེ་ཆོས་སྲིད་སྐྱོང་འདི་ཡང་འབུར་འཇོམས་བྱེད། །
ངས་ནི། འདིར་ཆོས་པ་གདན་ས་གསུམ་ལ། གོ་ནས་ཡ་ལན་བྲིས་པའོ།།
སྲིད་སྐྱོང་བློ་སེང་ལ་ཕོད་ཚོད་དེ་འདྲ་ཞིག་གང་ནས་བྱུང་བ་ཡིན་ནམ་ཞེས་ན། དེ་ནི་དགེ་ལུགས་པའི་འདྲེ་ངན་དེ། ཁོ་ཡི་ཁོག་ཏུ་རླམ་སོང་བ་ལས་བྱུང་བ་རེད།
རྔ་བ་རྒྱལ་ཁམས་པ། ཆེན་པོ་ཞིག་ཤེས་ཡོད་མདོག་མ་བྱེད། དོན་ལ་ཁྱོད་ཀྱིས་བློ་སེང་ཤེས་མི་འདུག འགོག་རྐྱེན་ཅི་ཞིག་འཕྲད་ཀྱི་འདུག གལ་ཏེ་བློ་སེང་ལ་རྐྱེན་ཡོང་གི་ཡོང་ན། འགོག་རྐྱེན་ཚང་མ་བློ་སེང་རང་གིས་བཟོས་བ་རེད། སྐད་ཆ་དྲང་བོར་མི་བཤད། སྐྱོན་ཁས་མི་ལེན་པ། དོན་དངོས་སྦས་པ། ཆབ་སྲིད་མི་ཤེས་པ། འཛིན་སྐྱོང་མི་འཇོན་པ། སྤྱི་བ་ལ་ལྷག་བསམ་མེད་པ། མཉམ་རུབ་དང་གཅིག་སྒྲིལ་མེད་པ་སོགས་ལས་རེད། བློ་སེང་ཕམ་ནའང་ཕམ་ཁའི་ཡོང་ས་དེ་དག་རེད།
ངའི་ངོས་ནས་སྲིད་སྐྱོང་མཆོག་མཁས་པ་ཞིག་ལ་ངོས་འཛིན་བྱེད་པ་ལས་བོད་མི་འཇོན་པོ་ཞིག་ལ་ངོས་འཛིན་ནམ་ཡང་བྱེད་ཀྱི་མེད་ལ་ངོས་འཛིན་བྱེད་པའི་ཕྱག་ལས་ཞིག་མིན་འདུག། རྔ་བ་ཁྱོད་རང་བཤད་ཚོད་བྱས་ན་གོང་གི་དགའ་ལྡན་ཕོ་བྲང་ལ་སོགས་པའི་གཟེངས་རྟགས་དེ་ཚོ་སྲིད་སྐྱོང་གིས་གསར་གཏོད་བྱས་པ་རེད་ཟེར་ ཁྱོད་རང་བོད་ནས་གསར་པ་སླེབས་མ་དག་ཡིན་ས་རེད་ གོང་གི་གཟེངས་རྟགས་གསུམ་ལ་ཐ་སྙད་གསར་པ་སྙན་པོ་ཞིག་རྟགས་པ་ལས་གཟེངས་རྟགས་དེ་ཚོ་མཁས་དབང་ཟབ་གདོང་རིན་པོ་ཆེའི་སྐབས་སུ་ནས་ཡོད་པ་རེད།
དེ་སྔོན་བློ་སེང་ལས་ལྷག་པའི་སྲིད་སྐྱོང་འཇོན་པོ་ཞིག་བྱུང་མི་འདུག འོན་ཀྱང་ཁོང་ལ་དབང་ཆ་མི་འདུག སྐུ་དྲག་རིང་ལུགས་དང་། བླ་མིང་འཛིན་པ་ཁ་ཤས་ཀྱིས་གནོན་ཤུགས་སྤྲོད་ཀྱིན་ཡོད། སྤེན་པ་ཚེ་རིང་ལ་རོགས་པོ་གནང་མཁན་ཀྱང་སྐུ་དྲག་རིང་ལུགས་རེད། སྐུ་དྲག་རིང་ལུགས་ལ་ནི་སྒེར་གྱི་མཁེ་ཕན་ལས་མི་རིགས་ཀྱི་བསམ་མནོ་གཏན་ནས་མེད།
བློ་སེང་ལགས། འབུམ་གསུམ་ལྷག་གི་རང་ཤག་བཞག་ནས། དྷ་སའི་ལས་ཤག་ལ་བཞུགས་འདུག
བློ་སེང་ལགས། སྔར་བོད་སྐད་སློབ་གྲྭའི་བུ་གུའི་བོད་སྐད་ལས་ལྟག་པ་ད་ཡག་པོ་ཤེས་འདུག
བློ་སེང་ལགས། སྔར་དྷ་སའི་ཆབ་སྲིད་ཀྱི་ཉམ་སྨྱོང་མེད་ཀྱང་། ད་ལོ་བཞི་ལྷག་ཉམས་མྱོང་བསགས་འདུག
