—–དཀོན་མཆོག་རྒྱ་མཚོ།
རིགས་མི་མཐུན་པའི་དུད་འགྲོ་ཡིན་ཡང་མཉམ་སྦྲེལ་གྱི་འདུ་ཤེས་ཡག་པོ་འདུག འུ་ཚོ་རིགས་གཅིག་སྤུན་ཟླ་ཡིན་ཞེས་འབོད་པའི་བོད་མི་ཀླད་མེད་འགའ་དང་འགའི་ཁ་ནང་ལ་སྐྱག་པ་རྫོངས། སྐྱག་ཁུང་ནང་མདའ་ཡིས་རྒྱོབ། ཕན་ཚུན་ལ་རོགས་འདེགས་བྱེད་པའི་འདུ་ཤེས་ཕར་ཟད། ནང་དཀྲུགས་རྐྱང་རྐྱང་ལ་བསམ་བློ་གཏོང་། དེ་བཞིན་བྱ་འགུལ་སྤེལ། ངོ་མ་ཉོབ་ཡ་རང་རེད་བཞག ཁྱི་སྐྱག་དེ་ཚོ།
མཉམ་སྦྲེལ་གྱི་འདུ་ཤེས་བསྐྱེད། མཉམ་རུབ་ཀྱི་བྱ་འགུལ་སྤེལ་ན་ག་འདྲ་སྙིང་རྗེ་མོ་ཞིག་རེད་འདུག བསྙོན་འཛུགས་ལ་བྲེལ། ཕྱོགས་རེས་ལ་འབད་དེ། ཕན་ཚུན་ལ་དཔའ་དཔུང་ངོམ་པ་ལྟ་བུའི་ལས་ངན་བྱས་ན། ཇི་འདྲའི་ཡིད་དུ་མི་འོངས་ཤིང་། སྙིང་ལ་གཟིར་བ་ཞིག་མ་རེད་དམ།
དཔྱོད་པའི་ཤེས་རབ་བེད་མེད་བྱས། གཅིག་སྒྲིལ་འདུན་པ་རྩ་ནས་བཅོམས་ཏེ། ད་དུང་མི་རིགས་དང་རྒྱལ་ཁབ་ཅེས་པ་ནི་ངོ་ཚ་བའི་གནས་སོ།། དྲ་འབུ་ཚོ།
དོན་དངོས་སྐྱོན་བརྗོད་བྱེད་པའི་ཞིབ་འཇུག་མེད། རྣམ་དཔྱོད་མེད། དེར་ཞུགས་པའི་བརྩོན་པ་མེད། ཡིན་ཡང་ཁ་ནས་གང་འདོད་གླེང་། ཅི་བསམ་བྲིས་ཏེ། ང་ནི་ཚད་མ། ང་ནི་ཡང་དག་པ། ངས་གང་བཤད་བདེན་པའོ་ཟེར་བཞིན་སྨྱོས་ཤིང་། འདུར་བར་བྲེལ།
དོན་དམ་པར་ཕུ་ནུ་ནང་ཁུལ་དཀྲུགས། སྤུན་ཟླ་ནང་ཁུལ་མ་བདེ་བ་བཟོས་ཏེ། རང་སྐྱོན་རི་འདྲ་དག་མི་ཤེས་པར་གཞན་ལ་མཛུབ་མོ་ཀེར། དམའ་འབེབས་བྱེད། བྱབས་ཆུང་རེད་ཡ།
མི་དེ་རང་ཕྱོགས་ལ་མེད་ན་བསམ་ཚུལ་གང་བཤད་ཀྱང་སྐྱོན་ཅན་ཡིན། རྨ་ཅན་ཡིན། མཐའ་ན་གྲོགས་པོ་ཡིན་ནའང་ལྟ་ལོག་འབོད། གྲྭ་ལོག་ཟེར། རང་གིས་གང་ཤེས་པའི་ཚིག་ངན་མཐའ་དག་བསྙད་པར་བྱེད། མངགས་པར་བྱེད།
སོ་སོ་ཡིད་བཞིན་ནོར་བུ་དང་ཟམ་གདོང་སོགས་ལ་བསྡུར་ཏེ། དེ་དག་དང་གཅིག་པར་བསམ། མཚུངས་པར་བལྟས་ནས་ཁོང་ཚོས་དེ་ལྟར་ཆོག་ན། ངས་མི་ཆོག་རྒྱུ་ཅི་ཡོད་ཅེས་རང་ཉིད་གནམ་ལ་བཀུར་བར་བྱེད་དོ།།
ཁྱེད་ཚོས་མི་རིགས་སྐྱོ་བར་བྱེད། རྒྱ་ནག་དགའ་རུ་འཇུག མལ་ས་ན་ཉལ། གཙང་སྤྱོད་ལ་བསྡད་ནས་པར་རྫུན་བཟོས། ལོ་རྒྱུས་རྫུན་མ་བྲིས་ཏེ་ཁོམ་པ་ལ་ཨང་།
གྲྭ་པ་ཉེན་རྟོག་པ་དང་། སྤྱི་ཚོགས་དགེ་བསྐོས་ཁྱེད་ཅག་གིས་ཕྱི་དགྲ་ལ་མ་བལྟས་པར་ནང་གི་སྤུན་ཟླ་ལ་མཚན་གྱི་མེལ་ཚེ་བྱས། ཉིན་གྱི་བྱ་ར་བྱེད་བཞིན་བསུན་པོ་བཟོ་བཞིན་མི་འདུག་གམ།
ཁྱེད་ཅག་གིས་བྲིས་བྲིས་ཐམས་ཅད་དགྲ་ལ་ཕྱོགས་ཤིང་། བཤད་བཤད་མ་ལུས་རིགས་ཀྱི་མཐུན་སྒྲིལ་གྱི་སླད་དུ་བསྔོས་ཡོད་ན། ཇི་འདྲའི་དགའ་བ་ལ།
