གངས་རིའི་དོམ་ཁྲ།
བོད་རྒྱ་ཞི་མོལ་ཡོང་བ་ལ་འབད་བརྩོན་ཧུར་ཐག་གནང་མཁན་ཞིག་དགོས་ན། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གདམས་གལ་ཆེ་ལ། བོད་རྒྱ་ཞི་མོལ་ཡོང་བའི་ལམ་ཁ་རྩ་མེད་བཟོ་མཁན་ཞིག་དགོས་ན། སྲིད་སྐྱོང་འོས་མི་བློ་བཟང་སངས་རྒྱས་གདམས་དགོས། རྒྱུ་མཚན་ཅི་ཡིན་ཟེར་ན། རྒྱལ་སྤྱི་དང་རྒྱ་གཞུང་གང་ཐད་ནས་བལྟས་ན། བོད་རྒྱ་ཞི་མོལ་ཡོང་བ་ལ ༧ གོང་ས་མཆོག་གམ་གོང་ས་མཆོག་གི་སྐུ་ཚབ་ལ་མ་གཏོགས། དབུས་བོད་མིའི་སྒྲིག་འཛུག་ལ་འབྲེལ་མོལ་མི་བྱེད་པ་གསལ་བོ་མཐོང་གི་འདུག་ཅེས་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གིས་ཟེར། སྲིད་སྐྱོང་འོས་མི་བློ་བཟང་སེང་གེས་ཀྱང་དེ་ངོས་ལེན་གནང་གི་འདུག བྱས་ན་ཁོང་གཉིས་ཀས་དངོས་སུ་ལག་ལྟར་བྱེད་སྟངས་མི་འདྲ་བ་འམ་མི་མཐུན་པ་ག་རེ་ཡོད་པ་རེད་ཟེར་ན།
࿉ སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གིས་༧ གོང་ས་མཆོག་གི་སྐུ་ཚབ་བསྐོ་གནང་རྒྱུ་གལ་གནད་ཤིན་ཏུ་ཆེ་བས། ༧གོང་ས་མཆོག་ལ་སྐུ་ཚབ་བསྐོ་གནང་ཡོང་བར་རེ་བསྐུལ་ཞུ་རྒྱུ་ཡིན་གསུང་གི་འདུག མ་ཟད་བོད་རྒྱ་ཞི་མོལ་ཚོགས་ཆུང་དེའི་ནང་གི་མི་ལྔ་དྲུག་ཅིག་ཧྲག་བསྡུས་ཀྱིས་བོད་རྒྱ་ཞི་མོལ་རང་གི་ཐོག་ལ་ལས་ཀ་བྱེད་འཇུག་རྒྱུ་ཡིན་ཟེར།
࿉ སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་ཡིས་གལ་སྲིད་༧ གོང་ས་མཆོག་གིས་ཁོང་གི་སྐུ་ཚབ་དགོས་གལ་གཟིགས་ན། སང་ཉིན་རང་བསྐོ་ཆོག་གི་རེད་ཅེས་གསུང་གི་འདུག མ་ཟད་དེ་སྔའི་སྐུ་ཚབ་གཉིས་ཀྱིས་རྒྱ་ནང་ལ་འགྲོ་ཐུབ་ཀི་མི་འདུག་པས་དགོང་པ་སྤྲད་རོགས་གསུང་བ་བཞིན་ངས་དགོང་པ་གནང་གཞག་པ་ཡིན་གསུངས་སོང་།
གྲུབ་དོན་སྙིང་བོ།