བློ་སེང་ལགས། བདེ་ཆོས་ཀྱིས་དྲིན་ལན་ལོག་འཇལ་དང་། ངོ་རྒོལ་བྱས་ཀྱང་། ད་དུང་སྲིད་སྐྱོང་འོས་མིར་མུ་མཐུད་ནས་ལངས་འདུག
ད་བློ་སེང་ལྷག་པའི་སྲིད་སྐྱོང་ཅིག་ཡོད་ན། སྤེན་ཚེ་ཡིན་དགོས་པ་ལ། ཁོང་བློ་སེང་ལྷག་པ་ཅིག་ཨ་ཡིན་ནམ།
ང་ཁམས་པ་མིན། དབུས་གཙང་མངའ་རིས་པ་ཡིན། ང་ཨ་རི་ནས་མིན། ང་ཡུ་རོབ་ནས་ཡིན། ང་ནི་རྒྱབ་སྐྱོར་པ་ཙམ་ལས། སུ་གང་གི་རྒྱུགས་ཁྱི་མིན་ནོ།།
རྔ་བ་རྒྱལ་ཁམས་པ་ལགས་ང་ནི་གད་མོ་རྐུབ་ནས་ཤོར་གྱི་འདུག
ཨོ་བྷ་མས་ལོ་བརྒྱད་མ་ཟིན་ཙམ་རིང་ཨོ་བྷ་མ་འཕྲོད་བསྟེན་ལས་གཞི་ཨ་རིའི་རྒྱལ་ཡོངས་སུ་གཅིག་མཚུངས་ལག་བསྟར་བྱེད་ཐུབ་ཡོད་མེད་ལ་ལྟོས་དང་གང་ཡང་བྱེད་ཐུབ་མེད། ཨོ་བྷ་མའི་ཕྱི་འབྲེལ་སྲིད་ཇུས་ལྟོས་དང་ཨ་རིར་ཕམ་ཁ་ཆེས་ཤོས་རག་ཡོད།དཔེར་ན། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་ཁ་འཐོར་མཚོ་གླིང་དུ་རྒྱ་ནག་གིས་དམན་དོན་གནམ་གྲུ་ས་ཚུགས་བརྒྱབ་ཟིན་པ་ད་རུང་ཨ་རིར་ཉེན་བརྡ་གཏོང་གི་ཡོད་པ་རེད།
གཞན་སེ་རི་ཡའི་གནད་དོན་སོགས་ཀྱི་སྐོར་ལ་ཨ་རིའི་སྲིད་འཛིན་འོས་མི་ཚོས་ཇི་ལྟར་སྐྱོན་བརྗོད་ཀྱི་ཡོད་མེད་གོ་ཡོད་ཤག
རང་གིས་སྲིད་སྐྱོངབློ་སེང་ལགས་ལ་རྒྱབ་སྐྱོར་བྱེད་པར་རང་གི་འདོད་མོས་རེད། ཡིན་ནའང་། སྲིད་སྐྱོང་གིས་དགོངས་པ་བཞེས་སྟངས་གཏིང་ཟབ་ཡིན་པ་བོད་མིས་ཤེས་ཐུབ་ཀྱི་མི་འདུག་ཟེར་ན་གད་མོ་རྐུབ་ནས་ཤོར་གྱི་འདུག
དེ་ལས་རང་གིས་ཆབ་བྲག་སྐྲ་རིང་མ་ལྟར་སྤྱང་ཙམ་བྱས་ན་མི་འགྲིག་གམ།ཧ་ཧ་ཧ།
སྲིད་སྐྱོང་དང་མཉམ་དུ་ཆོལ་ཁ་བྱེ་བྲག་པར་རྡོག་པས་མ་བརྫི་རོགས། དགེ་ཆོས་གྲོངས་རྐྱེན་དང་། སྐབས་དེའི་ཁོང་གི་འདུ་བྱེད། རྒྱབ་ལྗོངས་སོགས་ལའང་ཉམས་ཞིབ་མཛད་རོགས། ཤེས་དགོས་པ་ཞིག་ལ་སྐུ་དྲག་ལ་དམའ་འབེབས་དང་ཟུར་ཟ་བྱས་དང་བྱེད་པ་དག་གིས་དབུས་གཙང་བའི་སྙིང་ལ་ན་ཟུག་སློང་གིན་ཡོད་པ་དེ་མ་བརྗེད་རོགས། སྐུ་དྲག་ཚོས་ང་དགུ་ལོ་བར་རང་ས་རང་གིས་བསྐྱངས་པ་རེད། མདོར་ན་གཞུང་ས་དགའ་ལྡན་ཕོ་བྲང་བསྐྱངས་པ་རེད། མ་ཟད་རྩོམ་འདིའི་མཇུག་སྡོམ་ཚིགས་བཅད་ཤོ་ལོ་ཀ་དེར་ངོས་ལེན་བྱེད་ཐབས་བྲལ་ཞིང་། འདི་ནི་དེང་གི་བསམ་བློ་གསར་པ་ཡིན་ཁུལ་གྱིས་བོད་རང་གི་བསམ་བློའི་རིན་ཐང་ལ་རྡོག་རྫིས་རྒྱག་གིན་པའི་རིག་འཆོལ་བ་དག་གི