མདོར་ན། ང་ཚོ་ལ་ངན་སྨྲས་བྱེད་ཡ་མང་དྲགས་བཞག རྫུན་གཏམ་འཆད་མཁན་མོད་དྲགས་འདུག ཕྱོགས་རེས་བྱེད་མཁན་ཉུང་མི་འདུག ད་ང་ཚོ་ལ་དགོས་པ་ནི་དྲང་མོ་བྱེད་མཁན་དགོས་འདུག བདེན་པ་འཆད་མཁན་དགོས་འདུག
མི་རིགས་རྒྱལ་དགོས་ན། རྩ་བའི་རྩ་བ་ནི་མཐུན་སྒྲིལ་ཡིན། མཉམ་རུབ་ཡིན། ང་ཚོ་ཆོལ་གསུམ་སྤུན་ཟླ་ཕུན་ཚུན་ལ་བརྩེ་འཛུམ་དགོས། དགོད་སྒྲ་དགོས།
ཕ་ཡུལ་གྱི་སྤུན་ཟླ་མི་མང་ལ་ང་ཚོ་སྲ་ཐག་ཐག་ཅིག་ཡིན་པའི་ངེས་ཤེས་འདྲོངས་དགོས། ཡིད་ཆེས་བསྐྲུན་དགོས། དེ་ནི་ང་ཚོའི་འོས་འགན་རེད། འགན་འཁྲི་རེད།
སྤུན་ཟླའི་མཛའ་བརྩེ་ཁ་ལ་ཡོད་པས་མི་ཕན། ལག་པས་བྲིས་པས་མི་ཕན། སེམས་ལ་ཡོད་དགོས། སྙིང་ལ་བྲི་དགོས།
ང་ཚོ་ནི་ནམ་ཡང་བཙན་པོའི་མི་རབས་ཡིན། གདོང་དམར་མི་རིགས་ཡིན། ང་ཚོ་ལ་དགོས་པ་ནི་མཐུན་སྒྲིལ་ཡིན། འདུ་ཤེས་ཡིན། ལ་རྒྱ་ཡིན།
གོང་བཀོད་རྩོམ་ཡིག་དང་འབྲེལ་མེད་མཆན་ཞིག་འགོད་པར་དགོངས་འགལ་མེད་པ་ཞུ།
ཧ་ཧ་ཧ། ཆུ་སྐྱེས་སྒྲོལ་མ་ཟེར་བ་འདི། སྔོན་མ་བོད་རིག་པའི་ཚོགས་འདུ་ཚོགས་ཤིག་ཁེ་ཎ་ཌའི་ནང་སྐོང་སྐབས།བཟའ་ཟླ་གཉིས་ཀ་ཚོགས་བཅར་བྱས་ཏེ་རྒད་པོ་རྡོ་དབང་ཕྱིར་རྒྱ་གར་དུ་ལོགས་པ་དང་མོས་ཁེ་ཎ་ཌིར་ནང་དུ་སྐྱབས་བཅོལ་ཞུས་ནས་སྡོད་མཁན་དེ་མ་རེད་དམ། ཁྱེད་ཀྱིས་སྐྱབས་བཅོལ་ཞུས་པར་མི་དགའ་བ་གཏན་ནས་མིན་ཡང་།རང་དོན་འགྲུབ་ན་ཆ་ལུགས་ངན་ན་ངན་ཟེར་བའི་ཀུན་སྤྱོད་དེས་ དེ་རྗེས་ཀྱི་བོད་རིགས་ཚོགས་བཅར་མང་པོའི་ལམ་ཁ་འགག་ཡོད་སོང་བ་ཤེས་ཡོད་ཤག
ཡག་པོ་བྲིས་འདུག ཡི་རངས་ཞུ། བོད་རིག་པའི་ཚོགས་འདུར་ཞུགས་ནས་ཕྱིར་མ་ལོག་པ་མང་པོ་ཡོད། དེས་ཚོགས་འདུར་སྐྱོན་བྱས་པ་མེད། ཚོགས་འདུ་མུ་མཐུད་ཚོགས་བཞིན་ཡོད། ཁོ་མོའི་གནང་སྟངས་ལ་དགའ་བསུ་མེད་ཀྱང་། ཁྱོད་ཀྱི་བརྗོད་བབ་ན་ཕྲག་དོག་དང་། དམའ་འབེབས། ཟུར་ཟ་སོགས་འདྲེས་འདུག
སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གིས་བོད་ནང་ལ་དམིགས་པའི་གལ་གནད་ཆེ་བའི་ཆབ་སྲིད་ཀྱི་ལས་དོན་འགའ་ནི།
༡) བོད་ནང་སྤྱིའི་དངོས་ཡོད་གནས་སྟངས་དང་འགྱུར་འགྲོས་ལ་ཞིབ་འཇུག་བྱ་རྒྱུ།
༢) རྒྱ་གཞུང་གི་སྲིད་ཇུས་གཅིག་མཚུངས་ཡིན་ཡང་ས་གནས་དཔོན་རིགས་དབང་གིས་ལག་སྟར་མ་འདྲ་བ་ཡོང་གི་ཡོད་པས་ལུང་ཁུག་སོ་སོའི་གནས་སྟངས་ལ་ཞིབ་ཚག་པོས་རྒྱུས་ལོན་བྱ་རྒྱུ།
༣) བོད་ནང་གི་གཞི་རིམ་མང་ཚོགས་ལ་རྒྱ་གཞུང་གི་ཁྲིམས་ལུགས་ཤེས་བྱའི་གོ་རྟོག་སྤེལ་རྒྱུ་བཅས་རེད་འདུག