༡) བློ་བཟང་སེང་གེ་ཡིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཁུར་ནས་ཟློ་ངོ་བཅུ་ཙམ་ནས་བོད་རྒྱ་འབྲེལ་མོལ་གྱི་ལམ་ཁ་རྩ་མེད་བཟོས་པ།
༢) འབྲེལ་ལམ་བཅད་ཙང་ཕོ་བྲང་དཀར་བོ་དང་ཡོ་རུབ་སོགས་ཀྱིས་རྒྱ་གཞུང་དཔོན་རིགས་ཚོ་ལ་ལབ་གླེང་ཙམ་ལས་གཏིང་འདེད་བྱེད་པར་དོན་སྙིང་མེད་པ།
༣) ད་དུང་གོང་ས་མཆོག་གིས་ངའི་སྐུ་ཚབ་བསྐོ་དགོས་ཀྱི་འདུག་ཅེས་བཀའ་ཕེབ་ན་མ་གཏོགས་མི་བསྐོ་བ།
༤) དེ་འདྲའི་བཀའ་ཞིག་ཕེབ་ན་ཡང་སྐུ་ཚབ་དེ་སྲིད་སྐྱོ་བློ་སེང་ཁོ་རང་གི་བསྐོ་རྒྱུ་ཡིན་པ་བཅས་སོ།།
བོད་ནང་ལ་དམིགས་པ།
སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གིས་བོད་ནང་ལ་དམིགས་པའི་གལ་གནད་ཆེ་བའི་ཆབ་སྲིད་ཀྱི་ལས་དོན་འགའ་ནི།
༡) བོད་ནང་སྤྱིའི་དངོས་ཡོད་གནས་སྟངས་དང་འགྱུར་འགྲོས་ལ་ཞིབ་འཇུག་བྱ་རྒྱུ།
༢) རྒྱ་གཞུང་གི་སྲིད་ཇུས་གཅིག་མཚུངས་ཡིན་ཡང་ས་གནས་དཔོན་རིགས་དབང་གིས་ལག་སྟར་མ་འདྲ་བ་ཡོང་གི་ཡོད་པས་ལུང་ཁུག་སོ་སོའི་གནས་སྟངས་ལ་ཞིབ་ཚག་པོས་རྒྱུས་ལོན་བྱ་རྒྱུ།
༣) བོད་ནང་གི་གཞི་རིམ་མང་ཚོགས་ལ་རྒྱ་གཞུང་གི་ཁྲིམས་ལུགས་ཤེས་བྱའི་གོ་རྟོག་སྤེལ་རྒྱུ་བཅས་རེད་འདུག
འདི་དག་གི་ལམ་ཁ་ནི། དྲ་རྒྱའི་བརྒྱུད་ལམ་སྤྱོད་རྒྱུ་ཡོངས་བསྒྲགས་བྱས་སོང་ངོ་།།
སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་ལ་བོད་ནང་ལ་སྐོར་ནས་ཅི་ཡང་གསུང་རྒྱུ་མི་འདུག མ་གཞི་ནས་བློ་སེང་ཁོ་རང་མ་འོང་པ་མེད་པའི་མི་ཞིག་རེད་འདུག