་ཤོད་སྟངས་དང་ཆ་འགྲིག་པ་ཙམ་རེད། དེ་ལས་གཞན་བློ་སེང་གི་འཇོན་ནུས་དང་། མ་འོངས་པའི་ལོ་ལྔའི་གོ་སྐབས་བསྐྱར་སྤྲོད་དགོས་པའི་བཤད་པ་འདིར་ཡི་རངས་བསྔགས་བརྗོད་ཞུ། བགྲོ་གླེང་རིམ་པར་ཉན་རྗེས། ཚོགས་གཙོ་མཆོག་ནི་བག་ཁུམས་རྨོངས་ཞེན་གྱི་གཡའ་རྩིས་སྦགས་ཤིང་། གཏམ་བརྗོད་ཅི་ཡང་ཕ་རོལ་པོ་དགག་ཐབས་གཙོ་བོར་བརྩོན་པ་དང་། ལྷག་པར་མི་སྒེར་གྱི་མི་གཤིས་ལ་དམའ་འབེབས་ཁྱད་གསོད་བྱེད་པར་དགའ་མཁན་ཞིག་གི་མཐོང་སྣང་བྱུང་ལ། མ་འོངས་ལས་འཆར་ཡང་ནེ་ཙོའི་ཀློག་དང་མཚུངས་པ་ལས། གསར་གཏོད་དང་དམིགས་བསལ་བ་ཅི་ཡང་མི་སྣང་། སྲིད་སྐྱོང་དེ་ལས་ལྡོག་སྟེ་འཆར་སྣང་ཅན་དང་། སྙིང་སྟོབས་དང་སྤོབས་པས་ཕྱུག་པ། གཟབ་གསལ་མྱུར་བའི་རིག་པ་ལྡན་པ་ཞིག་ཏུ་མཐོང་བས། ང་ཚོས་འདི་ལྟ་བུའི་འཇོན་ནུས་ཅན་རྐང་པ་འཐེན་མི་ཉན་པར་སེམས།
རྔ་བ་རྒྱལ་ཁམས་པས་དོན་ལ་གནས་པ་ཞིག་བྲིས་འདུག །
རྔ་པ་རྒྱལ་འཁྱམས་པ། སངས་རྒྱམ་གསོན་མགོ་བཏོག་མཁན་སོག་པོ་རེད། ཡིད་མི་ཆེས་ན་ཨ་མདོ་འཇམ་བཞད་ལ་དྲིས། ལུང་ཤར་མིག་འབྲས་འདོན་མཁན་དོལ་རྒྱལ་རེད། ཡིད་མི་ཆེས་ན་མཛེ་སྨད་ལ་དྲིས། དགེ་ཆོས་འཆི་ལམ་འདེད་ཆང་དང་དབྱིན་ཇི་རེད། ཡིད་མི་ཆེས་ན་ཀིརྟི་ལ་དྲིས། སྲིད་སྐྱོང་འབུར་འཇོམས་བྱེད་མཁན་ཆོས་པ་ཡིན་ན། གདན་ས་གསུམ་གྱི་ཁམས་པའི་གྲྭ་བ་རྣམས་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་གྲྭ་བ་དཔྱ་ཁྲལ་ལག་དེབ་ཡོད་མཁན་དེ་ཚོ་ལ་སེར་དམག་དྲངས་ཤོག་སྨྲོས།
མཁྲིས་ནད་ཅན་ལ་དུང་དཀར་སེར་པོར་སྣང་།
རྒྱལ་ཁམས་པ་ལ་དྲང་ཚུགས་འདུག
ཀརྡོ་གཉེར་ཕྱག་པའི་ཚིགས་བཅད།
སོག་པོས་སྡེ་སྲིད་སངས་རྒྱམ་སྲོག་ལ་བརྔམས། །
སྐུ་དྲག་རྩིས་དཔོན་ལུང་ཤར་མི་འབྲས་ཕྱུང། །
བོད་གཞུང་དྲན་དབང་དགེ་ཆོས་འཆི་ལམ་དེད། །
བདེ་ཆོས་སྲིད་སྐྱོང་འདི་ཡང་འབུར་འཇོམས་བྱེད། །
ཧཧཧ
ཡ་ཡ། དྲྭ་བདག་གིས་གཡག་ཞར་གྱིས་རྩྭ་བཟའི་ངང་ཚུལ་དུ་སོང་མེད་ན་དགའ་བ་ལ། ད་དོན་མེད་ཀྱི་མཆན་མ་གཏོགས་དོན་དག་ཡོད་པའི་མཆན་བཀོད་ས་མེད་པ་འདྲ།
བསམ་ཚུལ་མཐུན་མིན་ལ་མ་ལྟོས་པར་རྣམ་པ་ཚོ་ཕེབས་ནས་དགོངས་འཆར་རེ་གནང་འདུག་པར་བཀའ་དྲིན་ཆེ་ཞུ། དྲྭ་གྲོགས་ཁ་ཤས་ཤིག་གིས། ངས་ཆོས་པ་རེ་ཟུང་དམིགས་འབེན་དུ་བཟུང་སྟེ་བྲིས་པའི་ཚིགས་བཅད་དེར། བྱེ་བྲག་སྤྱི་ལ་སོང་ཡོད་པའི་དགོངས་ཚུལ་ཞིག་བྱུང་ཡོད་པ་འདྲ། ཁ་གསལ་བོ་ཞིག་བྱས་ཏེ་ཞུས་ན་བསམ། ཚིགས་བཅད་འདིའི་ནང་ཆོས་ཆོས་བཞིན་སྒྲུབ་པའི་ཆོས་པ་རྣམ་དག་གཅིག་ཀྱང་ཚུད་ཡོད་པ་མ་རེད། དེ་ལས་ཟློག་སྟེ་གནའ་སྔ་མོའི་ལོ་རྒྱུས་ཀྱི་ནད་རྙིང་འཇིགས་སུ་རུང་བ་ཞིག་བསྐྱར་སློང་བྱེད་བཞིན་པའི་ཆོས་མིང་འོག་གི་མི་སྣ་རེ་ཟུང་ཞིག་དམིགས་འབེན་དུ་བཟུང་སྟེ་བྲིས་པ་ཞིག་རེད། ལག་ལེན་དེ་ཚོས་བོད་མིའི་ནང་ཁུལ་རྡོག་རྩ་གཅིག་བསྒྲིལ་ལ་བློས་བཟོད་དཀའ་བའི་གོད་ཆག་ཆེན་པོ་ཞིག་འབྱུང་ངེས་པའི་ཆ་ནས་བརྗོད་པ་ཞིག་ལས། སྒེར་ཁོན་དང་རང་ལྟ་མཆོག་འཛིན་གྱི་བློ་རྩེ་སྤུ་ཙམ་ཡང་མེད། མཐར་གཏུགས་ན་བོད་མིའི་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་བསྒྲིལ་དེ་ཨང་དང་བོར་བརྩིས་པ་ཞིག་ཡིན། དེ་གཅིག་རེད། སྤྱིར་བཏང་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིར་བདེན་པ་ལས་རྫུན་པ། དངོས་དོན་ལས་འཁྲུལ་སྣང་། གསོན་སྐབས་ལས་འཆི་རྗེས། བརྟག་དཔྱད་ལས་གཡམ་རྒྱུག་ལ་དགའ་བའི་ཁ་ལྕེ་ཅུང་བདེ་མོ། ཀླད་པ་དེ་ཙམ་མ་སྨིན་པ་རེ་ཟུང་ཞིག་གིས། ཞེན་ཁོག་ཅིག་གིས་བདེན་པ་དང་གནས་ལུགས་ཀྱི་རྗེས་སུ་མི་འགྲོ་བར། བདེན་པ་དང་གནས་ལུགས་ཞེས་པ་རང་ཉིད་ཀྱི་རྗེས་སུ་འབྲང་དགོས་པའི་ཨུ་ཚུགས་རྒྱག་གིན་ཡོད། དེ་ལ་བརྟེན་ནས་ང་ཚོའི་དཀར་གཙང་གི་སྤྱི་ཚོགས་འདི། ཁོང་ཚོའི་ཁ་ལྕེ་དང་སྨྱུག་རྩེས་ཡར་དཀྲུག་མར་དཀྲུག་བྱས་ཏེ་གང་འདོད་འདོད་དུ་བེད་སྤྱོད་གཏོང་ཐབས་བྱེད་ཀྱིན་ཡོད། ང་ཚོས་ཕྱོགས་ཡོངས་ནས་མི་མང་ལ་བདེན་རྫུན་དབྱེ་འབྱེད་དང་། གནས་ལུགས་དམར་འདོན་བྱས་ཏེ་མི་མང་ཉེན་ཁ་ལས་སྲུང་རྒྱུ་ནི་དགེ་བའི་ལས་ཤིག་རེད། ང་ཚོའི་སྤྱི་ཚོགས་འདིར་ཡར་ཐོན་ཞིག་དགོས་པ་ཡིན་ན། ངས་གོང་གི་རྩོམ་ཡིག་ནང་དུ་སྨྲས་པ་ལྟར། ཡར་ཐོན་སྤྱི་ཚོགས་ཀྱི་གཞི་རྩའི་འབྱུང་ཁུངས་ཏེ། ངས་འཇོན། ངས་ཐུབ། ང་ཡག་ཐག་ཆོད་ཡོད། ང་བཟང་ཞེས་པ་ལྟ་བུའི་བསམ་བློའི་འདུ་ཤེས་ཀྱི་ངར་འཛིན་ཞིག་ཡོད་དགོས་པ་སྟེ། མདོར་ན། རྒྱ་ཆེ་ས་ནས་འཇིག་རྟེན་གྱི་བྱེད་པོ་རང་ཉིད་ཡིན་པའི་གནས་ལུགས་དང་། རྒྱ་ཆུང་ས་ནས་ངའི་འཚོ་བ་དང་། ངའི་ཤེས་འཇོན། ངའི་ཁྱིམ་ཚང་གི་བདེ་སྡུག་ཚུན་ཆད་ཀྱང་ང་རང་ཉིད་ཀྱི་འདུ་ཤེས་འཛིན་སྟངས་དང་ལུས་དང་གྲིབ་མ་ལྟ་བུའི་འབྲེལ་ལམ་ཡོད་པ་འདི་ཚོ་གསལ་བོར་ངོས་ཟིན་དགོས་པ་རེད།