ཞར་ཞུ། ད་ཆ་བློ་སེང་གིས་༢༠༡༧ ལོར་བོད་རྒྱ་ཞི་མོལ་ཡོང་རེ་ཡོད་ཟེར་ནས་རྒྱུ་མཚན་ལྟར་སྣང་བ་འུར་སྒྲོག་བྱེད་ཀྱིན་འདུག་པས། སྐུ་ཚབ་ཅིག་བསྐོས་ཀྱང་རྒྱ་གཞུང་གིས་ངོས་ལེན་མི་བྱེད་པར་དུས་འགྱང་ཅི་ཙམ་གཏོང་བ་དེར་སྔའི་གནས་ཚུལ་གྱིས་ཤེས་ཐུབ། སྐུ་ཚབ་མ་བརྒྱུད་པར་དབུས་བོད་མིའི་སྒྲིག་འཛུག་དང་འབྲེལ་མོལ་ཡོང་རེ་ཡོད་ན། འབྲེལ་མོལ་ཐད་ནས་མཁས་དབང་ཟམ་གདོང་རིན་པོ་ཆེའི་སྐབས་ཀྱི་སྲིད་ཇུས་དེ་ག་རང་རྒྱུན་འཛིན་ལག་སྟར་བྱེད་ཀྱིན་ཡོད་ཟེར་པ་དང་འགལ་ཟླ་ཆགས་འདུག མ་ཟད་ཡོ་རུབ་སོགས་ཀྱིས་རྒྱ་ནག་དཔོན་རིགས་ཚོ་ལ་གསུང་སྟངས་དེ་ཡང་། གླུད་ནུབ་སྒོ་ལ་གཏོ་ཤར་སྒོ་མ་ཡིན་ནམ།
ང་ཚོས་དེ་སྔའི་གནམ་སའི་བར་ལ་མི་ཤོང་བའི་འུར་སྒྲོག་དག་དྲན་སོས་པར་བྱེད་རྒྱུ་གལ་ཆེན་རེད་དོ།།
གངས་རིའི་དོམ་ཁྲས་༢༠༡༦/༣/༡༣ ཉིན་སྤེལ།
བོད་ཀྱི་དངོས་ཡོད་སྡུག་བསྔལ་མི་སེལ་བའི།
བོད་རྒྱ་འབྲེལ་མོལ་ཞེས་པ་གཡོ་སྒྱུའི་གཏམ།
ཁ་གཏིང་མི་མཚུངས་རྒྱ་མི་དམར་པོ་ལ།
འབྲེལ་ལམ་མང་རྐྱེན་ད་ལྟའི་གནས་སྟངས་གཟིགས།
མགོ་བོ་གདུགས་ལྟར་བསྐོར་ཡང་ངོ་འཛུམ་བཏོན།
སོ་བགྲད་ངན་སྨྲ་བྱས་ཀྱང་བཟང་སྤྱོད་ཟེར།
གཞི་ལུས་ལྕགས་ཀྱིས་བྲབས་ཀྱང་བཟོད་སྒོམས་ཟེར།
ད་དུང་འབྲེལ་མོལ་འདུག་གམ་གངས་ཅན་ཚོ།
སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད།
སྲིད་སྐྱོང་སྤེན་པ་ཚེ་རིང་རྒྱལ་ལོ།
སྔོན་མའི་འོས་བསྡུ་ཆེན་མོའི་སྐབས་ནས་བཟུང་། དབུ་གཙང་མི་མང་དང་མི་མང་གྱི་འོས་མི་རྣམ་པ་ཚོ་ལ་དུས་ཁོམ་གང་ཡོད་ལ་མཉམ་པོར་ཇ་འཐུང་དུ་འགྲོ་བ་དང་ཁ་ལག་མཉམ་དུ་ཟ་བར་འགྲོ་བ་སོགས་ཀྱིས་བརྩེ་སེམས་ཆེན་པོ་ཡོད་པ་བསྒྲགས་ནས་དབུས་གཙང་མི་མང་དང་འཆམ་པོ་ཡོད་པ་བློ་སེང་གིས་ཡང་ཡང་བཤད་བཞིན་རེད། དེ་ནི། ཁོས་དབུས་གཙང་མི་མང་གི་ལག་པ་ནས་འོས་ཤོག་ཉོ་ཐབས་འཐེན་པ་ཐེངས་གཉིས་བ་དེ་ཆགས་ནས་རྒྱལ་ཁ་ལེན་འདོད་མངོན་པའི་རེ་བ་ཆེན་པོ་དེ་ཡིན་པ་རེད།
ཁོང་ལ་ལས་དོན་དང་ལངས་ཕྱོགས་ཀྱི་འབྲས་བུ་གཡུལ་དུ་སྨིན་པ་གང་མེད་པར་མི་ལོ་བཞི་ཕྱེད་ཧམ་པར་འཐུམ་པར་སྐྱོན་བརྗོད་དང་ཐེར་མདོན་ཚོགས་ཁོག་བྱུང་བ་ལ་འཇིག་སྐུལ་བྱས་བ་དང། རྒྱ་གར་ཁྲིམས་ཁང་ལ་བསྐྱེལ་ཐུབ་པའི་གདངས་སྤོབས་བརྙེད་དེ། གོ་སྐབས་གང་ཡོད་ལ་ས་བསྒྲགས་གནམ་བསྒྲགས་བྱས་ནས། མི་མང་ལ་དངོས་ཡོད་དུས་བབ་གྱི་ཆབ་སྲིད་དང་བྱས་འབྲས་ལ་གོ་ཐོས་བྱེད་མི་ཆོག་པའི་ལུགས་ལམ་སྲོལ་གསར་སྟོད་གནང་ནས། འོས་མི་མགོ་འཐོམ་ཚང་མའི་འོས་ཤོག་ཁོ་རང་གི་སྒམ་ཆུང་ལ་འཁོར་ཐུབ་བྱུང་བའི་ལམ་ཁ་གསར་བ་ཞིག་བརྙེད་ཡོད་པ་རེད།
མི་ལོ་བཞི་ཕྱེད་ལ་ལྔ་དང་ལྔ་བཅུའི་ལངས་ཕྱོགས་ཀྱི་རྨང་གཞི་བཙུགས་པ་དེ་ལ། གཞི་བྱེས་གཉིས་ཀྱི་བོད་མི་ཤི་གསོན་ཚང་མས། ཁོང་ལ་རྒྱབ་སྐྱོར་གྱི་ཚུལ་དུ། ༼སོང་དང་གླེན་རྨོངས་སོང་དང༽་ཟེར་ནས་གཞས་སྙན་པོ་ཞིག་ཕུལ་ཐུབ་ཡོད་པ་རེད།
ད་བདེ་མོ་བྱོས། དེ་རིང་དེ་ཙམ་ཡིན།
དངོས་གནས་བོད་མི་བསོད་ནམས་ཟད་པ་རེད། འཛམ་གླིང་གི་འགྲོ་སྟངས་བྱེད་ན་མི་བསད་ལག་དམར་གྱི་ནག་ཉེས་ཡོད་ན་འོས་འགྲན་ཁོངས་སུ་གཏན་ནས་འགྲོ་ཆོག་གི་མ་རེད། འོན་ཀྱང་སྤེན་ཚེ་འཛམ་གླིངའགྲོ་སྟངས་ལས་བརྒལ་ཏེ་བཀའ་བློན་འོས་མི་དང་། ད་དུང་དུས་དབང་སྐོར་སྐྱག་རྫུན་ཇི་ཙམ་བཤད་ཀྱང་སུས་ཁོང་ལ་བཀའ་སྐྱོན་བཏང་མཁན་བྱུང་མྱོང་མེད། རག་གིས་བཟི་སྟེ་རྒྱ་ནག་བཀའ་དྲིན་ཆེ་རབས་དང་། རག་གི་བཟི་སྟེ་འཁྲུག་པ་རྒྱགས་པ། ཁོང་ཚོགས་གཙོ་སྐབས་སུ་གྲོས་ཚོགས་ཐེངས་མ་གཉིས་ཙམ་གཏོར་བ་དེ་སྔོན་བྱུང་མྱོང་མེད། སྦེལ་མཇམ་དུ་གསར་འབྱོར་བ་རྣམས་ཀྱི་ཡིག་ཆ་ནག་པོར་བསྒྱུར་བ། ཁོང་གི་རྒྱབ་རྩར་ངོ་མ་སུ་ཡོད་དམ། ངོ་མ་ཁོང་ལ་དབུ་རྒྱལ་བ་རིན་པོ་ཆེ་ནས་མི་མང་གི་བཀའ་ཁྲི་ལ་སོགས་པ་ཞེད་དགོས་པ་འདྲ་པོ་འདུག ཁོང་གི་རྒྱབ་རྩར་གལ་ཆེན་མི་སྣ་ཞིག་འདུག གང་ལགས་ཞེ་ན་སྲིད་སྐྱོང་ལ་ནག་ཉེས་ཀྱི་ཡིག་ཆ་གང་སར་བཀྲམ་པ་ལ་ལྟོས་དང་དེ་འདྲའི་འགྲོ་སོང་ཕང་མེད་བཏང་སྟེ་སྲིད་སྐྱོང་ནག་པོར་སྒྱུར་གང་ཐུབ་བྱེད་བཞིན་ཡོད། ཨེ་རླུང་ཁང་གིས་འདི་ཚོ་སྐོར་དྲི་བ་གཏན་ནས་བཏང་མྱོང་མེད།
སྐལ་ཚེ་ལགས། སྲིད་སྐྱོང་བློ་སེང་ལགས་སྐོར་ཡིག་ཆ་དེ་འདྲ་བཀྲམས་པ་ནི་ཆེས་བཟང་སྤྱོད་ལས་བརྒལ་བ་རེད། འོན་ཀྱང་དེ་ནི་སྲིད་སྐྱོང་འོས་མི་སྤེན་ཚེ་ལགས་ཀྱི་རྒྱབ་སྐྱོར་བ་ཚོས་གནང་བ་མཐའ་ཅིག་ཏུ་ཞུ་མི་ཐུབ། གང་ལ་ཞེ་ན་བོད་མི་ནང་ཁུལ་དཀྲུགས་ཤིང་བཟོ་མཁན་རྒྱ་གཞུང་ནས་ཆེད་མངགས་དངུལ་སྤྲད་ནས་ལས་ཀ་གྲུབ་མཁན་དེ་འདྲ་ཡང་ཡོད། ཁྱེད་ནས་ཤེས་དགོས་པ་ཞིག་ལ་སྲིད་སྐྱོང་བློ་སེང་ལགས་ཀྱི་རྒྱབ་སྐྱོར་བ་ཚོས་སྲིད་སྐྱོང་འོས་མི་སྤེན་ཚེ་ལགས་སྐོར་དེ་དེ་བཞིན་བྱ་བཞིན་འདུག་པས་མཐའ་ཅིག་ཏུ་ངོ་རྒོལ་ཞུ་དགོས་པ་ཡིན་ནོ། དེ་ནི་དགྲ་དགའ་གཉེན་སྡུག་ལས་མ་མཆིས་སོ།
གཉིས་ཀ་དགོས།
བོད་རྒྱ་འབྲེལ་མོལ་ཆེད་དུ་སྲིད་སྐྱོང་དགོས་དང་དགོས། དགོས་མཁོ་མེད་པ་མུན་ཁུངས་ནང་ནས་ལྐོག་མདའ་འཕེན་མཁན་གངས་རིའི་དོམ་ཁྲ་འདྲ་བ་དེ་ཚོ་རེད། བདེན་རྫུན་བརྡར་བའི་སྤོབས་པ་ཡོད་ན་རང་མདོག་མངོན་སུམ་ཐོན་ཤོག་ཨ་་་་་་་
ང་ཚོར་སྨྱུག་ཐོགས་པ་བློ་གཟུར་གནས་ཅན་དཀོན་པ་ལ་ཨང་་་་
བོད་རྒྱ་འབྲེལ་མོལ་མི་དགོས། བློ་སེང་མི་དགོས། དབུ་མའི་ལམ་མི་དགོས། རང་བཙན་མི་དགོས། ཨ་རིའི་ནང་སྐྱོད་ཆོག་པ་དང་། དེར་ཡུན་གནས་ཆོག་པའི་དེབ་ལྗང་ཁུ་དགོས།
བཀའ་བློན་གཉིས་ཀྱི་ནང་ནས་སུས་དེ་བསྒྲུབ་ཐུབ་བམ།
ཆོལ་འཁྲུག་དགོས་སམ་སྤེན་ཚེ་དགོས་ཟེར་ན་ཏག་ཏག་བསྡད་ཡོད་པ་རེད། དེ་མིན་བོད་རྒྱ་འབྲེལ་མོལ་ཟེར་བ་ཞིག་སུ་ཡོང་ནའང་ཡོང་ཡ་ཡོག་མ་རེད། ཟམ་གདོང་རིན་པོ་ཆེ་ནས་བོད་དོན་ནི་རྒྱ་ནག་ནང་སྲིད་ཡིན་པ་ཁས་ལེན་བྱས་པའི་ཡིག་ཆ་སྤྲད་ཟིན་པ་རེད། སྤེན་ཚེ་ཡིས་ད་དུང་ཁ་སྣོན་བྱས་ནས་སྤྲད་ཀྱི་ཡིན་ཟེར་གྱི་ཡོད་པ་རེད། ཁ་སྣོན་བྱེད་ཡ་ནི་གོང་ས་མཆོག་གི་ཡང་སྲིད་ཐག་གཅོད་ཇི་ལྟར་བྱེད་པ་དེ་ལས་ལྷག་ཡོག་མ་རེད། དེའང་ཡང་སྲིད་ཐག་གཅོད་དབང་ཆ་རྒྱ་གཞུང་ལ་སྤྲད་ཟིན་ན་སྤེན་ཚེ་ཕྱུག་པོ་ཆགས་ངེས་རེད། བོད་མི་རིགས་ལ་དགོས་པ་དེ་མ་རེད།
བོད་མི་དམངས་ཀྱིས་བོད་རྒྱ་འབྲེལ་བའི་དབང་ཚད་ཆ་ཚང་༧ གོང་ས་མཆོག་ལ་ཡེ་ཤེས་དབྱིངས་དཔྱད་གནང་རོགས་ཞུས་ནས་ཡར་ཕུལ་ཡོད་པ་མཁྱེན་ན། དེ་ནས་བོད་རྒྱ་འབྲེལ་མོས་དགོས་སམ་བློ་སང་དགོས་པ་གདམ་ཆོག
རྐརམ་བློ་ཟད།
ཆོལ་ཁ་འཁྲུག་ཡ་དེ་འདྲ་ལས་སླ་པོ་ཞིག་གང་ནས། ང་ཚོ་ཐབ་ཁ་ཞིག་གི་སྒྱེད་པུ་གསུམ་པོ་རེད། མངར་ཇ། འོ་ཇ། དཀྲུགས་ཇ། ཚྭ་ཇ། ཇ་འཐུང་ལ་ཆེས་དགའ་བའི་བོད་མི་ཞིག་ཡིན་ན། རང་སོ་སོའི་ཇ་སྐོལ་བྱེད་སའི་སྒྱེད་པུ་ནི་སུས་ཀྱང་གཏོར་མི་ཉན་པ་ལོས་ཤེས། དེ་འདྲ་ཞིག་སྔར་ལ་བྱུང་མེད་ལ། མ་འོངས་བར་ཡང་ཡོང་མི་སྲིད་པ་ཞིག་རེད། ཡིན་ན་ཡང་ཁྱོད་འདྲ་མོ། གཏོར་ཞིག་པ་རེ་འགའ་ཡོང་སྲིད་པ་རེད་དེ། རྒྱང་ཕུག་རིང་བའི་ལམ་འགྲོ་མི་ཐོན་པ་ནི། ཁྱེད་རང་བླུན་དྲག་ནས་མ་ཤེས་བ་ཙམ་རེད། ཆོལ་ཁ་བྱང་ཤ་བསྲེས་ཁྲག་འདྲེས་ལས་ཐོན་པའི་སྤུན་ཟླ་ཡིན་པ་ཤེས་ནི་རྐྱང་རྐྱང་ཡིན་དུས། བཟང་སྤྱོད་ལྡན་པ། རྣམ་རིག་གཏིང་ནས་སུ་ལ་རྒོད་པ་ཡོད་ན། དེ་ལ་འོས་འདེམ་བྱེད་པ་ལས། ཁ་ཁྲ་ཁྲ་དང་དོན་རང་རང་ལ་འོས་མི་རེག་གོ། བདེ་མོ་བྱོས། ཧ་ཧ་ཧ།
སུ་ལ་ཐོབ་ཀྱང་སུ་ཡིས་ཡིད་མི་ཆེས།།
སུ་ཞིག་བཀོས་ཀྱང་སུ་འདྲ་ཆགས་སྲིད་དམ།།
སུ་ཡི་འདོད་བློ་སུ་དང་མི་འདྲ་རུང་།།
སུ་དང་གང་ན་ཁོང་གཉིས་ལྷག་ལས་སུ།།