ངས་ལོ་བར་ཁ་ཤས་ཤིག་གི་སྔོན་ནས། སྙན་རྩོམ་དང་། ལྷུག་རྩོམ། ཟུར་མཆན་སོགས་སྤྱད་ནས་འདི་སྐོར་ཡང་ཡང་བརྗོད་ཡོད་ནའང་། ང་ཚོའི་སྤྱི་ཚོགས་འདི་དོན་ཤི་ཟིན་ཡང་ཚིག་གསོན་པོར་གནས་པའི་མིང་སྐམ་པོ་དང་། རང་ལམ་རྡོག་པས་མ་ནོན་གོང་ནས་མཁའ་དབྱིངས་སུ་འཕུར་རྒྱུར་ཨུ་ཚུགས་རྒྱག་མཁན་ཞིག་ཡིན་པ་དང་། རང་ཉིད་ངོས་མ་ཟིན་པར་གཞན་གྱི་གྲིབ་མ་རང་ཉིད་དུ་འཁྲུལ་མཁན་ཞིག་ཡིན་པས་བྱ་ཐབས་ཟད། ང་ཚོ་གཞན་གྱི་བཙན་གནོན་གྱི་འོག་ནས་ཡར་ལངས་འདོད་ན། ད་ལྟའི་སྲིད་སྐྱོང་འདིའི་ཀུན་སྤྱོད་འཁྱེར་སྟངས་འདི་ལྟ་བུ་ངེས་པར་དུ་ཡོད་འོས། ང་ཚོའི་ཁ་དཔེར། མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད། ཟེར་རྒྱུ་ཞིག་ཡོད་པ་རེད། སྐྱོན་མེད་པའི་མི་ཞིག་འཛམ་གླིང་འདིར་མི་སྲིད་པ་རེད། ཡིན་ནའང་། སྐྱོན་ཡོན་གཉིས་ལས་ཡོན་ཏན་ལ་ཁ་མིག་ཡར་ལྟོས་བྱས་ཏེ་གོམ་པ་སྤོས་ན། སྐྱོན་ཆ་རིམ་གྱི་ཉམས་ནས་ཡོན་ཏན་ཤུགས་ཇེ་ཆེར་འགྲོ་བ་འདི། ཡར་ཐོན་ཐམས་ཅད་ཀྱི་རྩ་བ་རེད་ལ། རྒྱུ་འབྲས་ཀྱི་གནས་ལུགས་ཀྱང་རེད། ། ངས་ད་ལྟའི་སྲིད་སྐྱོང་གི་ཕྱག་ལས་ལའང་ལྟ་སྟངས་དེ་བཟུང་ནས་རྒྱང་ལྟ་གཏོང་གི་ཡོད། སྲིད་སྐྱོང་འདིའི་ཕྱག་ལས་ཐད། ཁོང་གིས་རང་ཁ་རང་གསོ་ཞེས་་ཁས་བླངས་་པའི་དམ་བཅའ་འདིར་ང་ཤིན་ཏུ་འཐད། དཔལ་འབྱོར་གྱི་ཨ་མ་བརྟན་པོ་ཞིག་མེད་ན། བོད་མིའི་སྒྲིག་འཛུགས་ཕར་ཞོག ཁྱིམ་ཚང་ཆུང་ཆུང་ཞིག་ཡིན་ནའང་བདེ་ཐང་ངང་འཚོ་ཐུབ་ཀྱི་མ་རེད། གནས་ཚུལ་་དེ་ཚོར་བས་མྱོང་ཐུབ་པ་ཞིག་ཡིན་པས་དེ་ལ་འགྲེལ་བཤད་ཅིག་དགོས་ཀྱི་མ་རེད། སྲིད་སྐྱོང་འདིའི་རིང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལྡབ་འགྱུར་གྱིས་འཕར་ཡོད་པ་དང་། དེའི་མ་རྐང་བརྟན་པོ་ཞིག་འཛུགས་རྒྱུར་དགོངས་འཆར་བཏོན་དང་འདོན་བཞིན་པ་དེ་ཚོ། བོད་དང་བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་མཐོར་གཏོང་བའི་མ་རྐང་ཨང་རིམ་མཐོ་ཤོས་ཀྱི་གྲས་རེད། དེ་བཞིན་ཁོང་གིས་ཨ་རི་དང་། འཇར་པན་ལ་བོད་གཞུང་སྐུ་ཚབ་དོན་གཅོད་རང་གི་ཁང་པ་ཉོས་ནས་རང་ས་བདག་འཛིན་བྱས་པ། གཞོན་སྐྱེས་ཚོར་རིགས་གཅིག་རྐང་འཛིན་དང་། ཆབ་སྲིད་ཟབ་སྦྱོང་། སློབ་ཡོན་འབོར་ཆེན་བཏང་སྟེ་ཤེས་ཡོན་སློབ་གསོའི་ནུས་ཤུགས་ལ་ཁྱོན་ཡོངས་ནས་ངར་ལྡུད་བཞིན་པ། གཞོན་སྐྱེས་མང་བོས་བོད་མིའི་སྒྲིག་འཛུགས་ཀྱི་ནང་ཞབས་འདེགས་ཞུ་རྒྱུར་སྤོབས་དང་། སེམས་ཤུགས་འཕར་བཞིན་པ་འདི་ཚོ་མཐོང་དུས། ངས་བློ་སེང་སྲིད་གཞུང་ངམ། བོད་མིའི་སྒྲིག་འཛུགས་ཀྱི་མ་འོངས་པའི་ཆབ་སྲིད་ཀྱི་ལྡིང་ག་རེ་རེར་ཤེས་འཇོན་གཉིས་ལྡན། ཀུན་སྤྱོད་གཉིས་ལྡན། ཐབས་ཤེས་གཉིས་ལྡན། ཚན་འཕྲུལ་གཉིས། དཔའ་གདེང་གཉིས་ལྡན་གྱི་བོད་རིགས་གཞོན་སྐྱེས་མང་བོ་ཞིག་འཚང་ཁ་ཤིག་ཤིག་ངང་ཕེབས་ཡོང་གི་ཡོད་པའི་རྨི་ལམ་ཡ་མཚན་པོ་ཞིག་ད་ནས་གཏོང་ཐུབ་ཀི
ང་བོད་པ་ཞིག་ཡིན་པའི་ཆ་ནས་སྐུ་ངོ་ཚོགས་མཆོག་ལ་གུས་བཀུར་ཡོད། ང་ཨ་མདོ་བ་ཞིག་ཡིན་པའི་ཆ་ནས་སྐུ་ངོ་ཚོགས་གཙོ་མཆོག་ལ་སྤོབས་པ་སྐྱེས་མྱོང་། འོན་ཀྱང་། ཤེས་དགོས་པ་ཞིག་ལ། ཆབ་སྲིད་ཀྱི་ཀླད་པ་གླང་ཆེན་གྱི་གོ་བ་ལས་སྟུག་ཅིང་། ཧམ་སེམས་ཀྱི་ང་རྒྱལ་གནམ་འོག་ཏུ་མི་ཤོང་བའི་རྒྱ་དཔོན་དང་། རྒྱ་གཞུང་དེ་ཁྱེད་ཀྱིས་ཚོར་བ་ལྟར་ཡིན་མི་སྲིད། གལ་སྲིད་ཡིན་དུ་ཆུག་ཀྱང་དེ་དུས་ང་ཚོ་ཕལ་ཆེར་ཤི་ཟིན། འདི་ཚོ་ལས་སླ་མོ་ཞིག་མེད་པ་ང་འདྲ་བོ་ཞིག་ནའང་། སྣོད་དང་ལག་པ་ཆ་ཡོད་ཡིན། དཀའ་ངལ་འདིའི་གདོང་ལ་དངོས་གནས་འབུད་བསམ་ན། ཤེས་འཇོན་དང་། སྙིང་སྟོབས། རང་སྤོབས་མཐོན་པོས་མགོ་བོ་གནམ་ལ་འཇོག་ཐུབ་པ་ཞིག་དགོས་པ་རེད། ངས་ཉེ་ཆར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས། གོ་སྒྲིག་བྱས་པའི་སྲིད་སྐྱོང་འོས་མིའི་བགྲོ་གླེང་དེར་ཐེངས་གཅིག་བལྟས་པ་ཡིན། བགྲོ་གླེང་དེའི་ནང་བོད་ཀྱི་རྩ་དོན་ལ་ཕན་ཐོགས་ཡོད་པའི་བགྲོ་གླེང་ཞིག་མ་མཐོང་བས་བློ་ཤིན་ཏུ་ཕམ། འོན་ཀྱང་སྟབས་ལེགས་པ་ཞིག་ནི། དྲི་བ་དྲིས་ལན་གྱི་ལས་འཆར་ནང་། གཡུང་དྲུང་བོན་གྱི་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས། ཕྱི་དྲིལ་བཀའ་བློན་དགོངས་ཞུའི་སྐོར་རྒྱ་ནག་གིས་བོད་ནང་དང་། རྒྱལ་སྤྱིར་བོད་མིའི་སྒྲིག་འཛུགས་འཐོར་ཞིག་ཏུ་འགྲོ་བཞིན་ཡོད་པའི་རྫུན་རྔམ་པོ་ཆེ་ཞིག་ཁྱབ་བསྒྲགས་བྱས་ནས། བོད་ནང་ཁུལ་གྱི་བོད་མི་ཚོར་རེ་བའི་འཇུ་ཐག་རྩ་བ་ནས་ཆད་དུ་འཇུག་རྒྱུའི་ཇུས་ངན་པ་ཞིག་སྤེལ་བར། སྲིད་སྐྱོང་འོས་མིའི་ངོས་ནས། ལན་ཁ་གསལ་ཞིག་གདབ་དགོས་པའི་དྲི་བ་དྲིས་པར། དཔལ་ལྡན་མི་རྗེ་མཁས་དབང་བློ་བཟང་སེངྒེ་མཆོག་གིས་དྲི་ལན་གནས་ལྕགས་ཀྱི་ཐོག་འདྲ་བོ་བཏབ་ཀྱང་། སྐུ་ངོ་ཚོགས་གཙོ་མཆོག་གིས་དྲི་གནད་ངོས་མ་ཟིན་པའམ་ག་གོར་གང་ལྟར་ཡང་། རྒྱ་གཞུང་ལ་ལན་འདེབས་རྒྱུའི་ཚབ་ཏུ། དཔལ་ལྡན་སྲིད་སྐྱོང་མཆོག་གི་གནས་ལུགས་དང་རྒྱུ་མཚན་གྱིས་ཕྱུག་པའི་བཀའ་ལན་དེར་མི་འདོད་པ་ལྟ་བུའི་རྣམ་འགྱུར་ཐོན་ཡོད། སྐབས་དེར་ངའ་སེམས་ནང་། རང་དབང་མེད་དྲན་ཡོང་བ་ཞིག་ནི། འཕགས་པ་ཀ་ཏྱཱ་ནས། ཕ་ཤ་ཟ་ཞིང་མ་ལ་རྡེག། ལས་ངན་དགྲ་བོ་པང་ན་བཟུང༌༎ ཆུང་མས་ཁྱོ་ཡི་རུས་པ་འཆའ༎ འཁོར་བའི་ཆོས་ལ་གད་མོ་བྲོ༎ ཞེས་པ་འདི་རེད། དངོས་ནས་བློ་བདེ་བོ་ཞིག་མ་བྱུང་། སྐུ་ངོ་ཚོགས་གཙོ་ལགས། ཉིད་ཆབ་སྲིད་ཀྱི་དགོངས་ཚད་དེ་འདྲ་ཞིག་ལས་མེད་ན། སྲིད་སྐྱོང་ཕར་ཞོག ཚོགས་གཙོའི་ཕྱག་ལས་དེའང་ཇི་ལྟར་གནང་གིན་ཡོད་དམ་སྙམ་ནས་སེམས་ངལ་བཟོད་དཀའ་བ་ཞིག་བྱུང་། ཐུགས་ལ་ཕོག་ན་དགོངས་འགལ་མེད་པར་གྱིས། དྲི་བ་དྲིས་ལན་དེ་འབྲེལ་ཐག་འདི་ནས་གཟིགས་ཐུབ།
https://www.youtube.com/watch?v=pmTYidVDR3U
ད་ལོ། བློ་སེང་ཡང་བསྐྱར་སྲིད་སྐྱོང་དུ་འཁོད་ན་ལེགས་སོ་སྙམ་མོ།།
རྔ་བ་རྒྱལ་ཁམས་པ་འདི་མི་བུ་འཆར་སྣང་ཅན་ཞིག་རེད་འདུག ཆོལ་ཞེན་གྱི་དུག་ནད་མེད་པ་འདི་ཁོ་ནས་གུས་ཞབས་དང་། ཡི་རང་ཞུ་འོས་སུ་མཆིས། དེ་རེད། ང་ཚོ་གཞན་གྱི་བཀའ་འོག་ན་བག་འཁུམས་ཏེ་སྡོད་རྒྱུ་དེ་མ་ཡིན་པར། རང་ཉིད་ཀྱིས་རང་ཉིད་བཏེགས་ཏེ་མི་ཞིག་གི་མཚན་ཉིད་ལྡན་པར་བྱ་འོས། ང་ཡང་དབུས་པ་ཞིག་ཡིན། ཆོལ་ཁའི་ཕྱོགས་ནས་སུ་ལའང་ཕྱོགས་དགོས་པ་མེད། དབུས་གཙང་བའི་དབུས་རྒྱུན་ཟེར་བ་དེ་ཚོར་ཡང་ངོས་ལེན་མེད། དེ་ཚོའི་མགོར་སྨྱོན་པ་འགའ་ཞིག་དང་། དེ་དག་གི་ཕྱི་བཞིན་སྤྲང་འཁྲབ་བྱེད་མཁན་འགའ་ཞིག་ཡོད། མདོར་ན་ཕལ་ཆེ་བ་ནད་པ་རེད། དེ་བས་ང་ཚོས་སྲིད་སྐྱོང་འོས་མའི་མི་སྤུས་འཇལ་དགོས། ང་ཚོར་བོད་ཀྱི་སྲིད་སྐྱོང་དགོས་པ་ལས། ཆོལ་ཁའི་སྲིད་སྐྱོང་མི་དགོས། ངའི་མཐོང་སྣང་དང་མྱོང་བར། ལོ་བཞིའི་ནང་སྲིད་སྐྱོང་གིས་ཆུ་སློད་མ་སོང་ལ། ཉེ་དུས་ཀྱི་དྲི་བ་དྲིས་ལན་དག་ལས། འོས་མི་གཉིས་ཀྱི་རྣམ་དཔྱོད་དང་། སྤོབས་པ། ལས་འཆར་སོགས་ལ་ལྟ་དུས། སྤེན་ཚེ་མཆོག་ནི་༸རྒྱལ་བའི་ཞལ་ལ་སྒུག་མཁན་ཞིག་དང་། བློ་སེང་མཆོག་ནི་རང་གི་འཆར་སྣང་སྐད་ཆེན་པོས་སྒྲོག་གིན་རང་ཚུགས་སུ་སྒྲེང་མཁན་ཡིན་པ་དེ་ལགས། ང་ཚོའི་དབུ་འཁྲིད་དེ་རང་འགན་རང་གིས་འཁུར་ཤེས་པ་ཞིག་དགོས་པ་ལས། ཡོད་ཚད་༸གོང་ས་མཆོག་ལ་ལག་པ་གཟེད་མཁན་དེ་མི་དགོས། དེ་བས་རྒྱལ་ཁམས་པའི་སྐད་ཆར་རིན་ཐང་མཐོང་སོང་།
ཧ་ཧ་ཧ་་ཞོགས་དུང་གསོན་པོ་ཡིན་མདོག་གིས་རླབས་ཆེན་འདྲ་ཞིག་འཁྲབས་འདུག་ལ། གཅིག་བྱས་ན་ཕག་པས་བལྟས་ན་ཕག་ཚང་གཞལ་ཡས་ཁང་ཟེར་བ་ལྟར་རང་སྣང་ལ་ཚད་འཛིན་ཤུགས་དྲག་བྱེད་ཀྱིན་ཡོད་འགྲོ། གངས་ལྟར་བཙན་བྱོལ་སྒྲིག་འཛུགས་འདི་སྦོ་ལུགས་ན། ཆ་ཚང་ལ་རྫོགས་ཚིག་བཀོད་ཚར་བ་ཤེས་དགོས། སྲི་ཞུ་བ་ཚད་ལྡན་༨༦་མཐོན་ཟིན་ལ། ད་དུང་ལོ་ལྔ་བཟུང་ན་འགྱིགས་ཀྱི་མི་མགོ་སྟོང་ཁ་ཤས་ཤིག་མཇུག་བསྡུ་མཁན་ལྷག་ན་མ་གཏོགས་དེ་མིན་ཚར་འགྲོ་ཡོང་། དེ་དུས་ཁྱོད་དོན་ཁང་གསར་པ་གཉིས་ནང་འཆར་སྣང་དང་རྨི་ལམ་མངོན་འགྱུར་ལ་བསྒུག་ཨ། ལྔ་པ་ལགས། དྲུག་པ་མཆོག།
ཆོས་པས་སྡེ་སྲིད་སངས་རྒྱམ་གསོན་མགོ་བཏོག།
ཆོས་པས་རྩིས་དཔོན་ལུང་ཤར་མི་འབྲས་ཕྱུང།།
ཆོས་པས་དྲན་དབང་དགེ་ཆོས་འཆི་ལམ་དེད།།
ཆོས་པས་སྲིད་སྐྱོང་འདི་ཡང་འབུར་འཇོམས་བྱེད།།
འདི་ངོ་མ་རེད་
འཆར་ཡན་གྱི་རྨི་བརྟས་བཟང་བའི་རྩོམ་ཡིག
གྲོད་པའི་སྤུ་རྣོན་ནང་དུ་ཟུག་པ་དེའི་
མཇུག་མཐའི་སྡོམ་ཚིག་
ཚིགས་བཅད་ཤློོཀ་
དེར་རྣག་ཐོག་
གཙག་འགེལ་
གྱི་
ལན་འདེབས་ཐུང་ངུ་།
ཆོས་པས་བོད་ཁམས་མདོ་དབུས་གཅིག་གྱུར་བཟོས། །
ཆོས་པས་མི་ཆོས་རིང་ལུགས་རྩ་བ་བཙུགས། །
ཆོས་པས་དགེ་སྡིག་རྣམ་དབྱེའི་ལམ་བཟང་བསྐྲུན། །
ཆོས་པས་རང་བཙན་འབོད་སྒྲ་ཐོག་མར་བསྒྲགས། །
དུས་བསྟུན་ཐབས་མཁས་ཐུགས་བརྩེས་དབུས་ལམ་གཏོད། །
དུས་མཚུངས་འགན་འཁུར་གསུམ་གྱི་དམ་བཅའ་བརྟན། །
དུས་སྨིན་ནང་འཁྲུག་འཇོམས་པའི་གདམས་ངག་གནང་། །
དུས་བཟང་རྫོགས་ལྡན་གསར་པའི་རྨང་གཞི་བཏིང་། །